ཏང་སྲིད་ཡིག་ཆ།
 

ཀྲུང་སྤེལ[2010]ཡིག་ཨང1པ།(2)

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-05-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་འགྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་ཞིང་སྡེ་འཕེལ་བའི་རྨང་གཞི་སྔར་ལས་བརྟན་པོར་གཏོང་བའི་སྐོར་གྱི་བསམ་འཆར་འགའ།2

15.ཞིང་སྡེའི་སྤྱི་ཚོགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས།ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བའི་མ་དངུལ་བསྡུ་རུབ་ཆུ་ཚད་དང་སྲིད་གཞུང་གི་ཁ་གསབ་ཚད་གཞི་དང་འགན་སྲུང་ཆུ་ཚད་བཅས་རིམ་བཞིན་ཇེ་མཐོར་གཏོང་དགོས།ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་བ་དང་ཞིང་སྡེའི་སྨན་བཅོས་རོགས་སྐྱོབ།མཁར་གྲོང་གཞིས་དམངས་ཀྱི་གཞི་རྩའི་སྨན་བཅོས་ཁག་འཁུར།མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཁག་འཁུར་ལམ་ལུགས་བཅས་ཀྱི་སྲིད་ཇུས་སྦྲེལ་མཐུད་ལེགས་སྒྲུབ་བྱ་བ།མུ་མཐུད་དུ་ཞིང་སྡེའི་སྤྱི་ཚོགས་རྒན་གསོ་ཁག་འཁུར་གྱི་ཚོད་ལྟ་གསར་བ་དམ་འཛིན་བྱས་ཏེ།ཆ་རྐྱེན་ཡོད་པའི་ས་ཆས་ཚོད་ལྟའི་གོམ་སྟབས་ཇེ་མགྱོགས་སུ་གཏང་ཆོགཚོད་ལྟ་ས་ཁུལ་གྱི་ལོ་ན་རན་པའི་ཞིང་སྡེའི་སྡོད་དམངས་ཁག་འཁུར་ནང་ཞུགས་པར་སྣེ་ཁྲིད་པར་བརྩོན་ཏེ།གཏན་འབེབས་ཆ་རྐྱེན་དང་མཐུན་པའི་སྡོད་དམངས་རྒན་པས་དུས་ལྟར་དང་གྲངས་འབོར་འདང་བའི་རྒན་གསོ་མ་དངུལ་ལེན་ཐུབ་པར་འགན་སྲུང་བྱ་བ།ལུགས་མཐུན་སྒོས་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་ཁ་གསབ་ཆུ་ཚད་གཏན་འབེབས་བྱས་ཏེ།འགུལ་སྟངས་དོ་དམ་འོག་གི་ཁག་འཁུར་འཁྱོངས་དགོས།ས་ཞིང་སྡུད་སྤྱོད་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་དངོས་འབེབས་དང་འཐུས་ཚང་དུ་གཏོང་དགོས་པ་དང་།སྐབས་འཕྲལ་གྱི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་གི་གཅིག་བསྡུས་སྲི་ཞུ་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏོང་དགོས།ཞིང་སྡེའི་རྒན་གསོ་ཁང་གི་འཛུགས་སྐྲུན་ལེགས་སྒྲུབ་དང་ཞིང་སྡེའི་རྒན་གསོ་ཞབས་ཞུ་གོང་དུ་སྤེལ་ཏེ།ཞིང་སྡེའི་མི་འབོར་ལས་ན་རྒས་ཅན་ལ་དམིགས་པའི་ཕན་ལྡན་བྱེད་ཐབས་འཚོལ་དཔྱོད་བྱ་དགོས།ཞིང་སྡེའི་དབང་བོ་སྐྱོན་ཅན་གྱི་ཐོན་སྐྱེད་རོགས་སྐྱོར་དང་འཚོ་བར་རོགས་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་སྟེ།ཞིང་སྡེའི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་སྣ་ཚོགས་དམིགས་སུ་བཀར་ནས་དབང་བོ་སྐྱོན་ཅན་ཁེབས་འཇུག་པ་དང་།ཞིང་སྡེའི་གནོད་འགོག་རྒུད་སྐྱོབ་ལས་དོན་ལེགས་པོར་སྒྲུབ་པ།

16.ཞིང་སྡེའི་ཆུ་གློག་ལམ་གསུམ་དང་རྫབ་རླངས་དང་ཁང་པ་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།ཞིང་སྡེའི་འཛུགས་སྐྲུན་འཆར་འགོད་ལྡན་པར་སྣེ་ཁྲིད་བྱས་ཏེ།ལུགས་མཐུན་བཀོད་སྒྲིག་དང་ནུས་པ་འཐུས་ཚང་དུ་བཏང་ནས་མགྱོགས་མྱུར་སྒོས་ཞིང་སྡེའི་རྣམ་པ་བསྒྱུར་དགོས།ཞིང་སྡེའི་བཏུང་ཆུའི་བདེ་འཇགས་ཀྱི་བཟོ་འགོད་ཐད་དངུལ་འདེབས་ཚད་ཇེ་ཆེ་དང་།ཆུའི་ཐོན་ཁོངས་སྲུང་སྐྱོང་དང་ཆུའི་རྒྱུ་སྤུས་ལྟ་སྐུལ།བཟོ་འགོད་ཀྱི་དོ་དམ་སོགས་ལ་ཤུགས་བསྣན་ཏེ།དུས་ལྟར་འཆར་འགོད་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱ་དགོས།ཆ་རྐྱེན་ཡོད་པའི་ས་ཆར་གྲོང་ཁྱེར་དང་གྲོང་གསེབ་མངའ་ཁོངས་ཀྱི་ཆུ་འདོན་སྤྲོད་ཁྱབ་སྤེལ་བྱེད་པར་སྐུལ་དགོས།ཞིང་སྡེའི་གློག་སྤྱོད་པའི་དགོས་མཁོ་མགྱོགས་མྱུར་ངང་གོང་དུ་འཕར་བའི་གནས་ཚུལ་དང་མཐུན་ཐབས་བྱེད་པ་དང་།ཞིང་སྡེའི་གློག་ཤུགས་སྒྲིག་སྲོལ་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་དང་ཟུང་དུ་སྦྲེལ་བ།མགྱོགས་མྱུར་སྒོས་རེས་གསར་བའི་ཞིང་སྡེའི་གློག་དྲ་སྒྱུར་བཟོ་རིམ་འཕར་ལག་ཏུ་བསྟར་ཏེ།ཞིང་སྡེའི་གློག་དྲའི་གློག་འདོན་པའི་ཡིད་རྟོན་གྱི་ངེས་པ་དང་ནུས་པ་ཇེ་མཐོར་གཏོང་དགོས།མུ་མཐུད་དུ་ཆུ་གློག་ཆུང་བས་འབར་རྫས་ཀྱི་ཚབ་བྱེད་པའི་བཟོ་འགོད་ལག་ཏུ་བསྟར་ཏེ།ཆུ་གློག་དང་ཞིང་སྡེ་གསར་བའི་གློག་ཤུགས་ཅན་གྱི་རྫོང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་བྱ་བ།“ལྔ·བཅུ་གཅིག”སྐབས་ཀྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ།ཞིང་སྡེའི་གཞུང་ལམ་གྱི་དོ་དམ་གསོ་སྐྱོང་འགན་ཁུར་དངོས་འབེབས་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འགྲིམ་འགྲུལ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བྱ་བ།མགྱོགས་མྱུར་སྒོས་ཞིང་སྡེའི་ཁྱིམ་སྤྱོད་རྫབ་རླངས་དང་རྫབ་རླངས་ཆེ་འབྲིང་རིགས།གཅིག་བསྡུས་སྒོས་རྫབ་རླངས་འདོན་སྤྲོད་བྱེད་པའི་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་དང་།རྫབ་རླངས་ལག་རྩལ་གསར་གཏོད་པ་དང་སྲུང་སྐྱོང་དོ་དམ་དང་ཆ་སྡེབ་ཞབས་ཞུ་བཅས་ལ་ཤུགས་སྣོན་དགོས།ཞིང་སྡེའི་ནུས་འབྱུང་གསར་བ་སྤེལ་བ་དང་བེད་སྤྱོད་པར་རྒྱབ་སྐྱོར་དང་།ཞིང་ནགས་ཐད་ཀྱི་བེད་མེད་དངོས་རོ་ཐོན་ཁུངས་ཅན་དང་དག་གཙང་ཅན་དུ་བཏང་ནས་བེད་སྤྱོད་པར་སྐུལ་འདེད་བྱ་བ།མགྱོགས་མྱུར་སྒོས་ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་དང་རྒྱལ་མངའ་ནགས་ཁུལ(ར་བ)གསར་སྦོ་ཁུལ་དང་སྤྱིལ་ཁྱིམ་ཁུལ་སོགས་ཀྱི་བསྒྱུར་བཀོད་ལ་སྐུལ་འདེད་བྱས་ཏེ།མུ་མཐུད་དུ་འབྲོག་པའི་གཏན་སྡོད་བཟོ་འགོད་ལག་ཏུ་བསྟར་དགོས།མིག་སྔའི་ཞིང་སྡེའི་ཁང་པ་ལས་པ་མགྱོགས་མྱུར་ངང་འཕར་བ་དང་ཨར་ལས་རྒྱུ་ཆ་མཁོ་འདོན་བྱེད་པ་འདང་འདུག་པའི་གོ་སྐབས་དམ་པོར་བཟུང་སྟེ།ཞིང་པས་ཁང་པ་ལས་པར་རྒྱབ་སྐྱོར་བྱ་བ་དེ་ནང་མཁོ་རྒྱ་སྐྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་དང་།ཕན་ལྡན་བྱེད་ཐབས་ལག་ཏུ་བསྟར་ཏེ་ཨར་ལས་རྒྱུ་ཆ་གཞི་རིམ་དུ་སྐྱེལ་བར་སྐུལ་འདེད་བྱ་དགོས་པར་མ་ཟད།ཆ་རྐྱེན་ཡོད་པའི་ས་ཆར་སྐུལ་འདེད་བྱས་ནས་བྱེད་སྟངས་སྣ་ཚོགས་ཀྱིས་ཞིང་པས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་རང་གི་བེད་སྤྱོད་པའི་སྡོད་ཁང་ལས་པར་རྒྱབ་སྐྱོར་བྱ་དགོས།སྡེ་བ་དང་གྲོང་རྡལ་གྱི་འཆར་འགོད་ལ་ཤུགས་སྣོན་པ་དང་།ཞིང་པའི་སྣེ་ཁྲིད་དེ་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་།སྲོལ་རྒྱུན་གྱི་རྣམ་པ་འཛོམས་པའི་བདེ་འཇགས་ནུས་སྲི་དང་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་སྡོད་ཁང་ལས་དགོས།བྱ་དགས་བཅོས་སྐྱོང་གི་ཚབ་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་ཏེ།བརྟན་རླིང་ངང་ཞིང་སྡེའི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་དང་།ཞིང་སྡེའི་ཆུ་འབུད་ཆུ་ལམ་བཤང་པ་སོགས་ཀྱི་ཚོད་ལྟ་སྤེལ་བ་དང་།གད་སྙིགས་དང་ཆུ་བཙོག་བསལ་པ་ལེགས་གཉེར་བྱས་ཏེ།ཞིང་སྡེའི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།བྱེད་ཐབས་ནུས་ལྡན་སྤྱད་ནས་གྲོང་ཁྱེར་དང་བཟོ་ལས་ཀྱིས་བཙོག་བསྒྱུར་དེ་ཞིང་སྡེ་རུ་མཆེད་པར་འགོག་དགོས།ཞིང་སྡེའི་ཆ་འཕྲིན་དུ་འགྱུར་པར་སྐུལ་འདེད་དང་ཧུར་བརྩོན་གྱིས་ཞིང་སྡེའི་གློག་འཕྲིན་དང་མཉམ་སྦྲེལ་དྲ་བའི་རྨང་གཞི་སྒྲིག་བཀོད་ཐད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ།ཞིང་སྡེའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས།

