གསར་འགྱུར་མེ་ལོང་།
 

དུས་རབས་གསར་བའི་མཚོ་སྔོན་གྱི་གཞོན་ནུ་བཟང་པོ་ཁྱབ་བསྒྲགས་མཛད་སྒོ་སྐབས་ལྔ་བ་ན་གོར་མོ་གྲོང་ཁྱེར་དུ་སྤེལ། 

ཡོང་ཁུངས།:མཚོ་ནུབ་སྨྱན་སྦྱོར་བོད་སྐད་སྡེ  སྤེལ་དུས།:2025-06-20  རྩོམ་པ་པོ།:མཚོ་ནུབ་སྨྱན་སྦྱོར་བོད་སྐད་སྡེ་ཁག  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

   ཉེ་ཆར། ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་དང་།ཞིང་ཆེན་སློབ་གསོ་ཐིན།གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་།ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས།ཞིང་ཆེན་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་དུས་རབས་གསར་འི་མཚོ་སྔོན་གྱི་གཞོན་ནུ་བཟང་པོ་ཁྱབ་བསྒྲགས་མཛད་སྒོ་སྐབས་ལྔ་བ་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་འགོ་ཁུངས་སློབ་གྲྭར་སྤེལ།ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཕུལ་བྱུངགཞོན་ནུ13གཟི་བརྗིད་ངང་དེའི་ནང་བདམས་ཐོན་བྱུང་ཞིང་།རྒྱ་ཆེའི་གཞོན་ནུ་དང་ལོ་ཆུང་རྣམས་ཀྱི་ཕུགས་འདུན་ཆེན་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བསྟན

   བྱེད་སྒོའི་ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་དང་།མི་སྒེར་གྱི་བྱས་རྗེས་བརྙན་ཐུང་སྟོན་པ་དང་།དཔང་ཡིག་དང་བྱ་དགའིརྟགས་མ་སྤྲོད་པ།བྱས་རྗེས་ཁྱབ་བསྒྲགས་སོགས་ཀྱི་ཚན་པ་འདུས་ཡོད་པས།བྱ་དགའ་ཐོབ་མཁན་སློབ་མ་རྣམས་ཀྱི་གྲུབ་འབྲས་དང་ཉམས་འགྱུར་མངོན་པར་བསྟན།གཞོན་ནུ་འདི་དག་ནི་རང་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་དུས་རིམ་སྔོན་མའི་འོས་སྦྱོར་དང་གཟབ་ནན་གྱིས་གདམ་གསེས་ཁྲོད་ཐོན་པ་ཡིན་ལ།ཁོ་ཚོའི་ཁྲོད་བྱིས་སེམས་ཏང་ལ་ཕྱོགས་ཏེ་སྨྱུ་གུ་ལས་ཕ་ཡུལ་གྱི་རྣམ་པ་གསར་བ་རྩོམ་རིག་གི་ལམ་ནས་འབྲི་མཁན་གྱི་རྩོམ་རིག་སོན་གསར་སློབ་གྲོགས་དྲེག་ལྡན་དང་།སེམས་སུ་ཁྲིམས་ལུགས་ཀྱི་གཤིན་ས་ཡོད་པས།དྲང་བདེན་གྱི་ས་བོན་ཐོགས་པའི་སློབ་གྲོགས་ངག་དབང་གཡུ་མཚོ།མ་ཡུམ་ཆུ་བོ་སྲུང་མཁན་གྱི་སྐྱེ་ཁམས་སྲུང་སྐྱོང་པ་ཆུང་ཆུང་ལིཡུས་ཐུང་།ཚན་རིག་གི་མེ་སྟག་མཆེད་པའིཚན་རྩལ་ཁྱབ་སྤེལ་ཕོ་ཉ་ཆུང་ཆུང་མཱ་ཀྲི་བེ་དང་དཀའ་ངལ་གྱི་མདུན་དུ་གདོང་གཏོད་མཁན་གྱི་དཔའ་བོའམ་འགན་འཁྲིའི་ཁུར་སེམས་ཆེ་བའི་གཞོན་ནུ་བང་ཀོས་ཧྥུའུ་སོགས་ཁོ་ཚོའི་གཏམ་རྒྱུད་རེ་རེ་ནི་དྲང་ནུས་ཀྱིས་ཁེངས་ཡོད་ལ།འདིས་དེང་རབས་གཞོན་ནུ་ཡི་ཡར་རྒྱས་ལ་ཧུར་བརྩོན་བྱེད་པའི་བསམ་པའི་རྣམ་པ་མངོན་པ་དང་།གཞོན་ནུ་དང་ལོ་ཆུང་རྣམས་ཡར་ཐོན་ཡོང་བར་དཔེ་སྟོན་དང་སྣེ་ཁྲིད་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་འབད་བརྩོན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འཚར་ལོངས་ཡོང་བར་ཡར་སྐུལ་བྱས

  ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་ལ་ཞིང་ཆེན་ཡོངས་ཀྱི་དུས་རབས་གསར་འི་ནར་མ་སོན་པའི་གཞོནནུ་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་།ནར་མ་སོན་པའི་གཞོན་ནུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་མུ་མཐུད་བསྐྲུན་ཏེ།རྒྱ་ཆེའི་གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་ཏང་གི་བློ་བདེ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་དུས་རབས་གསར་འི་ན་གཞོན་བཟང་བོ་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་།

    གཏེར་ལེན་ཁ་གྲོང་ཁྱེར་ཁུ་ནུ་ལམ་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ལིཡུས་ཐུང་གིས་བཤད་རྒྱུར།གཟི་བརྗིད་མཚན་སྙན་འདི་བླངས་བར་ང་ལ་འགན་འཁྲི་དེ་བས་ཧ་ཅང་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད་པས།ངས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ལག་ལེན་ནང་ཧུར་ཐག་སྒོས་ཞུགས་ཏེ། དྲང་ནུས་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར།

ན་གོར་མོ་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་ལོ་རིམ་བརྒྱད་པའི་སློབ་མ་ལི་ཞའོ་ཧུང་གིས་བཤད་རྒྱུར། རྗེས་མ་ཡིན་ན་འཚོ་བའི་ནང་ངས་མུ་མཐུད་འབད་བརྩོན་བྱས་ཏེ། རང་ཉིད་ལ་བླང་བྱ་དེ་བས་མཐོན་པོའི་རེ་བ་འདོན་པ་དང་། བྱམས་སེམས་ཀྱིས་དྲོ་སྐྱིད་དང་དྲང་ནུས་བརྒྱུད་སྤྲོད་བྱེད་པར་འབད་རྒྱུ་ཡིན་ཟེར།

   ན་གོར་མོ་གྲོང་ཁྱེར་ནི་ཐེངས་འདིའི་བྱ་འགུལ་གྱི་འགན་སྒྲུབ་ལས་ཁུངས་ཤིག་ཡིན་པའི་ཆ་ནས།ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པའི་བྱེད་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ནར་མ་སོན་པའི་གཞོན་ནུའི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་རྒྱུ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྱོངབྱེད་པ་ནང་གི་ལས་དོན་གལ་ཆེན་དུ་བཟུང་ཞིང་།གཞོན་ནུ་ལོ་ཆུང་རྣམས་སྤྱི་ཚོགས་ཀྱི་ལག་ལེན་ནང་ཧུར་ཐག་སྒོས་ཞུགས་པར་སྐུལ་འདེད་བཏང་སྟེ་ཀུན་སྤྱོད་ཀྱི་གཤིས་རྒྱུད་བཟང་བོ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་ཡོད་དགོས་པའི་ཐད་ནས་སྐྱེད་སྲིང་བྱས།

གོང་མ།:བོད་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དེ་དངོས་སུ་རྒྱལ་ཁབ་རིམ་པའི་རིག་གནས་སྲུང་སྐྱོང་ཁུལ་དུ་གཏན་འཁེལ་བྱས།

ཞོལ་མ།:ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《དམངས་འཚོར་སྔར་བས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལ་ཤུགས་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ།