ཏང་སྲིད་ཡིག་ཆ།
 

ཀྲུང་སྤེལ{2015}ཡིག་ཨང་དང་པོ།

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2015-09-16  རྩོམ་པ་པོ།:མཚོ་ནུབ་སྐད་ཡིག་ཁང་།  རྩོམ་སྒྲིག་པ།:ཀུན་གྲགས།    ཀློགས་གྲངས།:

ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ།

ཀྲུང་སྤེལ2015ཡིག་ཨང་དང་པོ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བཅོས་བསྒྱུར་གསར་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཞིང་ལས་དེང་རབས་ཅན་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགའ།

༼2015ལོའི་ཟླ1ཚེས1ཉིན།༽

2014ལོར་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་འདོམས་ལག་ལེན་མཐིལ་ཕྱིན་བྱས་ཤིང་།ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་སྤེལ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། འབྲུ་རིགས་ཐོན་ཚད་ལོ་བཅུ་གཅིག་རིང་བསྟུད་མར་འཕར་སྣོན་བྱུང་བ་དང་ཞིང་བའི་ཡོང་སྒོ་ཡང་མུ་མཐུད་དུ་ཇེ་མང་དུ་སོང་།ཞིང་སྡེའི་སྤྱི་སྤྱོད་ལས་དོན་རྒྱུན་མཐུད་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡིན་ལ།བརྟན་འཇགས་འཕར་སྣོན་དང་སྒྲིག་གཞི་ལེགས་སྒྲིག  བཅོས་བསྒྱུར་སྐུལ་སྤེལ།དམངས་འཚོར་ཕན་ཁེ་བསྐྲུན་པ་བཅས་ཀྱི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད།

མིག་སྔར།རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕོ་འགྱུར་གསར་བའི་གནས་བབ་ལ་སླེབས་ཡོད་པ་སྟེ།དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བ་ནས་ཅུང་དལ་བའི་སྐབས་སུ་ཐོན་ཡོད་པས།རྒྱབ་ལྗོངས་འདི་འདྲའི་འོག་ཏུ་ཞིང་ལས་རྨང་གཞི་ཇེ་དྲག་དང་ཞིང་བའི་ཡོང་སྒོ་མུ་མཐུད་ཇེ་མཐོར་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་གལ་ཆེན་ཞིག་རེད་ཨང་།རྒྱལ་ནང་གི་ཞིང་ལས་ཐོན་སྐྱེད་ཀྱི་མ་གོང་ཇེ་མཐོར་སོང་བ་དང་བསྟུན་ཏེ་ཞིང་ལས་ཐོན་རྫས་མང་ཆེ་བའི་རིན་གོང་རྒྱལ་སྤྱིའི་ཚོང་ར་ལས་མཐོ་བས།གནོན་ཤུགས་དེ་འདྲའི་འོག་ཏུ་སྔར་བཞིན་ཞིང་ལས་ཀྱི་རྒྱབ་སྐྱོར་དང་སྲུང་སྐྱོང་སྲིད་ཇུས་གསར་སྐྲུན་དང་ཞིང་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ་ནི་ང་ཚོར་འཕྲད་ཡོད་པའི་ཚོད་བགམ་གལ་ཆེན་ཞིག་རེད།རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་དཀོན་པ་དང་།སྔོག་འདོན་ཚད་ལས་བརྒལ་བ་དང་བཙོག་བཟོ་ཚབས་ཆེ་དྲགས་ལ།འདི་ལྟ་བུའི་གནས་བབ་འོག་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་དང་རྒྱུ་སྤུས་ལ་ཁག་ཐེག་བྱེད་པ།ཞིང་ལས་རྒྱུན་མཐུད་གོང་དུ་སྤེལ་བའི་ནུས་ཤུགས་མཐོར་འདེགས་སུ་གཏོང་རྒྱུ་ནི་འགྲན་རྩོད་གལ་ཆེན་ཞིག་ཡིན།ཞང་གྲོང་གི་ཐོན་ཁུངས་རྒྱུ་རྐྱེན་འཁོར་སྐྱོད་བྱེད་པའི་བགྲོས་ཚད་ཇེ་མྱུར་དང་།ཞང་གྲོང་ཕན་ཚུན་བར་གྱི་འབྲེལ་འདྲིས་ཇེ་མང་དུ་འགྲོ་བཞིན་པའི་གནས་བབ་འོག་ཏུ་ཞིང་སྡེ་གསར་བའི་འཛུགས་སྐྲུན་གྱི་གོམས་སྟབས་ཇེ་མགྱོགས་དང་ཞང་གྲོང་མཉམ་དུ་དར་རྒྱས་བྱུང་བ་མངོན་འགྱུར་བྱེད་རྒྱུ་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།དཀའ་གནད་འདི་དག་ཐག་གཅོད་བྱེད་རྒྱུ་ནི་རྗེས་ཕྱོགས་ཀྱི་དུས་རིམ་ཞིག་གི་ཞིང་གསུམ་བྱ་བའི་ལས་འགན་གལ་ཆེན་ཞིག་ཀྱང་རེད།ཞིང་གསུམ་གྱི་གནད་དོན་སེལ་རྒྱུ་དེ་ངེས་པར་དུ་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་གྱི་གྲས་སུ་རྩི་དགོས་ལ།བཅོས་བསྒྱུར་ལ་བརྟེན་ནས་སྒུལ་ཤུགས་བསྩལ་བ་དང་། ཁྲིམས་སྐྱོང་འགན་སྲུང་དུ་རྩིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཞིང་ལས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།

2015ལོར་ཞིང་ལས་དང་ཞིང་སྡེའི་བྱ་བ་དེ་ཕྱོགས་ཡོངས་ནས་ཏང་གྱི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་དགོས་པ་དང།ཏེང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།ཚན་རིག་གིས་འཕེལ་རྒྱས་གཏོང་བའི་ལྟ་བ་བཅས་མཛུབ་སྟོན་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གཏིང་ཟབ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ།རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་ཀུན་གསར་བར་གོམས་སུ་འཇུག་དགོས་ཤིང་།འབྲུ་རིགས་བརྟན་འཇགས་དང་ཡོང་སྒོ་འཕར་བ། རྒྱུ་སྤུས་མཐོར་འདེགས་དང་ཁེ་ཕན་བརྩོན་ལེན།གསར་སྐྲུན་དང་སྐུལ་འདེད་དང་སྒུལ་ཤུགས་བཅས་ཀྱི་སྤྱིའི་བླང་བྱ་ལྟར།མུ་མཐུད་དུ་ཕྱོགས་ཡོངས་ནས་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན།ཞིང་ལས་དེང་རབས་ཅན་བཅས་མཉམ་སྤེལ་བྱེད་པར་སྐུལ་འདེད་བྱེད་པ། འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བའི་ཐད་ནས་ཐབས་ལམ་གསར་བ་འཚོལ་བ།ཞིང་ལས་སྒྲིག་གཞི་ལེགས་བསྒྱུར་བྱེད་པའི་སྟེང་ཐབས་ཤེས་གསར་བ་སྙེག་པ།ཞིང་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་བའི་སྟེང་ནས་འགག་སྒོ་གསར་བ་རྟོལ་ཅི་ཐུབ་བྱེད་པ།ཞིང་བའི་ཡོང་སྒོ་ཇེ་མང་གཏོང་བའི་ཕྱོགས་ནས་གྲུབ་འབྲས་གསར་བ་ལེན་པ།ཞིང་སྡེ་གསར་བ་བསྐྲུན་པའི་ཐད་ནས་གོམ་པ་གསར་བ་སྤོ་བ་བཅས་ལ་འབད་བརྩོན་བྱས་ཏེ།དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་བྱུང་བར་འདེགས་སྐྱོར་ཀ་བ་ལྟ་བུ་འདོན་སྤྲོད་བྱ་དགོས།

