ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། དམག་ཡོངས་ཀྱི་དཔོན་དམག་རྣམས་ཀྱིས་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས། མ་ལག་ལྡན་པ་བཅས་ཀྱི་སྒོ་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་རོགས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། སྲོག་ཤིང་སྲུང་སྐྱོབ་དང་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་ལྟར། དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་པུའུ་ཡིས《ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གླེང་བ(དེབ་བཞི་པ)》རྩོམ་སྒྲིག་པར་སྐྲུན་བྱེད་པར་རྩ་འཛུགས་བྱས་ནས། ཉིན་འགའི་སྔོན་ལ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་ནས། དམག་ཡོངས་ཀྱིས་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་དང་། རིམ་པ་སོ་སོས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། 《ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གླེང་བ(དེབ་བཞི་པར)》སློབ་སྦྱོང་བྱེད་རྒྱུ་དེ《ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གླེང་བ》ཞེས་པ་དང་།《ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གླེང་བ(དེབ་གཉིས་པ)》། 《ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གླེང་བ(དེབ་གསུམ་པ)》《ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་བྱེད་པའི་རྩ་གནད(2023ལོའི་པར་གཞི)》སོགས་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པར་བྱེད་པ། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ནས། བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ལ་གོ་བ་ཟབ་མོ་བླངས་ཏེ། དེའི་ཁྲོད་ཀྱི་ཆོས་ཉིད་དང་རིག་གཞུང་། གནས་ལུགས་བཅས་ལ་སྔར་ལས་གོ་བ་ཟབ་མོ་ལེན་དགོས། ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་། ལས་བྱེད་པའི་གཞུང་ལུགས་རེས་མོས་གསོ་སྦྱོང་། དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོ་དང་། སློབ་གྲྭ་ཆེན་མོའི་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་བཅས་སུ། 《ཞི་ཅིན་ཕིང་གི་དམག་སྟོབས་དམག་དར་སྐོར་གླེང་བ(དེབ་བཞི་པ)》སློབ་སྦྱོང་བྱ་ཡུལ་གཙོ་བོར་བཟུང་སྟེ། སློབ་སྦྱོང་གི་འཆར་གཞིའི་ནང་བཞག་ནས། བསླབས་ནས་ཤེས་པར་བྱེད་པ་དང་ཤེས་ནས་ཁོང་དུ་ཆུད་པར་བྱེད་པ། ལག་ལེན་བཟང་བོ་བཅས་བྱེད་པར་ཤུགས་སྣོན་དགོས། གཅིག་བསྡུས་ཀྱིས་ཆབ་སྲིད་གསོ་སྦྱོང་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། དགོངས་པར་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པའི་ཁྲོད། ཆབ་སྲིད་ཀྱི་སྦྱོང་བརྡར་དང་བསམ་བློ་སྒྱུར་བཅོས་བྱེད་པར་ཤུགས་སྣོན་པ་དང་། ཕུགས་འདུན་དད་མོས་དང་ཏང་གཤིས་བློ་སྦྱོང་། དཔོན་པོའི་ཀུན་སྤྱོད་དང་མི་གཤིས་སོགས་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་པ་དང་། མི་དམངས་དམག་དཔུང་གི་གཟི་བརྗིད་བཟང་བོ་སྲ་བརྟན་དུ་གཏོང་དགོས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་ནན་མོ་དང་ཤེས་རྟོགས་ཟབ་མོ། ཡིད་ཆེས་ཟབ་མོ། བེད་སྤྱོད་བཟང་བོ་བཅས་བྱས་ཏེ། རང་སྟེང་གི་སློབ་སྦྱོང་གྲུབ་འབྲས་ལ་བརྟེན་ནས་དཔོན་དམག་ལ་དྲིལ་སྒྲོག་དང་ཟུར་ཁྲིད་ལེགས་པོ་བྱེད་པར་དོ་སྣང་བྱེད་པ་དང་། རིམ་པ་སོ་སོའི་ཆབ་སྲིད་བྱ་བའི་སྡེ་ཁག་གིས་སློབ་སྦྱོང་ལ་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་རིག་གཞུང་བྱ་བ་སྒྲུབ་མཁན་རྣམས་ཀྱིས་མ་ལག་ཅན་དང་རིག་གཞུང་ཅན་གྱི་ཞིབ་འཇུག་ཐད་ཤུགས་སྣོན་པ། དམག་དཔུང་གི་གསར་འགྱུར་སྨྱན་བྱད་ཀྱིས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་དཔུང་གིས་སློབ་སྦྱོང་དང་ལག་བསྟར་བྱས་པའི་ཕན་འབྲས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱེད་པ་བཅས་བྱས་ནས། རིག་གཞུང་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་དགོས། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་པ་དང་། ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཁྲིད་ཕྱོགས་བརྟན་པོར་བཙུགས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་འབད་བརྩོན་ཆེན་པོས་མཁྲེགས་གཏོར་བྱེད་པ་དང་། འབད་འཐབ་ཀྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་དངོས་སུ་བསྒྱུར་བ། དུས་རབས་གསར་པར་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། གྲུབ་འབྲས་བཟང་བོས་དམག་དཔུང་བཙུགས་ནས་ལོ་འཁོར100ལོན་པར་བསུ་མ་བྱེད་དགོས། །