17.མུ་མཐུད་དུ་དབུལ་སྐྱོར་གསར་སྤེལ་བྱ་བ་ལེགས་སྐྱོང་བྱ་དགོས།ཞིང་སྡེའི་གསར་སྤེལ་ཅན་གྱི་དབུལ་སྐྱོར་བྱེད་ཕྱོགས་རྒྱུན་འཁྱོངས་དང་།དངུལ་འདེབས་ཤུགས་ཇེ་ཆེར་བཏང་སྟེ།རིམ་བཞིན་དབུལ་སྐྱོར་གསར་སྤེལ་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་ཕན་ལྡན་སྒོས་མཐུད་པའི་ཚོད་ལྟ་རྒྱ་བསྐྱེད་དེ།ཞིང་སྡེའི་ཡོང་སྒོ་དམའ་བའི་མི་འབོར་ལ་ཁྱོན་ཡོངས་ནས་དབུལ་སྐྱོར་སྲིད་ཇུས་ལག་ཏུ་བསྟར་བ་དང་།ནུས་ཤུགས་བཏོན་ཏེ་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་རང་འཕེལ་ནུས་ཤུགས་ཇེ་མཐོར་བཏང་སྟེ།དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་གི་ཞིང་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བའི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་དགོས།ཡུལ་བབ་དང་བསྟུན་ནས་སྡེ་བ་བུབ་ཚུལ་དུ་སྤེལ་བ་དང་ངལ་རྩོལ་པའི་སྤོ་བསྒྱུར་གསོ་སྦྱོང་།ཐོན་ལས་ཅན་གྱི་དབུལ་སྐྱོར།རྒུད་ཚབ་ལས་སྤྲོད་སོགས་ཀྱི་དབུལ་སྐྱོར་ཐབས་སྣ་ཚོགས་ཀྱི་་བྱེད་ཤུགས་ཇེ་ཆེར་བཏང་སྟེ།དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་གོང་དུ་འཕེལ་བ་ཇེ་མགྱོགས་སུ་གཏོང་དགོས།དབུལ་ཕོངས་སྡེ་བ་ཡུལ་གཞན་དུ་གནས་སྤར་ནས་དགེ་མཚན་ལྡན་ཞིང་བརྟན་བརླིང་ཡིན་པའི་དབུལ་སྐྱོར་བྱེད་ཐབས་ལག་ཏུ་བསྟར་ཏེ།གནས་སྤོས་ཡུལ་མིའི་རྗེས་མཐུད་གོང་སྤེལ་གནད་དོན་ཐག་གཅོད་འོས་བྱ་དགོས།དམིགས་བསལ་རིགས་ཀྱི་དབུལ་ཕོངས་ས་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས།དབུལ་ཕོངས་སྡེ་བའི་ཕན་ཚུན་རོགས་སྐྱོར་མ་དངུལ་དང་མུ་སྦྲེལ་གསར་སྤེལ།དེ་མིན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་གསར་བརྗེ་གནས་རྙིང་གི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཚོད་ལྟ་རྒྱ་བསྐྱེད་དགོས།སྤྱི་ཚོགས་ཀྱི་ལས་རིགས་ཁག་ཀུན་སྐུལ་སློང་བྱས་ནས་དབུལ་སྐྱོར་ལས་དོན་ནང་ཞུགས་ཏེ།ལས་རིགས་ཀྱིས་དབུལ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་བ་དང་།ཧུར་བརྩོན་གྱིས་དབུལ་ཕོངས་སེལ་བའི་མངའ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་སྤེལ་མཉམ་ལས་སྤེལ་དགོས།མ་འོངས་པའི་ལོ10རིང་གི་དབུལ་སྐྱོར་གསར་སྤེལ་རྩ་གནད་དང་འབྲེལ་ཡོད་འཆར་འགོད་ལ་ཞིབ་འཇུག་གཏན་འཁེལ་བྱ་བ།

བཞི།གྲོང་ཁྱེར་དང་གྲོང་གསེབ་བཅོས་བསྒྱུར་མཐུན་སྦྱོར་ཡོང་བར་སྐུལ་འདེད་བྱས་ཏེ།ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་འཚོ་སྟོབས་ཇེ་དྲག་ཏུ་གཏོང་དགོས།

18.ཞིང་སྡེའི་གཞི་རྩའི་བདག་སྐྱོང་ལམ་ལུགས་གཏན་འཇགས་དང་འཐུས་ཚང་ཡོང་དགོས།ཞིང་སྡེའི་ས་ཞིང་འགན་གཙང་ལེན་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།བྱེ་བྲག་གི་བྱེད་ཐབས་གཏན་འབེབས་ཇེ་མགྱོགས་སུ་བཏང་ནས།ཞིང་སྡེའི་ད་ཡོད་ཀྱི་ས་ཞིང་འགན་གཙང་ལེན་འབྲེལ་བ་གཏན་འཇགས་རྒྱུན་སྲིང་ཡོང་བར་མ་ཟད།ཡུན་རིང་བོར་མི་འགྱུར་བ་ཁག་ཐེག་བྱ་དགོས།ས་ཞིང་འགན་གཙང་ལེན་ཐད་ཀྱི་དོ་དམ་བྱ་བ་མུ་མཐུད་དུ་ལེགས་པར་སྒྲུབ་པ་དང་།འགན་གཙང་ལེན་བྱས་པའི་ས་ཞིང་དང་དེའི་རྒྱ་ཁྱོན།གན་རྒྱ།དཔང་ཡིག་བཅས“ཁྱིམ་ཚང་དུ་འབྱོར་བ་བཞི”ཞེས་པ་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་དགོས།ཞིང་སྡེའི་ས་ཞིང་འགན་གཙང་ལེན་ཐད་ཀྱི་བདག་གཉེར་དབང་ཆ་ཐོ་འགོད་དང་ཚོད་ལྟ་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་།དགོས་ངེས་ཀྱི་ལས་སྐྱོང་གྲོན་དངུལ་འགན་སྲུང་བྱ་དགོས།ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་བཤུག་པའི་དོ་དམ་དང་ཞབས་ཞུར་ཤུགས་སྣོན་པ་དང་།བཤུག་འཚོང་ཚོང་ར་འཐུས་ཚང་དུ་བཏང་ནས།ཁྲིམས་ལྟར་དང་རང་མོས་དང་རིན་འབབ་ཡོད་པ་བཅས་ཀྱི་སྒོ་ནས་བཤུག་འཚོང་བྱེད་པའི་རྨང་གཞིའི་སྟེང་།གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་བྱེད་སྟངས་སྣ་མང་གོང་སྤེལ་བྱ་བ།ཞིང་སྡེའི་ས་ཞིང་འགན་གཙང་ལེན་དང་བདག་གཉེར་ཐད་ཀྱི་རྩོད་གླེང་སྡུམ་སྒྲིག་ཐག་གཅོད་བྱེད་པའི་བཅའ་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ།ཞིང་སྡེའི་ས་ཞིང་འགན་གཙང་ལེན་དང་བདག་གཉེར་ཐད་ཀྱི་རྩོད་གླེང་སྡུམ་སྒྲིག་ཐག་གཅོད་བྱེད་པའི་མ་ལག་མགྱོགས་མྱུར་སྒོས་འཛུགས་དགོས།དབང་གཏོགས་གསལ་འབྱེད་དང་དོ་དམ་ཚད་ལྡན་དང་དུད་ཚང་གིས་འགན་གཙང་ལེན་བྱེད་པ་བཅས་ཀྱི་བླང་བྱ་ལྟར།རྩྭ་ཐང་གི་གཞི་རྩའི་བདག་གཉེར་ལམ་ལུགས་བཅོས་བསྒྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།ཉ་པའི་ཆུ་ཁོངས་དང་མཚོ་གྲམ་གྱི་གསོ་སྤེལ་དང་བཀོལ་སྤྱོད་དབང་ཆ་གཏན་འཇགས་ཡོང་་དགོས།ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་པར་སྐུལ་མ་གཏོང་དགོས།