གཅིགདེང་རབས་ཞིང་ལས་འཛུགས་སྐྲུན་དམ་པོར་བཟུང་ནས་མགྱོགས་མྱུར་ངང་ཞིང་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་བ།

ཀྲུང་གོར་འབྱོར་བ་ལྡན་དགོས་ན་ཞིང་ལས་ལ་ངེས་པར་སྟོབས་འབྱོར་ལྡན་དགོས།ཞིང་ལས་སྟོབས་འབྱོར་ཅན་དུ་གཏོང་ན་ངེས་པར་དུ་མགྱོགས་མྱུར་ངང་ཐོན་ཚད་ལ་དམིགས་པ་དང་ཐོན་ཁུངས་ཟད་གྲོན་གྱི་རགས་ལས་བདག་གཉེར་བྱེད་ཐབས་ནས་གྲངས་ཀ་དང་སྤུས་ཀ་ཉིས་འཛོམས་ཅན་དང་འགྲན་རྩོད་ནུས་ཤུགས་ཇེ་མཐོ་གཏོང་བར་དོ་སྣང་བྱེད་པ།ཞིང་ལས་ཀྱི་ཚན་རྩལ་གསར་སྐྲུན་ལ་མཐོང་ཆེན་བྱེད་པ། རྒྱུན་མཐུད་ཀྱི་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ལ་དོ་སྣང་བྱེད་པ་བཅས་ཀྱི་བདག་གཉེར་བྱེད་ཐབས་སུ་ཁ་ཕྱོགས་ཏེ།ཐོན་རྫས་བདེ་འཇགས་ཡིན་པ་དང་། ཐོན་ཁུངས་ལ་གྲོན་ཆུང་བྱེད་པ།ཁོར་ཡུག་ལ་མི་གནོད་པའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གཞུང་ལམ་རིང་མོའི་སྟེང་ཞུགས་དགོས།

1.འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། གོམ་གང་མདུན་སྤོས་སྒོས་ཧྲིན་ཀྲང་གིས་འབྲུ་རིགས་ལ་འགན་ཁུར་བའི་ལམ་ལུགས་འཐུས་ཚང་དང་མངོན་འགྱུར་བྱ་དགོས།འབྲུ་རིགས་ཐོན་སྐྱེད་གཙོ་བོ་ཡིན་པའི་ཞིང་ཆེན་དང་རྫོང་ལ་སྲིད་ཇུས་ཀྱི་གསེག་སྣེ་བཏོད་དགོས་ཤིང་།འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་འབྲུ་རིགས་བཏབ་ན་ཕན་ཁེ་ཐོབ་པ་དང་འཕེལ་རྒྱས་འབྱུང་བར་འགན་སྲུང་བྱ་དགོས། འབྲུ་རིགས་འཚོང་ས་གཙོ་ཁུལ་གྱིས་རང་ས་ཁུལ་གྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱ་དགོས།ཁྱོན་ཡོངས་ནས་ཡུན་རིང་གི་ཞིང་ཚིགས་ཀྱི་དབྱེ་མཚམས་གཅོད་པའི་བྱ་བ་སྤེལ་དགོས།རྒྱལ་ཡོངས་ཀྱི་ཚད་མཐོའི་ཞིང་ཚིགས་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་གཅིག་གྱུར་འཆར་འགོད་བྱ་དགོས།རྨོ་ཞིང་གི་རྒྱུ་སྤུས་ལ་འགེབས་སྲུང་དང་མཐོར་འདེགས་བྱེད་པའི་བྱ་བ་ལག་ཏུ་བསྟར་དགོས། རྨོ་ཞིང་གི་ས་ཤུན་བཤུས་ནས་ཡང་བསྐྱར་བཀོལ་བར་ཁྱོན་ཡོངས་ནས་འཛུགས་སྐྲུན་སྐུལ་འདེད་བྱ་དགོས།འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ས་ཁུལ་འཚོལ་ཞིབ་འཛུགས་སྐྲུན་བྱས་ནས།བཟའ་འབྲུ་ཐོན་སྐྱེད་ནུས་ཤུགས་ཞིང་ཁ་ནས་མངོན་འགྱུར་བྱེད་པ་དང་འགན་སྲུང་བྱེད་ཐབས་བྱེ་བྲག་གི་ལས་གཞིའི་སྟེང་འཁྱོལ་བར་བྱེད་དགོས།མ་དངུལ་གཏོང་བ་དང་མ་དངུལ་མཉམ་བསྲེས་ཀྱི་ནང་རྐྱེན་གསར་སྐྲུན་བྱེད་དགོས་ཤིང་།དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས།སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆུ་འདྲེན་བཟོ་སྐྲུན་གཙོ་ཆེན་འགའ་དང་ཆུ་མགོའི་བཟོ་སྐྲུན།གཙང་བོ་དང་མཚེའུ་བཅོས་སྐྱོང་གི་རྐང་འཛིན་བཟོ་སྐྲུན་བཅས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། གྲོན་ཆུ་དང་ཆུ་འདོན་ཆུ་བེད་བཟོ་སྐྲུན་ཆེན་པོ་འཛུགས་སྐྲུན་བྱེད་པར་ས་ཞིང་བསྡུ་རབ་དང་རྨོ་ཞིང་བླངས་ནས་ཁ་གསབ་སྟེར་བར་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་ལས་གཞིའི་སྲིད་ཇུས་ལག་བསྟར་བྱེད་སྐབས་ཀྱི་ཁ་གསབ་ནང་བཞིན་འདྲ་མཉམ་ཡོད་དགོས།མགྱོགས་མྱུར་ངང་ཞིང་ཆུ་གཏོང་ས་ཆེ་འབྲིང་གི་རྗེས་མཐུད་འཛུགས་སྐྲུན་ཆ་ཚང་བ་དང་ཆུ་བེད་གྲོན་ཆུང་བཅོས་བསྒྱུར་བྱ་དགོས།དེང་རབས་ཀྱི་ཞིང་ཆུ་གཏོང་ཡུལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།ཞིང་ཚིགས་ཆུ་བེད་ཆུང་བའི་རིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།འབྲུ་རིགས་ཐོན་ལེགས་ཀྱི་ཚན་རྩལ་བཟོ་སྐྲུན་དང་ས་ཞིང་བ་ཚྭ་ཅན་བཅོས་བསྒྱུར་བྱེད་པའི་ཚན་རྩལ་དཔེ་སྟོན་ལག་བསྟར་བྱ་དགོས།འབྲུ་རིགས་ཀྱི་ཐོན་ཚད་མཐོན་པོ་ཅན་གསར་སྐྲུན་དང་ལྗང་མདོག་ཐོན་འཕར་གྱི་མ་དཔེ་འཛུགས་པའི་བྱ་བ་གཏིང་ཟབ་སྤེལ་དགོས།རྩི་ཤིང་སྲུང་སྐྱོང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱ་དགོས།ལོ་ཏོག་གི་གནོད་འབུ་ལ་ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་དང་བཅོས་སྐྱོང་བྱ་དགོས།

