ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་།གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པར་མ་ཟད།འབྲེལ་ཡོད་སྙན་ཞུར་ཉན་ཏེ་ལག་བསྟར་དོན་འཁྱོལ་སྐོར་ནས་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལ་མཇལ་འཕྲད་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བ་དང་ཁྱད་པར་དུ་མི་རིགས་ཆོས་ལུགས་དང་བོད་འབྲེལ་བྱ་བའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ།མུ་མཐུད་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ཟབ་སྤེལ་བྱེད་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུས་ཤེས་སྲ་བརྟན་གཏོང་བ་དང་།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་སྦྱོར་བྱེད་པར་སྣེ་ཁྲིད་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཁྲིན་ཡུན་སྐུ་འཁྲུངས་ནས་ལོ་ངོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་གོ་བ་བླངས་ཏེ།བློ་མཐུན་ཁྲིན་ཡུན་གྱི་བླ་ན་མེད་པའི་སྙིང་སྟོབས་དང་།འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ།ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བྱ་བ་བྱེད་ཐབས་བཅས་ལ་སློབ་སྦྱོང་ཟབ་མོ་བྱེད་དགོས་ལ།སྤུས་ལེགས་སྒོ་ནས་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་དེ་ནམ་ཡང་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་།ཧུར་ཐག་སྒོས་ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་མངོན་འགྱུར་བྱས་ཏེ།ངེས་པ་དོན་གྱིས་དད་གུས་དང་བརྩེ་སེམས་དེ་བྱ་བ་སྒྲུབ་པའི་སྒུལ་ཤུགས་སུ་འགྱུར་བར་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བཅོ་ལྔ་པའི་ལྡོག་འདྲེན་བསམ་འཆར་ལ་ཉན་ནས་གནད་དོན་གྱི་ཁྲིད་ཕྱོགས་དང་།དམིགས་འབེན་ཁྲིད་སྟོན།མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ།དག་ཐེར་བྱེད་ཐབས་དང་བླང་བྱར་གཞིགས་ཏེ།ཆད་ལུས་མེད་པའི་སྒོ་ནས་འགན་འཁྲིའི་དོན་ཚན་རེ་རེ་བཞིན་ཞིབ་བཤེར་བྱེད་པ་དང་ཐག་གཅོད་བྱེད་དགོས་ཤིང་།དག་ཐེར་ཡོ་བསྲང་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ་བསྟན།
གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ལོ་སྟོད་དུ་ཁུལ་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཏེ།འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་།འཐབ་ས་འཛུགས་སྐྲུན་ལ་ཤུགས་བསྣོན་པ།དྲ་རྒྱའི་བདེ་འཇགས་བཅོས་སྐྱོང་བྱེད་པ།མཚོ་ནུབ་ཀྱི་གཏམ་རྒྱུད་དང་མཚོ་ནུབ་ཀྱི་སྐད་སྒྲ་བརྒྱུད་སྤེལ་བྱས་ཏེ།གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འདེམས་སྒྲུག་བསྐོ་སྤྱོད་བྱ་བའི་སྲོལ་ཡིག་དང་ཏང་ཨུས་ལས་བྱེད་པའི་བསྐོ་འཐེན་གྱི་དོན་དག་གྲོས་བསྡུར་ཐག་གཅོད་བྱེད་པའི་བསྲུང་བྱར་ཕྱིར་དྲན་བྱས་པ་དང་།ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་མི་སྣ་འདེམས་སྤྱོད་བྱ་བའི་སྙན་ཞུར་ཉན་ཞིང་།ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་།ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ།ལས་བྱེད་པའི་རྒྱུན་ལྡན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ།དངོས་དོན་སྒྲུབ་པ་དང་བྱས་འབྲས་གཙོར་འཛིན་པ།ལས་འགན་འཁུར་བའི་མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་གཙིགས་སུ་བཟུང་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་དྲུག་པའི་སྐོར་ཞིབ་ཕྱིར་སློག་གནད་དོན་གྱི་དག་ཐེར་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་།ཆབ་སྲིད་ཐད་ཀྱི་སྐོར་ཞིབ་ངེས་གནས་བརྟན་སྲུང་བྱེད་དགོས་ལ།རྒྱུན་སྲོལ་སྐོར་ཞིབ་དང་ཆེད་དོན་སྐོར་ཞིབ།སྣོལ་མར་སྐོར་ཞིབ།རིམ་སྤར་སྐོར་ཞིབ།གནད་དོན་རེ་རེ་བཞིན་སྐོར་ཞིབ་བཅས