19.གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་འགྱུར་མེད་བརྟན་སྲུང་བྱེད་པ་དང་།སྲུང་སྐྱོང་ལ་ཁ་གསབ་བྱེད་པའི་འདུམ་སྒྲིག་འཛུགས་པ།གཞི་རྩའི་ཞིང་ས་དབྱེ་བགོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས།དུས་ཡུན་རིང་བོར་སྲུང་སྐྱོང་ལག་བསྟར་བྱ་དགོས།སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་ཐད་ཀྱི་དམིགས་འབེན་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།གོང་རིམ་རྩིས་བཤེར་དང་ལྟ་སྐུ་དང་སྒྲིག་འཛུགས་སོགས་སྡེ་ཁག་ནང་དུ་ཞུགས་ཏེ་ཞིབ་དཔྱད་བྱ་དགོས།ཞིང་སྡེའི་ཐུན་མོང་ས་ཞིང་གི་བདག་དབང་དང་ཁང་སའི་བདག་དབང་།ཐུན་མོང་འཛུགས་སྐྲུན་ཐད་བཀོལ་བའི་ས་ཞིང་གི་བདག་དབང་སོགས་ཀྱི་དབང་ཆ་ཐོ་འགོད་བྱེད་པ་དང་དཔང་ཡིག་གནང་བའི་བྱ་བ་ཇེ་མགྱོགས་སུ་གཏོང་བ་དང་།ལས་སྐྱོང་གྲོན་དངུལ་སྲིད་གཞུང་གི་སྔོན་རྩིས་ནང་འཇོག་དགོས།ལོ3ནང་ཞིང་སྡེའི་ཐུན་མོང་ས་ཞིང་གི་བདག་དབང་དེ་བདག་དབང་ཡོད་པའི་ཞིང་པའི་ཐུན་མོང་དཔལ་འབྱོར་ཚོགས་པ་ལ་ངོས་འཛིན་དགོས།གོ་རིམ་ཡོད་པའི་སྒོ་ནས་ཞིང་སྡེའི་ས་ཞིང་བཅོས་སྐྱོང་བྱ་དགོས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐད་ས་ཞིང་བཀོལ་བར་སྣོན་འཕྲིའི་འབྲེལ་ལམ་འཛུགས་པའི་ཐད་ནས་ཚོད་ལྟའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་མོ་བྱ་དགོས།བཤུག་བརྒྱུད་དམིགས་ཚད་དེ་ལོ་འཁོར་མོའི་ས་ཞིང་བེད་སྤྱོད་འཆར་གཞིའི་གཅིག་གྱུར་དོ་དམ་ནང་འཇོག་དགོས་པ་དང་།ཞིང་སྡེའི་ཁང་ས་དང་གྲོང་སྡེ་གཙང་བཟོ་བྱས་རྗེས།གྲོན་ཆུང་བྱས་པའི་ས་ཞིང་སྔར་བཞིན་ཞིང་པ་ཐུན་མོང་ལ་དབང་ཞིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཐད་བཀོལ་བའི་ཞིང་སའི་སྤྱིའི་གཞི་ཁྱོན་ཚོད་འདས་མི་ཁག་ཐེག་དང་།རྨོ་ཞིང་བསྐྱར་འདེབས་བྱེད་པའི་སྤུས་ཀར་ཁག་ཐེགཞིང་པའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཁག་ཐེག་བཅས་འཁྱོངས་དགོས།གཟབ་ནན་སྒོས་བཤེར་མཆན་འགོད་པ་དང་།ཆ་ཤས་སུ་ཚོད་ལྟ་བྱེད་པ།བཤུག་འཚོང་ཚོད་འཛིན་བྱེད་པ།ཉེན་ཁ་ཚོད་འཛིན་ལྕོགས་པ་བཅས་ཀྱི་རྩ་དོན་ལྟར།ཞིང་སྡེའི་ས་ཞིང་དོ་དམ་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་པ་ཚད་ལྡན་དུ་གཏོང་བ་དང་།ས་ཞིང་དོ་དམ་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་རྒྱག་ཚད་ཇེ་མགྱོགས་སུ་གཏོང་དགོས།