2.ཞིང་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱ་བ་གཏིང་ཟབ་ཀྱིས་སྐུལ་འདེད་གཏོང་དགོས།ཚན་རིག་གིས་ཞིང་ལས་ཐོན་རྫས་གཙོ་བོའི་རང་མཁོ་ཆུ་ཚད་གཏན་འབེབ་བྱ་དགོས།འོས་འཚམས་ཀྱིས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་བསལ་གོ་རིམ་བཀོད་སྒྲིག་བྱ་དགོས། སྐེ་ཚེའི་རྒྱུ་དང་མངར་ཆའི་རྒྱུ།རང་བྱུང་འགྱིག་གི་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་གྱི་འཆར་འགོད་ལག་བསྟར་བྱ་དགོས། རྩྭ་ས་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་དགོས།སྔོ་གཟན་མ་རྨོས་ལོ་ཏོག་དང་རྒྱ་སྤོས་སོགས་གཟན་རྩའི་རྒྱུ་ཆ་འདེབས་འཛུགས་བྱེད་པར་རྒྱབ་སྐྱོར་གནང་དགོས།འབྲུ་རིགས་གཟན་ཆག་ཏུ་བསྒྱུར་བ་དང་འདེབས་འཛུགས་དང་གསོ་སྤེལ་ཟུང་འབྲེལ་གྱི་མཐུན་སྦྱོར་ཚོད་ལྟ་བྱེད་ས་འཛུགས་དགོས།འབྲུ་རིགས་དང་དཔལ་འབྱོར་ལོ་ཏོགགཟན་ཆག་བཅས་སྣ་གསུམ་འདེབས་འཛུགས་མཐུན་སྦྱོར་གོང་སྤེལ་གཏོང་བར་སྐུལ་སྤེལ་བྱ་དགོས།ས་གནས་སོ་སོའི་ཐོན་ཁུངས་རྐང་འཛུགས་ས་བྱས་ནས་ཁྱད་ཐོན་ཞིང་ལས་ཤུགས་ཆེན་པོས་གསོ་སྤེལ་བྱ་དགོས།ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བཀོད་པ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོ་ནས་ཞིང་ཕྱུགས་ལས་དང་འབྲུ་རིགས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས།ཞིང་ལས་ཐོན་རྫས་དང་ཐོན་སྐྱེད་བྱེད་ཡུལ་གྱི་ལས་སྣོན་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས།ཞིང་ལས་ཐོན་རྫས་ཞིབ་ཚགས་ལས་སྣོན་འཕེལ་རྒྱས་སུ་གཏོང་དགོས།མུ་མཐུད་དུ་ཚད་ལྡན་ཅན་གྱི་ལྡུམ་རའི་སྐྱེ་དངོས་ལོ་ཏོག་འདེབས་འཛུགས་ལ་ཤུགས་སྣོན་དང་།ལྡུམ་རའི་ཐོན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་དང་གྲུབ་འབྲས་ཇེ་བཟང་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱ་དགོས།ཕག་དང་བ་མོ། བཤའ་ཟོག་བཅས་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་དགོས།ཕྱུགས་ཟོག་རྒྱུད་ལེགས་སྤེལ་བའི་བཟོ་སྐྲུན་ལག་བསྟར་བྱ་དགོས།མགྱོགས་མྱུར་ངང་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན།ཚད་ལྡན་ཅན་གྱི་ཕྱུགས་ཟོག་གསོ་སྤེལ་བྱེད་པར་སྐུལ་འདེད་བྱས་ཏེ། ཕྱུགས་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས།སྲོག་ཆགས་ཀྱི་འགོའི་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཆུ་ཐོན་བདེ་འཇགས་གསོ་སྤེལ་བྱེད་པར་སྐུལ་འདེད་བྱ་དགོས་པ་སྟེ། ཚད་ལྡན་ཅན་གྱི་རྫིང་བུའི་གསོ་སྤེལ་བཅོས་བསྒྱུར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་མུ་མཐུད་དུ་རྒྱང་རིང་འགྲིམ་པའི་ཉ་གྲུ་གསར་བརྗེ་བཟོ་བཅོས་བྱ་བར་རྒྱབ་སྐྱོར་དང་།ཉ་ཡི་ལས་རིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས།

3.ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཟས་རིགས་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།རྫོང་དང་ཞང་གི་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཟས་རིགས་བདེ་འཇགས་ལྟ་སྐྱོང་གི་ནུས་ཤུགས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས།ཞིང་ལས་ཕྱོགས་སུ་བཀོལ་བའི་དངོས་རྫས་ཀྱི་བདག་དོམ་ལ་གཟབ་ནན་བྱ་དགོས་ཤིང་།ཞིང་ལས་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གཙོ་བོ་དང་སྡེབ་འཚོང་ཚོང་རའི་རྒྱུ་སྤུས་བདེ་འཇགས་ཞིབ་བཤེར་ཚད་ལེན་གྱི་འགྲོ་གྲོན་ལ་ཁ་གསབ་སྟེར་བའི་སྲིད་ཇུས་མངོན་འགྱུར་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་ནམ་ཡིན་ཡང་འཚོལ་ཞིབ་དང་མཉམ་སྤྱོད་བྱེད་ཐུབ་པའི་བདེ་འཇགས་ཆ་འཕྲིན་སྟེགས་བུ་ཞིག་སྒྲིག་འཛུགས་བྱ་དགོས།ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་རྫོང་དང་ཟས་རིགས་བདེ་འཇགས་གྲོང་ཁྱེར་གསར་འཛུགས་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་དགོས།ཐོན་རྫས་མིང་གྲགས་དང་ཁྱད་ཆོས་ལྡན་པ།  སྔོན་ཐོན་ཅན།གསར་བ་བཅས་གོང་འཕེལ་གཏོང་བ་དང་། སྐད་གྲགས་ཅན་གྱི་ཚོང་རྟགས་སྐྱེད་སྲིང་བྱ་དགོས།ཟས་རིགས་བདེ་འཇགས་ལྟ་སྐྱོང་གི་ཕྱོགས་བསྡུས་མཐུན་སྦྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ས་གནས་སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ཕྱི་ཕྱོགས་ནས་ཡོང་བའི་གནོད་ལྡན་སྐྱེ་དངོས་བཀག་ནས་ཞིང་ནགས་ལས་ཐོན་སྐྱེད་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས།ཐོན་སྐྱེད་བདག་གཉེར་མཁན་གཙོ་བོའི་འགན་ཁུར་གསལ་བོ་བྱས་ནས་རིགས་སོ་སོའི་ཟས་རིགས་བདེ་འཇགས་ཀྱི་ཉེས་ཅན་པའི་བྱ་སྤྱོད་ལ་ཁྲིམས་ཆད་ནན་མོ་བཅད་ནས་མང་ཚོགས་ཀྱི་ཡིད་ཚིམ་དུ་འཇུག་དགོས།