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སྒྲིག་ཁྲིམས་ལྟ་སྐུལ་དང་ལྟ་ཞིབ་ལྟ་སྐུལ།བཅའ་སྡོད་ལྟ་སྐུལ་བཅས་གཅིག་གྱུར་གྱིས་སྦྲེལ་མཐུད་བྱས་ཏེ་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་།གནད་ཁེལ་ཅན།རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཤིང་།དག་ཐེར་དང་དཔྱད་དཔོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ།སྐོར་ཞིབ་ལ་སྐུལ་འདེད་དང་།འཛུགས་སྐྲུན་ལ་སྐུལ་འདེད།སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་བཅས་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་སོ་སོ་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་དགོས་པ་དང་།གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་དར་སྤེལ་གཏོང་དགོས་ཤིང་།སྤྱོད་ངན་རྩ་བ་ནས་མེད་པར་བཏང་སྟེ།གཡོ་འགུལ་སྤུ་ཙམ་ཡང་མེད་པར་གཟབ་ནན་གྱི་བྱེད་ཐབས་དང་།ངང་ཚུལ་བཅས་ཡུན་རིང་དུ་མཐའ་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སློབ་གསོའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་།ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ།མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ།གཉིས་འཕྲི་བྱ་བའི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་།བདེ་འཇགས་འགོག་སྲུང་གི་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ།སློབ་སྔོན་སློབ་གསོ་ཁྱབ་སྤེལ་བྱེད་པ་དང་།འོས་འགན་སློབ་གསོའི་སྤུས་ཚད་དོ་སྙོམས།མཐོ་འབྲིང་སློབ་གསོའི་ཁྱད་ཆོས་སྣ་འཛོམས།ལས་རིགས་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་དུས་རབས་གསར་བའི་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།འགྱུར་བ་གསུམ་གྱི་འཛུགས་སྐྲུན་ལོའི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་བ་དང་།ནང་ཁོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ།ཞང་དང་གྲོང་རྡལ་གྱི་སྒྲིག་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ།བཅའ་སྡོད་སྟོབས་ཤུགས་ལེགས་པོར་སྤྱོད་པར་གཅིག་འདོམས་བྱེད་པ།ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཇེ་དྲག་ཏུ་བཏང་སྟེ།སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་བྱ་བ་བསྒྲུབ་པར་ཆ་རྐྱེན་གསར་སྐྲུན་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་དུ་ཡོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཞིང་།ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དང་།སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་སྐུལ་ཆེད་འགན།འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཇེ་དམ་དུ་བཏང་སྟེ།ཡར་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་།གཏུག་བཤེར་རེ་ཞུར་རྒྱ་ཁྱབ་ཏུ་ཉན་པ།འགག་རྩའི་དོན་དང་འགག་རྩའི་གནས།འགག་རྩའི་མི་བཅས་ལ་དམིགས་ཏེ་གནད་ལ་འཁེལ་བའི་ནུས་པ་འདོན་དགོས་ཤིང་།ཆེད་དོན་བཅོས་སྐྱོང་གི་རིགས་སོ་སོར་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཕན་འབྲས་དངོས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་ཞིབ་བཤེར་བཅོས་སྐྱོང་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་།ཁུལ་གྱི་འགོ་ཁྲིད་ཀྲིན་ཧུང་ཧྭ་དང་།བསོད་ནམས་དབང་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཀུན་སྤྱོད་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་།གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་བཏང་ཞེས་པའི་རྩོམ་ཡིག་དང་ཟུང་འབྲེལ་བྱས་ཏེ་བྱ་བ་དངོས་དང་འབྲེལ་ནས་གཏམ་གླེང་བྱས།
གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།