ཏང་སྲིད་ཡིག་ཆ།
 

ཀྲུང་སྤེལ[2010]ཡིག་ཨང1པ།(1)

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-04-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་འགྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་ཞིང་སྡེ་འཕེལ་བའི་རྨང་

གཞི་སྔར་ལས་བརྟན་པོར་གཏོང་བའི་སྐོར་གྱི་བསམ་འཆར་འགའ།(1)

2009ལོ་ནི་དུས་རབས་གསར་བའི་ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་དཀའ་ཁག་ཆེས་ཆེ་བའི་ལོ་ཞིག་རེད། ལོ་རྒྱུས་ཐོག་མཐོང་དཀོན་པའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཕོག་ཐུག་ཚབས་ཆེན་དང་ལོ་མང་པོར་བྱུང་མ་མྱོང་བའི་རང་བྱུང་གནོད་འཚེ་ཡི་ཉམས་སད་ཚབས་ཆེན།རྒྱལ་ཁབ་ཕྱི་ནང་གི་ཞིང་ཕྱུགས་ལས་ཐོན་རྫས་ཚོང་ཁྲོམ་གྱི་རིན་གོང་འཕར་ཆག་ཆེ་བ་བཅས་ཀྱི་འགལ་རྐྱེན་ལ་དམིགས་ནས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བློ་བརྟན་འགྱུར་མེད་སྒོས་མགོ་ཁྲིད་བྱས་འོག ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དཀའ་ཁག་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་སྟོབས་ཤུགས་ཡོད་རྒུས་ཞིང་ལས་དང་ཞིང་སྡེའི་གནས་བབ་གསར་བ་ཇེ་བརྟན་ཇེ་རྒྱས་སུ་བཏང་།འབྲུ་རིགས་ཐོན་སྐྱེད་ཐད་ནས་ཡང་བསྐྱར་ལོ་ལེགས་བྱུང་སྟེ།བསྟུད་མར་ལོ6རིང་ཐོན་འཕར་བྱུང་།ཞིང་པ་ལས་མིའི་ལས་ཞུགས་ཇེ་མང་དུ་སོང་སྟེ། ཞིང་པའི་ཡོང་སྒོ་བསྟུད་མར་ལོ6རིང་མགྱོ གས་ཙམ་ངང་འཕར།ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་བྱ་བ་སྒོ་ཀུན་ནས་སྤེལ་ཏེ།ཞིང་སྡེའི་སྒྲིག་སྲོལ་གསར་སྐྲུན་ཐད་འགག་སྒྲོལ་གསར་བ་བྱུང་།ཞིང་སྡེའི་ཆུ་གློག་ལམ་གསུམ་དང་རྫབ་རླངས་དངཁང་བ་བཅས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས།ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཚད་ཇེ་མགྱོ གས་སུ་བཏང་།ཞིང་སྡེའི་སློབ་གསོ་དང་སྨན་བཅོས་དང་སྤྱི་ཚོགས་ཉེན་སྲུང་ལམ་ལུགས་བཅས་སྔར་ལས་འཐུས་ཚང་དུ་བཏང་སྟེ།ཞིང་སྡེའི་དམངས་འཚོའི་གནས་ཚུལ་ལེགས་བཅོས་མངོན་གསལ་བྱུང་།ཞིང་སྡེའི་གཞི་རིམ་ཚོགས་ཚུགས་སྔར་ལས་ཇེ་བརྟན་དུ་བཏང་སྟེ།ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་རླིང་ཡོང་དུ་བཅུག་པས།ཏང་དང་རྒྱལ་ཁབ་ཀྱིས་དཀའ་ངལ་ཁྱད་བསད་དང་དཀའ་གནད་འགག་སྒྲོལ་བྱེད་པར་འཐབ་ཇུས་ཀྱི་རང་དབང་བླངས་པར་མ་ཟད།འཕར་བ་འགན་སྲུང་དང་དམངས་འཚོ་འགན་སྲུང་དང་བརྟན་རླིང་འགན་སྲུང་བཅས་བྱེད་པར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས་འདུག

དེང་སྐབས། རང་རྒྱལ་ཞིང་ལས་ཀྱི་སྒོ་འབྱེད་པའི་མྱུར་ཚད་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འབྲེལ་ཚད་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་བ།གནམ་གཤིས་འགྱུར་ལྡོག་བྱུང་བ་ལས་ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཇེ་ཆེར་གྱུར།ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་ཀྱི་ཕན་ཡོད་ཆ་རྐྱེན་དང་མཐུན་རྐྱེན་ཇེ་མང་དུ་གྱུར་དང་འགྱུར་བཞིན་འདུག སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་འགྲན་སློང་སྣ་ཚོགས་མངོན་གསལ་དོད་པོ་ཡིན་ལ།རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་དམིགས་ནས་ཞིང་ལས་ཐོན་སྐྱེད་སྐས་རིམ་གསར་བར་འབུད་པར་སྐུལ་འདེད་གཏོང་བར་ཚོད་བཟུང་བ་ཇེ་མང་ནས་ཇེ་མང་དང་།ཞིང་པའི་ཡོང་སྒོ་མགྱོ གས་ཙམ་ངང་འཕར་བར་ཡར་སྐུལ་གཏོང་བའི་དཀའ་གནད་ཇེ་ཆེ་ནས་ཇེ་ཆེ།ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་བའི་བླང་བྱ་ཇེ་མཐོ་ནས་ཇེ་མཐོ།གྲོང་ཁྱེར་དང་གྲོང་གསེབ་གཞི་གཉིས་ཅན་གྱི་གྲུབ་ཚུལ་གཏོར་བའི་ལས་འགན་ཇེ་ལྗིད་ནས་ཇེ་ལྗིད་བཅས་རེད།དེའི་ཕྱིར།ཏང་ཡོངས་ཀྱིས་ངེས་པར་བདེ་སྡོད་ཉེན་བསམ་དང“ཞིང་གསུམ”ལས་དོན་ལ་སྣང་ཆུང་དང་ལྷོད་གཡེང་དུ་གཏོང་བའི་ཕྱོགས་ལྷུང་དངོས་གནས་སྔོན་འགོག་བྱས་ཏེ།འབྲུ་རིགས་ཐོན་སྐྱེད་ཀྱི་ཐོན་འབབ་མི་ཆག་པ་དང་ཞིང་པའི་ཡོང་སྒོ་ཉུང་འབྲིད་མི་འབྱུང་བ།ཞིང་སྡེའི་འཕེལ་བཟང་གནས་ཚུལ་མི་འགྱུར་བ་བཅས་འབད་བརྩོན་སྒོས་ཁག་ཐེག་ནན་ཏན་བྱེད་དགོས།ངེས་པར་དུ“ཞིང་གསུམ”གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་དོན་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བའི་གཞི་རྩའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། ཏང་གི་ཞིང་སྡེའི་གཞི་རྩའི་སྲིད་ཇུས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཀྱི་སྤྱི་ཚོགས་ཞབས་ཞུའི་གཞི་རིམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ལ་ཤུགས་ཆེན་པོ་སྣོན་པ།ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་བ། བཟོ་ལས་ཅན་དང་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་བཅས་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ།འབད་བརྩོན་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་ཕུང་བོ་གཅིག་ཅན་གྱི་ཆགས་སྟངས་གསར་བ་ཡོང་འཇུག་དགོས།

2010ལོའི་ཞིང་ལས་དང་ཞིང་སྡེའི་ལས་དོན་གྱི་སྤྱི་ཡོངས་བླང་བྱ་ནི།ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་།སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བ་བཅས་དང་།དེ་མིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་གྲོས་ཚོགས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བྱ་བ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱས་ཏེ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དང་དངོས་འབེབས་གཏིང་ཟབ་བྱ་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་འགྱུར་འཆར་འགོད་བྱ་བ་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་གྱི་རྩ་བའི་བླང་བྱ་དང་། ཞིང་སྡེའི་དམངས་འཚོ་ལེགས་བཅོས་བྱ་བ་དེ་རྒྱལ་དམངས་ཀྱི་ཡོང་སྒོ་དང་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་བྱ་བའི་ནང་དོན་གལ་ཆེན་དུ་བརྩི་བ་དང་།ཞིང་སྡེའི་དགོས་མཁོ་རྒྱ་སྐྱེད་གཏོང་བ་དེ་ནང་མཁོ་འཐེན་སྒུལ་བྱེད་པའི་གནད་འགག་གི་བྱེད་ཐབས་སུ་བརྩི་བ།དེང་རབས་ཞིང་ལས་གོང་དུ་སྤེལ་བ་དེ་དཔལ་འབྱོར་འཕེལ་སྟངས་བསྒྱུར་བའི་ལས་འགན་གལ་ཆེན་དུ་བརྩི་བ།སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་གྲོང་རྡལ་དུ་འགྱུར་བར་སྐུལ་འདེད་གཏོང་བ་དེ་དཔལ་འབྱོར་བརྟན་རླིང་དང་མགྱོ གས་ཙམ་ངང་གོང་དུ་འཕེལ་བ་འགན་སྲུང་བྱེད་པའི་ཡུན་རིང་གི་སྒུལ་ཤུགས་བཅས་སུ་བརྩིས་ནས། འབྲུ་རིགས་ཀྱི་ཐོན་སྐྱེད་བརྟན་སྲུང་བྱས་ཏེ་མཁོ་སྤྲོད་འགན་སྲུང་དང་ཡོང་སྒོ་འཕར་སྣོན་ཡོང་བཅུག་སྟེ་དམངས་འཚོ་ལ་ཕན་ཐོགས་པ།བཅོས་བསྒྱུར་གྱིས་གཅིག་འགྱུར་འཆར་འགོད་ལ་སྐུལ་འདེད་གཏོང་བ།རྨང་གཞི་ལ་ཤུགས་བསྣན་ནས་གཏིང་ཤུགས་ཇེ་དྲག་ཏུ་གཏོང་བའི་གཞི་རྩའི་རིགས་ལམ་ལྟར། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཞིང་ལས་དང་ཞིང་སྡེའི་ལས་དོན་ནན་འཛིན་བྱེད་དགོས་པར་མ་ཟད།མུ་མཐུད་དུ་བཅོས་བསྒྱུར་དང་འཕེལ་རྒྱས་དང་གཏན་འཇགས་བཅས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་གསར་བ་འཇོག་དགོས།

