གསར་འགྱུར་མེ་ལོང་།
 

ཞི་ཅིན་ཕིང་གིས2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམ་སྟོན་ཆེན་མོར་ལ་ཤིས་འཕྲིན་སྤྲིངས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-08  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


 ཟླ9པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམ་སྟོན་ཆེན་མོར་ལ་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལྟ་མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཟབ་མོ་གཏོང་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཐོན་ལས་ཀྱི་གནས་བབ་བསྐྱར་དུ་སྐྲུན་བཞིན་ཡོད། ཀྲུང་གོས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་ལ་མཐོང་ཆེན་བྱས་ནས། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་འབད་པས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་བསྩལ་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་རོགས་འདེགས་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་ནི་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་རྒྱལ་སྤྱིའི་སྤྱི་བའི་ཐོན་རྫས་ཤིག་ཡིན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་འདོད་ཡོད་པ་དང་། འཕེལ་རྒྱས་འཐབ་ཇུས་དང་བཅོས་སྐྱོང་སྒྲིག་སྲོལ། ལག་རྩལ་ཚད་གཞི་སོགས་ཀྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་དང་། རིག་ནུས་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་སྟེ། རིག་ནུས་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ཕན་བདེ་བསྐྲུན་འདོད་ཡོད།

2025ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམ་སྟོན་ཆེན་མོ་ཉིན་དེར་ཁྲུང་ཆིང་གྲོང་ཁྱེར་དུ་མགོ་བརྩམས། བརྗོད་དོན་ནི“མི་ཐབས་རིག་ནུས+”དང“རིག་ནུས་སྦྲེལ་དྲའི་ནུས་ཁུངས་གསར་པའི་རླངས་འཁོར”ཞེས་པ་དེ་ཡིན་ལ། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན། །

གོང་མ།:ཚྭ་འདམ་གཞོང་གི་འབྲོག་པ་མང་ཚོགས་དགུན་སར་སྤར་བའི་རྣམ་པ།

ཞོལ་མ།:2025ལོའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བ་སྤེལ་མགོ་བརྩམས།