ཟླ10ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱིས་ཆེད་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། མཚོ་ནུབ་ཀྱིས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པའི་ཐད་ནས་ཞིབ་འཇུག་བྱས།
གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱེད་གྲབས་ཡོད་པའི་དམིགས་འབེན་འགན་འཁྲི་ཡིན་ལ། གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་རྨང་གཞི་འདིང་བ་དང་།ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་དོན་སྙིང་ཅན་གྱི་གྲོས་ཚོགས་གལ་ཆེན་ཞིག་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་ཤོས་ཤིག་ཡིན་པས། ང་ཚོས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་བརྩི་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ་ཡིན་ཞིང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་འཛུགས་སྐྲུན་བྱེད་པ་ལ་མུ་མཐུད་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་ཕྱིར། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བར་བཟང་ཤན་ཆེན་པོ་ཐེབས་ངེས་ཡིན་པ་བསྟན།
གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་ཆུད་པར་བྱ་དགོས་ཤིང་།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཛུབ་སྟོན་དང་དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན། བླང་བྱ་གལ་ཆེན་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་འཇུག་སྒོ་འཚོལ་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཚོ་ནུབ་ཏུ་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་མངོན་པར་བྱེད་དགོས་ལ།སྦྱོར་བ་དངོས་ཀྱི་ཐོག་ནས་གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང་།སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་དགོས་པར་གོ་བ་གཏིང་ཟབ་ལེན་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་། དྲིལ་སྒྲོག་བཟང་བོ་བྱེད་པ། དོན་འཁྱོལ་ལེགས་པོ་བྱེད་དགོས་ཤིང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཁ་ཕྱོགས་དང་གླེང་ཕྱོགས་ནམ་ཡང་ཁོང་དུ་ཆུད་པར་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་གཟབ་ནན་བྱས་ཏེ།གསོ་སྦྱོང་དམ་འཛིན་བྱེད་པ་དང་གཅིག་སྡུད་སྒྲོག་འགྲེལ་བྱས་ཏེ་གསར་འགྱུར་དྲིལ་སྒྲོག་བྱ་བར་གཟབ་ནན་སྒོས་རྩ་འཛུགས་བྱེད་དགོས། གཞུང་ལུགས་སྒྲོག་འགྲེལ་བྱེད་པ་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུས་ཐོག་ཏུ་གཞི་རིམ་དང་མང་ཚོགས་ཁྲོད་དྲིལ་སྒྲོག་བྱེད་དགོས། ད་ལོའི་ལོ་སྨད་ཀྱི་ཟླ་བ་གཉིས་ཀྱི་བྱ་བར་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཉེན་མེད་ཐོན་སྐྱེད། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་གཙོ་གནད་ལས་འགན་བཅས་ལ་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་དམིགས་ཚད་ལ་གདོང་གཏོད་ཐུབ་པར་བྱེད་དགོས་ལ།ལོ་ཕྱི་མའི་ལས་དོན་ཁག་སྔོན་ལ་ཇུས་འགོད་བྱས་ཏེ།ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལེགས་པོར་མཇུག་སྡུད་པ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པོར་བརྩམ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།