དང་པོ།ཞིང་ལས་དར་རྒྱས་དང་ཞིང་པར་ཕན་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་ཞིང་སྡེ་རུ་ཧྲག་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།

1.རྒྱལ་ཁབ་ཀྱིས་ཞིང་ལས་དང་ཞིང་སྡེ་ཐད་བཀོལ་བའི་མ་དངུལ་མུ་མཐུད་དུ་ཇེ་མང་དུ་གཏོང་དགོས།སྡོམ་གྲངས་སྔར་ལས་འཕར་སྣོན་འབྱུང་བ་དང་སྡུར་ཚད་བརྟན་པོའི་ངང་ཇེ་མཐོར་གཏོང་བའི་བླང་བྱ་ལྟར།མུ་མཐུད་དུ“ཞིང་གསུམ”ཐད་བཀོལ་བའི་མ་དངུལ་ཇེ་མང་དུ་གཏོང་དགོས།ནོར་སྲིད་ཀྱི་འགྲོ་སྒོ་ལས་ཐོག་མར་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་སྔོན་རྩིས་ནང་གི་གཏན་འཇགས་རྒྱུ་ནོར་ཐད་གཏོང་བའི་མ་དངུལ་ལས་ཐོག་མར་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཞིང་སྡེའི་དམངས་འཚོའི་བཟོ་འགོད་ལ་ཁ་གཏད་པ།ས་ཞིང་བརྒྱུད་བཤུག་ནས་བྱུང་བའི་ཁེ་བཟང་དེ་ཐོག་མར་ས་ཞིང་གསར་སྤེལ་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཐད་བཀོལ་བ་ཁག་ཐེག་ནན་ཏན་བྱ་དགོས།རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་ལས་ཐད་གཏོང་བའི་འཕར་ཚད་ཚང་མ་ནོར་སྲིད་ཀྱི་རྒྱུན་ལྡན་ཅན་གྱི་ཡོང་སྒོ་འཕར་ཚད་ལས་མཐོ་དགོས།སྔོན་རྩིས་ནང་གི་གཏན་འཇགས་རྒྱུ་ནོར་ཐད་གཏོང་བའི་མ་དངུལ་དེ་མུ་མཐུད་དུ་ཞིང་ལས་དང་ཞིང་སྡེའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་དུ་ཕྱོགས་ཞེན་བྱ་དགོས།རྨོ་ཞིང་བཟུང་སྤྱད་དཔྱ་ཁྲལ་གྱི་ཁྲལ་ཚད་ཇེ་མཐོར་བཏང་རྗེས། གསར་དུ་འཕར་བའི་ཡོང་སྒོ་ཚང་མ་ཞིང་ལས་ཐད་བཀོལ་དགོས།འབྲེལ་ཡོད་གཏན་འབེབས་ལྟར་ཞིང་ལས་ས་ཞིང་གསར་སྤེལ་བྱེད་པའི་ཐད་བཀོལ་བའི་ས་ཞིང་བརྒྱུད་བཤུག་ལས་བྱུང་བའི་ཡོང་སྒོ་རྩིས་སྤྲོད་དང་བེད་སྤྱོད་བྱ་དགོས། གསར་དུ་འཕར་བའི་འཛུགས་སྐྲུན་ཐད་ས་ཞིང་བཀོལ་བར་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་པའི་མ་དངུལ་ཚང་མ་རྨོ་ཞིང་གསར་སྤེལ་དང་ས་ཞིང་ལེགས་སྒྲིག་གི་གཏན་འབེབས་ལག་བསྟར་ནན་མོ་བྱ་དགོས། ས་གནས་སོ་སོས་ཞིང་ལས་དང་ཞིང་སྡེ་ཐད་བཀོལ་བའི་ས་ཞིང་གི་ཡོང་སྒོའི་མ་དངུལ་སྣ་ཚོགས་བསྡུ་ལེན་དང་བེད་སྤྱོད་བྱས་ཚུལ་ལ་ཆེད་དུ་ཞིབ་བཤེར་བྱ་དགོས། དེང་རབས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་མ་དངུལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་མ་དངུལ་མུ་མཐུད་དུ་འཕར་སྣོན་བྱ་དགོས།

2.ཞིང་ལས་ཀྱི་ཁ་གསབ་ལམ་ལུགས་དང་ཚོང་ཁྲོམ་གྱི་ཚོད་འཛིན་འདུམ་སྲོལ་འཐུས་ཚང་དུ་གཏོང་དགོས།འབྲུ་འདེབས་ཞིང་པར་ཐད་ཀར་ཁ་གསབ་བྱེད་པ་རྒྱུན་འཁྱོངས་བྱ་དགོས།སོན་བཟང་གི་ཁ་གསབ་འཕར་སྣོན་བྱ་བ་དང་ཞོག་ཁོག་གི་ཁ་གསབ་རྒྱ་ཁྱོན་རྒྱ་ཆེ་རུ་གཏོང་དགོས།ནས་ཀྱི་སོན་བཟང་ལ་ཁ་གསབ་བྱེད་འགོ་བརྩམས་ཐོག བ་དམ་སོན་བཟང་གི་ཁ་གསབ་ཐད་ཚོད་ལྟ་བྱ་བ་ལག་ཏུ་བསྟར་དགོས།ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ་སྔར་ལས་འཕར་སྣོན་ཡོང་འཇུག་པ་དང་ཁ་གསབ་ཀྱི་སྣ་ཁ་ཇེ་མང་དུ་བཏང་ནས།ཕྱུགས་ལས་དང་ནགས་ལས་དང་ཐན་འགོག ཞིང་ཆུ་གྲོན་ཆུང་བྱེད་པའི་འཕྲུལ་ཆས་དག་ཀྱང་ཁ་གསབ་ཡོད་པའི་ཁྱབ་ཁོངས་སུ་འཇོག་དགོས།ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཀྱི་ཕྱོགས་བསྡུས་ཁ་གསབ་ལ་འགུལ་སྟངས་ལེགས་སྒྲིག་འདུམ་སྲོལ་དངོས་འབེབས་དང་འཐུས་ཚང་དུ་གཏོང་དགོས། གསོག་འབོར་མི་འགྱུར་བ་དང་འཕར་ཚད་ལ་ཕྱོགས་ཞེན་གྱི་རྩ་དོན་ལྟར།གསར་དུ་འཕར་བའི་ཞིང་ལས་ཁ་གསབ་དེ་འོས་འཚམ་གྱིས་འབྲུ་འདེབས་ཁྱིམ་ཆེན་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ཕྱོགས་ཞེན་བྱ་དགོས། འབྲོག་ཁུལ་དང་ནགས་ཁུལ་དང་གསར་སྤོས་ས་ཁུལ་བཅས་ཀྱི་ཁྱད་ཆོས་དང་མཐུན་པའི་ཞིང་ལས་ཁ་གསབ་སྲིད་ཇུས་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཀྱི་ཁ་གསབ་བྱ་ཡུལ་དང་སྣ་ཁ་དང་མ་དངུལ་སྡོམ་རྩིས་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། ཁ་གསབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་ནན་ཏན་བྱ་དགོས་པ་ལས། ཁ་གསབ་མ་དངུལ་དེ་ཞིང་པས་གྲོན་དངུལ་སྤྲོད་པར་འཕྲི་གཅོག་བྱེད་མི་ཆོག གྲོ་ཡི་ཆེས་དམའ་བའི་བསྡུ་ཉོ་རིན་གོང་གི་སྲིད་ཇུས་དངོས་འབེབས་བྱས་ཏེ།མུ་མཐུད་དུ་འབྲས་ཀྱི་ཆེས་དམའ་བའི་བསྡུ་ཉོ་རིན་གོང་ཇེ་མཐོར་གཏོང་དགོས།ཕྱིར་འཚོང་ཁུལ་གྱི་འབྲུ་རིགས་ཀྱི་གསོག་རྒྱ་ཆེ་རུ་གཏོང་དགོས།མ་རྨོས་ལོ་ཏོག་དང་སྲན་མ་དང་ཡུངས་དཀར་སོགས་གནས་སྐབས་སུ་གསོག་ཉར་དགོས་པའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་ཏེ་ཁེ་ལས་རྣམས་གསོག་ཉར་ནང་ཞུགས་པར་རྒྱབ་སྐྱོར་དང་།རྒྱལ་ཁབ་ཀྱིས་ཞིང་ལས་ཐོན་རྫས་གསོག་ཉར་བྱེད་པའི་འགྲན་འཚོང་འདུམ་སྲོལ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། སྲིང་བལ་དང་ཀ་ར་དང་ཕག་ཤ་སོགས་ཀྱི་སྔོན་བཀོད་འཆར་གཞི་ལེགས་སྒྲིག་བྱས་ཏེ།ཞིང་ལས་ཐོན་རྫས་ཀྱི་ཚོང་ར་བརྟན་པོ་ཡོང་བ་དང་རིན་གོང་གི་ལུགས་མཐུན་ཆུ་ཚད་འགན་སྲུང་བྱ་དགོས།

