ཏང་སྲིད་ཡིག་ཆ།
 

ཀྲུང་སྤེལ[2011]ཡིག་ཨང1པ། (1)

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2011-04-06  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུ་བེད་བཅོས་སྒྱུར་དང་འཕེལ་རྒྱས་ཇེ་

མགྱོགས་སུ་གཏོང་བའི་སྐོར་གྱི་ཆོད་དོན།(1)

(2011ལོའི་ཟླ4པའི་ཚེས6ཉིན།)

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་གི་ཡིག་ཆ།

ཀྲུང་སྤེལ[2011]ཡིག་ཨང1པ།(1)



ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་ཐོན་སྐྱེད་ཀྱི་གཙོ་གནད།སྐྱེ་ཁམས་ཀྱི་རྨང་གཞི་བཅས་ཡིན་པས།ཆུ་བེད་འཕེལ་རྒྱས་སུགཏོང་རྒྱུ་དང་ཆུའི་གནོད་པ་སེལ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་དཔལ་འབྱོར་འཕེལ་རྒྱས།སྤྱི་ཚོགས་ཡར་ཐོན་བཅས་དང་འབྲེལ་བ་ཡོད་ལ།གནའ་ནས་བཟུང་རྒྱལ་སྐྱོང་བདེ་འགོད་ལ་ཐུག་པའི་དོན་ཆེན་ཞིག་ཀྱང་ཡིན།དཔལ་འབྱོར་ཡུནརིངབརྟནབརླིང་དང་ཅུང་མགྱོ གས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བརསྐུལའདེདགཏོང་དགོས་པ་དང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་རྒྱལ་ཁ་གསར་བ་ལེན་དགོས་ན། ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་ཆུ་བེད་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་དགོས་པ་དང་།དངོས་གནས་ཆུ་བེད་འདེགས་སྐྱོར་འགན་སྲུང་གི་ནུས་པ་ཇེ་དྲག་ཏུ་བཏང་ནས།ཆུའི་ཐོན་ཁུངས་འཐུད་མུར་བེད་སྤྱོད་འཐུས་པ་མངོན་དུ་བསྒྱུར་དགོས།ཉེ་བའི་ལོ་འདི་འགར།རང་རྒྱལ་ལ་སྔ་གཞུག་ཏུ་ཆུ་དང་ཐན་པའི་གནོད་འཚེ་ཚབས་ཆེན་བྱུང་ནས་ཚེ་སྲོག་དང་རྒྱུ་ནོར་སོགས་ལ་གྱོ ང་གུན་ཆེན་པོ་བཟོསཔར་མ་ཟད།ཞིང་ཁའི་ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་ཉམས་ཞན་ཡིན་པ་ཤེས་སུ་བཅུག་པས།ངེས་པར་དུ་ཆུ་བེད་འཛུགས་སྐྲུན་ཐད་ཤུགས་སྣོན་དགོས།ད་ལྟ་ཆུ་བེད་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་ཐད་གཤམ་གྱི་ཐག་གཅོད་འདི་དག་བྱས་ཡོད་པ་སྟེ།

