གསར་འགྱུར་མེ་ལོང་།
 

《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བསླབ་ཚན་མ་ལག་དང་སློབ་ཁྲིད་རྩ་གནད》དཔར་ནས་འགྲེམས་སྤེལ་བྱས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-09-25  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་གསོ་གསོ་སྦྱོང་མུ་མཐུད་དུ་ཟབ་སྤེལ་གཏོང་ཆེད།  ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)བཅས་ཀྱིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བསླབ་ཚན་མ་ལག་དང་སློབ་ཁྲིད་རྩ་གནད(ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བཀོལ་སྤྱོད)》ཅེས་པ་རྩ་འཛུགས་རྩོམ་སྒྲིག་བྱས་ཏེ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དངོས་སུ་དཔར་ནས་འགྲེམས་སྤེལ་བྱས།

《རྩ་གནད》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“གཏན་འཁེལ་བཅུ”དང་། “རྒྱུན་འཁྱོངས་བཅུ་བཞི”། “ཕྱོགས་བཅུ་གསུམ”གྱི་གྲུབ་འབྲས་སོགས་ཀྱི་ནང་དོན་གཙོ་བོར་དམིགས་ཏེ། བསླབ་ཚན་ཉེར་དྲུག་བཀོད་སྒྲིག་བྱས་པར་མ་ཟད་བསླབ་ཚན་རེ་རེའི་སློབ་ཁྲིད་དམིགས་ཡུལ་དང་། སློབ་ཁྲིད་གཙོ་གནད། སློབ་ཁྲིད་ནང་དོན། སློབ་ཁྲིད་རྣམ་པ། གཙོ་གནད་དཔེ་ཀློག་ཁ་བྱང་སོགས་གཏན་འཁེལ་གསལ་བོ་བྱས་པས། ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་ཁྲིད་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད། 

ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)བཅས་ཀྱིས་བརྡ་སྦྱོར་བཏང་ནསནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་གསོ་སྦྱོང་འཆར་གཞི་ལག་བསྟར་ཞིབ་ཚགས་བྱེད་དགོས་པ་དང་། 《རྩ་གནད》ཀྱི་བླང་བྱ་ལྟར། གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་ལུགས་སློབ་ཁྲིད་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས་ལ། གཞུང་ལུགས་ཀྱི་སློབ་ཁྲིད་མ་ལག་སྒྲིག་འཛུགས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སློབ་གསོ་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། །

གོང་མ།:ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་བཙུགས་ནས་ལོ་འཁོར80ལོན་པར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

ཞོལ་མ།:མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་སྨན་བདེ་སྲུང་ལུས་རྩལ་འགྲན་སྡུར་སྤེལ་བ།