གསར་འགྱུར་མེ་ལོང་།
 

མཚོ་ནུབ་ཁུལ་ཁུ་ནུ་སྐྱེ་ཁམས་བརྟག་དཔྱད་ཁང་གི་སྒོ་བྱང་བཀལ་བ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-08-10  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཡོན་ཧྲིའི་རུ་ཁག་སྲོག་ཤིང་བྱས་པའི་མཐོ་སྒང་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་འཇོན་མིའི་ཚན་རྩལ་གསར་གཏོད་སྟེགས་བུ་ཐོག་མ་སྟེ། ཁུ་ནུའི་སྐྱེ་ཁམས་བརྟག་དཔྱད་ཁང་ལ་དངོས་སུ་སྒོ་བྱང་བཀལ། བརྟག་དཔྱད་ཁང་འདི་ནི་ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་དང་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་བཅས་ཕྱོགས་གསུམ་གྱིས་མཉམ་དུ་བསྐྲུན། མཐོ་སྒང་གི་ཁོར་ཡུག་ཚད་གཞི་དང་། ནུས་རྒྱུ་གཙང་མའི་གསར་སྤེལ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་སོགས་གནད་འགག་གི་ཁྱབ་ཁོངས་ལ་དམིགས་ཏེ། རྒྱལ་ཁབ་རིམ་པའི་གནད་འགག་ཆེ་བའི་བརྟག་དཔྱད་ཁང་གི་ཐོན་ཁུངས་དྲ་བར་བརྟེན་ནས་འཁོར་འབྲེལ་ཧྲིལ་པོའི་གསར་གཏོད་མ་ལག་བཙུགས། ཚད་ལྡན་ཅན་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་།

གསལ་བཤད་བྱས་པ་ལྟར་ན། ཁུ་ནུ་སྐྱེ་ཁམས་བརྟག་དཔྱད་ཁང་ནི་ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་ལས་ཁུངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གལ་ཆེན་ནང་བཅུག་ཟིན་ཞིང་། འཕེལ་རྒྱས་ཀྱི་བགྲོད་ལམ་ནི་གསལ་ཞིང་ཡང་དག་པ་ཞིག་རེད། དུས་ཐུང་ནང་ལག་ལེན་བསྟར་ཐུབ་པ་དང་ཁྱབ་སྤེལ་གཏོང་ཆོག་པའི་ཚད་གཞི་དང་འཕྲུལ་རྩལ་གྱི་གྲུབ་འབྲས་རྣམས་བསྐྲུན་ཟིན་པ་དང་། དུས་ཡུན་བར་མའི་ནང་ས་མཐོའི་ཁོར་ཡུག་གི་ཚད་གཞི་དང་། ཉེན་ཁ་འགོག་སྡོམ་གྱི་རྣམ་བཤད། འཕྲུལ་རྩལ་དང་ཐབས་ལམ་གྱི་མ་ལག་ཆ་ཚང་བ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། དུས་ཡུན་རིང་པོའི་ནང་རྒྱལ་ནང་གི་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞིའི་ཁྱབ་ཁོངས་སུ་དཔེ་མཚོན་གྱི་ཚན་རིག་ཞིབ་འཇུག་སྟེགས་བུ་ཞིག་བསྐྲུན་རྒྱུ་ཡིན་པ་རེད། འཁོར་སྐྱོད་ཀྱི་ལམ་ལུགས་ཐད་ཁེ་ལས་ཀྱིས་དྲི་བ་འདོན་པ་དང་། བརྟག་དཔྱད་ཁང་གིས་དྲི་ལན་འདེབས་པ། ཚད་གཞི་ལག་ལེན་དུ་བསྟར་བ་བཅས་ཀྱི་མྱུར་བའི་དང་ལེན་བྱེད་སྟངས་གསར་གཏོད་ཀྱིས་ལག་ལེན་བསྟར་ཞིང་། རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་གི་ཐོན་ཁུངས་རྣམས་སྒོ་འབྱེད་དང་མཉམ་སྤྱོད་བྱེད་བཞིན་ཡོད། ཀྲུང་གོའི་ཁོར་ཡུག་ཚན་རིག་ཞིབ་འཇུག་གླིང་བཟོ་སྐྲུན་གླིང་གི་ཤེས་ཡོན་ཅན5དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཚད་གཞི1500ལྷག་གི་ཚན་རིག་ཞིབ་འཇུག་གི་རྨང་གཞི་བརྟན་པོ་ལ་བརྟེན་ནས། བརྟག་དཔྱད་ཁང་འདི་ཉིད་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཚན་རིག་ཞིབ་འཇུག་གི་ནུས་པ་ནུབ་ཕྱོགས་སུ་རྩ་བ་ཚུགས་པ་དང་། མཚོ་སྔོན་གྱི་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་གནས་གཞི་གཙོ་བོ་ཞིག་ཏུ་བསྒྱུར་རྒྱུ་རེད།

སྒོ་བྱང་འབྱེད་པའི་མཛད་སྒོའི་རྗེས་སུ། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཚན་རྩལ་ཕོ་ཉ་ཚོགས་པ་ཁག་དང་པོ་ལམ་ལ་ཆས་པའི་མཛད་སྒོ་སྤེལ། ཡུལ་དངོས་སུ་ཕོ་ཉ་ཚོགས་པའི་ཚོགས་མི61གི་མིང་ཐོ་བསྒྲགས་པ་དང་། ཆེད་མཁས་པ་ཚོགས་གཙོ8ལ་གདན་ཞུའི་ལག་ཁྱེར་སྤྲད་ཅིང་ལམ་ཆས་དར་ཆ་གནང་། རྒྱུས་ལོན་པ་ལྟར་ན། ཚན་རྩལ་ཕོ་ཉ་ཚོགས་པ་འདི་ནི་ཀྲེ་ཅང་སློབ་གྲྭ་ཆེན་མོ་དང་། ཀྲེ་ཅང་བཟོ་ལས་སློབ་གྲྭ་ཆེན་མོ། ཀྲེ་ཅང་ཞིང་ལས་ཚན་རིག་གླིང་སོགས་ཀྲེ་ཅང་གི་སྤུས་ལེགས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་མཐོ་རིམ་ལས་མིང་ཡོད་པའི་ཆེད་མཁས་པའི་གྲུབ་པ་ཞིག་རེད། ཁོང་ཚོས་ཚྭ་མཚེའུའི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གསར་པའི་སྒྲིག་ཆས། ཁྱད་ལྡན་ཞིང་ཕྱུགས་ལས་སོགས་མཚོ་ནུབ་ཁུལ་གྱི་དགེ་མཚན་ལྡན་པའི་ཁྱད་ལྡན་ལས་རིགས་ལ་དམིགས་ཏེ། ཚན་རྩལ་གསར་གཏོད་ཀྱི་ལག་རྩལ་དང་འཇོན་མིའི་ནུས་ཁུངས་གནད་འཁེལ་གྱིས་མཁོ་འདོན་བྱེད་པ་དང་། ས་ཁུལ་གྱི་ལས་རིགས་རྣམ་པ་སྒྱུར་བཅོས་དང་རིམ་པ་སྤོར་བར་ནུས་པ་སྦྱིན་ནས། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་རྒྱུ་རེད། །

གོང་མ།:ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བདུན་པ་བསྡུས་པ།

ཞོལ་མ།:ཀྲུང་གོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།