གཅིགགནས་བབ་གསར་བའི་འོག་གི་ཆུ་བེད་ཐབས་ཇུས་གོ་གནས།

གཅིགཆུ་བེད་ཕྱོགས་ཀྱི་གནས་བབ་གསར་བ།ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་།ཏང་དང་རྒྱལ་ཁབ་ཀྱིས་ནམ་ཡིན་ཡང་ཆུ་བེད་ཐད་ཀྱི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་མི་དམངས་མགོ་ཁྲིད་དེ་སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་ཆུ་བེད་འཛུགས་སྐྲུན་མང་པོ་སྤེལ་བས།འཛམ་གླིང་ཡོངས་ཀྱིས་མཐོང་ཐུབ་པའི་གྲུབ་འབྲས་ཆེན་པོ་བླངས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་ཐད་བྱས་རྗེས་བླ་ན་མེད་པ་བཞག་ཡོད་མོད།འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ནི་མི་མང་ལ་ཆུ་ཉུང་བ་དང་ཆུའི་ཐོན་ཁུངས་ཀྱི་ཁྱབ་སྟངས་ཆ་མི་སྙོམས་པ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཚུལ་དང་ཆུ་བེད་ཀྱི་གནས་ཚུལ་ཡིན།ཆུ་ལོག་གི་གནོད་འཚེ་བསྟུད་མར་འབྱུང་བ་སྔར་བཞིན་ཀྲུང་ཧྭ་མི་རིགས་ཀྱིས་སེམས་འཁུར་བྱེད་ཡུལ་ཞིག་དང་།ཆུའི་ཐོན་ཁུངས་མཁོ་འདོན་ཐད་ཀྱི་འགལ་བ་འབུར་ཐོན་ཡིན་པ་དེ་སྔར་བཞིན་འཐུད་མུར་འཕེལ་འཐུས་པའི་བུམ་སྐེ་ལྟ་བུ་ཡིན་པ།ཞིང་ལས་ཆུ་བེད་འཛུགས་སྐྲུན་རྗེས་ལུས་ཡིན་པ་དེ་སྔར་བཞིན་ཞིང་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བའི་ཐད་ཀྱི་སེམས་ནད་ཞིག་ཏུ་གྱུར་ཡོད།ཆུ་བེད་སྒྲིག་བཀོད་ཉམས་ཞན་ཡིན་པ་དེ་སྔར་བཞིན་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གཙོ་བོར་གྱུར་ཡོད།བཟོ་ལས་ཅན་དང་མཁར་གྲོང་ཅན་དུ་སྤེལ་བ་དང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཆེར་སོང་བ་དང་བསྟུན་ནས།རང་རྒྱལ་ཆུ་བེད་ཐད་འཕྲད་པའི་གནས་བབ་སྔར་ལས་ཛ་དྲག་ཡིན་པ་དང་གནོད་འཚེ་འགོག་པ་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་ནུས་པ་སྔར་ལས་ཁ་ཚ་དགོས་གཏུག་ཡིན་པ།ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་བྱེད་པའི་བྱ་བ་སྔར་ལས་ཇེ་ལྗིད་ཡིན་པ།ཞིང་ལས་དེ་གཙོ་བོ“གནམ་གཤིས་ལ་བརྟེན་ནས་ཟ་མ་ཟ་བའི”གནས་བབ་བཅོས་སྒྱུར་བྱེད་པའི་འོས་འགན་སྔར་ལས་ཇེ་ལྗིད་དུ་འགྲོ་བ་བཅས་ཀྱི་གནས་ཚུལ་མངོན་ཡོད།2010ལོར་ནུབ་ལྷོ་ས་ཁུལ་དུ་ཐན་སྐྱོན་ཆེན་པོ་བྱུང་བ་དང་ཞིང་ཆེན་དང་ས་ཁུལ།གྲོང་ཁྱེར་མང་པོ་ཞིག་ལ་ད་རུང་ཆུ་ལོག་གི་གནོད་འཚེ་ཐེབས་པ་དང་ས་ཆ་ཁ་ཤས་ཤིག་ལ་རི་ཉིལ་ཤ་འོད་བརྡོལ་བའི་གནས་ཚུལ་བྱུང་བས།ཡང་བསྐྱར་ང་ཚོར་ཆུ་བེད་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་བར་འགོར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་བའི་གསལ་བརྡ་བཏང་ཡོད།

གཉིསགནས་བབ་གསར་བའི་འོག་གི་ཆུ་བེད་ཀྱི་གོ་གནས་དང་ནུས་པ།ཆུ་བེད་ནི་དེང་རབས་ཞིང་ལས་འཛུགས་སྐྲུན་ཐད་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ཞིག་དང་།དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་བའི་ཐད་གང་གིས་ཀྱང་ཚབ་བྱེད་མི་ནུས་པའི་རྨང་གཞིའི་འདེགས་སྐྱོར།སྐྱེ་ཁམས་ཁོར་ཡུག་བཅོས་བསྒྱུར་བྱེད་པའི་ཐད་འབྲལ་ཐབས་མེད་པའི་འགན་སྲུང་མ་ལག་བཅས་ཡིན་པས།དེ་ལ་སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན།ཐབས་ཇུས་རང་བཞིན་ངེས་ཅན་ཞིག་ལྡན།ཆུ་བེད་བཅོས་སྒྱུར་དང་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་རྒྱུ་དེ་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པར་མ་ཟད།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད།ཆུ་འགོག་བདེ་འཇགས་དང་ཆུ་འདོན་བདེ་འཇགས།འབྲུ་རིགས་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པར་མ་ཟད།དཔལ་འབྱོར་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས།རྒྱལ་ཁབ་བདེ་འཇགས་བཅས་ལའང་འབྲེལ་བ་ཡོད།ཆུ་བེད་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གྱི་སྔར་བས་འབུར་ཐོན་གོ་གནས་སུ་བཞག་ནས།ཤུགས་ཆེན་པོས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་དགོས་པ་དང་ཆུ་བེད་ཐད་མཆོངས་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས།

གཉིས།ཆུ་བེད་ཐད་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཐད་ཀྱི་བློ་སྟོན་དགོངས་པ་དམིགས་འབེན་ལས་འགན་དང་གཞི་གྱུར་རྩ་དོན།

