ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆའོ་ཡཱ་ཆུན་གྱིས་གཏེར་ལེན་ཁ་རུ་ཁྱིམ་ཚང་དང་སྡེ་ཁུལ་དུ་བསྐྱོད་དེ་སྡོད་དམངས་དང་བཞུགས་མོལ་བྱས་ཤིང་། མང་ཚོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་བྱས་པའི་མྱོང་ཚོར་ལ་ཉན་ཏེ་ཁོ་ཚོའི་དགོས་མཁོ་དང་རེ་བར་རྒྱུས་ལོན་བྱས་པ་དང་། དམངས་ཚིས་ལས་གཞི་དང་། ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་ལེགས་བཅོས་གཏོང་བ་སོགས་ཐད་ཀྱི་བསམ་འཆར་དང་བསམ་ཚུལ་བསྡུ་ལེན་བྱས་ཏེ། སློབ་གསོའི་ཕན་འབྲས་མུ་མཐུད་རྒྱ་བསྐྱེད་ཐོག ངེས་པ་དོན་གྱིས་མང་ཚོགས་ཀྱི་འདོད་བློ་ཚིམ་ཚད་མཐོ་རུ་བཏང་།
ཆའོ་ཡཱ་ཆུན་ཁྱིམ་ཚང་རེ་རེར་སྐྱོད་སྐབས།སྡོད་དམངས་དང་གླེང་མོལ་བྱས་པ་དང་། ཁོ་ཚོའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། ད་དུང་མང་ཚོགས་ཀྱི་དཀའ་ངལ་གྱི་རེ་ཞུ་ལ་ནན་ཏན་སྒོས་ཉན་ཞིང་བསམ་འཆར་བསྡུ་ལེན་བྱས། ཁོ་མོས་ཆུང་ས་ནས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་བཞིན་པའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་མང་ཚོགས་ལ་ཞབས་ཕྱི་བྱེད་པའི་བྱ་བའི་ཕན་འབྲས་སུ་བསྒྱུར་དགོས་པ་ནན་གྱིས་བསྟན།
ཆའོ་ཡཱ་ཆུན་གྱིས་སྡོད་དམངས་བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་སྡོད་དམངས་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱི་བསམ་ཚུལ་ཉན་ཏེ་སློབ་སྦྱོང་སློབ་གསོའི་་མྱོང་ཚོར་ལས་བྱུང་བའི་བྱ་བའི་སྤྱོད་ཚུལ་བསྒྱུར་བའི་གནས་ཚུལ་སྐོར་ནས་བགྲོ་གླེང་བྱས། སྡོད་དམངས་ཀྱི་སྨན་བཅོས་དང་བྱིས་གཉོར་སློབ་གསོ། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྡེ་ཁུལ་ཞབས་ཕྱི་སོགས་ཀྱི་ཐད་ལ་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཏོན་པར། ཆའོ་ཡ་ཆུན་གྱིས་ནན་ཏན་སྒོས་ཉན་ཞོར་ཕྱོགས་གཅིག་ནས་ཟིན་བྲིས་ཞིབ་འགོད་བྱས་ཏེ། གནས་ཚུལ་དུས་ཐོག་ཏུ་འདྲི་རྩད་ཡང་དག་བྱས། ཁོ་མོས་ཞིབ་འཇུག་དང་འཚོལ་བསྡུ་བྱས་པའི་བསམ་འཆར་དང་གྲོས་གཞི་བསྡུ་སྒྲིག་ཞིབ་བསྡུར་དང་བསྡུ་ལེན་གང་ལེགས་བྱས་ཏེ། གནས་ཚུལ་གྱི་གསལ་ཐོ་དང་དག་ཐེར་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ཤིང་། དོན་ཚན་ལ་དག་ཐེར་ཡོ་བསྲང་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མང་ཚོགས་ལ་སྤྱོད་ཚུལ་བཅོས་སྐྱོང་གིས་ཁྱེར་ཡོང་བའི་རྣམ་པ་གསར་པ་ཚོར་ཐུབ་པ་བྱེད་དགོས་པ་བསྟན།
ཆའོ་ཡཱ་ཆུན་གྱིས་སློབ་སྦྱོང་སློབ་གསོའི་ཁྲོད་དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་ཀྱི་བསམ་འཆར་ལ་ལེགས་པར་ཉན་པ་དང་རང་འགུལ་གྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་དུ་བླངས་ཏེ། ཐོག་མཐའ་བར་གསུམ་དུ་རང་ཉིད་ལ་ཞིབ་བཤེར་བྱེད་པ་དང་གནད་དོན་འཚོལ་བ། གཟབ་ནན་གྱིས་སྒོ་འབྱེད་སློབ་གསོའི་བླང་བྱ་ལག་ལེན་མཐའ་འཁྱོལ་བྱས་ཏེ། རང་འགུལ་གྱིས་གནད་དོན་གཅིག་སྡུད་ཡིན་པ་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་གནས་སུ་སོང་སྟེ་མང་ཚོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་བསམ་འཆར་ལ་ཉན་པ། དོགས་གཞི་ཐག་གཅོད་བྱེད་པ་བཅས་བྱེད་དགོས་ལ། སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྨན་བཅོས་དང་སློབ་གསོ། རྒན་གསོ་སོགས་དམངས་འཚོའི་བྱ་བ་ཧུར་ཐག་གིས་བསྒྲུབ་སྟེ་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། གོང་འོག་མཉམ་འགུལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་བཅོས་སྒྱུར་ཏན་ཏིག་གིས་སྤེལ་བ་དང་། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཆེན་པོ་ཧུར་ཐག་སྒོས་ཐག་གཅོད་བྱེད་པ། འཐུས་ཚང་ཞིང་རྒྱུན་རིང་ལ་ཕུགས་བརྟན་པའི་ལམ་སྲོལ་སྒྲིག་འཛུགས་བྱས་ཏེ། གནད་དོན་རྩད་གཅོད་སྔར་ལས་ཡང་དག་ཅིང་གཅིག་བསྡུས་བཅོས་སྒྱུར་ལ་ཕན་འབྲས་ལྡན་པར་བྱེད་དགོས་པ་ནན་གྱིས་བསྟན།
ཧུའུ་ཡུན་ཆིས་དང་བང་ཏ་ལའེ་བཞུགས་མོལ་ཚོགས་འདུར་ཞུགས།