3.ཞིང་སྡེའི་དངུལ་རྩའི་ཞབས་ཕྱིའི་སྤུས་ཀ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ནོར་སྲིད་དཔྱ་ཁྲལ་སྲིད་ཇུས་དང་ཞིང་སྡེའི་དངུལ་རྩ་སྲིད་ཇུས་གཉིས་ནུས་པ་ལྡན་པའི་ངང་ཟུང་དུ་སྦྲེལ་བར་ཤུགས་བསྣན་ནས།ཡིད་རྟོན་དངུལ་བུན་གྱི་མ་དངུལ་མང་པོ“ཞིང་གསུམ”ལ་གཏོང་བར་སྣེ་ཁྲིད་དགོས་པར་མ་ཟད། ཞིང་སྡེའི་མ་དངུལ་འདུ་འཁོར་དཀའ་བའི་གནད་དོན་དངོས་གནས་ཐག་གཅོད་དགོས།ཞིང་ལས་དང་འབྲེལ་བ་ཡོད་པའི་དངུལ་བུན་གྱི་ཁྲལ་བསྡུ་གཟིགས་སྐྱོང་དང་ཁ་ཕྱོགས་གཏན་འཁེལ་གྲོན་དངུལ་གྱི་ཁ་གསབ།འཕར་ཚད་ལ་བྱ་དགའ་གནང་བ་སོགས་ཀྱི་སྲིད་ཇུས་དངོས་འབེབས་དང་འཐུས་ཚང་དུ་བཏང་ནས།རྫོང་ཁོངས་ཀྱི་དངུལ་ཁང་གི་དངུལ་རྩ་ལས་ཁུངས་ཀྱིས་གསར་དུ་བསྡུ་ལེན་བྱས་པའི་བཅོལ་དངུལ་དེ་གཙོ་བོ་ས་དེ་གར་དངུལ་བུན་གཏོང་བའི་ཐད་བཀོལ་བའི་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྲིད་ཇུས་ཅན་གྱི་དངུལ་རྩས་ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གནད་ཆེའི་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཞིང་སྐྱོར་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་དང་།ཤུགས་ཆེན་པོས་ཞིང་ལས་གསར་སྤེལ་དང་ཞིང་སྡེའི་རྨང་གཞིའི་སྒྲིག་འགོད་ཀྱི་འཛུགས་སྐྲུན་ཐད་དུས་ཡུན་རིང་འབྲིང་གི་སྲིད་ཇུས་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་བྱེད་སྒོ་སྤེལ་དགོས།ཞིང་ལས་དངུལ་ཁང་དང་ཞིང་སྡེ་ཡིད་རྟོན་མཉམ་ལས་ཁང་།སྦྲག་སྲིད་གསོག་འཇོག་དངུལ་ཁང་སོགས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་དངུལ་བུན་གྱི་གཏོང་གྲངས་སྔར་ལས་འཕར་སྣོན་ཡོང་དགོས་པར་མ་ཟད།ཧུར་ཐག་གིས་ཞིང་སྡེའི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་ཁྱབ་གདལ་དུ་གཏོང་དགོས།སྡེ་བ་དང་གྲོང་རྡལ་གྱི་དངུལ་ཁང་དང་དངུལ་བུན་ཀུང་ཟི།ཞིང་སྡེ།མ་དངུལ་རོགས་སྐྱོར་ཁང་བཅས་གསོ་སྐྱོང་བྱེད་པ་ཇེ་མགྱོ གས་སུ་བཏང་ནས། གྲངས་འབོར་ཉུང་བའི་དངུལ་བུན་སྒྲིག་འཛུགས་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་།སྤྱི་ཚོགས་ཀྱི་མ་དངུལ་འདེབས་པ“ཞིང་གསུམ”གྱི་དགོས་མཁོ་དང་མཐུན་པའི་དངུལ་རྩ་ཚོགས་པ་གསར་བ་སྣ་ཚོགས་འཛུགས་པར་སྣེ་ཁྲིད་དགོས།བས་མཐའ་ས་ཁུལ་གྱིས་ཞིང་སྡེའི་དངུལ་རྩ་ལས་ཁུངས་འཛུགས་པའི་གྲོན་དངུལ་ཁ་གསབ་སོགས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ཏེ།ལོ3ནང་རྨང་གཞིའི་དངུལ་རྩའི་བྱེད་སྒོ་སྤེལ་མེད་པའི་ཤང་གྲོང་མེད་པར་གཏོང་བར་ཁག་ཐེག་ནན་ཏན་བྱ་དགོས།ཞིང་ལས་དང་ཞིང་སྡེའི་ཁྱད་ཆོས་ལྟར།དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་སྟངས་གསར་སྐྲུན་བྱེད་ཅིང་ཞིང་སྡེའི་ཡིད་རྟོན་དངུལ་བུན་གྱི་ཁོར་ཡུག་སྐྲུན་པ་ལེགས་འགྲུབ་བྱས་ཏེ།ཞིང་སྡེའི་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཞིང་ལས་ཐོན་ལས་འཕེལ་བའི་ཐེབས་རྩ་འཛུགས་དགོས། ཞིང་ལས་ཉེན་སྲུང་དང་གྲོན་དངུལ་འགན་སྲུང་ཁ་གསབ་ཀྱི་རིགས་དང་ཁྱབ་ཁོངས་ཧུར་བརྩོན་སྒོས་རྒྱ་བསྐྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ས་ཁུལ་གྱི་གྲོན་དངུལ་འགན་སྲུང་ལ་ཁ་གསབ་བྱེད་ཚད་ཇེ་ཆེར་གཏོང་དགོས།ས་ཆ་སོ་སོར་ཁྱད་ལྡན་ཞིང་ལས་དང་ཞིང་པའི་ཁང་བ་སོགས་ཀྱི་ཁག་འཁུར་དང་གྲོན་དངུལ་འགན་སྲུང་ལ་ཁ་གསབ་པར་སྐུལ་མ་གཏོང་བ་དང་། ཞིང་སྡེའི་གྲངས་འབོར་ཉུང་བའི་ཁག་འཁུར་འཕེལ་རྒྱས་སུ་གཏོང་དགོས། ཞིང་ལས་ཀྱི་ཡང་བསྐྱར་ཁག་འཁུར་མ་ལག་འཐུས་ཚང་དུ་བཏང་ནས།ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཉེན་ཁ་ཆེན་པོ་འགྲེམས་ལྷོད་ཡོང་བའི་འདུམ་སྲོལ་འཛུགས་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ཞིང་འབྲེལ་ཁེ་ལས་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱ་དགོས།

4.སྤྱི་ཚོགས་ཀྱི་ཐོན་ཁུངས་ཞིང་ལས་དང་ཞིང་སྡེའི་ཐད་ཁ་ཕྱོགས་པར་ཧུར་བརྩོན་སྒོས་བསྐུལ་དགོས། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོས་རང་འགུལ་སྒོས“ཞིང་གསུམ”ལ་ཞབས་ཞུ་སྐྱོང་བ་དང་།འཆར་འགོད་བཟོ་བ་དང་ལས་གཞི་བཀོད་སྒྲིག་བྱེད་པ། མ་དངུལ་ཇེ་མང་དུ་གཏོང་བ་བཅས་ཀྱི་སྐབས་སུ་དངོས་གནས་ཞིང་སྡེར་ཕྱོགས་ཞེན་བྱ་དགོས།གྲོང་ཁྱེར་ཆེ་འབྲིང་གིས་ཞིང་སྡེ་ལ་འབྱེད་འཕྲོ་སྐུལ་འཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དགོས་པ་དང་། སྤྱི་ཚོགས་ཀྱི་ནུས་པ་སྣ་ཚོགས་ཀྱིས་ཞིང་སྡེ་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་སྤྱི་བའི་སྒྲིག་ཆས་འཛུགས་སྐྲུན་ལ་ཞུགས་པར་སྐུལ་མ་གཏོང་དགོས། ཁེ་ལས་ཀྱིས་སྤྱི་ཕན་ཅན་གྱི་སྤྱི་ཚོགས་ཚོགས་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གམ་ཡང་ན་ཆེད་དུ་དམིགས་པའི་ཞིང་སྡེའི་སྤྱི་ཕན་ཐེབས་རྩ་ཚོགས་པ་བརྒྱུད། ཞིང་སྡེའི་སྤྱི་ཕན་བྱ་གཞག་གི་ལས་གཞི་འཛུགས་སྐྲུན་ཐད་ལ་བཀོལ་བའི་ཞལ་འདེབས་འགྲོ་སྒོ་དེ་ལོ་འཁོར་མོའི་ཁེ་སྤོགས་ལས་སྤྱི་གྲངས་ཀྱི12%ལས་མི་འདའ་བའི་ཆ་ཤས་དེ་ཁེ་ལས་ཀྱི་ཐོབ་ཁྲལ་བརྩིས་མ་བརྒྱབ་པའི་སྔོན་ལ་གཅོག་ཆོག འབྲེལ་ཡོད་སྡེ་ཁག་གིས་ཚན་རྩལ་དང་སློབ་གསོ་དང་རིག་གནས་དང་འཕྲོད་བསྟེན་སོགས་གཞི་རིམ་དུ་སྐྱེལ་བ་དང་། ཞིང་པར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ཏེ། བསམ་བློ་དང་དངོས་པོའི་བྱ་དགའ་གནང་བ་དང་ལས་གནས་དང་གོ་མིང་ཇེ་མཐོར་གཏོང་བ། ཁ་ཕྱོགས་གཏན་འཁེལ་བྱེད་པའི་སྒོ་ནས་རིན་མི་ལེན་པར་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས།གྲོང་ཁྱེར་གྱི་དགེ་རྒན་གཞི་རིམ་དུ་སློབ་ཁྲིད་བྱེད་པར་འགྲོ་བ་དང་།གྲོང་ཁྱེར་གྱི་རིག་གནས་དང་ཚན་རྩལ་ཞིབ་འཇུག་སྡེ་ཁག་གིས་ཞིང་སྡེ་ལ་ཞབས་ཞུ་སྐྱོང་བ། གྲོང་ཁྱེར་གྱི་སྨན་པས་ཞིང་སྡེ་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་ཐད་སྣེ་ཁྲིད་བྱ་དགོས།ཞིང་ལས་ཀྱི་གནམ་གཤིས་ཞབས་ཞུ་མ་ལག་དང་ཞིང་སྡེའི་གནམ་གཤིས་ཉེན་ཁ་སྔོན་འགོག་མ་ལག་འཐུས་ཚང་དུ་བཏང་སྟེ། གནམ་གཤིས་ཞབས་ཞུ་ཡིས“ཞིང་གསུམ”ཐད་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས།

