གསར་འགྱུར་མེ་ལོང་།
 

ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་སྣེ་ཁྲིད་དེ་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་སློབ་ཁྲིད་གནང་། 

ཡོང་ཁུངས།:  སྤེལ་དུས།:2025-09-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞ་ཏུང་ཁུལ་ཨུའི་ཏང་གི་སློབ་གྲྭ་རུ་སོང་ནས་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པར་སློབ་ཁྲིད་གནང་ཏེ།འགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་སུ་འགྲོ་བའི་ལམ་ལུགས་གཏིང་ཟབ་ཏུ་འགྲོ་བར་ཁྲིད་སྟོན་བྱས།ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིགིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་པ་དང་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ།འཕེལ་རྒྱས་ཀྱི་གནས་བབ་གསལ་བོར་ཤེས་པ་དང་ལག་བསྟར་བྱེད་ཐབས་ཁ་གསལ་བྱེད་པ།འགན་འཁྲིའི་འཁུར་སེམས་བརྟན་སྲུང་བྱས་ཏེ།མཚོ་ནུབ་ཀྱི་སྤུས་ལེགས་འཕེལ་རྒྱས་ད་བྱས་རྗེས་གསར་འཇོག་དགོས་པ་ནན་གྱིས་བསྟན

 སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད། ཀྲུའུ་ཞང་ཏུང་གིས་མཚོ་ནུབ་ས་ཁུལ་གྱི་ཆ་རྐྱེན་དང་། ཐོན་ཁུངས་ཀྱི་དགེ་མཚན། ཁོར་ཡུག་གི་ཤོངས་ཚད། ཐོན་ལས་ཀྱི་རྨང་གཞི། འཕེལ་རྒྱས་ཀྱི་གནས་སྟངས། ད་ལྟའི་གནས་བབ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཤིང་། སྣུམ་ཚྭའི་ཐོན་ལས་དང་འོད་རླུང་ཅན་གྱི་རྟེན་གཞིའི་ཐོན་ལས་རྨང་གཞི་དང་འཕེལ་རྒྱས་མདུན་ལྗོངས།ད་ལྟ་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་དམིགས་འབེན། དཔུང་ཁག་འཛུགས་སྐྱོང་སོགས་གཙོ་གནད་དུ་བཟུང་ནས་བླང་བྱ་ཁ་གསལ་བཏོན། ཁོས་བསྟན་དོན། མཚོ་ནུབ་ནི་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི་གནས་བཞིའི་གྲུབ་རྐྱེན་གཙོ་བོ་གཅིག་པུའི་ས་ཁུལ་ཡིན་པའི་ཆ་ནས།ཞིང་ཆེན་ནང་ཁུལ་་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ནུས་པ་འདོན་པའི་འཐབ་ཇུས་ལངས་ཕྱོགས་དང་།འདེགས་སྐྱོར་ཀ་བའི་ནུས་པ་བཏོན་ཏེ་བྱས་རྗེས་མང་པོ་འཇོག་དགོས་པའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། སྒྲུབ་དགོས་པ་དང་སྒྲུབ་མི་རུང་བའི་དབྱེ་བ་གསལ་བོར་ཕྱེས་ཏེ། འཕེལ་རྒྱས་ཀྱི་གཙོ་གནད་དང་བཅོས་སྒྱུར་གྱི་འགག་གནད་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ས་ཁུལ་གྱི་གཙོ་གནད་གཉིས་ཀྱི་སྟེང་གཅིག་བསྡུས་བྱས་ཏེ།ན་གོར་མོའི་ཚྭ་མཚེའུ་ལྷད་མེད་ཐོན་ལས་གླིང་དང་།གཏེར་ལེན་ཁའི་ནུས་ཁུངས་གཙང་མ་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་གི་ཚད་ཤིང་གཉིས་འཛུགས་སྐྲུན་བྱེད་དགོས།འདུས་ཤུགས་གཅིག་སྒྲིལ་གྱིས་ཚྭ་འདམ་ས་ཁོངས་ཡོངས་ཀྱི་སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་རྟེན་གཞི་དང་མཚོ་འཁྱག་འཛམ་གླིང་རིམ་པའི་གནམ་དཔྱད་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞིའི་འབུར་ཐོན་གཉིས་བཞེངས་སྐྲུན་བྱེད་པ།ལྷད་མེད་རྩིས་ནུས་ཀྱིས་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།ནུས་ཤུགས་ཆེན་པོས་རྐྱེན་སྲོལ་དཔལ་འབྱོར་དང་འཕུར་བསྐྱོད་དཔལ་འབྱོར།ཚོང་འགུགས་དངུལ་འདྲེན།ས་གནས་ཀྱི་ཁྱད་ཆོས་དང་བཟང་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་དགོས།སྣུམ་ཚྭ་ཅན་གྱི་ཐོན་ལས་དང་འོད་རླུང་ཅན་གྱི་ཐོན་ལས་ཀྱི་མཉམ་གནས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱས་ཏེ།དཔལ་འབྱོར་བརྟན་བརླིང་དང་རྒྱུན་མཐུད་ངང་སྤུས་ལེགསསུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་བསྟན།