4.ཞིང་ལས་ཚན་རྩལ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།ཞིང་ལས་ཚན་རྩལ་གསར་སྐྲུན་ལ་སྐུལ་མ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་མི་སྣ་དང་ཁེ་ལས་ཀྱི་འཇོན་མི་འཁོར་རྒྱུག་དང་ལས་འགན་གཅིག་ལྕོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ཚན་ཞིབ་གྲུབ་འབྲས་ཀྱི་བཀོལ་སྤྱོད་དང་བཀོད་སྒྲིགཁེ་སྤོགས་དོ་དམ་དང་ཚན་རྩལ་མི་སྣའི་མ་རྐང་དབང་ཆའི་སྐུལ་གཏོང་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་པ་མ་ཟད་།ཚན་རྩལ་མི་སྣའི་གསར་སྐྲུན་ལས་བསྐྲུན་གྱི་བརྩོན་སེམས་སློང་དགོས། ཞིང་ལས་ཚན་རྩལ་འཆར་འགོད་ལེགས་སྒྲིག འཆར་གཞི་དང་ཚན་རྩལ་ཐོན་ཁུངས་མཐུན་སྦྱོར་ནང་རྐྱེན་འཛུགས་དགོས།རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གལ་ཆེན་གྱི་རྨང་གཞིའི་སྒྲིག་ཆས་དང་ཚན་ཞིབ་ཡོ་ཆས་སྤྱི་ཚོགས་སྟེང་སྒོ་འབྱེད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཁེ་ལས་ཀྱིས་ཞིང་ལས་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་པར་སྣེ་ཁྲིད་དང་རོགས་འདེགས་བྱས་ཏེ་ཁེ་ལས་ནི་ལག་རྩལ་གསར་སྐྲུན་དང་བཀོལ་སྤྱོད་བྱེད་མཁན་གཙོ་བོར་འགྱུར་དགོས།ཞིང་ལས་ཚན་རྩལ་མགྱོགས་མྱུར་གསར་སྐྲུན་བྱས་ནས།སྐྱེ་དངོས་གསོ་སྐྱོང་དང་རིག་ནུས་ཞིང་ལས། ཞིང་ལས་འཕྲུལ་ཆས།སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས།ཞིང་ལས་ཚན་རྩལ་དང་གསར་སྐྲུན་མནའ་འབྲེལ་མཉམ་སྡེབ་བྱ་དགོས། རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་གྱིས་བསྐྲུན་པའི་ཞིང་ལས་ཚན་རྩལ་གྱི་མ་དངུལ་མཉམ་བསྲེས་དང་ཆ་འཕྲིན།ཚོང་རྟགས་ཞབས་ཞུའི་སྟེགས་བུར་བརྟེན་དགོས། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་ཉོ་འཚོང་ལྟེ་གནས་འཚོལ་ཞིབ་སྒྲིག་འཛུགས་བྱེད་དགོས།ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭ ཞིང་སྡེ་གསར་བའི་འཕེལ་རྒྱས་ཞིབ་འཇུག་གླིང་།ལས་རིགས་སློབ་གླིང་། ཚན་རྩལ་ཆེད་མངག་པའི་དཔུང་ཁག་གིས་ཚན་ཞིབ་གྲུབ་འབྲས་བསྒྱུར་བའི་ཁྲོད་ཀྱི་ནུས་བ་འདོན་སྤེལ་གང་ལེགས་བྱ་དགོས།འདེབས་འཛུགས་ལས་རིགས་ཀྱི་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་ཁེ་དབང་བགོ་བའི་བཅོས་བསྒྱུར་ཚོད་ལྟ་བྱེད་ས་ཧུར་ཐག་གིས་སྐུལ་འདེད་བྱེད་དགོས།གྲུབ་འབྲས་ཡོངས་འགྲུབ་མི་སྣའི་མཉམ་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ས་བོན་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱ་དགོས་ལ།ཧེའེ་ནན་དང་ཀན་སུའུ།ཟི་ཁྲོན་བཅས་རྒྱལ་ཁབ་རིམ་པའི་ས་བོན་གསོ་སྐྱོང་རྟེན་གཞི་འཛུགས་སྐུན་སྐུལ་འདེད་བྱ་དགོས།ཞིང་ལས་ཀྱི་གཞི་རྒྱུ་བསྒྱུར་བའི་སྐྱེ་དངོས་ལག་རྩལ་ཞིབ་འཇུག་དང་བདེ་འཇགས་དོ་དམ།ཚན་རིག་ཁྱབ་གདལ་བཅས་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་འཕྲུལ་ཆས་དང་རྫས་ལུད། ཞིང་སྨན་བཟོ་ཁེ་ལས་ཀྱི་ལག་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས།

5.ཞིང་ལས་ཐོན་རྫས་ཀྱི་རྒྱུན་འཁོར་བྱེད་ཐབས་གསར་སྐྲུན་བྱ་དགོས།རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཚོང་རའི་མ་ལག་གི་རྣམ་བསྒྱུར་རིམ་འཕར་ཇེ་མགྱོགས་སུ་གཏོང་དགོས།སྒྲིག་ཆས་འཛུགས་སྐྲུན་དང་མ་ལག་ཆ་ཚང་ཞབས་ཞུ་ལ་ཤུགས་སྣོན་བྱ་དགོས།ཉོ་ཚོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་རྒྱུན་འཁོར་གྱི་རྐང་འཛིན་དྲ་རྒྱ་ལེགས་བཅོས་བྱ་དགོས།ཞིང་ལས་ཐོན་རྫས་གཙོ་བོའི་མཛོད་ཉར་དངོས་ཟོག་འཁོར་རྒྱུག་གི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་ཆར་གཏོང་དགོས།རྒྱ་མ་ཁྲག་ཁྲིག་གི་འབྲུ་རིགས་མཛོད་ཉར་བྱེད་སའི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས།གང་མྱུར་སྒོས་ཀྲུང་དབྱང་དང་ས་གནས་ཀྱི་འགན་འཁྲིའི་ལས་བགོས་གསལ་བོ་ཡིན་པའི་འབྲུ་རིགས་བསྡུ་གསོག་ནང་རྐྱེན་གྲུབ་དགོས།འབྲུ་རིགས་མཛོད་ཉར་གྱི་འགན་སྲུང་ནུས་པ་ཇེ་མཐོར་གཏོང་དགོས།ཞིང་ཁྱིམ་གྱི་ཚན་རིག་གིས་འབྲུ་རིགས་མཛོད་ཉར་བྱེད་པའི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱ་དགོས།ཞིང་ལས་ཐོན་རྫས་དང་ཐོན་ཡུལ་ཚོང་རའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།མངའ་ཁོངས་ལས་བརྒལ་བའི་དངོས་ཟོག་གི་བདག་སྐྱོང་མ་ལག་འཛུགས་དགོས།སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་མུ་མཐུད་དུ་འཛུགས་དགོས།མཉམ་ལས་ཁང་དང་སྒོ་རྩིས་ཚོང་ཁང་། སློབ་གྲྭ ཁེ་ལས།སྡེ་ཁུལ་བཅས་ཕན་ཚུན་བར་འབྲེལ་བ་འཛུགས་པར་སྐུལ་འདེད་བྱ་དགོས། ཞིང་ལས་ཐོན་རྫས་སྐྱེལ་འདྲེན་དང་ཕྱིར་འཚོང་སྐབས་སུ་གླ་རིན་གང་འདོད་ཀྱིས་ལེན་པར་དག་ཐེར་བྱ་དགོས།ཞིང་ལས་ཐོན་རྫས་དུས་བཅད་ལྟར་ཚོང་རྒྱག་པར་གོང་འཕེལ་གཏོང་དགོས།ཞིང་ལས་ཐོན་རྫས་ཀྱི་དུས་བཅད་ཉོ་ཚོང་གི་རིགས་རྫས་གསར་བ་གསར་སྤེལ་བྱ་དགོས། གློག་ཚོང་དང་དངོས་ཟོག་སྐྱེལ་འདྲེན།ཚོང་ཟོགདངུལ་རྩ་སོགས་ཁེ་ལས་དག་ཞིང་འབྲེལ་གློག་རྡུལ་ཚོང་དོན་སྟེགས་བུའི་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་གནང་དགོས།གློག་རྡུལ་ཚོང་དོན་སྡེ་བར་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་དགོས།