5.ཞིང་སྡེའི་ཚོང་ར་ཤུགས་ཆེན་པོས་གསར་གཏོད་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་ཐོན་སྐྱེད་དམ་འཚོ་བའི་དགོས་མཁོ་དང་བསྟུན་ནས། ཞིང་སྡེའི་འཛད་སྤྱོད་དགོས་མཁོ་ལ་སྐུལ་མ་གཏོང་བའི་ཐབས་ལམ་དང་བྱེད་ཐབས་འདོན་པ་དང་། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར། ལག་སྐྱོར་འཐེན་འཁོར་སོགས་གཞི་རིམ་དུ་སྐྱེལ་བའི་ཚད་ཇེ་ཆེར་བཏང་ནས། ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་སྐྱེལ་བའི་ཐོན་རྫས་ཀྱི་ཆེས་མཐོའི་ཚོད་འཛིན་རིན་གོང་ཇེ་མཐོར་གཏོང་བ་དང་། ད་སྤྱོད་ཀྱི་ཚོད་འཛིན་རིན་གོང་ནང་གི་ཐོན་རྫས་ལ་མུ་མཐུད་དུ13%ཡི་ཁ་གསབ་ཚད་གཞི་ལག་བསྟར་བྱེད་པ། ཚོད་འཛིན་རིན་གོང་ལས་འགོངས་ན་རྒྱས་བཅད་ཁ་གསབ་ལག་བསྟར་བྱས་ཏེ། ཞིང་ཆེན་སོ་སོས(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)རང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་རིགས་གཅིག་བདམས་ཏེ་ཁ་གསབ་ཀྱི་ཁྱབ་ཁོངས་ནང་དུ་བཞག་ཆོག་ལ། ཁ་གསབ་བྱ་ཡུལ་རྒྱལ་ཁབ་ལ་དབང་བའི་ཞིང་ནགས་ར(ཆུས)ཡི་ལས་བཟོ་བར་རྒྱ་བསྐྱེད་དགོས།བཙོངས་རྗེས་ཀྱི་ཞབས་ཞུ་འཐུས་ཚང་དུ་བཏང་ནས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།ཐོན་རྫས་རྫུན་རྫུས་ཞན་གསུམ་ཞིང་སྡེ་རུ་མི་ཐོན་པ་འཁྱོངས་དགོས། དངོས་རྫས་སྡེབ་སྐྱེལ་དང་མུ་སྦྲེལ་རང་འདེམས་ཚོང་ཁང་།གློག་རྡུལ་ཚོང་དོན་སོགས་དེང་རབས་ཀྱི་འཁོར་རྒྱུགས་བྱེད་སྟངས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཉོ་ཚོང་དང་སྦྲག་སྲིད་སོགས་ཀྱི་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་ཞིང་སྡེ་ལ་ཞབས་ཞུ་བྱེད་དུ་འཇུག་པ་དང་། རྒྱུན་བཀོལ་འཛད་སྤྱོད་དངོས་རྫས་དང་ཞིང་ལས་ཐོན་རྫས་དང་ཐོན་སྐྱེད་རྒྱུ་ཆ་སོགས་ཀྱི་བདག་གཉེར་དྲ་ཚིགས་བཙུགས་ནས།མཁོ་ཚོང་མཉམ་ལས་ཁང་གི་ཞིང་སྡེ་གསར་བའི་དེང་རབས་འཁོར་རྒྱུགས་དྲ་བའི་འཛུགས་སྐྲུན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་།“སྡེ་བ་ཁྲི་དང་ཤང་སྟོང་གི”རང་འདེམས་ཚོང་ཁང་དང་ཞིང་ཁྱིམ་ཚོང་ཁང་གི་ཞབས་ཞུ་ནུས་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་དངུལ་རྩ་སྡེ་ཁག་གིས་ཞིང་པར་ཁང་བ་ལས་པ་དང་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་ཉོ་བ་སོགས་ལ་འཛད་སྤྱོད་ཡིད་རྟོན་དངུལ་བུན་འདོན་སྤྲོད་དང་གསར་བཙུགས་ཞིང་ཁྱིམ་ཚོང་ཁང་ལ་ཡིད་རྟོན་དངུལ་བུན་གཏོང་བར་རྒྱབ་སྐྱོར་བྱ་དགོས།།

གཉིས། དེང་རབས་ཞིང་ལས་ཀྱི་སྒྲིག་སྦྱོར་ཆུ་ཚད་ཇེ་མཐོར་བཏང་ནས།ཞིང་ལས་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་གཏོང་དགོས།

6.འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་འབོར་ཆེན་ཐོན་སྐྱེད་བྱེད་པ་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་འདེབས་པའི་གཞི་ཁྱོན་གཏན་འཇགས་ཡིན་པའི་རྨང་གཞིའི་སྟེང་། རིགས་སྣ་གྲུབ་ཚུལ་ཤུགས་ཆེན་པོས་ལེགས་སྒྱུར་དང་འབྲུ་རིགས་མུའུ་རེའི་ཐོན་ཚད་དང་སྤུས་ཀ་ཇེ་མཐོ་རུ་གཏོང་དགོས། རྒྱལ་ཡོངས་སུ་འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་པ་དུང་ཕྱུར་སྟོང་འཕར་བའི་འཆར་འགོད་ལག་བསྟར་བྱས་ཏེ།མགྱོ གས་མྱུར་སྒོས་ཐོན་སྐྱེད་ནུས་ཤུགས་སུ་ཆགས་འཇུག་དགོས།འབྲུ་རིགས་ཐོན་གཙོ་ས་ཁུལ་གྱི་ཁེ་ཕན་ཁ་གསབ་ལམ་ལུགས་མགྱོ གས་མྱུར་སྒོས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འབྲུ་རིགས་འདེབས་པའི་རྫོང་ཆེན་ལ་བྱ་དགའ་དང་ཁ་གསབ་གྲོན་དངུལ་ཇེ་མང་དུ་གཏོང་བ་དང་།འབྲུ་རིགས་འདེབས་པའི་རྫོང་ཆེན་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྟོབས་འབྱོར་ཚད་ཇེ་མཐོར་གཏོང་དགོས། འབྲེལ་ཡོད་རོགས་སྐྱོར་གྱི་སྲིད་ཇུས་དེ་ཚོང་ཟོང་འབྲུ་རིགས་འདོན་ཚད་མཐོ་ཞིང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་བྱས་རྗེས་འབུར་ཐོན་བཞག་པའི་འབྲུ་ཐོན་རྫོང་ཆེན(ཞིང་ར)ལ་ཕྱོགས་ཞེན་བྱ་དགོས། འབྲུ་རིགས་ཐོན་གཙོ་ས་ཁུལ་གྱི་ཉེན་ཁའི་མ་དངུལ་གྱི་ས་གནས་དངུལ་རྩའི་ཆ་སྡེབ་མུ་མཐུད་དུ་ཇེ་ཉུང་དང་ཐ་ན་མེད་པར་བཟོ་དགོས།སྣུམ་འབྲུའི་ཐོན་སྐྱེད་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་།མགྱོ གས་མྱུར་སྒོས་སྤུས་ལེགས་ཡུངས་དཀར་དང་བ་དམ་སོགས་ཀྱི་ཐོན་སྐྱེད་རྟེན་གཞི་རྫོང་བཙུགས་ཏེ། ཧུར་བརྩོན་སྒོས་སྣུམ་རིགས་ཤིང་འབྲས་དང་སྟར་ཀ་སོགས་ཤིང་སྣུམ་འཕེལ་རྒྱས་སུ་གཏོང་དགོས། ས་ཁུལ་བཟང་བོར་སྲིང་བལ་དང་མངར་ཆའི་རྒྱུ་ཆ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། མུ་མཐུད་དུ་འབྲུ་རིགས་ཐོན་ལེགས་ཚན་རྩལ་བཟོ་འགོད་ལག་བསྟར་བྱ་དགོས། འབྲུ་རིགས་དང་སྲིང་བལ། སྣུམ་སྤྱད།མངར་ཆའི་རྒྱུ་ཆ་བཅས་ཀྱི་འདེབས་འཛུགས་གཞི་ཁྱོན་ཇེ་ཆེར་བཏང་ནས། ལོ་འདིའི་ནང་དུ་རྒྱལ་ཡོངས་ཀྱི་ཞིང་ལས་རྫོང(ཞིང་ར)ཡོངས་རྫོགས་ལ་ཁེབས་དགོས། ལོ་ཏོག་ལ་འབུ་གནོད་ཐེབས་པར་ཆེད་ལས་ཅན་གྱི་གཅིག་འགྱུར་འགོག་བཅོས་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་དགོས། གསར་སྦོས་ས་ཁུལ་ལམ་སྣེ་ཁྲིད་སྒོས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ།ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་ཆེན་པོ་འཛུགས་སྐྲུན་དང་།མཐའ་འཁོར་གྱི་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འཁྲིད་བྱ་དགོས།