གསུམབློ་སྟོན་དགོངས་པ།ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ།ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱེད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ།ཆུ་བེད་དེ་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དམིགས་གསལ་མངའ་ཁོངས་སུ་འཇོག་པ་དང་།ཞིང་ཁའི་ཆུ་བེད་དེ་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འོས་འགན་གཙོ་བོར་འཇོག་པ།ཆུའི་ཐོན་ཁུངས་དོ་དམ་ལ་གཟབ་ནན་བྱེད་རྒྱུ་དེ་དཔལ་འབྱོར་འཕེལ་སྟངས་བསྒྱུར་བའི་ཐབས་ཇུས་སུ་འཇོག་པ་བཅས་བྱས་ཏེ།ཚན་རིག་ལྟར་ཆུ་བཅོས་སྐྱོང་བྱེད་པ་དང་ཁྲིམས་ལྟར་ཆུ་བཅོས་སྐྱོང་བྱེད་པར་མཐོང་ཆེན་དང་།ཉམས་ཞན་པའི་ལྷུ་ལག་འཛུགས་སྐྲུན་བྱེད་པར་མཐོང་ཆེན་དང་ཤུགས་སྣོན་པ།ཤུགས་ཆེན་པོས་དམངས་འཚོ་ཆུ་བེད་འཕེལ་རྒྱས་སུ་གཏོང་བ།ཆུ་བེད་བཅོས་སྒྱུར་ལ་བསྟུད་མར་ཤུགས་སྣོན་པ།མགྱོ གས་མྱུར་སྒོས་ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཆུ་བེད་འཐུད་མུར་འཕེལ་འཐུས་པར་སྐུལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།ཧུར་བརྩོན་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཆུ་བེད་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་དགོས།

བཞིདམིགས་འབེན་ལས་འགན།ལོ5ནས་ལོ10ཡི་རིང་ལ་ཧུར་བརྩོན་བྱེད་པ་བརྒྱུད་དེ། ཆུ་བེད་འཛུགས་སྐྲུན་མངོན་གསལ་སྒོས་རྗེས་ལུས་ཡིན་པའི་རྣམ་པ་དེ་རྩ་བ་ནས་བཅོས་བསྒྱུར་བྱེད་དགོས་པ་དང་།2020ལོའི་བར།ཕལ་ཆེར་ཆུ་འགོག་ཐན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་མ་ལག་འཛུགས་དགོས་པ་དང་།གཙོ་གནད་གྲོང་ཁྱེར་དང་ཆུ་འགོག་སྲུང་སྐྱོང་ས་ཁུལ་གྱི་ཆུ་འགོག་ནུས་པ་མངོན་གསལ་སྒོས་ཇེ་མཐོ་དང་ཐན་འགོག་ནུས་པ་ཇེ་དྲག་ཏུ་གཏོང་དགོས།“ལྔ་བཅུ་གཉིས”ཀྱི་སྐབས་སུ་གཙོ་གནད་ཆུ་བོ་ཆུང་འབྲིང(གཙང་བོ་དང་ཆུ་ཆེན་གྱི་ཆུ་ལག་དང་ཐད་ཀར་རྒྱ་མཚོ་རུ་བཞུར་བའི་ཆུ་བོ།སྐམ་སའི་དབུས་ཁུལ་གྱི་ཆུ་བོ་བཅས)གི་བར་མཚམས་གཙོ་བོ་རྣམས་བཅོས་སྐྱོང་བྱེད་པ་དང་ཆུ་མཛོད་ཆུང་བའི་རིགས་ཀྱི་ཉེན་སེལ་དང་སྲ་བརྟན་དུ་གཏོང་བ་དང་རི་ཉིལ་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དུ་ཁྱོན་ཡོངས་ནས་ཉེན་བརྡ་དང་སྔོན་བརྡའི་མ་ལག་འཛུགས་དགོས།ཆུའི་ཐོན་ཁུངས་ལུགས་མཐུན་སྒོས་བཀོད་སྒྲིག་དང་ནུས་ལྡན་སྒོས་བེད་སྤྱོད་བྱེད་པའི་མ་ལག་ཕལ་ཆེར་བསྐྲུན་ཚར་བར་བྱས་ཏེ།རྒྱལ་ཡོངས་ཀྱི་ལོ་རེའི་ཆུའི་བཀོལ་སྤྱོད་སྤྱི་གྲངས་ཧུར་བརྩོན་སྒོས་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར6700ཡི་ནང་དུ་ཚོད་འཛིན་བྱེད་དགོས་པ་དང་།མཁར་གྲོང་གི་ཆུ་འདོན་འགན་སྲུང་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་བ།མཁར་གྲོང་གཞིས་དམངས་ཀྱི་འཐུང་ཆུའི་བདེ་འཇགས་ཐད་ཁྱོན་ཡོངས་ནས་འགན་སྲུང་བྱེད་པ།སྒོར་ཁྲི་ཅན་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དང་སྒོར་ཁྲི་ཅན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་གི་ཆུའི་བཀོལ་ཚད་ཇེ་དམའ་རུ་གཏོང་བ།ཞིང་ཁའི་ཆུ་འདྲེན་ཕན་ལྡན་ངང་བེད་སྤྱོད་གྲངས་འབོར་དེ0.55ཡན་ལ་ཇེ་མཐོར་གཏོང་བ་བཅས་བྱེད་རྒྱུ་དང་།“ལྔ་བཅུ་གཉིས”ཀྱི་སྐབས་སུ་ཞིང་ཁའི་ཕན་ལྡན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི4000གསར་དུ་བསྣན་ཡོད།ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཆུ་བོ་དང་མཚེའུ་བདེ་འཇགས་འགན་སྲུང་མ་ལག་ཕལ་ཆེར་ལས་ཚར་བར་བྱས་ཏེ།གཙོ་བོ་གཙང་བོ་དང་མཚེའུ་ཡི་ཆུའི་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་བྱེད་དགོས་པ་དང་མཁར་གྲོང་གི་ཆུ་འདོན་དང་ཆུ་ཁོངས་ས་ཁུལ་གྱི་ཆུའི་སྤུས་ཚད་ཚད་ལྡན་དུ་གཏོང་བ།གཙོ་གནད་ཆུའི་མངའ་ཁོངས་ཀྱི་ས་ཆུ་ཤོར་བར་བཅོས་སྐྱོང་ནུས་ལྡན་བྱེད་དགོས་པ།ས་འོག་གི་ཆུ་འཕར་བ་ཕལ་ཆེར་ཚོད་འཛིན་ཐུབ་པ་བཅས་བྱེད་དགོས།ཆུ་བེད་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བར་ཕན་པའི་ལམ་ལུགས་མ་ལག་ཕལ་ཆེར་ལས་ཚར་བར་བྱས་ཏེ།ཆེས་གཟབ་ནན་ཡིན་པའི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཕལ་ཆེར་ལས་ཚར་བ་དང་ཆུ་བེད་ཐད་ཀྱི་གཏོང་འཇོག་བརྟན་བརླིང་ངང་འཕར་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ།ཆུའི་ཐོན་ཁུངས་གྲོན་ཆུང་དང་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པར་ཕན་པའི་ཆུ་རིན་ཆགས་པའི་ནང་རྐྱེན་ཕལ་ཆེར་ལས་ཚར་བར་བྱེད་པ་དང་ཆུ་བེད་བཟོ་འགོད་ཀྱི་འཁོར་བསྐྱོད་ལེགས་པོ་ཡོང་བའི་ནང་རྐྱེན་ཆགས་སུ་འཇུག་པ་བཅས་བྱེད་དགོས།