6.ཞིང་ལས་སྐྱེ་ཁམས་བཅོས་སྐྱོང་ཇེ་དྲག་ཏུ་གཏོང་དགོས།ཞིང་ལས་ཁོར་ཡུག་གི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པའི་སྤྱིའི་འཆར་འགོད་དང་རྒྱུན་མཐུད་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱ་དགོས། ཞིང་ལས་ཕྱོགས་ཀྱི་འབག་བཙོག་འབྱུང་ཁུངས་བཅོས་སྐྱོང་བྱ་དགོས། ཞིང་སར་དཔྱད་ནས་རྫས་ལུད་སྦྱོར་བའི་བྱ་བ་གཏིང་ཟབ་སྤེལ་དགོས།སྐྱེ་ཁམས་ཀྱི་སྐྱེ་ལྡན་རྫས་ལུད་དང་ཞིང་སྨན་དུག་དམའ་ཅན་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་དགོས།ཟོག་མ་དང་ཕྱུགས་ཟོག་གི་ལུད་རྫས་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པ་དང་ཞིང་ཚིགས་ཀྱི་སོག་རྐང་ཚུར་སྡུད་བྱེད་པར་མིག་དཔེ་སྟོན་དགོས།ཐག་བཅད་ལྟར་ནོར་ཁྲལ་གྱི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་དགོས།སྒོ་ཕྱུགས་དང་ཁྱིམ་བྱ་གཞི་ཁྱོན་གསོ་སྤེལ་གྱི་ཁོར་ཡུག་གི་དཔྱད་འཇོག་ལམ་ལུགས་ཡོངས་འགྲུབ་བྱ་དགོས།ཞིང་ལས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས།ནུབ་བྱང་རྒྱུད་ཀྱི་ཞིང་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་དང་ཞིང་ཕྱུགས་སྣོལ་འདྲེས་ས་ཆའི་རྩྭ་སའི་བཅོས་སྐྱོང་།བྱང་ཤར་གྱི་ཞིང་ས་ནག་པོ་བཅས་སྲུང་སྐྱོབ་བྱ་དགོས།ཆུ་སྐྱེས་སྐྱེ་དངོས་གསོ་སྤེལ་གྱི་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་གཏོང་དགོས། འཆར་འགོད་དང་འཛུགས་སྐྲུན་ལས་གཞིའི་ཆུའི་ཐོན་ཁུངས་རིགས་སྒྲུབ་ལམ་ལུགས་དང་རྒྱལ་ཁབ་ཆུའི་ཐོན་ཁུངས་ཀྱི་ལྟ་ཞིབ་ལམ་ལུགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས།ས་ཁོངས་གཞི་ཁྱོན་ཅན་གྱི་ནུས་ལྡན་ཆུ་བེད་གྲོན་ཆུང་དང་ཞིང་ཆུ་འདྲེན་པའི་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས།ཆུ་སྦགས་བཟོས་སྔོན་འགོག་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཤུགས་ཚད་ཆེ་རུ་གཏོང་དགོས།ཞིང་བསྐྱུར་ནགས་འདེབས་དང་ཞིང་བསྐྱུར་རྩྭ་འདེབས་བཟོ་སྐྲུན་སྐོར་ཐེངས་གསར་བ་ལག་བསྟར་བྱ་དགོས།ལྕགས་རིགས་ཆེ་གྲས་ཀྱིས་ཞིང་སར་སྦགས་བཙོག་བྱས་པ་སླར་གསོ་དང་ས་འོག་ཆུ་ལེན་ཚད་ལས་བརྒལ་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།རྨོ་ཞིང་བསྐྱུར་ནས་ས་རློན་དུ་བསྒྱུར་བའི་ཁེབས་རྒྱ་ཆེ་རུ་བསྐྱེད་དགོས། ཆུའི་ཐོན་ཁུངས་གཙོ་བོ་ས་ཁུལ་གྱི་སྐྱེ་ཁམས་གཙང་སྦྲ་སོགས་ས་ཆུ་སྲུང་སྐྱོང་གི་བཟོས་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་དགོས།ནགས་ལས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཤུགས་ཆེན་པོས་འཛུགས་དགོས། ནགས་འཛུགས་བཟོ་བཀོད་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ།ནགས་ལས་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་ནགས་གོང་འཕེལ་གཏོང་དགོས། པེ་ཅིང་དང་ཐེན་ཅིན།ཧི་པའེ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ།འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་བར་སྐུལ་འདེད་བྱ་དགོས།གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་ལེན་པ་དང་འཆར་གཞི་ལེགས་པོ་འགོད་པ།མ་དངུལ་མང་གཏོང་བཅས་བྱས་ཏེ།རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་ལེགས་པོ་བྱ་དགོས།རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་བཟོ་སྐྲུན་གྱི་ཁ་གསབ་དང་ནགས་ཚལ་སྐྱེ་ཁམས་ཕན་ཁེ་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོང་དགོས།རང་བྱུང་ནགས་ཀྱི་ཚོང་ལས་རང་བཞིན་གྱི་གཅོད་འབྲེག་གི་ལས་ལ་མུ་མཐུད་དུ་བཀག་འགོག་བྱེད་དགོས།བརླན་སའི་སྐྱེ་ཁམས་ཕན་ཁེའི་ཁ་གསབ་དང་བརླན་སའི་སྲུང་སྐྱོང་བྱ་དགའ་སྟེར་བའི་བྱ་བ་ལག་བསྟར་བྱ་དགོས་ཤིང་།བྱེ་འགྱུར་ས་ཞིང་སྲུང་སྐྱོང་ས་ཁུལ་གྱི་ཁ་གསབ་སྲིད་ཇུས་ལག་ཏུ་བསྟར་དགོས། རྩྭ་ཕྱུགས་དོ་མཉམ་དང་འབྲོལ་ཁུལ་གྱི་གནོད་འགོག་གནོད་སེལ།ལྷོ་ཕྱོགས་རྩྭ་སའི་གསར་སྤེལ་བཀོལ་སྤྱོད་སོགས་བཟོ་སྐྲུན་མགྱོགས་མྱུར་ངང་ལག་བསྟར་བྱ་དགོས།ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འགན་ཁུར་འདྲི་ཞིབ་ལྟ་སྐྱོང་ཇེ་དྲག་ཏུ་གཏོང་དགོས།སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་ཞིབ་དང་ཆད་པ་ནན་མོ་གཅོད་དགོས།