7.ཚོད་སླེའི་ཐོན་རྫས་དེ་ཚད་གཞི་ཅན་གྱི་ཐོན་སྐྱེད་འཁྱོངས་པར་སྐུལ་འདེད་གཏོང་དགོས། རེས་གསར་བའི་ཚོད་སླེའི་བཟོ་འགོད་ཀྱི་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ལྡུམ་ཚལ་སྐྱེ་དངོས་ཀྱི་ཐོན་སྐྱེད་དེ་སྒྲིག་བཀོད་ཅན་དང་ཕྱུགས་བྱ་དང་ཆུར་འཚོ་སྲོག་ཆགས་བཅས་ཀྱི་གསོ་སྤེལ་གཞི་ཁྱོན་ཅན་དུ་འགྱུར་བ་ཇེ་མགྱོ གས་སུ་གཏོང་དགོས།ཕག་དང་བཞོན་མའི་གཞི་ཁྱོན་གསོ་སྤེལ་ར་བ(ཁུལ་ཆུང)འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལྡུམ་ཚལ་སྐྱེ་དངོས་ཀྱི་ཚད་ལྡན་ཐོན་སྐྱེད་རྟེན་གཞི་དང་ཆུར་འཚོ་སྲོག་ཆགས་སྐྱོན་བྲལ་གསོ་སྤེལ་དཔེ་སྟོན་ར་བ་སྤེལ་བ་དང་། ཚད་ལྡན་ཅན་གྱི་གསར་སྐྲུན་བྱ་འགུལ་སྤེལ་བ་དང་ཕྱུགས་བྱ་གསོ་སྤེལ་དང་སྦྱོར་བཟོ་གཞི་གཅིག་ཅན་ཁྱབ་གདལ་དུ་གཏོང་དགོས།སྤུས་ལེགས་ཕྱུགས་བྱའི་རྒྱུད་སྤེལ་མ་ལག་འཛུཊ་པར་རྒྱབ་སྐྱོར་བྱ་བ་དང་། སྲོག་ཆགས་ཆེ་རིགས་ཀྱི་རིམས་ནད་འགོག་བཅོས་ལ་ཤུགས་བསྣན་ནས། ནད་གསོད་གྲོན་བྱུང་བའི་ཁ་གསབ་སྲིད་ཇུས་འཐུས་ཚང་དང་གཞི་རིམ་གྱི་རིམས་འགོག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཅིང་། ལས་སྐྱོང་གྲོན་དངུལ་གྱི་འགན་སྲུང་ལམ་ལུགས་འཐུས་ཚང་གཏོང་དགོས།ཉ་ལས་སྲིད་འཛིན་དང་ཉ་ལས་གྲུ་ཁ་དང་ཉ་གྲུ་བཅས་ཀྱི་བདེ་འཇགས་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་།ཆུར་གནས་སྲོག་ཆགས་སྐྱོང་སྤེལ་ལེགས་པར་བསྒྲུབ་སྟེ། རྒྱ་མཚོའི་ཉ་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་བདེ་བསྟེན་ལ་ལྟ་སྐུལ་བྱེད་པའི་མ་ལག་དང་བཤེར་འཇལ་མ་ལག་གི་འཛུགས་སྐྲུན་ཇེ་མགྱོ གས་སུ་བཏང་ནས། ཧུར་བརྩོན་སྒོས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དང་ལྗང་མདོག་ཟས་རིགས་དང་སྐྱེ་ཁམས་ཞིང་ལས་ཐོན་རྫས་སོགས་འཕེལ་རྒྱས་སུ་གཏོང་དགོས།

8.ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱ་དགོས། རྒྱལ་ཁབ་ཀྱིས་གཏན་འཇཊ་རྒྱུ་ནོར་ཐད་མ་དངུལ་བཏང་ནས་ཆུ་བེད་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ཡོད་པ་དང་། མུ་མཐུད་དུ་གཙང་བོ་དང་ཆུ་ཆེན་དང་མཚེའུ་སོགས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ཏེ། རིམ་གྱིས་ཆུ་བོ་ཆུང་འབྲིང་གཙོ་བོ་བཟུང་བའི་བཅོས་སྐྱོང་བྱ་དགོས། ཆུ་བེད་ཆེ་འབྲིང་གི་འགག་རྩའི་བཟོ་འགོད་ཇེ་མགྱོ གས་སུ་བཏང་ནས། ཆུ་ལོག་གསོག་ཁུལ་གྱི་འཛུགས་སྐྲུན་དང་ཆུ་ལོག་གི་གནོད་འཚེ་འགོག་བཅོས་བྱ་དགོས།ཞིང་ཆུ་གཏོང་ཡུལ་ཆེ་འབྲིང་ལ་མུ་མཐུད་དུ་ཆ་སྡེབ་འཛུགས་སྐྲུན་དང་ཆུ་གྲོན་ཆུང་བྱེད་པ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། མཇུག་རིམ་ཆུ་རྐའི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོ གས་སུ་གཏོང་དགོས། འཆར་གཞིའི་ནང་གི་ཉེན་ཁ་ཡོད་པའི་ཆུ་མཛོད་ཀྱི་ཉེན་ཁ་བསལ་བ་དང་སྲ་བརྟན་དུ་གཏོང་བའི་ལས་འགན་དུས་ལྟར་ལེགས་འགྲུབ་བྱེད་པ་དང་། གཅིག་གྱུར་འཆར་འགོད་སྒོས་ཉེན་ཁ་ཡོད་པའི་ཆུ་མཛོད་གཞན་དག་གི་ཉེན་ཁ་བསལ་བ་དང་སྲ་བརྟན་དུ་གཏོང་བའི་ལས་ཀ་བཀོད་སྒྲིག་བྱ་དགོས།ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་རིགས་པས་སྒྲུབ་པའི་རྨང་གཞིའི་སྟེང་ཉེན་ཁ་ཡོད་པའི་འགོག་སྒོ་ཆེ་འབྲིང་རིགས་ཀྱི་ཉེན་ཁ་བསལ་བ་དང་སྲ་བརྟན་དུ་གཏོང་དགོས།ཆུ་འབུད་ས་ཚིགས་ཆེ་རིགས་རྣམས་གསར་བསྒྱུར་དང་ཞིག་གསོ་བྱེད་ཚད་ཇེ་མགྱོ གས་སུ་གཏོང་དགོས་པ་དང་། ཆུ་བེད་འཛུགས་སྐྲུན་ཐད་ཀྱི་ཐེབས་རྩ་གསོག་འཚག་བྱེད་པའི་ཐབས་ལམ་རྒྱ་སྐྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་ལས་ཆུ་བེད་སྒྲིག་བཀོད་ཆུང་གྲས་ཀྱི་འཛུགས་སྐྲུན་ཐད་ཀྱི་ཁ་གསབ་ཆེད་སྤྱོད་མ་དངུལ་ཇེ་མང་དུ་གཏོང་བའི་གཞི་ཁྱོན་བསྐྱེད་དེ། ཞིང་ལས་ཆུ་བེད་ཆུང་གྲས་འཛུགས་སྐྲུན་བྱ་བའི་གཙོ་གནད་རྫོང་སྐོར་ཞིག་གསར་དུ་བསྣན་དགོས། ནུས་ཚད་མཐོ་ལ་ཆུ་གྲོན་ཆུང་ཐུབ་པའི་ཞིང་ཆུ་འདྲེན་པ་ཤུགས་ཆེན་པོས་སྤེལ་ནས། རི་མ་ས་ཁུལ་གྱི་ཆར་ཆུ་གསོག་འཇོག་སོགས་ཀྱི་ཆུ་བེད་སྒྲིག་བཀོད་ཆུང་གྲས་སྐྲུན་པར་རྒྱབ་སྐྱོར་བྱ་དགོས།དོན་གཅིག་གྲོས་གཅིག་དང་ནོར་སྲིད་ཁ་གསབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་པས་རང་མོས་སྒོས་ལས་ཀར་ཞུགས་པ་དང་ཐད་ཀར་ཁེ་ཕན་ཐོབ་པའི་ཆུ་བེད་སྒྲིག་བཀོད་ཆུང་གྲས་སྐྲུན་པར་སྐུལ་མ་གཏོང་དགོས་པ་དང་།ཆུ་བེད་བཟོ་འགོད་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ཆུ་བཀོལ་སྤྱོད་བྱེད་པའི་ཞིང་པ་ཁྱིམ་ཚང་རྣམས་དོ་དམ་དཔེ་དབྱིབས་ནང་ཞུགས་ལ་བཅུག་སྟེ།ནོར་སྲིད་ཀྱིས་ཞིང་པའི་ཆུ་སྤྱོད་མཉམ་ལས་ཚོགས་པ་ལ་རོགས་སྐྱོར་བྱེད་ཚད་ཇེ་ཆེར་གཏོང་དགོས།གཞི་རིམ་གྱི་ཐན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་དང་ཞིང་སྡེའི་ཆུ་བེད་ལག་རྩལ་ཞབས་ཞུ་མ་ལག་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