ལྔགཞི་རྩའི་རྩ་དོན།གཅིག་ནས་དམངས་འཚོ་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས།ཧུར་བརྩོན་སྒོས་མང་ཚོགས་ཀྱིས་ཆེས་ཐུགས་འཁུར་བྱེད་པ་དང་ཆེས་མངོན་སུམ།ཆེས་ཐད་ཀར་བཅས་ཡིན་པའི་ཆུ་བེད་གནད་དོན་ཐག་གཅོད་བྱས་ཏེ།དམངས་འཚོ་ཆུ་བེད་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།འཕེལ་རྒྱས་དང་གནོད་སེལ་ཟུང་འབྲེལ་བྱེད་པ་དང་གནོད་འགོག་དང་གནོད་པ་ཇེ་ཉུང་དུ་གཏོང་བ་མཉམ་སྦྲེལ་བྱེད་པ།རྩ་ལག་མཉམ་བཅོས་བྱེད་པ་བཅས་ལ་དོ་སྣང་དང་།འབབ་རྒྱུད་དང་མངའ་ཁོངས།གྲོང་ཁྱེར་དང་གྲོང་གསེབ།ཤར་དབུས་ནུབ་རྒྱུད་ས་ཁུལ་ཀྱི་ཆུ་བེད་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་བཅས་བྱེད་དགོས།གསུམ་ནས་མི་དང་ཆུ་འཆམ་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།རང་བྱུང་གི་ཆོས་ཉིད་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པར་བྱེད་པ་དང་།ལུགས་མཐུན་སྒོས་གསར་སྤེལ་དང་བཀོད་སྒྲིག་བཟང་བོ་བྱེད་པ།ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པ་བཅས་བྱས་ཏེ།ནུས་ལྡན་སྒོས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་དགོས།བཞི་ནས་སྲིད་གཞུང་གི་གཙོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས།སྤྱི་པའི་རྒྱུ་ནོར་གྱིས་ཆུ་བེད་འཛུགས་སྐྲུན་ལ་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མཉམ་དུ་ཆུ་བཅོས་སྐྱོང་དང་ཆུ་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་ཤུགས་གཅིག་འདོན་བྱེད་དུ་འཇུག་དགོས།ལྔ་ནས་བཅོས་སྒྱུར་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།ཆུ་བེད་གཙོ་གནད་མངའ་ཁོངས་དང་གཙོ་གནད་ལྷུ་ཚིགས་བཅོས་སྒྱུར་དང་སྲ་བརྟན་དུ་གཏོང་ཚད་ཇེ་མགྱོ གས་སུ་བཏང་ནས།ཆུ་བེད་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་ལ་ཚོད་འཛིན་ཐེབས་པའི་བར་བཀག་མེད་པར་བཟོ་དགོས།