20.ཞིང་ལས་ཐོན་སྐྱེད་བདག་གཉེར་ཚོགས་པ་ཅན་དུ་འགྱུར་ཚད་མཐོར་འདེགས་གང་ཐུབ་བྱ་དགོས།ཁྱིམ་ཚང་བདག་གཉེར་དེ་སྔོན་ཐོན་ཚན་རྩལ་དང་ཐོན་སྐྱེད་བྱེད་ཐབས་སྤྱོད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།གཅིག་གྱུར་བདག་གཉེར་དེ་ཞིང་དུད་མཉམ་འབྲེལ་དང་མཉམ་ལས་ཕྱོགས་སུ་འཕེལ་བ་དང་།སྣེ་མང་ཅན་དང་རིམ་མང་ཅན་དང་རྣམ་མང་ཅན་བཅས་ཀྱི་བདག་གཉེར་ཞབས་ཞུའི་མ་ལག་ཆགས་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།ཞིང་སྡེའི་ཐུན་མོང་དཔལ་འབྱོར་ཚོགས་པའི་སྟོབས་འབྱོར་རྒྱ་སྐྱེད་དེ།ཞིང་པར་ཕན་ལྡན་ཅན་གྱི་ཞབས་ཞུ་སྣ་མང་འདོན་་དགོས།ནུས་ཤུགས་ཡོད་རྒུས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གོང་དུ་སྤེལ་བ་དང་།དཔེ་སྟོན་ཚོགས་པ་འཛུགས་པའི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཞབས་ཞུའི་ནུས་པ་ཆེན་པོ་ལྡན་པ་དང་དམངས་གཙོའི་དོ་དམ་བཟང་བའི་མཉམ་ལས་ཁང་ལ་ཁ་གསབ་རོགས་དངུལ་སྟེར་དགོས།རིམ་པ་སོ་སོའི་སྲིད་གཞུང་གིས་རོགས་སྐྱོར་བྱེད་པའི་དངུལ་བུན་ཁག་ཁུར་ཀུང་ཟིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་ཞབས་ཞུའི་ཁྱབ་ཁོངས་ནང་བཞག་སྟེ།ཆ་རྐྱེན་ཡོད་པའི་མཉམ་ལས་ཁང་གིས་ཞིང་སྡེའི་མ་དངུལ་ཕན་ཚུན་རོགས་ལས་ཚོགས་པ་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱ་དགོས།ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་རང་གིས་ཞིང་ལས་ཐོན་རྫས་ཡོང་བར་ཁེ་ལས་འཛུགས་པར་རྒྱབ་སྐྱོར་བྱ་དགོས།ཞིང་ལས་དང་ཞིང་སྡེའི་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་ཚོགས་པ་སྣ་ཚོགས་ཧུར་ཐག་གིས་གོང་དུ་སྤེལ་ཏེ།ཞིང་པར་སྟབས་བདེ་ཕན་མཐོ་དང་སྤུས་ལེགས་གོང་བདེའི་ཆེད་ལས་ཞབས་ཞུ་སྣ་ཚོགས་འདོན་་དགོས།སྣེ་ཁྲིད་ཁེ་ལས་ཀྱིས་འགྱེད་འཕྲོ་སྐུལ་ཁྲིད་ནུས་པ་མཐོར་འདེགས་ཡོང་བར་རྒྱབ་སྐྱོར་བ་དང་།ཞིང་ལས་ཐོན་ལས་ཅན་གྱི་ཆེད་སྤྱོད་མ་དངུལ་ཇེ་མང་དུ་གཏོང་བ།ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་པ་དང་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་དཔེ་སྟོན་ཁུལ་འཛུགས་པར་རྒྱབ་སྐྱོར་བྱ་དགོས།“སྡེ་བ་རེ་ལ་ཐོན་རྫས་རེའི”སྡེ་བ་སྟོབས་ལྡན་དང་མང་ཚོགས་ཕྱུག་པོའི་བཟོ་འགོད་དང་ཆེད་ལས་དཔེ་སྟོན་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་དགོས།

21.ནགས་ལས་བཅོས་བསྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།ནགས་ལས་ཐད་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།དེང་རབས་ནགས་ལས་ཀྱི་དོ་དམ་ལམ་ལུགས་འཛུགས་དགོས།ཐོན་དབང་གསལ་བོ་དང་ཁྱིམ་ཚང་གིས་འགན་གཙང་ལེན་གཙོ་པའི་ཐུན་མོང་ནགས་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།མགྱོགས་མྱུར་གྱིས་མ་ལག་ཚང་བར་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།ཐུན་མོང་གི་ནགས་དབང་བཤུག་འཚོང་བྱེད་པ་ཚད་ལྡན་དུ་གཏོང་བ་དང་།ནགས་ཞིང་ཐད་ཀྱི་ཆེད་ལས་མཉམ་ལས་ཁང་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།ཐུན་མོང་གི་ནགས་ཤིང་གཅོད་པའི་དོ་དམ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས་པ་དང་།ནགས་ཚལ་གཅོད་པའི་དོ་དམ་འདུམ་སྲོལ་གསར་བ་དང་ནགས་ཚལ་མཐུད་མུར་འཕེལ་འཐུས་པར་བདག་གཉེར་མ་ལག་གསར་བ་འཛུགས་དགོས།ནགས་དབང་གཏའ་མར་བཞག་ནས་དངུལ་བུན་ལེན་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་།ནགས་ཚལ་ཐོན་ཁུངས་དང་མ་རྩ་དཔྱད་གཅོད་ལམ་ལུགས་དང་དཔྱད་གཅོད་པའི་ལམ་ལུགས་འཛུགས་དགོས།སྲིད་ཇུས་ཅན་གྱི་ནགས་ཚལ་ཁག་འཁུར་ཚོད་ལྟའི་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་དགོས།ནགས་ལས་ཐོན་ལས་གོང་དུ་སྤེལ་བར་རོགས་སྐྱོར་དང་།ནགས་ས་དང་ཞིང་པའི་ཡོང་འཕར་དང་ཕྱུག་བསྒྱུར་ལ་སྐུལ་སྤེལ་བྱ་དགོས།རྒྱལ་མངའི་ནགས་རལ་བཅོས་བསྒྱུར་བྱེད་འགོ་རྩོམ་པ་དང་།རྒྱལ་མངའི་ནགས་རའི་རྨང་གཞིའི་སྒྲིག་ཆས་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས།རྒྱལ་མངའི་ནགས་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་རྒྱལ་མངའི་ནགས་ཚལ་ཐོན་ཁུངས་གཅིག་གྱུར་དོ་དམ་བྱེད་པའི་བཅོས་བསྒྱུར་ཚོད་ལྟ་བྱ་དགོས།