9.ཤུགས་ཆེན་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་དགོས།གཅིག་གྱུར་འཆར་འགོད་དང་ལས་བགོས་གྲོས་མོལ། མཉམ་དུ་མ་དངུལ་གཏོང་བ། ཡུག་གཅིག་ལ་སྐུལ་འདེད་བྱེད་པ་བཅས་ཀྱི་བླང་བྱ་ལྟར།ཐོན་ཚད་མཐོ་བ་དང་ཐོན་ཚད་བརྟན་འཇགས་ཡིན་པའི་གཞི་རྩའི་ས་ཞིང་མགྱོ གས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས། རྨོ་ཞིང་གི་སྤུས་ཀའི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ། དུས་ཡུན་རིང་འབྲིང་གི་སྲིད་ཇུས་ཅན་གྱི་དངུལ་བུན་བཀོད་སྒྲིག་བྱས་ཏེ། ས་ཞིང་གི་ཆུ་འཁྱིལ་ཕྱིར་འབུད་པ་དང་ས་ཞིང་ལེགས་སྒྲིག་བྱེད་པ་དང་ས་གཤིས་ལེགས་སྒྱུར་བྱེད་པ།འཕྲུལ་ཆས་ཀྱིས་ཞིང་འདེབས་པའི་སྐབས་ཀྱི་ལམ་དང་ས་ཞིང་དང་ནགས་ཚལ་གྱི་དྲ་བ་འཛུགས་སྐྲུན་བྱེད་པ་བཅས་ལ་རྒྱབ་སྐྱོར་ཏེ། འབྲུ་ཐོན་རྫོང་ཆེན800ཡི་གཞི་རྩའི་ས་ཞིང་མགྱོ གས་མྱུར་སྒོས་ཚད་གཞི་མཐོན་པོའི་ས་ཞིང་དུ་བསྒྱུར་བ་དང་། བརྟན་འཇགས་ཡིན་པའི་ཚོང་ཟོང་འབྲུ་རིགས་ཀྱི་རྟེན་གཞི་འཛུགས་དགོས། མུ་མཐུད་དུ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་ཞིང་སྡེའི་ས་ཞིང་བཅོས་སྐྱོང་བྱེད་པའི་དངུལ་འདེབས་ཚོད་ཇེ་མང་དུ་གཏོང་བ་དང་། འཆར་གཞི་ཡོད་པའི་སྒོ་ནས་ཐོན་ཚད་དམའ་འབྲིང་གི་ས་ཞིང་ལེགས་སྒྱུར་བྱ་དགོས།ས་ཞིང་ལ་ཞིབ་བཤེར་བྱས་ཏེ་དེ་དང་མཐུན་པའི་རྫས་ལུད་འཇོག་པ་དང་ས་ཞིང་གི་སྐྱེ་ལྡན་སྤུས་ཀ་ཇེ་མཐོར་གཏོང་བའི་ཁ་གསབ་ཀྱི་གཞི་ཁྱོན་དང་ཁྱབ་ཁོངས་རྒྱ་བསྐྱེད་དགོས།སྲུང་སྐྱོང་ཚུལ་གྱི་རྨོ་འདེབས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་སྐམ་འདེབས་ཞིང་སའི་ལོ་ཏོག་གི་དཔེ་སྟོན་བཟོ་འགོད་ལག་བསྟར་བྱས་ཏེ། སྐམ་འདེབས་ཞིང་ལོ་ཏོག་གི་ཞིང་ལས་ལག་རྩལ་ལ་ཁ་གསབ་སྟེར་དགོས།

10.ཞིང་ལས་ཐད་ཀྱི་ཚན་རིག་ལག་རྩལ་གསར་གཏོད་དང་ཁྱབ་གདལ་ནུས་པ་ཇེ་མཐོར་གཏོང་དགོས། ཞིང་ལས་ཚན་རིག་ལག་རྩལ་གྱི་གཙོ་གནད་དེ་དངོས་གནས་སོན་བཟང་སྤེལ་བའི་སྟེང་དུ་བཞག་ནས། ཞིང་ལས་ལོ་ཏོག་གི་སྤེལ་་སྟངས་གསར་གཏོད་དང་བཀོལ་སྤྱོད་མ་ལག་ཁྱབ་གདལ་དུ་གཏོང་བའི་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས། རྒྱུད་རྒྱུ་བསྒྱུར་བའི་སྐྱེ་དངོས་ཀྱི་རིགས་གསར་བ་གསོ་སྤེལ་བྱེད་པའི་ཚན་རིག་ལག་རྩལ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། བཀོལ་སྤྱོད་ཀྱི་རིན་ཐང་གལ་ཆེན་ལྡན་པ་དང་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་རྒྱུད་རྒྱུ་དང་སྐྱེ་དངོས་རིགས་གསར་བ་མྱུར་སྤེལ་བྱས་ཏེ། ཚན་རིག་ལྟར་ཞིབ་བསྡུར་དང་ཁྲིམས་ལྟར་དོ་དམ་བྱེད་པའི་རྨང་གཞིའི་སྟེང་། རྒྱུད་རྒྱུ་བསྒྱུར་བའི་རིགས་གསར་བ་ཐོན་ལས་ཅན་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ས་བོན་ལས་རིགས་མགྱོ གས་མྱུར་སྒོས་ཁེ་ལས་དང་མཉམ་གཉེར་དང་ཐོན་ལས་ཧྲག་སྡེབ་བྱེད་ཅིང་།ས་བོན་ཁེ་ལས་དང་ཚན་རིག་ཞིབ་འཇུག་གི་སྡེ་ཁག་མཉམ་དུ་སྦྲེལ་བར་སྣེ་ཁྲིད་བྱས་ཏེ། འགྲན་རྩོད་ནུས་པ་ཡོད་པའི་ས་བོན་ཁེ་ལས་ཆེ་གྲས་མགྱོ གས་མྱུར་སྒོས་་སྤེལ་དགོས། ཞིང་ལས་ཚན་རྩལ་ཐད་ཀྱི་སྣེ་ཁྲིད་འཇོན་མི་གསོ་སྐྱོང་དང་ཞིང་ལས་ཐོན་རྫས་རིག་པའི་ཞིབ་འཇུག་མཉམ་འབྲེལ་དེ་འཕེལ་རྒྱས་སུ་བཏང་ནས། ཞིང་ལས་ཀྱི་གཙོ་གནད་ཞིབ་འཇུག་ཁང་དང་བཟོ་འགོད་ལག་རྩལ་ལྟེ་གནས།རྨང་གཞིའི་ཚན་རྩལ་ཆ་རྐྱེན་གྱི་སྟེགས་བུ་སོགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེའི་ཚན་རྩལ་གསར་བཏོད་ཀྱི་འགུལ་སྐྱོད་དང་ཚན་རྩལ་གྱིས་མི་ཕྱུག་པོ་དང་རྫོང་སྟོབས་ལྡན་དུ་གཏོང་བའི་ཆེད་དམིགས་འགུལ་སྐྱོད་འཆར་གཞི། ཚན་རྩལ་གྱིས་ཞིང་པར་ཁེ་ཕན་འཐོབ་པ་དང་སྡེ་བ་སྟོབས་ལྡན་དུ་གཏོང་བའི་འཆར་གཞི་སོགས་ལག་བསྟར་བྱས་ཏེ།དེང་རབས་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་སྐྲུན་པར་སྐུལ་འདེད་གཏོང་དགོས། མཁར་གྲོང་ངམ་ས་ཁོངས་ཚུལ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་སོགས་སྤྱི་པའི་ཞབས་ཞུ་སྡེ་ཁག་མགྱོ གས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ།གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་མ་ལག་བཅོས་བསྒྱུར་དང་དཔེ་སྟོན་རྫོང་ཁག་འཛུགས་སྐྲུན་བྱེད་པའི་མངའ་ཁོངས་རྒྱ་སྐྱེད་དགོས།ཧུར་བརྩོན་སྒོས་སྣ་མང་ཅན་དང་སྤྱི་ཚོགས་ཅན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ཚོགས་པ་སྤེལ་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སྡེ་ཁག་གི་དམིགས་གསལ་ལས་གནས་བཀོད་སྒྲིག་འཆར་གཞི་འགོ་བརྩམས་ཏེ།མཐོ་རིམ་སློབ་གྲྭའི་ཞིང་ལས་དང་འབྲེལ་བའི་ཆེད་ལས་མཐར་ཕྱིན་སློབ་མ་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སྡེ་ཁག་ཏུ་ལས་ཀར་འགྲོ་བར་སྐུལ་མ་གཏོང་དགོས།ཞིང་སྤྱོད་བཟོ་ལས་ལག་རྩལ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། མགྱོ གས་མྱུར་སྒོས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བ་སྤེལ་དང་འཕྲུལ་ཆས་ཀྱིས་གཏིང་ལོག་རྒྱག་པ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་སྟེ། སོག་མ་ས་འོག་ཏུ་འཇུག་པ་དང་ཆུ་འབྲས་སྦྱོར་སྤེལ་དང་འབྲས་མྱུག་འཛུགས་པ་སོགས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་ལས་ཀར་རྒྱབ་སྐྱོར་བྱ་དགོས་པ་དང་།རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་གསར་འཛུགས་བྱ་དགོས།

11.ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་དགོས།རྒྱལ་ཡོངས་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་རའི་ཁྱབ་སྟངས་ལེགས་སྒྲིག་གཅིག་གྱུར་འཆར་འགོད་དང་གཏན་འབེབས་བྱས་ཏེ།ཞིང་ལས་ཐོན་རྫས་ཀྱི་སྡེབ་འཚོང་ཚོང་ར་འཛུགས་སྐྲུན་དང་རིམ་འཕར་ལེགས་བཅོས་ཡོང་བར་རྒྱབ་སྐྱོར་དང་།ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་རའི་ཐད་བཀོལ་བའི་ས་ཞིང་སོགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་ཚོང་ཁྲོམ་ཆེན་མོའི་འཁོར་རྒྱུགས་ཆེན་པོ་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་དང་སྲིང་བལ་དང་སྣུམ་དང་མངར་རྩི་སོགས་ཞིང་ལས་ཐོན་རྫས་འབོར་ཆེན་མཛོད་ཉར་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།ཞིང་ལས་ཐོན་རྫས་གསར་བའི་འཁྱགས་སྦྱོར་དངོས་རྫས་ཀྱི་འཁོར་རྒྱུགས་མ་ལག་འཐུས་ཚང་དང་། ཞིང་ལས་དང་འབྲེལ་བའི་ཁེ་ལས་ཆེ་གྲས་ཐད་མ་དངུལ་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་དངོས་རྫས་འཁོར་རྒྱུགས་སྒྲིག་བཀོད་ཐད་ནས་འཛུགས་སྐྲུན་བྱ་དགོས། ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཚོང་ཟོག་ཚོང་ར་མགྱོ གས་མྱུར་སྒོས་འཕེལ་རྒྱས་དང་རིམ་གྱིས་ཉོ་འཚོང་གི་རིགས་སྣ་རྒྱ་སྐྱེད་དེ། ཐོན་སྐྱེད་བདག་གཉེར་མཁན་ལ་དུས་བཅད་ཚོང་ཟོང་གི་ཉོ་འཚོང་འདུམ་སྲོལ་བཀོལ་སྤྱོད་བྱེད་སྐབས་འབྱུང་བའི་ཚོང་ཁྲོམ་ཉེན་ཁར་གཡོལ་བར་སྐུལ་མ་གཏོང་དགོས།ཞིང་ལས་འགྲེམ་སྟོན་དཔལ་འབྱོར་གྱི་འཕེལ་རྒྱས་དང་ཞིང་ལས་ཐོན་རྫས་གཉེར་འཚོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། བརྒྱ་ཟུང་ཚོང་རའི་བཟོ་འགོད་དང་ཞིང་ལས་ཐོན་རྫས་དང་རང་འདེམས་ཚོང་ཁང་སྦྲེལ་མ་ཆགས་་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཙོ་བོ་ཞིང་ལས་ཐོན་རྫས་སྐྱེད་པའི་རྟེན་གཞི་དང་མུ་འབྲེལ་རང་འདེམས་ཚོང་ཁང་ཆེ་གྲས། སློབ་གྲྭ།དེ་མིན་ད་རུང་ཁེ་ལས་ཆེན་པོ་བཅས་ཀྱི་ཐོན་འཚོང་འབྲེལ་མཐུད་ལ་རོགས་སྐྱོར་བྱས་ཏེ།འཁོར་རྒྱུགས་བརྒྱུད་རིམ་ཇེ་ཉུང་དང་འགྲོ་རྒྱུགས་མ་རྩ་ཇེ་དམའ་རུ་གཏོང་བ་དང་།ཤུགས་ཆེན་པོས་ཞིང་སྡེའི་བར་སྨྱན་པ་གསོ་སྐྱོང་བྱས་ཏེ། ས་རྒྱུས་ཀྱི་མཚོན་རྟགས་དང་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས། ཚོང་རའི་གནས་ཚུལ་ལ་བརྟག་བཤེར་དང་ཆ་འཕྲིན་ཞབས་ཞུ་ཐོན་པར་ཤུགས་སྣོན་དགོས་པ་དང་།རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གསར་བའི་ལྗང་མདོག་ལམ་བུའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