གསུམ།ཞིང་ཁའི་ཆུ་བེད་སོགས་ཉམས་ཞན་ལྷུ་ཚིགས་ཀྱི་འཛུགས་སྐྲུན་འབུར་དུ་བཏོད་ནས་ཤུགས་སྣོན་པ།

དྲུགཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཆེར་སྤེལ་བྱ་བ།2020ལོའི་བར།ཆུ་འདྲེན་ས་ཁུལ་ཆེ་རིགས་དང་གཙོ་གནད་ཆུ་འདྲེན་ས་ཁུལ་འབྲིང་གྲས་ཀྱི་མུ་མཐུད་དུ་བསྐྲུན་པའི་ཆ་སྡེབ་དང་ཆུ་གྲོན་ཆུང་བྱེད་པའི་འོས་འགན་ཕལ་ཆེར་འགྲུབ་པར་བྱེད་དགོས་པ་དང་།རྒྱལ་ཡོངས་ཀྱི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ལྷག་གསར་དུ་བསྣན་པའི་ཐོན་སྐྱེད་ནུས་པའི་འཆར་འགོད་ལག་བསྟར་དང་མཉམ་དུ་སྦྲེལ་ཏེ།ས་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ།ཆུ་འདྲེན་ཁུལ་སྐོར་ཞིག་གསར་དུ་བསྣན་ནས་ཞིང་ཁའི་ཕན་ལྡན་སྒོས་ཆུ་འདྲེན་པའི་རྒྱ་ཁྱོན་ཇེ་ཆེར་གཏོང་དགོས།ཆུ་འདྲེན་གཏོང་ས་ཚིགས་ཆེ་འབྲིང་གི་རིགས་ཞིག་གསོ་དང་བཅོས་བསྒྱུར་བྱེད་པ་ལག་བསྟར་བྱེད་པ་དང་གཙོ་གནད་ཆུ་འཁྱིལ་ས་ཁུལ་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས།འདྲེན་གཏོང་མ་ལག་འཐུས་ཚང་དུ་གཏོང་དགོས།ཞིང་ཁའི་ཆུ་བེད་འཛུགས་སྐྲུན་གྱི་ནང་རྐྱེན་གསར་བ་འཐུས་ཚང་དུ་གཏོང་བ་དང་།ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་གྱི་ཁ་གསབ་འབོར་ཆེན་སྒོས་ཇེ་མང་དུ་གཏོང་བ།གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གིས་ཀྱང་དངོས་གནས་ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་གཏོང་བ་བཅས་བྱས་ཏེ།ཞིང་པ་རང་འགུལ་སྒོས་བཟོ་ལས་དང་ཞིང་ལས་ལ་ཞུགས་པར་སྐུལ་ཁྲིད་བྱེད་དགོས།ཞིང་ཁའི་ཆུ་བེད་ཆུང་གྲས་གཙོ་གནད་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་འབྲུ་རིགས་ཐོན་མཐོ་རྫོང་ཆེན་དམིགས་བསལ་གྱིས་སྔོན་ལ་བཀོད་སྒྲིག་བྱེད་པ།ཆུ་འདྲེན་ཁུལ་གྱི་རྐ་ཆུང་འཛུགས་སྐྲུན་དང་ཞིང་ཁའི་ཆ་སྡེབ་བཟོ་འགོད་ལ་ཤུགས་སྣོན་པ།ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཚད་གཞི་མཐོན་པོའི་ཞིང་ཁའི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།ས་བབ་དང་བསྟུན་ནས་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་དགོས་པ་དང་། རི་མ་ས་ཁུལ་དུ་ཆུ་དོང་ཆུང་གྲས་དང་ཆུ་རྫིང་ཆུང་གྲས།ཆུ་གསོག་རྫིང་བུ་ཆུང་གྲས།ཆུ་གསོག་ས་ཚིགས་ཆུང་གྲས།ཆུ་རྐ་ཆུང་གྲས་བཅས་ཀྱི“ཆུ་བེད་ཆུང་གྲས་ལྔའི”བཟོ་འགོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ།གཙོ་བོ་གསར་བརྗེ་ས་ཁུལ་རྙིང་བ་དང་མི་རིགས་ས་ཁུལ།མཐའ་འཁོབ་ས་ཁུལ།དབུལ་ཕོངས་ས་ཁུལ་བཅས་ལ་ཕྱོགས་ཞེན་དགོས།ཤུགས་ཆེན་པོས་ཆུ་གྲོན་ཆུང་ཅན་གྱི་སྦུ་འདྲེན་འཕེལ་རྒྱས་སུ་གཏོང་བ་དང་།ཆུ་རྐ་ནས་ཆུ་ཕྱིར་བཞུར་བ་དང་སྦུ་གུ་ནས་ཆུ་ཕྱིར་བཞུར་བ་སྔོན་འགོག་དང་།ཆུ་གཏོར་བ་བཅས་ཀྱི་ལག་རྩལ་ཁྱབ་གདལ་དུ་བཏང་ནས།ཆུ་གྲོན་ཆུང་བྱེད་པ་དང་ཐན་འགོག་སྒྲིག་ཆས་ཀྱི་ཁ་གསབ་ཁྱབ་ཁོངས་རྒྱ་སྐྱེད་དགོས།ཧུར་བརྩོན་སྒོས་སྐམ་ལས་ལོ་ཏོག་དང་ཆུ་ཤོག་འགེབས་པ།གཏིང་སློག་གཏིང་རྨོ་བྱེད་པ།སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་བཅས་ཀྱི་ལག་རྩལ་འཕེལ་རྒྱས་སུ་གཏོང་དགོས།འབྲོག་ཁུལ་གྱི་ཆུ་བེད་བརྟན་བརླིང་ངང་འཕེལ་རྒྱས་སུ་བཏང་ནས།ཆུ་གྲོན་ཆུང་ཅན་དང་ཕན་ནུས་མཐོ་བའི་ཆུ་འདྲེན་གཟན་རྩྭ་འདེབས་ཁུལ་འཛུགས་སྐྲུན་བྱེད་དགོས།

