གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས།:  སྤེལ་དུས།:2025-06-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ཆར ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཆའོ་ཡཱ་ཆུན་གྱིས་སྔ་རྗེས་སུ་ཁུལ་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་ཚོགས་བསྡུས་ཤིང་། གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་དགོངས་དོན ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པར་མ་ཟད། དེ་མིན་ཁུལ་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པའི་གནས་ཚུལ་ཡར་ཞུ་ལ་ཉན་ཏེ་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། ལག་བསྟར་དོན་འཁྱོལ་ཐད་ཀྱི་བྱ་བར་བཀོད་སྒྲིག་བྱས

གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་ཁྲོད་སྒྲིག་ཁོངས་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ཚན་རིག་དང་མཐུན་པའི་ཐབས་ཇུས་དང་།དམངས་གཙོའི་ཐབས་ཇུས།ཁྲིམས་ལྟར་ཐབས་ཇུས་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ཏེ།རང་རྟོགས་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཞུགས་ཏེ་རང་གི་ལངས་གནས་གཏན་འཁེལ་བྱེད་དགོས་ལ།རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་བསམ་ཕྱོགས་དང་ཆེད་དོན་འཆར་འགོད་ཁག་གི་ནང་དུ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཆུ་ཚད་མཐོ་བའི་སྒོ་ནས་ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་གཞི་རྩའི་བསམ་ཕྱོགས་ཇུས་འགོད་བྱས་ཏེ།རང་ཁུལ་གྱི་དོན་དངོས་གནས་ཚུལ་དང་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དབང་བོ་སྐྱོན་ཅན་རོགས་སྐྱོར་ཉིན་མོ་ཐེངས་སོ་ལྔ་བ་ཐོན་ལ་ཉེ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།ཁུལ་ནང་གི་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་བྱམས་སྐྱོང་ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ།སེམས་ནུས་ཡོད་རྒུས་དབང་བོ་སྐྱོན་ཅན་གྱི་སློབ་གསོ་དང་། ལས་ཞུགས། ལུས་གསོ་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

 གྲོས་ཚོགས་ཀྱིས་རྒྱལ་ཡོངས་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་སྒྲུབ་ཐིན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་སྐོར་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།རྒྱུན་འཁྱོངས་ལྔ་ཡི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་།མགྱོགས་ཤིང་ཞིབ་ཚགས་པའི་བླང་བྱ་དོན་འཁྱོལ་བྱེད་པ།ཏང་ལ་བློ་དཀར་སེམས་དཀར་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་ཐད་མིག་དཔེའི་ནུས་པ་བརྩོན་དགོས་ཤིང་།ཞབས་ཕྱི་གསུམ་གྱི་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་པ་ནན་གྱིས་བསྟན།

  གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་དང་།ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ།རྒྱལ་ཁབ་དང་ཞིང་ཆེན།ཁུལ་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་དགོས་ལ།དཔལ་འབྱོར་འཁོར་སྐྱོད་དང་།དམངས་འཚོའི་འགན་ལེན།བདེ་འཇགས་བརྟན་བརླིང་སོགས་ཀྱི་ལས་དོན་ཁག་དམ་འཛིན་བྱས་ཏེ།ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་།སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་བརླིང་བཅས་ལ་སྔར་ལས་དམ་འཛིན་བྱས་ཏེ་མུ་ཕྲེང་ཧྲིལ་པོའི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་།གཉེར་སྐྱོང་མཁན་གྱི་ཚུལ་ལྡན་ཡིད་རྟོན་གཉེར་སྐྱོང་འདུ་ཤེས་རྒྱུན་མཐུད་ངང་ཤུགས་ཆེར་བཏང་ཐོག བདེ་འཇགས་འཛད་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།སྲིད་ཇུས་ལམ་ལུགས་དང་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།གཅེས་སེམས་ཞབས་ཕྱིའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།དཀའ་ངལ་ཡོད་པའི་བྱིས་པའི་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་བརྒྱད་པའི་མཚོ་ནུབ་ཁུལ་གྱི་བྱ་བའི་ཇུས་གཞི་སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ཏེ་རྩ་དོན་སྟེང་འཐད་པ་བྱུང་།

  གྲོས་ཚོགས་ཀྱིས་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས།

གོང་མ།:ཆའོ་ཡཱ་ཆུན་གྱིས་གཏེར་ལེན་ཁ་རུ་ཁྱིམ་ཚང་དང་སྡེ་ཁུལ་དུ་བསྐྱོད་དེ་སྡོད་དམངས་དང་བཞུགས་མོལ་བྱས།

ཞོལ་མ།:མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས(རྒྱ་སྐྱེད)སློབ་སྦྱོང་ཚོགས་འདུ་བསྡུས་པ།