7.རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་ཀྱི་ཐོན་ཁུངས་སྣ་གཉིས་གཅིག་གྱུར་བཀོལ་སྤྱོད་བྱེད་ཐུབ་པའི་ནུས་པ་ཇེ་མཐོར་གཏོང་དགོས།ཞིང་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ལེགས་སྒྲིག་ཚོད་འཛིན་བྱ་བ་ལེགས་པར་བསྒྲུབ་དགོས། ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བར་ཧུར་ཐག་གིས་རྒྱབ་སྐྱོར་གནང་དགོས།ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་པའི་གཞི་ཁྱོན་དང་འགྲོས་ཚད་ལ་གདེང་ཚོད་ཡོད་དགོས།འབྲུ་རིགས་དང་སིང་བལ།མངར་ཟས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་ཕྱིར་གཏོང་ནང་འདྲེན་དང་སྒོ་ཁྲལ་འབོར་གྲངས་དོ་དམ་འཐུས་ཚང་དུ་གཏོང་དགོས།སིང་བལ་གྱི་ཤུད་འགུལ་དཔྱ་ཁྲལ་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱ་དགོས།ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱ་དགོས།རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ལྡན་པའི་ཞིང་ལས་ཀྱི་ཁེ་ལས་མཐུན་ཚོགས་མགྱོགས་པོར་སྐྱེད་སྲིང་བྱ་དགོས།ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་འབྲེལ་གྱི་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།དུས་ཚོད་དམ་འཛིན་བྱས་ནས་ཞིང་ལས་ཀྱི་ཕྱི་ཕྱོགས་མཉམས་འབྲེལ་འཆར་འགོད་གཏན་འབེབ་བྱ་དགོས། ཞིང་ལས་ཀྱི་ཕྱི་ཕྱོགས་མཉམ་འབྲེལ་རྣམ་པ་གསར་སྐྲུན་བྱ་དགོས།ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་དང་སྐྱེལ་འདྲེན། གསོག་ཉར། ཉོ་འཚོང་སོགས་ཀྱི་མཉམ་འབྲེལ་གཙོ་གནད་དུ་འཛིན་དགོས།ཕྱི་ཕྱོགས་ཞིང་ལས་མཉམ་འབྲེལ་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ།ཚན་རྩལ་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་བྱེད་དགོས།ལག་རྩལ་གསོ་སྦྱོང་དང་ཚན་ཞིབ་གྲུབ་འབྲས་དཔེ་སྟོན།ཚོང་རྟགས་ཁྱབ་གདལ་སོགས་ཀྱི་ཞབས་ཞུ་འདོན་དགོས། ཞིང་ལས་ཕྱི་ཕྱོགས་མཉམ་འབྲེལ་གྱི་དངུལ་གཏོང་དང་ནོར་ཁྲལ།དངུལ་རྩ། ཉེན་འགོག ཉོ་ཚོང་།འགོས་ནད་ཞིབ་བཤེར་སོགས་སྲིད་ཇུས་འཐུས་ཚང་དང་རྒྱབ་སྐྱོར་བྱེད་དགོས།ཕྱི་རྒྱལ་ལ་སོང་ནས་ཞིང་ལས་ཐོན་སྐྱེད་ཐད་མཁོ་བའི་ཞིང་སྤྱོད་སྒྲིག་ཆས་སོགས་ཕྱིར་གཏོང་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནང་བ་མངོན་འགྱུར་བྱེད་དགོས།རིགས་སོ་སོའི་ཚོང་ལས་མཐུན་ཚོགས་རྩ་འཛུགས་ཀྱི་ཆ་འཕྲིན་ཞབས་ཞུ་དང་བཅའ་ཁྲིམས་བློ་འདྲི།རྩོད་གླེང་འདུམ་འགྲིག་བྱེད་པ་སོགས་ཀྱི་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱ་དགོས།

གཉིས།ཞིང་བའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་བ་དཀྱིལ་སྙིང་དུ་བཟུང་ནས།དམངས་ཕན་སྲིད་ཇུས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས།

ཀྲུང་གོ་ཕྱུག་པོར་གཏོང་ན། ཞིང་བ་ཕྱུག་འགྱུར་གྱི་ལམ་ལ་ངེས་པར་དུ་བསྐྱོད་དགོས།ཞིང་བ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ན་ཞིང་ལས་ནང་ཁུལ་གྱི་ཡོང་འབབ་ངེས་པར་དུ་མཐོར་འདེགས་གཏོང་དགོས་ལ།ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པའི་ཡོང་འབབ་གསར་སྤེལ་བྱས་ཏེ་ཞིང་སྡེའི་ཕྱི་ཕྱོགས་ཀྱི་ཡོང་འབབ་ལམ་བུ་སྒོ་འབྱེད་བྱས་ཏེ།ཞིང་སྡེའི་ཡོང་འབབ་ཤུགས་ཆེར་གཏོང་བར་སྲིད་ཇུས་ཀྱིས་རོགས་འདེགས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འོག་ནས་མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་ཇེ་བཟང་དུ་གཏོང་བར་རྒྱུན་འཁྱོངས་བྱེད་དགོས།

8.ཞིང་ལས་དང་ཞིང་གྲོང་ལ་མ་དངུལ་གཏོང་ཚད་ཁག་ཐེག་བྱེད་དགོས།  ཞིང་བའི་ཡོང་འབབ་ཇེ་མཐོར་གཏོང་བར།སྲིད་གཞུང་གིས་ངེས་པར་དུ་ཞིང་བའི་ཞིང་སྡེའི་འཕེལ་རྒྱས་ཆ་རྐྱེན་གྱི་འགན་འཁྲི་ལེགས་བཅོས་བྱེད་པ་དང་།ཞིང་གྲོང་དང་ཞིང་སྡེའི་རིམ་པ་སོ་སོའི་ནོར་སྲིད་གཏོང་སྤྲོད་ས་ཁོངས་ཀྱི་དམིགས་བསལ་འགན་སྲུང་ཁག་ཐེག་བྱེད་པར་རྒྱུན་འཁྱོངས་བྱས་ཏེ།མགྱོགས་མྱུར་ངང་མ་དངུལ་བརྟན་བརླིང་འཕར་སྣོན་གྱི་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ། མུ་མཐུད་དུ་ཞིང་བའི་ཞིང་སྡེའི་ནོར་སྲིད་གཏོང་སྤྲོད་ཤུགས་སྣོན་བྱས་ཏེ་ཀྲུང་དབྱང་གིས་རྨང་གཞི་འཛུགས་སྐྲུན་གྱི་མ་དངུལ་མུ་མཐུད་དུ་ཞིང་བའི་ཞིང་སྡེ་ལ་གཏོང་དགོས།དམིགས་བསལ་གྱིས་ཞིང་བར་ནོར་སྲིད་ཀྱི་གཏོང་སྤྲོད་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ། ཞིང་བའི་ཡོང་འབབ་འཕར་སྣོན་དང་ཞིང་སྡེ་བཅོས་བསྒྱུར་ཆེན་པོ་བྱས་ཏེ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་།ཞིང་ལས་ཀྱི་སྒྲིག་གཞི་སྙོམས་སྒྲིག  ཞིང་ལས་ཀྱི་རྒྱུན་མཐུད་རང་བཞིན་འཕེལ་རྒྱས།ཞིང་སྡེའི་དམངས་འཚོ་ལེགས་བཅོས་བཅས་རྒྱབ་སྐྱོར་བྱེད་པ་གཙིགས་སུ་འཛིན་དགོས། མ་དངུལ་གཏོང་བའི་བྱེད་ཐབས་བསྒྱུར་ཏེ།ཞིང་བའི་མ་དངུལ་འཁོར་བསྐྱོད་ཀྱི་སྒྲིག་གཞི་གསར་སྤེལ་བྱས་ཏེ། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ཞིང་བ་ལ་གཏོགས་པའི་གཏོང་སྤྲོད་ལམ་ལུགས་བཅོས་བསྒྱུར་བྱས་ཏེ་འོག་རིམ་ལ་ཆོག་མཆན་དབང་ཆ་ཡོད་པར་བྱས་ཏེ།ནུས་ལྡན་གྱིས་ནོར་སྲིད་ལེགས་སྒྲིག་བྱས་ཏེ་ཞིང་སྡེའི་མ་དངུལ་གཏོང་དགོས། དོན་དངོས་ཀྱིས་ཞིང་ལས་དང་འབྲེལ་བའི་མ་དངུལ་ལྟ་སྐྱོང་དོ་དམ་བྱེད་པར་ཤུགས་བསྣན་ཏེ་མངོན་གསལ་ཚད་ལྡན་གྱི་དོ་དམ་ལམ་ལུགས་སྒྲིག་འཛུགས་བྱས་ཏེ།ཐབས་ལམ་མི་འདྲ་བའི་སྒོ་ནས་གཞུང་རྒྱུ་སྒེར་སྤྱོད་བྱེད་པ་དང་། རྫུན་བཟོ་བྱེད་པ་སོགས་གཏན་འགོག་བྱས་ཏེ།མ་དངུལ་གྱི་བཀོལ་སྤྱོད་ལ་གྲུབ་འབྲས་ལེགས་པོ་ལེན་པར་ཁག་ཐེག་བྱེད་དགོས།  