22.ཞིང་སྡེའི་ཕྱོགས་བསྡུས་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས།ཤང་གྲོང་གི་ལས་ཁུངས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།ཞིང་ཆེན་གྱིས་ནོར་སྲིད་ཐད་ཀར་དོ་དམ་བྱེད་པའི་རྫོང་གི་སྒྲིག་སྲོལ་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།རྫོང་དང་ཤང་གི་གཞི་རྩའི་ནོར་སྟོབས་ཀྱི་འགན་སྲུང་ཆུ་ཚད་མཐོར་འདེགས་བྱེད་པ་དང་།སྡེ་བ་རིམ་པའི་ཚོགས་པའི་ལས་སྐྱོང་གྲོན་དངུལ་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱ་དགོས།འབྲེལ་ཡོད་འཆར་འགོད་དང་བླང་བྱ་ལྟར།ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་སྡེའི་འོས་འགན་སློབ་གསོའི་ལོ་རྒྱུས་ཀྱི་བུན་དོན་གཙང་བཤེར་ཞི་ལྷོད་དུ་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་།གཞན་པའི་སྤྱི་ཕན་ཅན་གྱི་ཞིང་སྡེའི་བུན་དོན་གཙང་བཤེར་ཞི་ལྷོད་དུ་གཏོང་བའི་ཚོད་ལྟ་སྤེལ་བར་སྐུལ་འདེད་གཏོང་བ་དང་།ཞིང་སྡེའི་བུན་དོན་གསར་བ་འབྱུང་བར་འགོག་དགོས།སྲིད་གཞུང་གིས་སྐུལ་འཁྲིད་དང་རིམ་པ་བགོས་ནས་འགན་འཁུར་བ།ཞིང་པས་རང་མོས་དང་ཚད་ཡོད་ལྟར་ཚོད་འཛིན་པ།སྲིད་གཞུང་གིས་ཁ་གསབ་རོགས་སྐྱོར་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།གནས་ཚུལ་གསར་བའི་འོག་སྡེ་བ་རིམ་པའི་སྤྱི་ཕན་བྱ་གཞག་གི་འཛུགས་སྐྲུན་ཕན་ལྡན་འདུམ་སྲོལ་འཚོལ་དཔྱོད་དང་གསར་འཛུགས་དགོས་པ་དང་།དོན་གཅིག་གྲོས་གཅིག་གི་ནོར་སྲིད་བྱ་དགའ་དང་ཁ་གསབ་ཐད་ཀྱི་ཚོད་ལྟའི་ཉམས་མྱོང་ནན་ཏན་སྒོས་སྤྱི་བསྡོམས་བྱས་ཏེ།ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་བྱེད་ཚད་ཇེ་ཆེར་གཏོང་བ་དང་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས།མུ་མཐུད་དུ་ཞིང་པའི་ཁུར་བོ་གཙོ་གནད་དུ་བཞག་ནས་བཅོས་སྐྱོང་བྱ་བ་དང་།ཞིང་པའི་ཁུར་བོ་ཕྱིར་ཇེ་ལྗིད་དུ་འགྲོ་བ་གཏན་འགོག་བྱ་དགོས།མཁོ་འཚོང་མཉམ་ལས་ཁང་བཅོས་བསྒྱུར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡོང་བ་ཇེ་མགྱོགས་སུ་གཏོང་བ་དང་།གཞི་རིམ་མཉམ་ལས་ཁང་འཛུགས་པར་ཤུགས་སྣོན་པ་དང་།རྫོང་མཉམ་ལས་ཁང་གི་ཞབས་ཞུའི་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས།ས་རྒོད་གསར་སྦོལ་གྱི་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།ཁེ་ལས་ཀྱིས་སྤྱི་ཚོགས་སྒྲུབ་པའི་འགན་ནུས་སོ་སོར་དགར་ཏེ།སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།གནས་ཚུལ་གསར་བའི་འོག་ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བར་མཛུབ་སྟོན་གནང་བར་ཤུགས་སྣོན་དགོས།

23.མཁར་གྲོང་ཅན་གྱི་འཕེལ་རྒྱས་ལམ་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས།མཁར་གྲོང་ཅན་དུ་འགྱུར་བར་ཧུར་ཐག་བརྟན་རླིང་སྒོས་སྐུལ་འདེད་གཏོང་བ་དང་།མཁར་གྲོང་གི་འཆར་འགོད་ཆུ་ཚད་དང་འཕེལ་རྒྱས་སྤུས་ཀ་མཐོར་འདེགས་དགོས་ལ།མིག་སྔར་གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་བ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་པ་དེ་གཙོ་གནད་དུ་འཇོག་དགོས།དུད་ཐོའི་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་།གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་བ།ལྷག་པར་དུ་རྫོང་མཁར་དང་ལྟེ་གནས་གྲོང་རྡལ་དུ་ཁྱིམ་གཞིས་ཆགས་པའི་ཆ་རྐྱེན་ཞི་ལྷོད་དུ་གཏོང་བའི་སྲིད་ཇུས་མགྱོགས་མྱུར་སྒོས་དོན་འཁྱོལ་ཡོང་དགོས་ཤིང་།ཆ་རྐྱེན་དང་མཐུན་པའི་ཞིང་ལས་སྤོ་བསྒྱུར་མི་འབོར་མཁར་གྲོང་དུ་ཁྱིམ་གཞིས་ཆགས་པར་སྐུལ་སྤེལ་གཏོང་བར་མ་ཟད།གནས་དེའི་མཁར་གྲོང་གཞིས་དམངས་དང་འདྲ་མཚུངས་ཀྱི་ཁེ་དབང་ལོངས་སྤྱོད་འཇུག་དགོས།ཞིང་པ་ཞོར་ལས་པའི་སྡོད་ཁང་གི་ཆ་རྐྱེན་ཐབས་ལམ་མང་པོ་དང་རྣམ་པ་སྣ་མང་པོ་ལ་བརྟེན་ནས་ལེགས་བསྒྱུར་བྱ་བ་དང་།ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་ལས་རིགས་གཏན་འཇགས་ཡོང་འཇུག་པ་མ་ཟད།གྲོང་ཁྱེར་དུ་ལོ་གྲངས་ངེས་ཅན་ལ་བསྡད་པའི་ཞིང་པ་ལས་རིམ་བཞིན་མཁར་གྲོང་སྡོད་ཁང་གི་འགན་སྲུང་མ་ལག་ནང་འཇོག་དགོས།ཁ་གཏད་ཚུལ་གྱི་བྱེད་ཐབས་སྤྱད་དེ།ཞིང་པ་ཞོར་ལས་པ་རབས་གསར་བའི་གནད་དོན་ཐག་གཅོད་གང་ཐུབ་བྱ་དགོས།ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་དུ་ཡོང་ནས་ཁྱིམ་གཞིས་ཆགས་རྗེས།གྲོང་ཁྱེར་དང་གྲོང་གསེབ་ཏུ་བྱུང་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་གཅིག་གྱུར་སྒོས་ཞིབ་འཇུག་བྱ་དགོས།ནུས་ཤུགས་ཡོད་རྒུས་རྫོང་ཁོངས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བ་དང་།ཐོན་ལས་སྤོ་བསྒྱུར་གྱི་དུས་སྐབས་བཟང་པོ་དམ་འཛིན་བྱས་ཏེ།ཁྱད་ལྡན་ཐོན་ལས་དང་ལེགས་ཆ་ལྡན་པའི་ལས་གཞི་དེ་རྫོང་མཁར་དང་གྲོང་རྡལ་གཙོ་བོ་རུ་འདུས་པར་སྐུལ་སྤེལ་གཏོང་བ་དང་།མཁར་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ཇེ་མཐོར་བཏང་ནས།ཞིང་སྡེའི་མི་འབོར་མགྱོགས་མྱུར་སྒོས་མཁར་གྲོང་ཆུང་བ་རུ་འདུ་འཇུག་དགོས།མཁར་གྲོང་ཆུང་བ་གོང་དུ་སྤེལ་བའི་ནོར་ཁྲལ་དང་མ་དངུལ་འདེབས་པ་སོགས་ཀྱི་ཆ་སྡེབ་སྲིད་ཇུས་འཐུས་ཚང་དུ་ཡོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་།ལོ་འཁོར་མོའི་ས་ཞིང་བེད་སྤྱོད་འཆར་གཞིས་གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བར་བཀོད་སྒྲིག་བྱ་དགོས།ཞིང་སྡེའི་ཁང་ས་དང་ཞིང་གྲོང་གཙང་བཟོ་ལས་གྲོན་ཆུང་བྱས་པའི་ས་ཞིང་གིས་ཐོག་མར་རྨོ་ཞིང་ཁ་གསབ་བྱེད་དགོས་པ་དང་།འཛུགས་སྐྲུན་ཐད་སྤྱོད་དགོས་པའི་ས་ཞིང་ལ་རྫོང་ཁོངས་ནང་གི་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་བཀོད་ལྟར་བཀོལ་སྤྱོད་་དགོས་པ་དང་།ལོ་འཁོར་མོའི་ས་ཞིང་བེད་སྤྱོད་འཆར་གཞི་ནང་བཞག་སྟེ།གཙོ་བོ་ཐོན་ལས་གཅིག་འདུས་ཀྱི་འཕེལ་རྒྱས་ཐད་སྤྱད་དེ།ཞིང་པ་ཉེ་གནས་སུ་སྤོ་བསྒྱུར་དང་ལས་ཞུགས་ཡོང་བར་སྟབས་བདེ་བཟོ་དགོས།ཁེ་དབང་རྒྱ་བསྐྱེད་པ་དང་རྫོང་ཁག་སྟོབས་ལྡན་དུ་བསྒྱུར་བའི་བཅོས་བསྒྱུར་ཚོད་ལྟ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་མི་འབོར་འདུ་ནུས་ཆེ་བའི་གྲོང་རྡལ་སྲིད་འཛིན་དོ་དམ་གྱི་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་སྤེལ་གཏོང་བ།དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོར་གཞིགས་ནས།དོ་དམ་དབང་ཚད་མར་གཏོང་བ་དང་།ལུགས་མཐུན་སྒོས་ལས་ཁུངས་སྒྲིག་འཛུགས་དང་མི་སྣའི་སྒྲིག་སྲོལ་བཀོད་སྒྲིག་དགོས་པ།