བདུནཆུ་བོ་ཆུང་འབྲིང་བཅོས་སྐྱོང་བྱེད་པ་དང་ཆུ་མཛོད་ཆུང་གྲས་ཉེན་སེལ་བརྟན་བཟོ་ཇེ་མགྱོགས་སུ་གཏོང་བ།ཆུ་བོ་ཆུང་འབྲིང་བཅོས་སྐྱོང་བྱེད་ན་སྔོན་ལ་ཆུ་ལོག་གི་གནོད་འཚེ་འབྱུང་སླ་བ་དང་སྲུང་སྐྱོང་ས་ཁུལ་གྱི་མི་ཚོགས་འདུས་ཚད་མཐོ་བའི་ས་ཁུལ་དུ་བཀོད་སྒྲིག་བྱེད་དགོས་པ་དང་།སྲུང་སྐྱོང་བྱ་ཡུལ་གཙོ་བོ་ཡིན་པའི་ཆུ་བོ་དང་ཆུ་བོའི་བར་འཚམས།ཆུ་རགས་སྲ་བརྟན་དུ་བཏང་ནས།བཅོས་སྐྱོང་བྱེད་པའི་ཆུ་བོའི་བར་འཚམས་དེ་ཕལ་ཆེར་རྒྱལ་ཁབ་ཀྱི་ཆུ་འགོག་ཚད་གཞི་དང་མཐུན་པར་བྱེད་དགོས།ཉེན་ཁ་ཆེ་བའི་ཆུ་མཛོད་ཆེ་འབྲིང་རིགས་ཀྱི་ཉེན་སེལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་།ཉེན་ལྡན་ཆུ་མཛོད་ཆུང་གྲས་ཀྱི་ཉེན་སེལ་གོམ་སྟབས་ཇེ་མགྱོ གས་སུ་གཏོང་བ།མྱུར་དུ་ཆུ་མཛོད་ཀྱི་བདེ་འཇགས་ཉེན་ཁ་མེད་པར་བཟོ་བ་དང་ཆུ་འགོག་གི་ཆུ་ཤོངས་ཚད་སླར་གསོ་བྱས་ཏེ།ཆུའི་ཐོན་ཁུངས་ཀྱི་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་།ཉེན་ཁ་ཆེ་བའི་ཆུ་སྒོ་ཆེ་འབྲིང་རིགས་ཀྱི་ཉེན་སེལ་དང་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་དགོས།རི་ཉིལ་ས་གཤིས་གནོད་འཚེ་བཅོས་སྐྱོང་བྱེད་དགོས་ན་བཟོ་འགོད་བྱེད་ཐབས་དང་བཟོ་འགོད་མ་ཡིན་པའི་བྱེད་ཐབས་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།མྱུར་དུ་ཆེད་དམིགས་དང་མཉམ་འདུས་ཟུང་འབྲེལ་ཡིན་པའི་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་།གནོད་འགོག་ཉེན་གཡོལ་དང་གཙོ་གནད་བཅོས་སྐྱོང་བྱེད་ཚད་ཇེ་མགྱོ གས་སུ་གཏོང་དགོས།

