
པར་འདི་ནི་སྐོར་སྲུང་ལས་དོན་སྤེལ་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཙུང་ཅ་གྲོང་རྡལ་ནགས་ལས་ས་ཚིགས་ཝུའུ་ལུང་ཀོའུ་བདག་སྲུང་པའི་ཚོགས་པ་སླར་ཡང་སྐོར་སྲུང་གི་ལམ་དུ་བསྐྱོད་པ་རེད། ཝུའུ་ལུང་ཀོའུ་ལ་རི་སྐྱེས་འཕང་འབྲས་ནགས་ཚལ་སྤྱི་ཆིང333.3ཙམ་ཡོད་པ་དང་། ད་ཡོད་ལོ་ན60ནས100ཡན་ཡོད་པའི་འཕང་འབྲས་སྡོང་རྐང་བརྒྱ་ལྷག་ཡོད་པ་དང་། ཆེས་གནའ་བོའི་སྡོང་རྐང་ནི་ལོ200ལས་བརྒལ་ཡོད། ཉེ་བའི་ལོ་འགའི་རིང་ཙུང་ཅ་གྲོང་རྡལ་ནགས་ལས་ས་ཚིགས་ཀྱིས་ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་ལ་བརྟེན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འཕེལ་རྒྱས་མཐུན་སྦྱོར་མཉམ་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ།“དྲ་མིག་དབྱེ་བ་དང་། དུམ་དབྱེ་དོ་དམ། འགན་འཁྲི་མི་ཚང་མར་སྤྲོད་པའི”སྐོར་སྲུང་བྱེད་སྟངས་བཙུགས་ནས། རང་དགར་སྲུང་སྐྱོབ་ཁུལ་དུ་འཛུལ་ནས་བྱེ་མ་སྔོག་འདོན་བྱེད་པ་སོགས་གཏོར་བཤིག་བྱ་སྤྱོད་ལ་བཀག་སྡོམ་ནན་མོ་བྱས་ཡོད། དེ་དང་ཆབས་ཅིག་ནགས་ལས་ས་ཚིགས་ཀྱིས་མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། འཕང་འབྲས་ནགས་ཚལ་ཁྱུ་ཚོགས་རྒྱུད་འཛིན་རིག་པ་དང་སྐྱེ་ཁམས་རིག་པའི་ཞིབ་འཇུག་བྱས་ཤིང་། ཚན་རིག་གི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་རྩ་ཆེན་སྲུང་སྐྱོབ་བྱས་པ་རེད། །

པར་འདི་ནི་སྐོར་སྲུང་ལས་དོན་སྤེལ་བཞིན་པའི་ཚུལ་རེད།

པར་འདི་ནི་སྐོར་སྲུང་ལས་དོན་སྤེལ་བཞིན་པའི་ཚུལ་རེད།