ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་བཅོས་སྒྱུར་དང་འཕེལ་རྒྱས་ཇེ་
མགྱོགས་སུ་གཏོང་བའི་སྐོར་གྱི་ཆོད་དོན།(3)
(ཉེར་དགུ)ཆུ་བེད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་བླང་བྱ་གསར་བ་དང་མཐུན་ཐབས་བྱ་དགོས་པ་མ་ཟད།ཆུ་བེད་མ་ལག་གི་ལས་བྱེད་པ་དང་ལས་བཟོ་བའི་དཔུང་སྡེའི་སྤུས་མཚག་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས།ཆུ་བེད་རྩད་ཞིབ་ཐིག་ལེན་དང་ཇུས་འགོད།འཛུགས་སྐྲུན་དོ་དམ།ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་དངོས་གནས་ཇེ་དྲག་ཏུ་གཏོང་དགོས།སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་སློབ་གྲྭའབྲིང་རིམ་ལས་རིགས་སློབ་གྲྭའི་ཆུ་བེད་རིགས་ཀྱི་ཆེད་ལས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས།རིགས་སོ་སོའི་དོ་དམ་འཇོན་མི་དང་ཆེད་ལས་ལག་རྩལ་འཇོན་མི།ནུས་རྩལ་མཐོ་བའི་འཇོན་མི་བཅས་ཤུགས་ཆེན་པོས་ནང་འདྲེན་དང་སྐྱེད་སྲིང་དང་གདམ་གསེས་བྱ་དགོས།འཇོན་མི་གདེང་འཇོག་དང་སྐོར་སྐྱོད།སྐུལ་ལྕག་གཏོང་བ་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།རྒྱ་ཆེའི་ཚན་རྩལ་མི་སྣས་ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོར་ཞབས་འདེགས་ཞུ་བར་སྐུལ་མ་གཏོང་དགོས།གཞི་རིམ་ཆུ་བེད་ལས་བཟོ་པར་ལས་རྐང་ནས་སློབ་གསོ་གཏོང་བ་དང་མུ་མཐུད་དུ་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།གཞི་རིམ་ཆུ་བེད་ལས་བཟོ་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དངོས་ཐག་གཅོད་དགོས།རྒྱ་ཆེའི་ཆུ་བེད་ལས་བྱེད་པ་དང་ལས་བཟོ་པས“གསོལ་འབུལ་དང་འགན་ཁུར་བ།དངོས་གཉེར”བཅས་ཀྱི་ཆུ་བེད་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ།སྔར་ལས་ཀྱང་དམངས་འཚོ་དང་ཉེ་བར་བཅར་བ་དང་གཞི་རིམ་ལ་ཞབས་འདེགས་མང་པོ་ཞུ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བཟང་བོ་བྱ་དགོས།
(སུམ་ཅུ།)སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཆུ་བེད་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱ་བ།ཤུགས་ཚད་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆུའི་གནས་ཚུལ་དྲིལ་བསྒྲགས་བྱེད་པ་དང་མི་དམངས་ཡོངས་ཀྱི་ཆུ་གནོད་འདུ་ཤེས་དང་ཆུ་གྲོན་ཆུང་བྱེད་པའི་འདུ་ཤེས།ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འདུ་ཤེས་བཅས་ཇེ་མཐོར་གཏོང་ཞིང་།སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ།ཆུ་བེད་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས།ཆུའི་གནས་ཚུལ་གྱི་སློབ་གསོ་དེ་རྒྱལ་དམངས་ཀྱི་སྤུས་མཚག་སློབ་གསོའི་མ་ལག་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་སློབ་ཚན་ནང་འཇོག་པ་དང་།རིམ་པ་སོ་སོའི་ལས་བྱེད་པ་དང་སྤྱི་ཞབས་པའི་སློབ་གསོ་དང་སློབ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་དགོས།ཆུ་བེད་དེ་སྤྱི་ཕན་རང་བཞིན་གྱི་དྲིལ་བསྒྲགས་ཁྱབ་ཁོངས་སུ་བཞག་ནས་ཆུ་བེད་བཟང་ཞིང་མགྱོགས་པའི་ངང་གོང་དུ་འཕེལ་བར་གླེང་ཕྱོགས་ཀྱི་སྣང་ཚུལ་སྐྲུན་དགོས།ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་བའི་སྡེ་ཚན་དང་མི་སྒེར་ལ་རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོད་དོན་ལྟར་གཟེངས་བསྟོད་དང་བྱ་དགའ་གནང་དགོས།
ཆུ་བེད་བཅོས་བསྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ལྗིད་ལ།འགན་ཁུར་ཧ་ཅང་ཆེ།ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།དུས་བསྟུན་ལྷན་སྐྱོད་དང་གསར་གཏོད་ཧུར་ལེན།བྱ་བ་ནན་སྒྲུབ་བཅས་བྱས་ཏེ།འབད་བརྩོན་སྒོས་ཆུ་བེད་བྱ་བའི་ཆགས་སྟངས་གསར་བ་གསར་སྐྲུན་བྱ་དགོས།།