བརྒྱདམྱུར་དུ་བཟོ་འགོད་ཅན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱེད་དགོས།ནུབ་ལྷོ་སོགས་ཀྱི་བཟོ་བཀོད་རང་བཞིན་གྱི་ཆུ་དཀོན་པའི་ས་ཁུལ་དུ་ཆུ་ཁུངས་བཟོ་འགོད་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོ གས་སུ་གཏོང་བ་དང་།ཆུ་གསོག་འདྲེན་བྱེད་པ་དང་ལུགས་མཐུན་སྒོས་ས་འོག་གི་ཆུ་བསྐོ་སློག་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ།རྫོང་ཁོངས་རེ་སྡེ་ཚན་རེ་བྱས་ཏེ་མྱུར་དུ་ཆུ་མཛོད་ཆུང་འབྲིང་རིགས་དང་ཆུ་གསོག་རྫིང་བུ།མཐུད་འབྲེལ་བཟོ་འགོད་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་།ཞིང་པར་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས།ཆར་ཆུའི་ཐོན་ཁུངས་བེད་སྤྱོད་དང་ཆུ་འདོན་འགན་སྲུང་གི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་གཏོང་བ་དང་།ཆུ་དཀོན་པའི་མཁར་གྲོང་དང་མི་ཚོགས་འདུས་ཚད་ཅུང་མཐོ་བའི་གྲོང་གསེབ་ཀྱི་ཆུ་འདོན་གནད་འདོན་ཕལ་ཆེར་ཐག་གཅོད་བྱེད་ཐུབ་པར་བྱ་དགོས།

དགུབྲུབ་འགོག་ཐན་གཡོལ་གྱི་སྐབས་བསྟུན་ནུས་པ་ཇེ་མཐོར་གཏོང་བ།བྲུབ་འགོག་ཐན་འགོག་གི་གཅིག་གྱུར་བཀོད་འདོམས་དང་ཁག་བགོས་ནས་འགན་འཁུར་བ།སྡེ་ཁག་མཉམ་འབྲེལ་བྱེད་པ།ཚུར་སྣང་མགྱོ གས་པ།མཐུན་སྦྱོར་སྒྲིག་ལམ་ཡོད་པ།འཁོར་སྐྱོད་ནུས་ལྡན་ཡིན་པ་བཅས་ཀྱི་སྐབས་བསྟུན་དོ་དམ་ནང་རྐྱེན་མྱུར་དུ་ཇེ་མགྱོ གས་སུ་གཏོང་དགོས་པ་དང་།ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡའི་ནུས་པར་ཤུགས་སྣོན་པ་དང་།མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་ཐོན་ཁུངས་ཧྲག་སྡེབ་བཅས་བྱས་ཏེ།ཆར་ཆུ་དང་དྲག་ཆར་དང་ཐན་པ་བཅས་ཀྱི་གནས་ཚུལ་སྔོན་བརྡའི་ཆུ་ཚད་ཇེ་མཐོར་གཏོང་དགོས།ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གཉིས་ཕན་ཚུན་མཉམ་འབྲེལ་བྱེད་པའི་དུས་བསྟུན་ཉེན་སེལ་དང་མྱུར་སྐྱོབ་དཔུང་སྡེ་འཛུགས་པ་དང་ཧུར་བརྩོན་སྒོས་རྫོང་དང་ཤང་རིམ་པ་གཉིས་ཀྱི་བྲུབ་འགོག་ཐན་འགོག་ཞབས་ཞུའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།དུས་བསྟུན་ཉེན་སེལ་དངོས་གསོག་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།དུས་བསྟུན་སྔོན་འགོག་གི་ནུས་པ་ཇེ་མཐོར་གཏོང་དགོས།གཞི་ཁྱོན་ལུགས་མཐུན་དང་ཚད་གཞི་རན་པའི་ཐན་འགོག་དུས་བསྟུན་ཆུ་ཁུངས་བཟོ་འགོད་སྐོར་ཞིག་འཛུགས་སྐྲུན་བྱས་ཏེ།ཐན་སྐྱོན་ཚབས་ཆེན་ལ་ཁ་གཏད་པའི་ཐོལ་བྱུང་ཆུའི་བདེ་འཇགས་ཐད་ཀྱི་དོན་རྐྱེན་གྱི་ཆུ་ཁུངས་གསོག་འཇོག་ལམ་ལུགས་འཛུགས་དགོས།མིས་ཐབས་ཀྱིས་ཁངས་ཆར་འབེབས་པའི་ལས་སྒྲུབ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་མཁའ་དབྱིངས་གི་ཆུ་སྤྲིན་ཐོན་ཁུངས་ཕན་ལྡན་སྒོས་བེད་སྤྱོད་དགོས།