24.ཞིང་ལས་ཀྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་མཐོར་འདེགས་བྱ་དགོས།ལེགས་ཆ་ལྡན་པའི་ཞིང་ལས་ཐོན་རྫས་རྒྱ་བསྐྱེད་ངང་ཕྱིར་འཚོང་ལ་རྒྱབ་སྐྱོར་བྱེད་པ་དང་།ཕྱིར་འཚོང་ལ་འགག་སྒོ་སྒྲོལ་བ་དང་ཞིབ་བཤེར་རིམས་བཤེར་བྱེད་པ་བཅས་ཀྱི་ཐད་ནས་སྟབས་བདེ་བཟོ་བ་དང་གཟིགས་སྐྱོང་གནང་དགོས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་ཁུངས་འདེད་ཐུབ་པའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་།ཕྱིར་འཚོང་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་དགོས།ཞིང་ལས་ཐོན་རྫས་ཕྱིར་འཚོང་ཐད་ནས་དངུལ་བུན་ལ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་།ཕྱིར་འཚོང་ལ་ཡིད་རྟོན་ཁག་འཁུར་དང་ཞིང་ལས་ཁག་འཁུར་གཉིས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཉེན་ཁ་འགོག་པའི་འདུམ་སྲོལ་འཚོལ་ཞིང་འཛུགས་དགོས།ཧུར་ཐག་གིས་རྒྱལ་སྤྱིའི་ཉོ་འཚོང་གི་འདུ་རྫོང་ལ་ཁ་གཏད་དེ།ལས་རིགས་མཐུན་ཚོགས་དང་སྣེ་ཁྲིད་ཁེ་ལས་ཀྱིས་རང་སྟེང་གི་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དགོས།སྒོ་ཁྲལ་གྱི་ལྟ་སྐུལ་དོ་དམ་ས་ཁོངས་ཁྱད་པར་ཅན་དང་ཁྲལ་སྲུང་སྦྱོར་བཟོ་ཟོང་རྒྱུག་སོགས་ཀྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ།ཞིང་ལས་ཐོན་རྫས་སྦྱོར་བཟོའི་ཉོ་འཚོང་གོང་དུ་སྤེལ་དགོས།རྒྱལ་སྤྱིའི་ཞིང་ལས་ཚན་རྩལ་དང་ཞིང་ལས་ཐོན་ཁུངས་གསར་སྤེལ་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་།སྐུལ་མ་གཏོང་བའི་སྲིད་ཇུས་བཟོ་བ་དང་།ཆ་རྐྱེན་ཡོད་པའི་ཁེ་ལས“ཕྱིར་འགྲོ་བར”རྒྱབ་སྐྱོར་བྱ་དགོས།ཕྱི་ཕྱོགས་ནས་བྱུང་བའི་མ་དངུལ་དེ་སྐུལ་མའི་རིགས་ཀྱི་ཐོན་ལས་ཕྱོགས་སུ་གཏོང་བར་སྐུལ་པ་དང་།ཞིང་ལས་ཐད་ནས་ཕྱི་དངུལ་བེད་སྤྱོད་པའི་ཆུ་ཚད་མཐོར་འདེགས་བྱ་དགོས།ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པར་བདག་འཛིན་ལ་ཤུགས་སྣོན་པ་དང་།སྟབས་བསྟུན་ཕན་མཐོའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ།ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་བདག་འཛིན་ལ་ཤུགས་བསྣན་ཏེ།གང་འཚམ་དང་ཕྱོད་ཆེན་གྱི་ཞིང་ཐོན་དངོས་རྫས་ཕྱིར་གཏོང་ནང་འདྲེན་འདུས་སྲོལ་སྲིད་ཇུས་ལག་ཏུ་བསྟར་བ་དང་།ཞིང་ལས་ཐོན་རྫས་དང་ཞིང་སྤྱོད་ཟོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་པར་སྐུལ་བཤེར་དང་ཉེན་བརྡ་སྔོན་གཏོང་འདུམ་སྲོལ་འཛུགས་ཤིང་འཐུས་ཚང་དུ་གཏོང་བ།ཞིང་ལས་ཐོན་རྫས་ལྐོག་འཚོང་བྱེད་པའི་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ་བཅས་བྱས་ཏེ།ཕྱིར་གཏོང་ནང་འདྲེན་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་ལ་དངོས་གནས་ཤུགས་སྣོན་དགོས།།

