གསར་འགྱུར་མེ་ལོང་།
 

མཚོ་སྔོན་གྱི་སྐོར་རིམ་གསར་བའི་ཞིང་ལས་ཐོན་ཁུངས་ཁུལ་ཚོད་ལྟའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-12-08  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། ད་ལོའི་རིང་ལ། ཞིང་ལས་ཞིང་སྡེ་པུའུ་ཡི་ཞིང་ལས་ཐོན་ཁུངས་ཁུལ་ཞིབ་འཇུག་དང་། སྔོན་བསྐྱོད་ཚོད་ལྟའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ལ་ཤུགས་སྣོན་བྱ་ཆེད། རང་ཞིང་གིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཚོད་ལྟའི་བྱ་བ་སྤེལ་བར་བདམས་པ་དང་། ཆེད་དོན་ལག་བསྟར་བྱེད་ཐབས་དཔར་འགྲེམ་བྱས་ཏེ། “ཞིང་ཆེན་རིམ་པའི་གཅིག་གྱུར་མཐུན་སྦྱོར་དང་། གྲོང་ཁྱེར་དང་རྫོང་གི་ལས་བགོས་དོན་འཁྱོལ། སྡེ་ཁག་མཐུན་སྦྱོར་མཉམ་འབྲེལ། སློབ་གླིང་དང་སློབ་གྲྭའི་ལག་རྩལ་གཞོགས་འདེགས། ཆེད་མཁས་པའི་མིང་བཏགས་པའི”བྱ་བའི་མ་ལག་འཛུགས་སྐྲུན་བྱས་ཏེ། ཐོན་ཁུངས་རྨང་གཞིར་བལྟ་བ་དང་། འདེགས་ཤུགས་ནུས་ཚད་དཔྱད་འཇོག་དང་ཞིང་ལས་ཁྱོན་ཡོངས་ནས་ལྗང་མདོག་རྣམ་བསྒྱུར་སྦྲེལ་མཐུད་བྱེད་པ་མ་ཟད། རྒྱལ་ཁབ་དང་ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པའི་མཛུབ་སྟོན་གདན་འདྲེན་ཞུས་ཏེ། ཤང་དང་གྲོང་རྡལ19ཡིས་ཐོན་ཁུངས་མ་ལག་རྟོག་ཞིབ་རྩ་འཛུགས་ལེགས་འགྲུབ་བྱས་ནས། ཚོད་ལྟའི་བྱ་བར་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས།

གཞི་གྲངས་གནད་འཁེལ་རང་བཞིན་ལ་འགན་སྲུང་བྱ་ཆེད། དཔེ་མཚོན་སྡེ་བ74བདམས་ནས། རིགས་སོ་སོའི་ཞིང་ལས་ཚོང་གཉེར་གཙོ་གཞི་ཡོངས་སུ་ཁེབས་པ་དང་། གནད་ཁེལ་སྒོས་ཞིང་ལས་དུད་ཁྱིམ་གཞི་གྲངས56བསྡུ་ལེན་དང་། མི་མེད་འཕྲུལ་ཆས་ཀྱིས་ས་ངོས་དང་བར་སྣང་གཞི་གྲངས་ཕན་ཚུན་ཁ་གསབ་ཟུང་འབྲེལ་བྱས། རྟོག་ཞིབ་གཞི་གྲངས་དང་། གཞི་གྲངས་ཆེན་པོ་དང་རྒྱང་བརྟེན་སོགས་ལག་རྩལ་ལ་བརྟེན་ནས། ཞིང་ལས་ས་ཞིང་བེད་སྤྱོད་གཅིག་སྡུད། ཆུ་བཀོལ་སོགས་དཀྱིལ་སྙིང་ཐོན་ཁུངས་རྟགས་ཚད། གསོ་འདེབས་གནད་འགག་གཞི་གྲངས་ཀྱིས། ཁོངས་བརྒལ་སྡེ་ཁག་གཞི་གྲངས་མཉམ་སྤྱོད་སྒྲིག་སྲོལ་སྒྲིག་འཛུགས་བྱས་ནས། ཞིང་ལས་ཐོན་ཁུངས་འགུལ་རྣམ་འགྱུར་བའི་ཁ་ཕྱོགས་དབྱེ་ཞིབ་བྱེད་པ་དང་། ཐོན་ཁུངས་ཁོར་ཡུག་འདེགས་ཤུགས་བརྡར་གཅོད་བྱ་བ་སྤེལ་ནས། ཞིང་ལས་ཐོན་ཁུངས་སྒྲིག་བཟོ་བྱས་ཏེ། ཞིང་ལས་ཐོན་ལས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཞིང་ལས་ལྗང་མདོག་རྣམ་བསྒྱུར་ཐད་གཞོགས་འདེགས་མཁོ་འདོན་ལ་སྐུལ་འདེད་བཏང་། འབྲེལ་ཡོད་སྒྲུབ་ཐབས་དེ་ཞིང་ལས་ཞིང་སྡེ་པུའུ《ཉིན་རེའི་གནས་ཚུལ》སྟེང་བཀྲམ་ཡོད། །

གོང་མ།:རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི9160ཡོད་པ་ཚང་མ་བསྒྲུབ་ཚར་བ།

ཞོལ་མ།:2025ལོའི་ཟླ10པར་མཚོ་སྔོན་ཞིང་ཆེན་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་།