གསར་འགྱུར་མེ་ལོང་།
 

《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’འཆར་འགོད》བསྒྲགས་པ།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2026-10-28  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:


  ཟླ10པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི“‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’སྒོ་འབྱེད་མགོ་རྩོམ”བརྗོད་དོན་ཡིན་པའི་གསར་འགྱུར་མུ་འབྲེལ་སྒྲོག་སྤེལ་ཚོགས་འདུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཆེད་དོན་སྒྲོག་སྤེལ་སྤེལ་བ་དང་། ཚོགས་ཐོག་ནས“མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’འཆར་འགོད”ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས(གཤམ་ནས《འཆར་འགོད》ཅེས་བསྡུ་རྒྱུ)།

ངོ་སྤྲད་པ་ལྟར་ན། 《འཆར་འགོད》ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་གཙོ་སྐུད་ལ་དམ་པོར་དམིགས་པ་དང་། 2030ལོའི་བར་དུ་གཏན་འཁེལ་གསལ་པོར་བྱས་པ། ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་ཁྱིམ་གཞི་འཛུགས་སྐྱོང་གི་གྲུབ་འབྲས་མངོན་པར་གསལ་བ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཉིན་བཞིན་ཟབ་སྤེལ་བྱས་ཡོད་པ། མི་རིགས་སོ་སོ་མི་དམངས་ཐུན་མོང་ཕྱུག་འགྱུར་ཆུ་ཚད་མཐོར་འདེགས་མངོན་གསལ་ཡིན་པ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཟབ་མོ་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་ལས་གསལ་པོར་མངོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་མི་སེམས་ལ་ཟུག་པར་བྱས་ཡོད།

《འཆར་འགོད》དངོས་འབེབས་ལག་བསྟར་ལ་དམིགས་ནས། མཚོ་སྔོན་གྱིས་ཕྱོགས་བཞིའི་ལས་དོན་གཙོ་གནད་སྒོས་ལེགས་པར་འཛིན་རྒྱུ་རེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། “ལོ་རྒྱུས་ལྔ”དྲིལ་སྒྲོག་སློབ་གསོ་ཟབ་མོར་སྤེལ་བ། “བརྟན་སྐྱེད་བཅུ”ལག་ལེན་དུ་བསྟར་བ། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞི་འཛུགས་སྐྱོང་གི་བརྗོད་དོན་རིག་གནས་བྱེད་སྒོའི་མཚོ་སྔོན་གྱི་ལེའུ”སྤེལ་བ། རྒྱ་བོད་སྐད་གཉིས་ཡོ་བྱེད་དཔེ་ཆ་རྩོམ་སྒྲིག་ཡིག་སྒྱུར་དཔེ་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་སྐད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་ལེན་དུ་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་དེ། བློ་གཅིག་ཕྱོགས་གཅིག་གི་བསམ་བློའི་གཞི་རྩ་དངོས་བརྟན་དུ་གཏང་རྒྱུ་རེད། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་ཡར་སྐུལ་གཏོང་བ་དང་། སྡེ་ཁུལ་གྱི“སེ་འབྲུའི་ཁྱིམ་གཞི”རིམ་འདེགས་བཟོ་སྐྲུན་ལག་ཏུ་བསྟར་བ། ཕན་ཚུན་སྣོལ་སྦྲེལ་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་དང་སྡེ་ཁུལ་ཁོར་ཡུག་འཛུགས་པ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི“འགུལ་སྐྱོད་བཅུ”ལ་སྐུལ་འདེད་ཟབ་མོ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དང“མཚོ་སྔོནBA”སོགས་རིག་རྩལ་བྱེད་སྒོ་ལེགས་པར་སྤེལ་ཏེ། མཉམ་སྡོད་མཉམ་སློབ་དང་མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུ་རེད། མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ཁུངས་དགེ་མཚན་ལ་རྐང་བཙུགས་ནས་ཁྱད་ལྡན་སོན་འདེབས་དང་མི་རིགས་བཟོ་ལས་སྒྱུ་རྩལ། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་དམངས་ཕྱུག་ཐོན་ལས་གསོ་སྐྱོང་བྱེད་པ། ཐུན་མོང་དེང་རབས་ཅན་གྱི་ཚོད་ལྟའི་གནས་ཀྱི་སྣེ་ཁྲིད་ནུས་པ་འདོན་པ། དབུལ་པོར་བསྐྱར་ལོག་དང་དབུལ་སྒྱུར་འགོག་པའི་ལམ་སྲོལ་འཐུས་ཚང་འཛུགས་པ། སློབ་གསོ་དང་སྨན་བཅོས། ལས་ཞུགས། རྒན་གསོ་བུ་བཅོལ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་གཞི་རིམ་རོང་འབྲོག་ཁུལ་དུ་སྲིང་བར་སྐུལ་འདེད་བཏང་ནས། ཐུན་མོང་ཕྱུག་འགྱུར་གྱི་དངོས་པོའི་རྨང་གཞི་བརྟན་པོར་གཏང་རྒྱུ། མི་རིགས་ལས་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་དངོས་འབེབས་བྱེད་པ། མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་མྱུར་བཅོས་མེད་བཟོ་འགྲེལ་བཤད་ལེགས་པར་སྒྲུབ་པ། “དགུ་ལྔའི”ཁྲིམས་ཁྱབ་དང“བཅའ་ཁྲིམས་མདུན་སྐྱོད་དགུ”ཟབ་མོར་སྤེལ་བ། གཞི་རིམ་ཏང་རྩ་འཛུགས་སྟོབས་ལྡན་འཛུགས་པ། ཉེན་ཁའི་རྐྱེན་ངན་འབྱུང་རྩ་ནས་འགོག་ཟོན་ཐག་གཅོད་རྒྱུན་འཁྱོངས་བྱས་ཏེ། བདེ་སྡོད་ལས་སྤྲོའི་འཆམ་མཛེས་ཁྱིམ་གཞི་བསྐྲུན་རྒྱུ་རེད། །

 

གོང་མ།:མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཞོལ་མ།:《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ནུབ་ཕྱོགས་སྐད་ཡིག་གི་པར་གཞིའི་དཔེ་དེབ་སྤེལ་རེས་ཚོགས་འདུ་མ་ཏེ་རི་རུ་འཚོགས་པ།