ལྔ་བ།ཞིང་སྡེའི་གཞི་རིམ་མཐུན་ཚོགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞིང་སྡེའི་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

25.ཞིང་སྡེའི་གཞི་རིམ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེཊ་སྒྱུར་བྱ་དགོས།ཞིང་སྡེའི་གཞི་རིམ་ཏང་རྩ་འཛུཊ་ཀྱི་ལས་དོན་ལ་གསར་སྐྲུན་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཞིང་སྡེའི་མཐུན་ཚོགས་གསར་བར་ཁེབས་ཚད་རྒྱ་སྐྱེད་ནས།ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཆེད་ལས་མཐུན་ཚོགས།གླ་རྒྱག་ཏུ་སོང་བགམ་ཚོང་གཉེར་མི་སྣ་ལྟོས་བཅས་ཀྱིས་གཅིག་བསྡུས་ཡིན་པའི་ས་ཁུལ་ནས་ཏང་གི་ཚོགས་འཛུགས་པའི་བྱེད་སྟངས་ཁྱབ་གདལ་དུ་གཏོང་དགོས།ཤང་གྲོང་གི་ཏང་ཨུའི་ཧྲུའུ་ཅིའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཤང་གྲོང་གི་ཏང་ཨུའི་ཚན་ཁག་འདེམ་བསྐོ་དང་བཀོད་སྒྲིག་བཟང་པོ་བྱ་དགོས།སྡེ་བའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་སྤུས་མཚག་མཐོར་འདེགས་དང་།ལས་སྤོས་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་དང་ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན་དང་ཕྱུག་སྒྱུར་འཇོན་མི་སོགས་ཀྱི་ཏང་ཡོན་ཁྲོད་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འདེམ་སྒྲུག་བྱེད་པར་དོ་སྣང་བྱ་དགོས།ལས་འགན་གསལ་བོ་དང་དཔྱད་བཤེར་ལྟ་སྐུལ་དང་ཞབས་ཞུ་འགན་སྲུང་བཅས་གནད་ཆེ་ས་བྱས་ཏེ།ཤང་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་གི་དོ་དམ་ལ་ཤུགས་སྣོན་པ་དང་།དུས་ཐོག་ཏུ་ཞིང་སྡེའི་སྟོབས་ཞན་ནུས་མེད་དུ་གྱུར་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཚན་ཁག་ལེགས་སྒྲིག་བྱ་བ།ཡུན་རིང་བོར་གཞི་རིམ་དང་དཀའ་ཚེགས་ཆེ་བའི་རྒྱང་ཁུལ་དུ་ལས་དོན་བསྐྱངས་པ་དང་།རིང་བོར་རྫོང་དང་ཤང་གི་ཏང་སྲིད་མགོ་ཁྲིད་ཀྱི་ལས་འགན་ཁུར་བའི་ལས་བྱེད་པར་ཟླ་ཕོགས་དང་འཚོ་བའི་ཐད་ནས་ཕྱོགས་ཞེན་སྲིད་ཇུས་ལག་བསྟར་བྱས་ཏེ།སྡེ་བའི་ལས་བྱེད་པའི“གཏན་འཁེལ་གཅིག་དང་ཡོད་པ་གསུམ”གྱི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་ཞིང་།སྡེ་བའི་ལས་བྱེད་པ་ཕུལ་བྱུང་ཅན་གྱི་ནང་ནས་ཤང་གྲོང་གི་གཞུང་གཉེར་པར་རྒྱུགས་སྤྲོད་སྐུད་ལེན་དང་ཤང་གྲོང་གི་མགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བྱེད་བར་སྐུལ་འདེད་གཏོང་དགོས།བརྟན་ཞིང་ཚད་ལྡན་ཅན་གྱི་ཞིང་སྡེའི་གཞི་རིམ་ཚོགས་པའི་ལས་སྐྱོང་གྲོན་དངུལ་གྱི་འགན་སྲུང་ལམ་ལུགས་བཙུགས་ཏེ།སྡེ་བ་རིམ་པའི་ཚོགས་པའི་བྱ་འགུལ་སྤེལ་ས་དང་ཞིང་སྡེའི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་བསྟེན་སློབ་གསོ་དྲ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མུ་མཐུད་དུ་འདེམ་སྤྱོད་བྱས་ཏེ་སྡེ་བའི་ལས་འགན་ཁུར་དུ་འཇུག་པ་དང་།གཞི་རིམ་དུ་འགྲོ་ཐུབ་པ་དང་སྡོད་ཐུབ་པ་དང་བཟང་བོར་ལས་ཐུབ་པ།བརྗེ་སྤོ་ཐུབ་པའི་ཡུན་ཕན་འདུམ་སྲོལ་འཐུས་ཚང་དུ་གཏོང་དགོས།ཞིང་སྡེའི་ཏང་གི་འཛུགས་སྐྲུན་གྱི་རིམ་གསུམ་མཉམ་སྐྲུན་བྱ་འགུལ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཏང་འཛུཊ་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པ།ཞིང་སྡེའི་འགྲིམ་སྐྱོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ཞབས་ཞུ་ལམ་ལུགས་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས།ཞིང་པ་ཞོར་ལས་པའི་ཁྲོད་ཀྱི་ཏང་གི་ལས་དོན་ལ་དངོས་གནས་ཤུཊ་སྣོན་དགོས།ཏང་གཤིས་དང་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས།ཞིང་སྡེའི་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

གོང་མ།:ཀྲུང་སྤེལ[2011]ཡིག་ཨང1པ། (2)

ཞོལ་མ།:ཀྲུང་སྤེལ[2010]ཡིག་ཨང1པ།(3)