གསར་འགྱུར་མེ་ལོང་།
 

ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-11-18  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་ལོ་གཉིས་ཀྱི་སྔོན་ལ། པ་ལིས་གླིང་ཕྲན་དུ་ཐུག་འཕྲད་བྱས་པའི་ཚུན་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་མི་ཉུང་བ་ཞིག་བྱུང་ཡོད། གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀས་རྒྱལ་ཁབ་གཉིས་བར་འབྲེལ་བ་འཛུགས་པའི་སྐབས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་གཉིས་རྒྱལ་གྱི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། ས་མཚམས་འབྲེལ་བ་དང་རིག་གནས་སྦྲེལ་མཐུད། དཔལ་འབྱོར་མཉམ་འདྲེས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བརྗེ་རེས་ལ་ཤུགས་སྣོན་པ། མཉམ་ལས་ཟབ་སྤེལ་གཏོང་བ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་སྐྲུན་པ་བཅས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀས་མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་རྒྱུས་ལོན་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་བར་གྲུབ་འབྲས་ཐོབ་རྒྱུར་རྩེ་གཅིག་ཏུ་གཞོལ་བ། མཉམ་དུ་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་དང་ཧན་གོའི་ཁེ་ལས་སྔར་ལས་གང་མང་ཞིག་ཀྲུང་གོ་རུ་ཡོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀས་རྒྱལ་སྤྱིའི་རང་མོས་ཉོ་ཚོང་གི་མ་ལག་ལ་སྲུང་སྐྱོབ་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་རྒྱུ་དང་། འཛམ་གླིང་ཧྲིལ་པོ་དང་ས་ཁུལ་གྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་དང་ཤར་གཏོང་ཐུབ་རྒྱུར་སྲུང་སྐྱོབ་ནུས་ལྡན་བྱེད་པ། མཛའ་མཐུན་ཇེ་དམ་དུ་གཏོང་རྒྱུར་ཕན་པའི་བྱེད་སྒོ་གང་མང་སྤེལ་བ། གླེང་ཕྱོགས་ལས་རིགས་དང་རིག་གཞུང་ལས་རིགས། ས་གནས་བཅས་དང་ལྷག་པར་དུ་གཞོན་ནུའི་འགྲོ་འོང་ལ་ཤུགས་སྣོན་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཧན་གོའི་སྤྱི་དམངས་སྔར་ལས་མང་པོ་ཀྲུང་གོར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ཧན་གོར་བསྐྱོད་རྒྱུར་སྟབས་བདེ་སྐྲུན་པའི་བྱེད་ཐབས་སྔར་ལས་གང་མང་འདོན་རྒྱུའི་རེ་བ་ཡོད། ཧན་གོས་སང་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་མུ་མཐུད་འཁུར་བར་ཀྲུང་གོ་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ་དེའི་ཐད་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། ཧན་གོ་ཕྱོགས་དང་མཉམ་དུ། ཕྱོགས་མང་མཐུན་སྦྱོར་དང་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད།

ས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུའི་རྒྱལ་ས་ལི་མ་རུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པའི་རིང་ལ། ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ལ་ཐུག་འཕྲད་གནང་།

དབྱིན་ཞི་ཡུའེ་ཡིས་བསྟན་དོན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་འཇོག་བྱ་རྒྱུར་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་ནས། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྔར་ལས་ཇེ་དམ་དུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གགོའི་སྤྱི་དམངས་ལ་མཆན་བཀོད་མི་དགོས་པའི་ཐོབ་ཐང་གནང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། ཀྲུང་གོ་ཕྱོགས་དང་མི་ཆོས་ཀྱི་བརྗེ་རེེས་དམ་ཟབ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་མཐུན་སྦྱོར་མཉམ་ལས་དམ་ཟབ་དུ་བཏང་སྟེ། ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚང་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། །

གོང་མ།:མཚོ་ནུབ་ཁུལ་གྱིས་བྱ་འགུལ་ཆེ་གྲས7དང་སྣ་ཁ50ལྷག་སྤེལ་ནས་དགུན་དཔྱིད་ཀྱི་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་བཏང་།

ཞོལ་མ།:ཞི་ཅིན་ཕིང་གིས་ལི་མ་ནས་ཨ་རིའི་ཙུང་ཐུང་པའེ་ཏིན་ལ་ཐུག་འཕྲད་གནང་བ།