གསར་འགྱུར་མེ་ལོང་།
 

མཚོ་སྔོན་གྱིས2024ལོ་འཁོར་གྱི་རྒྱལ་ཁོངས་འགྱུར་ལྡོག་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་མགོ་བརྩམས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-11-01  རྩོམ་པ་པོ།:ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་བྱུང་ཐོན་ཁུངས་དོ་དམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་།ཆུས།སྲིད་འཛིན་ཨུ་ལྷན)45ཡི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་དང་གཞི་རིས།རྒྱལ་ཁབ་ས་ཆ་བེད་སྤྱོད་བཅས་ཀྱི་འགྱུར་ལྡོག་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཆེད། ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱིས2024ལོ་འཁོར་གྱི་རྒྱལ་ཁོངས་འགྱུར་ལྡོག་གནས་ཚུལ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་མགོ་བརྩམས།

ཐེངས་འདིའི་བརྟག་དཔྱད་ཁྲོད“ལེགས་སྒྲིག་གསུམ”དང2023ལོ་འཁོར་གྱི་རྒྱལ་ཁོངས་འགྱུར་ལྡོག་བརྟག་དཔྱད་ཀྱི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བརྟག་དཔྱད་དཔང་འདོན་བྱས་ནས་རྫོང་དང་གྲོང་ཁྱེར། ཞིང་ཆེན། རྒྱལ་ཁབ་བཅས་རིམ་པ་བཞིར་ཞིབ་དཔྱད་བྱས་པ་བརྒྱུད། 2024ལོ་འཁོར་གྱི་ས་གནས་སོ་སོའི་རིགས་དང་རྒྱ་ཁྱོན། གཏོགས་གཤིས།བཞུར་ཚད་བཅས་ཀྱི་འགྱུར་ལྡོག་གི་ཆ་འཕྲིན་ཕྱོགས་ཡོངས་ནས་གསལ་བཤེར་བྱས་ཏེ། རྒྱལ་ཁོངས་བརྟག་དཔྱད་ཀྱི་གཞི་གྲངས་མཛོད་གསར་བརྗེ་བྱ་རྒྱུ་རེད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས《2024ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་འགྱུར་ལྡོག་གི་བརྟག་དཔྱད་ལས་དོན་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དང《2024ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་འགྱུར་ལྡོག་གི་བརྟག་དཔྱད་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ། རྨང་གཞིའི་དཔྱད་གཞི་བསྡུ་རུབ་དང་ཡུལ་དངོས་སུ་བརྟག་དཔྱད་དཔང་འདོན་།རིམ་པ་སོ་སོའི་ཞིབ་དཔྱད་གཏན་འཁེལ།གཞི་གྲངས་ཕྱོགས་སྡོམ་གསར་སྒྱུར།གྲུབ་འབྲས་མཉམ་སྤྱོད་བེད་སྤྱོད་སོགས་ཀྱི་ཐད་ནས་བརྟག་དཔྱད་ལས་དོན་གྱི་ལས་འགན་དང་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན།