 ཀྲུའུ་ཞང་ཏུང་གིས་མཚོ་ནུབ་ནི་སྲོལ་རྒྱུན་གྱི་ཐོན་ལས་རིགས་བསྒྱུར་རིམ་སྤར་གྱི་གོམས་ཁ་སྒྱུར་བའི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་བཞིན་ཡོད་པ་དང་གསར་དར་ཐོན་ལས་མགྱོགས་མྱུར་སྒོས་གསོ་སྐྱོང་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས།རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ནི་རྐང་འཛུགས་སྟོབས་ཤུགས་ཡིན་ཕྱིར།ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མཐའ་གཅིག་ཏུ་བསམ་བློའི་འཁྱེར་སོ་གསལ་བོ་ཡིན་པ་དང་ལངས་གནས་དྲང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་གནད་དོན་ལ་བསམ་བློ་གཏོང་བ། ཇུས་ཐག་གཅོད་པ་དང་།ལས་དོན་སྒྲུབ་པར་ཐོག་མཐའ་བར་གསུམ་དུ་དམ་འཛིན་དང་དོ་དམ་ཡང་དག་བྱེད་པ།ཚད་མཐོའི་འགན་འཁྲི་འཁུར་ཕོད་པ་དང་རྨང་གཞི་བརྟན་པོ་འདིང་བ། ཕུགས་ཕན་རང་བཞིན་གྱི་དོན་དག་རྒྱུན་དྲན་བྱེད་དགོས། རང་གཤིས་གསར་བརྗེ་ལ་དོ་སྣང་བྱེད་པ་དང་གོམས་གཤིས་ལེགས་སྒྱུར་གྱི་བསམ་གཞིགས་ལ་གོམས་པར་བྱེད་པ།རིག་པ་དྭངས་ཤིང་གསལ་བའི་སྒོ་ནས་རང་གིས་རང་ལ་ངོས་འཛིན་ཡང་དག་དང་གནས་ཐིག་གཏན་ཁེལ་བྱས་ཏེ།རང་འགུལ་གྱིས་སློབ་སྦྱོང་དོན་གཉེར་བྱེད་པའི་དུས་རབས་ཀྱི་ནུས་པ་དང་།རང་གི་འཇོན་ཐང་ནུས་པ་མཐོར་འདེགས་གཏོང་བ།རང་འགུལ་གྱིས་སྲིད་ཇུས་གསར་བ་སློབ་སྦྱོང་བྱེད་པ་དང་བྱེད་ཐབས་གསར་་ཁོང་དུ་ཆུད་པ་དང་ཉམས་མྱོང་བཟང་པོར་བརྟེན་ནས་རང་སོ་སོའི་ལས་གནས་ཐོག་འགན་འཁྲི་སྔར་ལས་ལེགས་པོར་སྒྲུབ་སྟེ།བྱས་རྗེས་འཇོག་པའི་བྱ་བའི་སེམས་ཤུགས་ཇེ་དྲག་ཏུ་གཏོང་དགོས།བློ་གཅིག་སེམས་གཅིག་གིས་བྱ་བ་འཆར་འགོད་བྱེད་པ་དང་ཏན་ཏིག་གིས་དོན་དངོས་དང་དོན་བཟང་སྒྲུབ་པར་སྔོན་བསྐྱོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།ཁུལ་ཡོངས་ཀྱི་གོང་འོག་གིས་ཀུན་སྤྱོད་ལེགས་པོས་ཁུལ་ཨུའི་འཕེལ་རྒྱས་གསར་བའི་ཁྱབ་ཁོངས་དང་བསམ་ཕྱོགས་གསར་བའི་བྱེད་ཐབས་ལག་ལེན་དོན་འཁྱོལ་བྱེད་པར་སྣེ་ཁྲིད་བྱེད་དགོས།ཏང་སྲོལ་སྲིད་གཙང་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་སྒྲིག་ཁྲིམས་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས།ལམ་ལུགས་འདུ་ཤེས་ལ་གོམས་པར་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་དོན་དག་སྒྲུབ་པ་དང་།མ་མཐའི་མཚམས་ཐིག་སྲུང་བ།རང་རྟོགས་སྒོས་ལྟ་སྐུལ་དང་ཚོད་འཛིན་དང་ལེན་བྱེད་ཐུབ་པའི་ཁོར་ཡུག་ཁྲོད་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་པར་གོམས་ལོབས་སུ་འཇུག་དགོས་པ་ནན་གྱིས་བསྟན།

གོང་མ།:《ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྒྱས་བཤད་གནད་བསྡུས》ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཞོལ་མ།:མཚོ་ནུབ་ཁུལ་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ146བསྡུ་བའི་བརྡ་ཐོ།