བཅུཞིང་སྡེའི་འཐུང་ཆུའི་བདེ་འཇགས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ།2013ལོར་ཐོན་དུས་འཆར་འགོད་ཁྲོད་ཀྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་པ་དང་།“ལྔ་བཅུ་གཉིས”སྐབས་སུ་གསར་དུ་བསྣན་པའི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་མིན་པའི་མི་འབོར་གྱི་འཐུང་ཆུའི་གནད་དོན་ཕལ་ཆེར་ཐག་གཅོད་དགོས། ཧུར་ཐག་གིས་གཅིག་བསྡུས་སྒོས་ཆུ་འདོན་སྤྲོད་བྱེད་པའི་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་རུ་རང་འབབ་ཆུ་ཁྱབ་ཚད་མཐོར་འདེགས་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གཅིག་བསྡུས་སྒོས་ཆུ་འདོན་སྤྲོད་བྱེད་པའི་སྦུ་གུ་ཇེ་རིང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གཅིག་བསྡུས་ཅན་གྱི་ཆུ་འདོན་སྤྲོད་བྱེད་ཚུལ་གོང་དུ་སྤེལ་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་བཀོལ་སྤྱོད་དང་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། བདག་སྐྱོང་བྱེད་པའི་གཙོ་གཞི་དངོས་འབེབས་བྱེད་དགོས། ཆུ་ཁུངས་སྲུང་སྐྱོང་དང་ཆུ་སྤུས་ལ་ལྟ་ཞིབ་བྱེད་པར་ཤུགས་བསྣན་ནས། བཟོ་འགོད་ཀྱིས་དུས་ཡུན་རིང་བོར་ཕན་འབྲས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་འགོད་འཛུགས་སྐྲུན་ཐད་ས་ཞིང་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་གཏན་འབེབས་བྱས་ཐོག་དེར་རྒྱབ་སྐྱོར་བྱས་ནས། ས་ཞིང་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་ལ། འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་པར་དཔྱ་ཁྲལ་བསྡུ་བའི་ཐད་ནས་གཟིགས་སྐྱོང་གནང་དགོས་པ་དང་། ཆུ་འདོན་སྤྲོད་བྱེད་པར་གློག་བཀོལ་བ་དེ་སྡོད་དམངས་ཀྱི་འཚོ་བའམ་ཡང་ན་ཞིང་ལས་ཐད་ཆུ་འདྲེན་གཏོང་བྱས་པར་གློག་བཀོལ་བའི་རིན་གོང་ལྟར་བསྡུ་དགོས།

བཞི།ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ།

བཅུ་གཅིགཆུ་ཆེན་གཙང་ཆེན་གྱི་བཅོས་སྐྱོང་མུ་མཐུད་དུ་ལག་བསྟར་བྱེད་པ།ཧོས་ཧི་ཆུ་བོ་སྔར་ལས་བཅོས་སྐྱོང་བྱེད་པ་དང་། རྨ་ཆུའི་སྨད་རྒྱུད་བཅོས་སྐྱོང་དང་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ཆུ་བོ་ཚོད་འཛིན་གང་ལེགས་བྱེད་པ། གཙང་བོ་གཙོ་བོའི་བཞུར་ལམ་བཅོས་སྐྱོང་དང་ཆུ་རགས་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཐའེ་མཚེའུ་དང་ཏུང་ཐའེ་མཚེའུ། ཕན་དབྱང་མཚེའུ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། ཆུ་ལོག་གསོག་ཁུལ་འཛུགས་སྐྲུན་བྱེད་པ་ཁྱོན་ཡོངས་ནས་ཇེ་མགྱོ གས་སུ་གཏོང་བ་དང་། སྡོད་དམངས་གནས་སྤོར་བར་བཀོད་སྒྲིག་འོས་འཚམ་བྱེད་དགོས། རྨ་ཆུའི་སྨད་རྒྱུད་ཀྱི་གྲམ་ངོགས་ཁུལ་བདེ་འཇགས་འཛུགས་སྐྲུན་གང་ལེགས་བྱེད་དགོས།“ལྔ་བཅུ་གཉིས”སྐབས་སུ་བཞུར་རྒྱུད་ཁག་ཅིག་ཏུ་ཆུ་ལོག་སྔོན་འགོག་དང་ཚོད་འཛིན་རང་བཞིན་གྱི་ཆུ་བེད་འགག་རྩའི་བཟོ་འགོད་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱས་ཏེ། ཆུ་ལོག་གསོག་ཚད་སྙོམས་སྒྲིག་བྱེད་པའི་ནུས་པ་མུ་མཐུད་དུ་མཐོར་འདེགས་བྱེད་དགོས། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་པའི་བཟོ་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གྲོང་ཁྱེར་གྱི་འཁྱིལ་ཆུ་ཕྱིར་འབུད་བྱེད་པའི་ཚད་གཞི་ཇེ་མཐོར་གཏོང་དགོས། རྒྱ་མཚོའི་ཆུ་རགས་འཛུགས་སྐྲུན་དང་ས་མཚམས་བརྒལ་བའི་ཆུ་རྒྱུན་བཅོས་སྐྱོང་བྱེད་པར་སྐུལ་སྤེལ་བྱེད་དགོས།

གོང་མ།:ཀྲུང་སྤེལ[2010]ཡིག་ཨང1པ།(1)

ཞོལ་མ།:ཀྲུང་སྤེལ[2010]ཡིག་ཨང1པ།(1)