ཞིང་ཆེན་སྲིད་གཞུང་གི“ས་བཀྲ་གཅིག”གི་ཆེད་དོན་འགུལ་སྐྱོད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ།འགྲིམ་འགྲུལ་ཐད་སྤྱོད་པའི་ས་ཆ74དང་།ཚད་གཞི་མཐོ་བའི་ཞིང་ཁ699། ནགས་རྩྭ་བརླན་བཤེར་གྱི་རི་མོ་ཁྲི9.8བཅས་བརྟག་དཔྱད་བྱ་ཡུལ་དུ་བཞག་པ་དང་། ཆུ་ཁུངས59དང་ཆུ་བོ་3815། མཚེའུ242། “ཁུལ་གསུམ་རྒྱུད་གསུམ”སོགས་རང་བྱུང་ཐོན་ཁུངས་ཀྱི“ས་བཀྲ་གཅིག”ཏུ་བཅུག་སྟེ་སྡེ་ཁག་སོ་སོར་ཚད་གཞི་གཅིག་གྱུར་དང་།དངོས་ཐོག་བདེན་འཚོལ།ཕན་ཚུན་སྦྲེལ་མཐུད་བཅས་ཀྱི་མ་མཐའི་པར་གཞིའི་མ་རིས་ཤིག་གྲུབ་པར་བྱ་རྒྱུ་རེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་བརྟག་དཔྱད་ཚོད་ལྟའི་ལས་དོན་སྤེལ་བ་དང་། རི་མོ་འགེལ་འདྲེན་བྱས་ཏེ། ཞིབ་ཕྲའི་ལས་དོན་ཁྲོད་མཐིལ་རྟོགས་དང་ཚད་ལྡན་དུ་འགྱུར་བར་མཐོང་ཆེན།དཔེ་སྟོན་གང་ལེགས་བྱེད་པ་བཅས་ཀྱི་བརྟག་དཔྱད་ལག་རྩལ་དང་བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ལག་རྩལ་གྱི་བརྒྱུད་རིམ་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་ཁྱོན་ཡོངས་ནས་བརྟག་དཔྱད་བྱེད་པར་རྨང་གཞི་བཏིངས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བརྟག་ཞིབ་ནང་གསར་དུ་བསྣན་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་དང་རྨོ་ཞིང་ཕྱིར་ཤོར་བ། སྒྲིག་བཀོད་ཐད་སྤྱོད་པའི་ས་ཞིང་དང་དེ་བཞིན་བེད་སྤྱོད་བྱས་མེད་པའི་ས་ཆ་སོགས་ཀྱི་འགྱུར་ལྡོག་གནས་ཚུལ་གཙོ་བོར་བཟུང་ནས་ཞིབ་དཔྱད་བྱེད་པའི་མཚུངས་སུ། བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ཡོང་བ་དང་སྣོན་འཕྲི་ཟུང་འབྲེལ་བྱེད་པ།ལྟ་བཤེར་ཁྲིམས་འཛིན།གྲོང་གསེབ་དར་སྤེལ་སོགས་ཀྱི་དོ་དམ་ལས་དོན་དང་དུས་གཅིག་ཏུ་ཟུང་འབྲེལ་བྱས་ནས། རང་བྱུང་རྒྱུ་རྐྱེན་དང་མིས་བཟོས་བྱེད་སྒོ་ལས་བྱུང་བའི་ས་ཆའི་རིགས་ཀྱི་འགྱུར་ལྡོག་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་རྒྱུ་རེད།

ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་བརྟག་དཔྱད་ལྟ་ཞིབ་ཚད་ལེན་ཁང་གི་འབྲེལ་ཡོད་འགན་འཁུར་པས་མཚམས་སྦྱོར་བྱས་དོན། སྔོན་ཆད་དང་བསྡུར་ན2024ལོའི་རྒྱལ་ཁོངས་འགྱུར་ལྡོག་བརྟག་དཔྱད་ཐད་ཀྱི་བླང་བྱར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། “2024ལོར་རྨོ་འདེབས་བྱས་མེད་པའི”རིགས་གསར་སྣོན་བྱས་པ་དང་། རྨོ་ཞིང་གི“ས་ནས་མྱུ་གུ་སྐྱེ་བ”དང“འདེབས་འཛུགས་ཁས་ལེན”སོགས་ཀྱི་བླང་བྱ་མེད་པར་བཟོས་ནས།གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བ་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ཏེ། རྨོ་ཞིང་དངོས་སུ་བེད་སྤྱོད་པར་འགན་ལེན་བྱ་རྒྱུ་རེད། འཛུགས་སྐྲུན་ལ་སྤྱོད་པའི་ས་ཆར་བརྟག་དཔྱད་བྱེད་པའི་ཐད་ནས། འཁོར་སྐར་རྒྱང་ཚོར་གྱིས་ས་ཆར་ལྟ་ཞིབ་ཚད་ལེན་བྱེད་པ་པ་དང་ཁྲིམས་འཛིན་ལས་དོན་དུས་གཅིག་ཏུ་སྤེལ་ནས། ད་ལྟའི་གནས་བབ་བརྟག་དཔྱད་དང་གནད་དོན་དཔེ་རིས་ཞིབ་བཤེར་ཐག་གཅོད་དང་དག་ཐེར་བྱེད་པ་དེ་གཞུང་འཕྲེད་གཉིས་སུ་སྤེལ་རེས་དང་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཁྲིམས་འགལ་བྱ་སྤྱོད་སྔ་མོ་ནས་ཤེས་རྟོགས་དང་གཏན་འགོག ཞིབ་བཤེར་ནན་པོ་བཅས་བྱ་རྒྱུར་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད། །

གོང་མ།:མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གསུམ་པ་ཐུན་རིན་གྲོང་ཁྱེར་དུ་འཚོགས།

ཞོལ་མ།:ཞི་ཅིན་ཕིང་ནས་མི་རིགས་མཐུན་སྒྲིལ་སྐོར་ལ་འདི་ལྟར་བསྟན།