གསར་འགྱུར་མེ་ལོང་།
 

རང་རྒྱལ་གྱི་རྒྱལ་ཁབ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་ལམ་ཐག་སྤྱི་ལེ་ཁྲི600ལས་བརྒལ་ཡོད།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-08-17  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས21ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཞུས་ཁྲེང་ཀོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། "ལོ་ལྔའི་འཆར་འགོད་བཅུ་བཞི་པའི"རིང་ལ། རང་རྒྱལ་གྱི་རྒྱལ་ཁབ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་ལམ་ཐག་སྤྱི་ལེ་ཁྲི600ལས་བརྒལ་བ་དང་།"ལམ་ཐིག6དང་ཁྱམས་རིང7བགྲོད་ལམ8"ཀྱི་སྒྲོམ་གཞི་གཙོ་བོ་བསྐྲུན་ཚད91%ལ་སླེབས་ཞིང་། མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་བྱེད་པའི་ལམ་ཐག་སྤྱི་ལེ་ཁྲི5ལྷག་ལ་སླེབས་པ་དང་། གཞུང་ལམ་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ་ཁྲི19.9ལ་སླེབས། གྲུ་ཁར་ཏུན་ཁྲི་ཡན་གྱི་གྲུ་ཁའི་གྲངས3061ཡོད་པ་དང་། མཁའ་འགྲུལ་ས་ཚིགས་བསྡོམས་འབོར270ཡོད་ཅིང་། འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བ་དང་ཕན་ཐོགས་པའི་མི་གྲངས་ཆེས་མང་བའི་སྦྲག་སྐྱེལ་དྲ་རྒྱ་བསྐྲུན་ཡོད་ཟེར། །

གོང་མ།:མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་།

ཞོལ་མ།:2026ལོར་རྒྱལ་ཡོངས་ཀྱི་ནུབ་རྒྱུད་འཆར་གཞི་དང་བླངས་པ་ཁྲི5.3ལྷག་སྔ་རྗེས་སུ་ལམ་ལ་ཆས་པ།