གསར་འགྱུར་མེ་ལོང་།
 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་སྨན་བདེ་སྲུང་ལུས་རྩལ་འགྲན་སྡུར་སྤེལ་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-25  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས22ཉིན་སྔ་དྲོར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་བོད་སྨན་བདེ་སྲུང་ལུས་རྩལ་འགྲན་བསྡུར་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་ཁང་ཀྱི་འཐུས་ཚབ་རུ་ཁག18འགྲན་སྡུར་ནང་ཞུགས། འཐུས་ཚབ་རུ་ཁག་སོ་སོའི་འཁྲབ་སྟོན་རྣམ་པ་སྟེང་ནས་བོད་སྨན་གྱི་བདེ་སྲུང་ལུས་རྩལ་དེ་རྨང་གཞི་རུ་བྱས་ཏེ་མི་རིགས་ཀྱི་རོལ་མོ་དང་ཞབས་བྲོའི་འགུལ་སྟངས་ལ་མཉམ་འདྲེས་བྱས་ཡོད་པ་དང་། བོད་སྨན་གྱི་བདེ་སྲུང་ལུས་རྩལ་གྱི་སྲ་མཉེན་མཉམ་འདུས་དང་གཟུགས་རྣམ་གཉིས་ལྡན་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཏེ། བོད་སྨན་གྱིས“ནད་གཞི་སྔོན་འགོག”གི་བདེ་ཐང་གི་འདུ་ཤེས་དང་རྐང་ལག་འགུལ་སྤྱོད་གཉིས་ཟུང་འབྲེལ་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་མངོན་པ་རེད།

ཐེངས་འདིའི་འགྲན་སྡུར་དེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་འཁོར་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། “བོད་སྨན་བདེ་ཐང་གི་ཉམས་འགྱུར་འགྲེམ་སྟོན་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སྡོམ་ཤུགས་འདུ་འཛོམས་བྱེད་པ”བརྗོད་དོན་དུ་བྱས་ཏེ། 《བདེ་ཐང་ཀྲུང་གོའི་བྱ་འགུལ(2019ལོ་ནས2030ལོ་བར)》ཀྱི་འབྲེལ་ཡོད་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པར་བོད་སྨན་བདེ་ཐང་རིག་གནས་ཁྱབ་སྤེལ་དང་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་བཅོས་ལས་ཁུངས་ལ་རིག་གནས་འགྲེམ་སྟོན་དང་སྤེལ་རེས། ཕན་ཚུན་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་བཙུགས་པ་དང་། མང་ཚོགས་ཀྱིས་བོད་སྨན་བདེ་སྲུང་གི་འདུ་ཤེས་ལྟ་བ་བསམ་གཞི་ལ་ངེས་ཤེས་དང་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལུས་རྩལ་དང་གསོ་རིག་གི་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་རིག་གནས་ཀྱི་སྒུལ་ཤུགས་གཏིང་ཟབ་སྣོན་རྒྱུ་རེད།

ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་གྱི་སྒྲུབ་པའི་བོད་སྨན་བདེ་སྲུང་ལུས་རྩལ་འགྲན་བསྡུར་ཐོག་མ་ཡིན་པ་མ་ཟད། “དུས་ཚིགས་ཉེར་བཞི་ནས་མཚོ་སྔོན་གྱི་སྲོལ་རྒྱུན་ཀྲུང་ལུགས་སྨན་བཅོས་དུ་བསྐྱོད་པའི”མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཀྱང་ཡིན།

འགྲན་སྡུར་ཁྲོད་འཐུས་ཚབ་རུ་ཁག་སོ་སོའི་གྱོན་ཆས་གཅིག་གྱུར་དང་སྙིང་སྟོབས་ཀྱིས་ཁེངས་པས་བོད་སྨན་བདེ་སྲུང་ལུས་རྩལ་གྱི་རིག་གནས་གོ་དོན་དང་ལུས་སྦྱོང་གི་རིན་ཐང་གང་ལེགས་མངོན་པ་དང་། དཔྱད་དཔོག་ཨུ་ལྷན་གྱིས་ཚོགས་རར་བསྐྱོད་པ་་དང་། གྱོན་ཆས་དང་སྒྲིག་གཞི། བསམ་པའི་རྣམ་པ། འགུལ་སྐྱོད་སྤུས་ཚད། མངོན་མཚོན་ནུས་པ། བོད་སྨན་གྱི་གོ་དོན་སོགས་ཕྱོགས་མང་པོའི་ཐད་ནས་ཕྱོགས་བསྡུས་སྐར་གྲངས་དཔྱད་བསྡུར་བྱས། འགྲན་རྩོད་ཛ་དྲག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་ཐུན་མོང་གི་བྱ་དགའ་དང་པོ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་དང་ཁྲི་འདུ་རྫོང་བོད་སྨན་ཁང་ལ་ཐུན་མོང་གི་བྱ་དགའ་གཉིས་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བོད་སོག་སྨན་ཁང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་། ཀོས་ནན་རྫོང་བོད་སྨན་ཁང་བཅས་ལ་ཐུན་མོང་གི་བྱ་དགའ་གསུམ་པ་བཅས་ཐོབ།   །

གོང་མ།:《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བསླབ་ཚན་མ་ལག་དང་སློབ་ཁྲིད་རྩ་གནད》དཔར་ནས་འགྲེམས་སྤེལ་བྱས།

ཞོལ་མ།:ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང"ཞིང་གསུམ"འཐབ་ཕྱོགས་སུ་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།