9.ཞིང་ལས་ལ་ཁ་གསབ་གཏོང་བར་སྲིད་ཇུས་ཀྱིས་ནུས་པ་མཐོར་འདེགས་བྱ་དགོས། ཞིང་བའི་ཡོང་འབབ་འཕར་སྣོན་གཏོང་བ་ན་རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་སྲུང་སྐྱོབ་མ་ལག་འཐུས་ཚང་གཏོང་བའི་སྒྲིག་གཞི་ཞིག་འཛུགས་དགོས།ཞིང་ལས་ཁ་གསབ་སྲིད་ཇུས་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་གྱིས་རྒྱུན་འཁྱོངས་དང་། ལྗང་སྒམརམ་འདེགས་སྲིད་ཇུས་དོན་འཁྱོལ་གཞི་ཁྱོན་དང་ཁྱབ་ཁོངས་རིམ་གྱིས་རྒྱ་བསྐྱེད་བཏང་ནསསེར་སྒམརམ་འདེགས་སྲིད་ཇུས་ལེགས་བསྒྱུར་བྱས་ཏེ།﹙“ལྗང་སྒམཞེས་པ་ཚོང་ལས་ལྡོག་ཕྱོགས་ཀྱི་ལམ་དུ་མི་འདྲེན་པའི་སྲིད་ཇུས་ཤིག་ཡིན དམངས་ཕན་སྲིད་ཇུས་ཀྱིས་ཞིང་བའི་ཡོང་འབབ་ལ་གྲུབ་འབྲས་བཟང་བོ་ལེན་པ་འདོན་སྤེལ་བྱེད་དགོས།མུ་མཐུད་དུ་འབྲུ་རིགས་རྨོ་འདེབས་ཀྱི་ཁ་གསབ་དང་། ཞིང་བའི་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ།ཞིང་བའི་མ་དངུལ་ཕྱོགས་བསྡུས་ཀྱི་ཁ་གསབ་སོགས་ལག་བསྟར་བྱེད་དགོས། ས་ཁུལ་ཁ་ཤས་འདེམས་ནས་གསར་སྤེལ་བཅོས་བསྒྱུར་ཁ་གསབ་ཀྱི་སྣེ་ཁྲིད་ནུས་པ་དང་གྲུབ་འབྲས་མཐོར་འདེགས་གཏོང་དགོས།ཞིང་བའི་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཐོན་སྐྱེད་ས་ཁུལ་གཙོ་བོ་དང་རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་བོར་བཟུང་ནས་ཆུ་བེད་གྲོན་ཆུང་གི་ཉོ་སྒྲུབ་ཁ་གསབ་རྒྱ་བསྐྱེད་བྱེད་དགོས།ཞིང་བའི་ཐོན་ལས་ཀྱི་ལག་རྩལ་གཙོ་བོ་རྒྱ་བསྐྱེད་བྱས་ཏེ་སྲིད་ཇུས་ཀྱི་ཁ་གསབ་ལག་བསྟར་བྱེད་དགོས། འབྲུ་སྣུམ་ཐོན་སྐྱེད་རྫོང་ཆེན་དང་། འབྲུ་རིགས་རྨོ་འདེབས་རྫོང་ཆེན། གསོ་ཕག་ཕྱིར་འཚོང་རྫོང་ཆེན།ནོར་ལུག་གསོ་སྤེལ་རྫོང་ཆེན་གྱི་ནོར་སྲིད་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་དགོས། དེང་རབས་ཞིང་ལས་དཔེ་སྟོན་ས་ཁུལ་གྱི་བྱ་དགའི་ཁ་གསབ་ཀྱི་ཁྱབ་རྒྱ་རྒྱ་བསྐྱེད་བྱེད་དགོས།འབྲི་རིགས་ཐོན་སྐྱེད་གཙོ་བོའི་ས་ཁུལ་གྱི་ཁེ་ཕན་སྲིད་ཇུས་དང་། ས་ཞིང་གི་སྲུང་སྐྱོབ་ཁ་གསབ།སྐྱེ་ཁམས་ཁ་གསབ་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

10.ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། ཞིང་བའི་ཡོང་འབབ་འཕར་སྣོན་གཏོང་ན།ངེས་པར་དུ་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་གོང་ཚད་ལྡན་བྱ་བ་རྒྱུན་འཁྱོངས་བྱེད་དགོས། འབྲས་དང་གྲོ་ཆེས་དམའ་བའི་རིན་གོང་གིས་བསྡུ་ཉོ་བྱེད་པ་མུ་མཐུད་དུ་ལག་བསྟར་བྱས་ནས།ཞིང་ཕྱུགས་ཐོན་རྫས་ཀྱི་གནས་སྐབས་ཀྱི་བསྡུ་ཉོ་ཉར་ཚགས་བྱ་བ་འཐུས་ཚང་དུ་གཏོང་དགོས། ཞིན་ཅང་གི་སྲིང་བལ་དང་།ཏུང་པེ་དང་ནང་སོག་གི་སྲན་མའི་རིན་གོང་བཅོས་བསྒྱུར་གྱི་ཚོད་ལྟ་ས་ཁུལ་གྱི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ་ཁ་གསབ་ཀྱི་བྱེད་ཐབས་འཐུས་ཚང་དང་མ་གོང་ཇེ་ཉུང་དུ་བཏང་ནས་ཁ་གསབ་མ་དངུལ་དེ་དུས་ལྟར་ཞིང་བའི་ཁྱིམ་ཚང་གི་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་དགོས། ཧུར་བརྩོན་གྱིས་ཞིང་ཕྱུགས་ཐོན་རྫས་ཀྱི་ཉེན་འགོག་ཚོད་ལྟ་ས་ཁུལ་དར་སྤེལ་གཏོང་དགོས། འབྲུ་རིགས་དང་།སྲིང་བལ།  མངར་ཟས། ཤ་སོགས་ཀྱི་ཞིང་ཕྱུགས་ཐོན་རྫས་གཙོ་བོའི་གསོག་ཉར་རྒྱ་ཁྱོན་ཚད་ལྡན་དུ་གཏོང་དགོས།རྒྱལ་ཁབ་འབྲི་རིགས་གསོག་ཉར་ཕྱིར་གཏོང་ནང་འདྲེན་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་ནས་འབྲུ་རིགས་གསོག་ཉར་གྱི་བལྟ་སྐུལ་བྱ་བ་ཤུགས་སྣོན་དགོས།ས་གནས་ཀྱི་འབྲུ་རིགས་གསོག་ཉར་གྱི་འཆར་འགོད་ཁ་སྣོན་ལག་བསྟར་བྱས་ཏེ་ཐོན་རྫས་དང་ཐོན་རྫས་ཉོ་ཚོང་གི་ལམ་ལུགས་གཙོ་བོ་སྒྲིག་འཛུགས་བྱས་ཏེ།མངར་ཆས་ལས་སྣོན་ཁེ་ལས་ཀྱི་ཚབ་གསོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།  དེང་རབས་བརྡ་འཕྲིན་གྱི་ལག་རྩལ་འཁོར་བསྐྱོད་བྱས་ཏེ།རྨོན་འདེབས་རྒྱ་ཁྱོན་དང་ཐོན་ཚད་ཀྱི་སྤྱི་བསྡོམས་རྟོག་ཞིབ་འཐུས་ཚང་དུ་བཏང་སྟེ། མ་གོང་དང་རིན་གོང་བལྟ་སྐུལ་བྱེད་ཐབས་ལེགས་བཅོས་བྱེད་དགོས།