12.སྐྱེ་ཁམས་བདེ་འཇགས་ཀྱི་འགོག་རགས་སྲ་བརྟན་ཞིག་འཛུགས་དགོས། རྨོ་བསྐྱུར་ནགས་སྐྱོང་གི་འབྲས་བུ་སྲ་བརྟན་དུ་གཏོང་བ་དང་།སྐྱེ་ཁམས་ཉམས་ཞན་ས་ཁུལ་གཙོ་ཤས་དང་ས་ཁུལ་གལ་ཆེན་དག་ལ་དབུལ་སྐྱོར་གསར་སྤེལ་དང་ཆུ་མཛོད་ཁུལ་ཕྱིར་ཡུལ་མའི་གནས་སྤོ་ཟུང་འབྲེལ་བྱས་ཏེ། ཚད་དང་རན་པའི་སྒོ་ནས་རྨོ་བསྐྱུར་ནགས་སྐྱོང་ཡོང་ཚད་ཇེ་མང་དུ་གཏོང་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་བཟོ་འགོད་ལག་བསྟར་དུས་ཡུན་ཇེ་རིང་དུ་བཏང་ནས་མགྱོ གས་མྱུར་སྒོས་ལག་བསྟར་བྱེད་ཐབས་བཟོ་དགོས།བྱང་གསུམ་དང་མཚོ་རྒྱུད་དང་འབྲི་ཆུ་སོགས་འགོག་སྲུང་ནགས་རིའི་མ་ལག་དང་།པེ་ཅིན་དང་ཐེན་ཅིན་གྱི་བྱེ་འགྱུར་ས་ཁོངས་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོང་དང་སླར་གསོ་བྱེད་པ་སོགས་ཀྱི་གཙོ་གནད་ནགས་ལས་ཀྱི་སྐྱེ་ཁམས་བཟོ་འགོད་སྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་དང་། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས།ནགས་ཚལ་དང་རྩྭ་ཐང་དང་ས་ཆུ་སྲུང་འཛིན་སོགས་ཀྱི་སྐྱེ་ཁམས་ཐད་ཀྱི་ཁེ་ཕན་ཁ་གསབ་མ་དངུལ་གསོག་འཚག་བྱེད་ཚད་ཇེ་ཆེར་གཏོང་དགོས་པ་དང་། 2010ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་ཐུན་མོང་ནགས་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཐད་ཀྱི་ཁེ་ཕན་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་རྒྱུ་དང་། ནགས་སྐྲུན་དང་གསོ་སྐྱོང་དང་སྲུང་སྐྱོང་དང་དོ་དམ་བཅས་ཀྱི་མ་དངུལ་ཁ་གསབ་ལམ་ལུགས་བཙུགས་ཏེ།སྡོང་འཛུགས་ནགས་བསྐྲུན་དང་ནགས་ཚལ་གསོ་སྐྱོང་གི་ཁ་གསབ་ཚོད་ལྟའི་ས་ཁུལ་བཙུགས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་ནགས་ཤིང་སྤུས་ལེགས་ཐོན་སྐྱེད་རིགས་བཀོལ་སྤྱོད་དང་སྡོང་ཕྲུག་ནགས་ཚལ་དང་ཐོན་ཚད་དམའ་བའི་ནགས་ཚལ་གསོ་སྐྱོང་བཅས་ཀྱི་ཐད་ཁ་གསབ་སྟེར་དགོས། ནགས་ས་སྲུང་སྐྱོང་བྱེད་པའི་བེད་སྤྱོད་འཆར་གཞི་སྒྲིག་བཟོ་དང་ནགས་ཚལ་བདག་གཉེར་བཟོ་འགོད་ཀྱི་འགོ་བརྩམ་པ། ནགས་ཚལ་སྐྱེ་ཁམས་ཀྱི་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ནགས་སའི་ཕྱོགས་བསྡུས་ཐོན་ནུས་ཇེ་མཐོར་གཏོང་དགོས་པ་དང་། ནགས་ཚལ་གྱི་ཕན་པ་འདུ་ཚད་ཤུགས་ཆེན་པོས་ཇེ་མང་དུ་གཏོང་དགོས།དངོས་གནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱུགས་བསྐྱུར་རྩྭ་སྐྱོང་གི་བཟོ་འགོད་ལག་བསྟར་བྱེད་ཚད་ཇེ་ཆེ་དང་དུས་ཡུན་ཇེ་རིང་དུ་གཏོང་བ་བཅས་བྱས་ཏེ། ཁ་གསབ་ཚད་གཞི་དེ་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས། རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་དངོས་འབེབས་བྱས་ཏེ། མུ་མཐུད་དུ་ཕྱུགས་ཟོག་གཏན་འགོག་དང་གནས་སྐབས་སུ་ཕྱུགས་ཟོག་མི་འཚོ་བ།ཕྱུགས་ཟོག་རེས་མོས་འཚོ་བ་བཅས་ལ་སྐུལ་འདེད་དང་སྦྲེལ་ཕྱུགས་ར་ནས་ལག་གསོ་བྱེད་པ་འཕེལ་རྒྱས་སུ་བཏང་ནས། མིས་བཟོས་གཟན་རྩྭ་ས་ཁུལ་དང་འབྲོག་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ལེགས་པར་བསྐྱང་དགོས།བོད་ལྗོངས་སུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལ་བྱ་དགའི་འདུམ་སྲོལ་ཚོད་ལྟ་ས་ཁུལ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་དང་།རྩྭ་ཐང་ལ་ཨ་བྲ་དང་འབུ་གནོད་འབྱུང་བར་འགོག་བཅོས་ཤུགས་ཚད་ཇེ་ཆེར་གཏོང་དགོས། རྩྭ་ཐང་གི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་རྩྭ་ཐང་གི་ཁྲིམས་བསྟེན་དང་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་རྩྭ་ཆུ་སྲུང་འཛིན་གྱི་གཙོ་གནད་བཟོ་འགོད་ལག་བསྟར་བྱེད་པ་དང་།བྲག་ཞུན་ས་ཁུལ་གྱི་རྡོ་ཕྱེ་ཅན་དང་ལྷོ་ཕྱོགས་ཀྱི་རི་བོ་ཉིལ་བ་དང་གས་པ་བཅོས་སྐྱོང་བྱེད་པ་ཇེ་མགྱོ གས་སུ་གཏོང་དགོས། ངོས་ཞིང་གི་ས་ཆུ་འཆོར་བ་ཕྱོགས་བསྡུས་བཅོས་སྐྱོང་་བཟོ་འགོད་འགོ་རྩོམ་པ་བཅས་བྱས་ཏེ།འབབ་རྒྱུད་ཆུང་བའི་གཙང་བཅོས་ལེགས་པོར་བསྐྱང་དགོས།ཞིང་ལས་ས་ཁུལ་གྱི་བརྫད་སྐྱོན་བཅོས་སྐྱོང་ལ་ཤུགས་སྣོན་ཏེ། འཁོར་རྒྱུགས་ཞིང་ལས་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས།།

གསུམ།ཞིང་སྡེའི་དམངས་འཚོ་མགྱོ གས་མྱུར་སྒོས་ཇེ་ལེགས་སུ་བཏང་སྟེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ལས་དོན་གོང་དུ་འཕེལ་བའི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས།

