གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཀྱིས“རྙིང་ཚབ་གསར་བརྗེའི”ཁྱབ་ཁོངས་རྒྱ་བསྐྱེད་དེ་འཛད་སྤྱོད་སྒུལ་ཤུགས་སྐུལ་སྤེལ་བྱས།

ཡོང་ཁུངས།:  སྤེལ་དུས།:2025-04-01  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཟླ3པའི་ཚེས27ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུས་ནས་རྒྱུས་ལོན་པ་ལྟར་ན། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་རིམ་པའི་རྙིང་ཚབ་གསར་བརྗེའི་བྱ་འགུལ་གྱི་རྨང་གཞིའི་སྟེང་། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས། གྲངས་འཛིན་ཐོན་རྫས་ཁྱབ་ཁོངས་ཀྱི་གསར་བརྗེ་དང་། འཛད་སྤྱོད་སྐུལ་སྤེལ་བྱ་འགུལ་སྤེལ་ནས། འཛད་སྤྱོད་སྒུལ་ཤུགས་ཕྱིར་གཏོང་བྱས་པ་དང་། དཔལ་འབྱོར་རིམ་འཕར་གནས་སྟངས་སྲ་བརྟན་དུ་བཏང་།

རྒྱུས་ལོན་ལྟར་ན། རླངས་འཁོར་ཁྱབ་ཁོངས་སུ། མཚོ་ནུབ་ཁུལ་གྱིས་སྒོར་ཁྲི300བཏང་ནས། དྲ་ཐོག་རྩིས་སྤྲོདAppརླངས་འཁོར་ཉོ་སྒྲུབ་སྟེགས་བུ་བརྒྱུད་དེ། མཚོ་ནུབ་ཁུལ་མངའ་ཁོངས་སུ་གསར་དུ་ཉོས་པའི་རླངས་འཁོར་གྱི་མི་སྒེར་གྱི་འཛད་སྤྱོད་མཁན་ལ་ཁུག་དམར་ཁ་གསབ་བྱིན། ཁ་གསབ་བྱ་འགུལ་ལ་ཁྱོན770ཡོད། རླངས་འཁོར་རིན་གོང་ལྟར་རིམ་པ་གསུམ་དུ་བགར་ཡོད་དེ། སོ་སོར་སྒོར3000སྟོང་ནས5000བར་གྱི་ཁུག་དམར་ཁ་གསབ་ཡོད། བྱ་འགུལ་དེ2025ལོའི་ཟླ2པའི་ཚེས24ཉིན་ནས་བཟུང་། མ་དངུལ་བེད་སྤྱོད་བྱེད་ཚར་བའི་བར་དུ་སྤེལ་རྒྱུ་རེད།

ཁྱིམ་སྤྱོད་གློག་ཆས་ཁྱབ་ཁོངས་སུ། མཚོ་ནུབ་ཁུལ་གྱིས་མ་དངུལ་སྒོར་ཁྲི150བཏང་ནས། ཀྲུང་གོའི་དངུལ་འབྲེལ་མཚོ་སྔོན་ཡན་ལག་ཀུང་སི་དང་མཉམ་འབྲེལ་བྱེད་པ་དང་། དྲ་ཐོག་རྩིས་སྤྲོདAppལ་བརྟེན་ནས་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་འཛིན་ཤོག་བཀྲམ། འཛད་སྤྱོད་འཛིན་ཤོག་སྒོར1000ལོངས་ན་སྒོར100འཕྲི་བ་དང་། སྒོར2000ལོངས་ན་སྒོར200འཕྲི་བའི་རིགས་གཉིས་ཀྱི་འཛིན་ཤོག་བཀྲམ་པ་དང་། འཛད་སྤྱོད་འཛིན་ཤོག་དེ་དུས་ཚོད་ངེས་གཏན་ནང་ནུས་ལྡན་ཡིན་ལ། དུས་ཚོད་ལོངས་ན་རྩིས་མེད་དུ་འགྲོ་བ་ཡིན། བྱ་འགུལ་དེ2025ལོའི་ཟླ3པའི་ཚེས27ཉིན་ནས་བཟུང་། མ་དངུལ་བེད་སྤྱོད་ཚར་པའི་བར་དུ་ཡིན་ཞིང་། འཛད་སྤྱོད་པས་མཚོ་ནུབ་ཁུལ་གྱི་མངའ་ཁོངས་སུ་བྱ་འགུལ་ཁྲོད་ཞུགས་པའི་ཁྱིམ་སྤྱོད་གློག་ཆས་ཚོང་བས་དྲ་ཐོག་རྩིས་སྤྲོདAppབརྒྱུད་དེ་ཐད་ཀར་ཁ་གསབ་མྱོང་རོལ་བྱས་ཆོག །

གོང་མ།:མཚོ་ནུབ་དང་མཚོ་སྔོན་ཞིང་ཆེན་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད།

ཞོལ་མ།:ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་དུ་རྟོག་ཞིབ་གནང་བ།