13.ཞིང་པའི་ལས་ཞུགས་དང་ལས་སྤེལ་ལ་ཧུར་ཐག་གིས་སྐུལ་འདེད་དགོས་པ།གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་སྤྱི་པའི་ལས་ཞུགས་ཞབས་ཞུ་མ་ལག་བཙུགས་ཏེ།ཧུར་བརྩོན་གྱིས་ཞིང་ལས་ཐོན་སྐྱེད་ལག་རྩལ་དང་ཞིང་པའི་ལས་གཉེར་ནུས་རྩལ་གསོ་སྦྱོང་བྱེད་པ་དང་། གསོ་སྦྱོང་ཐོན་ཁུངས་བུབ་སྒྲིལ་བྱེད་པ།གསོ་སྦྱོང་བྱ་བ་ཚད་ལྡན་དུ་བཏང་སྟེ།ཞིང་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་འདེབས་པ་དང་ལས་ཞུགས་ལས་སྤེལ་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཕན་མཐོ་ཞིང་ལས་དང་ནགས་ཚལ་གསོ་སྤེལ་ལས་རིགས་གོང་དུ་སྤེལ་ཏེ། ཞིང་ལས་ནང་ཁུལ་གྱི་ལས་ཞུགས་སྦས་ཤུགས་སྔོག་འདོན་བྱ་བ། ཤང་གྲོང་གི་གྲུབ་ཚུལ་ལེགས་སྒྲིག་དང་ཐོན་ལས་རིམ་སྤར་ལ་སྐུལ་འདེད་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྦྱོར་བཟོ་བཟོ་ལས་ལ་རྒྱབ་སྐྱོར་དང་གོང་དུ་སྤེལ་བ། ཧུར་བརྩོན་གྱིས་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་གནས་སྐོར། ནགས་ཚལ་གྱི་གནས་སྐོར་བཅས་ཞིང་སྡེའི་ཞབས་ཞུ་ལས་རིགས་གོང་དུ་སྤེལ་ཏེ། ཞིང་སྡེའི་ཞིང་ལས་མིན་པའི་ལས་ཞུགས་བར་གསེང་རྒྱ་ཆེར་གཏོང་དགོས། ལས་སྤེལ་གྱིས་ལས་ཞུགས་ཁྲིད་པར་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ།ཞིང་པ་ལས་མི་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྤེལ་དང་ཞིང་པས་ས་དེ་ག་དང་ཉེ་ས་ནས་ལས་སྤེལ་བྱེད་པ་དེ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཁོངས་ནང་འགོད་དགོས། ཞིང་པ་ཕྱིར་ལོག་ནས་ལས་ཀ་གཉེར་བའི་ལས་ཞུགས་ལ་མཛུབ་སྟོན་དང་ཞབས་ཞུ་བྱེད་ཤུགས་ཇེ་ཆེར་བཏང་སྟེ།དངོས་གནས་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཞིང་སྡེའི་ངལ་རྩོལ་པ་བརྟན་རླིང་དང་གོ་རིམ་ཡོད་པའི་ངང་སྤོ་བསྒྱུར་བྱེད་པར་སྐུལ་འདེད་བྱ་བ། ཞིང་པ་ཞོར་ལས་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ལས་རྨས་ཉེན་སྲུང་ཡོངས་ཁྱབ་ཏུ་ཁེབས་པའི་འགུལ་སྐྱོད་གཏིང་ཟབ་སར་སྤེལ་བ་དང་།ལས་རིགས་ཀྱི་ནད་འགོག་བཅོས་དང་ཞིང་པ་ཞོར་ལས་པའི་ལུས་ཁམས་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་དགོས་པར་མ་ཟད། ཁེ་ལས་ཀྱིས་གཏན་འཇགས་ཡིན་པའི་ངལ་རྩོལ་འབྲེལ་བ་འཛུགས་པའི་ཞིང་པ་ཞོར་ལས་མཁར་གྲོང་གི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་ཉེན་སྲུང་ནང་བཀོད་དེ། ཞིང་པ་ཞོར་ལས་པ་ཐེ་པའི་མཁར་གྲོང་གི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོ་ཁག་འཁུར་འབྲེལ་བ་སྤོ་བསྒྱུར་བྱེད་ཐབས་དངོས་འབེབ་དམ་འཛིན་བྱ་བ།གཞུང་གཉེར་སློབ་གྲྭ་གཙོ་བོ་ཡིན་པ་དང་། ནང་དུ་ཡོང་ས་གཙོ་བོ་བྱས་ཏེ་ཞིང་པ་ཞོར་ལས་པའི་བུ་ཕྲུག་སློབ་གྲྭར་འགྲོ་བའི་གནད་དོན་ཐག་གཅོད་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ། གྲོང་གསེབ་ཏུ་སྡོད་པའི་བྱིས་པར་སེམས་ཁུར་བྱ་བ།

14.ཞིང་སྡེའི་སློབ་གསོ་དང་འཕྲོད་བསྟེན་དང་རིག་གནས་ལས་དོན་གོང་དུ་འཕེལ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་འདུམ་སྲོལ་བརྟན་པོ་དང་འཐུས་ཚང་དུ་བཏང་སྟེ།དགེ་རྒན་གྱི་གསོ་སྦྱོང་ལམ་ལུགས་དང་ལས་ཕྱོད་ཟླ་ཕོགས་ལམ་ལུགས་དངོས་འབེབས་བཟང་བོ་བྱ་བ། ཞིང་སྡེའི་སློབ་གྲྭའི་སྒྲིག་སྟངས་དེ་དོན་དངོས་དང་མཐུན་དགོས་པ་དང་སློབ་མ་སློབ་གྲྭར་འགྲོ་བདེ་བྱས་ནས་སློབ་མའི་བདེ་འཇགས་ལ་འགན་སྲུང་བྱ་བ།མུ་མཐུད་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་སྡོད་ཁང་ཐད་ཀྱི་བདེ་འཇགས་བཟོ་འགོད་ལག་ཏུ་བསྟར་དགོས་པ་དང་།རིམ་བཞིན་དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སློབ་མའི་འཚོ་བཅུད་གནས་ཚུལ་ལེགས་བཅོས་བྱ་བ།ཤུགས་ཆེན་པོས་འབྲིང་རིམ་ལས་རིགས་སློབ་གསོ་གོང་དུ་སྤེལ་ཏེ།མུ་མཐུད་དུ་ཞིང་སྡེའི་འབྲིང་རིམ་ལས་རིགས་སློབ་གསོར་གྲོན་དངུལ་མི་དགོས་པའི་འཕེལ་རིམ་ལ་སྐུལ་འདེད་བྱ་བ། མུ་མཐུད་དུ་ཞིང་སྡེའི་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་པར་གྲོན་དངུལ་མི་དགོས་པར་ངལ་རྩོལ་གྲ་སྒྲིག་ལམ་ལུགས་ཀྱི་གསོ་སྦྱོང་ལག་ཏུ་བསྟར་དགོས།ཞིང་སྡེའི་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དྲ་བ་འཐུས་ཚང་དུ་གཏོང་དགོས་པ་དང་།ཤང་གྲོང་འཕྲོད་བསྟེན་ཁང་གི་མི་སྣའི་ལས་ཕྱོད་ཟླ་ཕོགས་དང་གྲོང་གསེབ་སྨན་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་ཀྱི་ཁ་གསབ་སྲིད་ཇུས་དངོས་འབེབས་བྱས་ཏེ།རིམ་བཞིན་གྲོན་དངུལ་མི་དགོས་པར་ཞིང་སྡེར་ཁ་ཕྱོགས་པའི་སྨན་པ་གསོ་སྐྱོང་དང་ལས་གཉེར་སྨན་པ་གདན་ཞུ་བྱེད་པའི་འཆར་གཞི་ལག་ཏུ་བསྟར་དགོས། ཞིང་སྡེའི་བུད་མེད་དང་བྱིས་པའི་འཕྲོད་བསྟེན་དང་ནད་འགོག་ལེགས་པར་སྐྱོང་བ་དང་། ཞིང་སྡེའི་བཟའ་ཆས་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། ཧུར་བརྩོན་གྱིས་ཞིང་སྡེའི་རྒྱང་བསྟེན་སློབ་གསོ་དང་རྒྱང་བསྟེན་སྨན་བཅོས་གོང་དུ་སྤེལ་དགོས།ཞིང་སྡེའི་བཙའ་སྐྱེ་དམའ་བའི་ཆུ་ཚད་བརྟན་པོར་བཏང་སྟེ།མུ་མཐུད་དུ་ཞིང་སྡེ་གསར་བ་དང་ཁྱིམ་ཚང་གསར་བའི་འཆར་གཞི་དང་ཉུང་སྐྱེ་མྱུར་ཕྱུག་བཟོ་འགོད་ལ་སྐུལ་འདེད་བྱས་ཏེ། ཞིང་སྡེའི་འཆར་གཞི་བཙའ་སྐྱེ་ཁྱིམ་ཚང་ཁག་ཅིག་ལ་བྱ་དགའི་རོགས་སྐྱོར་ལམ་ལུགས་དང་འཆར་གཞི་བཙའ་སྐྱེ་ཁྱིམ་ཚང་་དམིགས་སུ་བཀར་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཞིང་སྡེའི་འཁྱར་འགྲིམ་མི་འབོར་གྱི་འཆར་གཞི་བཙའ་སྐྱེའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་བ།བརྟན་རླིང་ཡིན་པའི་ཞིང་སྡེའི་རིག་གནས་ཐད་ཀྱི་འགན་སྲུང་འདུམ་སྲོལ་བཙུགས་ཏེ། རྒྱང་བསྒྲགས་དང་བརྙན་འཕྲིན་སྡེ་བ་རེ་རེར་ཡོད་པ་དང་རིག་གནས་ཆ་འཕྲིན་གྱི་ཐོན་ཁོངས་མཉམ་རོལ་ཡོང་བ། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་སྡེ་བའི་རིག་གནས་ཁང་། ཞིང་སྡེ་རུ་གློག་བརྙན་སྟོན་པ། ཞིང་པའི་ཁྱིམ་ཚང་གི་དཔེ་ཁང་སོགས་རིག་གནས་དམངས་ཕན་བཟོ་འགོད་ཀྱི་འཛུགས་སྐྲུན་གཙོ་ཤོས་དང་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་བྱས་ཏེ། མང་ཚོགས་ཅན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་དང་ཞིང་པའི་ལུས་སྦྱོང་བྱ་འགུལ་ཕྱོགས་ཡོངས་ནས་སྤེལ་དགོས།

གོང་མ།:ཀྲུང་སྤེལ[2011]ཡིག་ཨང1པ། (1)

ཞོལ་མ།:ཀྲུང་སྤེལ[2011]ཡིག་ཨང1པ། (1)