11.ཞིང་ལས་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཞབས་ཕྱི་ཤུགས་དྲག་ཏུ་གཏོང་བ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ན་ངེས་པར་དུ་ཞིང་ལས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ཞིང་བའི་མ་རྩ་ཇེ་དམའ་དང་ཉེན་ཁ་འགོག་པའི་ཐད་ལ་རོགས་སྐྱོར་བྱེད་དགོས།   ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཞབས་ཕྱིའི་སྒྲིག་གཞི་གསར་སྤེལ་ས་ཚིགས་ཕྱོགས་ཡོངས་ནས་ལེགས་པོ་ཞིག་བཟུང་སྟེ། གཙོ་བོ་ཞིང་བའི་ཁྱིམ་ཚང་ལ་ཚབ་འདེབས་ཚབ་ལེན་དང་གཅིག་གྱུར་གྱིས་གནོད་འབུ་འགོག་སྲུང་བྱེད་པ་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་དགོས།གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་སོགས་ཀྱི་སྤྱི་ཕན་ཞབས་ཕྱིའི་ལས་ཁུངས་ལ་གཏན་འཇགས་དང་ཤུགས་སྣོན་བྱེད་པ། འགྲོ་གྲོན་འགན་སྲུང་དང་སྐུལ་སློང་ནང་རྐྱེན་འཐུས་ཚང་དུ་གཏོང་བ།  གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་མཁན་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།  ཞིང་སྡེའི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་ནུས་གང་ལེགས་འདོན་དགོས། ཉོ་སྒྲུབ་ཞབས་ཕྱི་སོགས་ཀྱི་རྣམ་པ་སྤྱད་དེ་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱིའི་ཁྲོད་ཞུགས་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འབྲུ་རིགས་ལོ་ཏོག་གཙོ་བོ་དག་ལ་འགན་ལེན་བྱེད་པའི་སྲུང་དངུལ་ཁ་གསབ་ཀྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། འབྲུ་རིགས་ལོ་ཏོག་གཙོ་བོ་དག་གི་འགན་སྲུང་བྱ་བ་དེ་ཀྲུང་དབྱང་ནོར་སྲིད་སྲུང་དངུལ་ཁ་གསབ་ཀྱི་ས་བཅད་དུ་འཇོག་དགོས།ཀྲུང་དབྱང་ནོར་སྲིད་ཁ་གསབ་མ་དངུལ་འགན་ལེན་ཁྲོད་ཀྱི་འགན་ལེན་དངུལ་གྲངས་དེ་ཐད་ཀར་དངོས་གྱུར་གྱི་མ་རྩའི་རིན་གོང་ནང་ཁེབས་དགོས།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འགན་ལེན་བྱ་བའི་ཀྲུང་དབྱང་ནོར་སྲིད་ཀྱི་བྱ་དགའི་རང་བཞིན་གྱིས་ཁ་གསབ་བྱེད་པའི་སྲིད་ཇུས་ཤིག་ཞིབ་འཇུག་བྱས་ཏེ་དངོས་སུ་འདོན་དགོས།ནགས་ཚལ་འགན་སྲུང་གི་ཁྱབ་ཁུངས་རྒྱ་ཆེར་སྐྱེད་པ། ཡིག་སྐྱེལ་ལས་དོན་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་གསུམ་བྱ་བར་ཞབས་ཕྱི་བྱེད་དགོས།གནམ་གཤིས་བྱ་བས་ཞིང་ལས་ལ་ཞབས་ཕྱི་བྱེད་པའི་སྒྲིག་གཞི་གསར་སྤེལ་བྱས་ཏེ། ཞིང་ལས་སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཞབས་ཕྱིའི་མ་ལག་ཅན་དུ་གཏོང་བར་སྐུལ་འདེད་བྱེད་དགོས།

12.ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ན་ངེས་པར་དུ་ཞིང་ལས་རྒྱུན་མཐུད་ཐོན་ལས་ཀྱི་ཡུན་ཇེ་རིང་དུ་གཏོང་དགོས་པ་དང་།ཞིང་ལས་ཟུར་སྣོན་རིན་གོང་ཇེ་མཐོར་གཏོང་དགོས་པ། གནས་བབ་ཡག་པོའི་ནུས་ཁུངས་དེ་གཙོར་བཟུང་སྟེ།ཚོང་རའི་མཁོ་འདོན་ལ་ཁ་ཕྱོགས་ཏེ་ནུས་ཤུགས་ཡོད་རྒུས་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས། ཞིང་སྡེའི་ཞབས་ཕྱིའི་ལས་རིགས་བཅས་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་བ་རེ་ལ་ཚོང་རྟགས་རེ།  ཞང་གྲོང་ངམ་རྫོང་རེ་ལ་ལས་རིགས་རེ་ཡོད་པའི་འཕེལ་རྒྱས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཏེ། རྫོང་ཁུངས་ཀྱི་དཔལ་འབྱོར་རྒྱ་ཆེར་སྐྱེད་པ་དང་།  ཞིང་བར་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ། ཧུར་བརྩོན་སྒོས་ཞིང་ལས་ཀྱི་བྱེད་ནུས་སྣ་མང་ཅན་དུ་བཏང་ནས།   གྲོང་གསེབ་ཀྱི་སྐྱེ་ཁམས་སྤྲོ་གསེང་ལས་རིགས་དང་ལྗོངས་རྒྱུ་གནས་སྐོར་ལས་རིགས།རིག་གནས་སློབ་གསོའི་རིན་ཐང་སྔོག་འདོན་བྱེད་པ།  ལོ་རྒྱུས་དང་ས་ཁོངས།  མི་རིགས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུ་གནས་སྐོར་བྱེད་སའི་སྡེ་བའམ་གྲོང་རྡལ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ།  རྣམ་པ་མང་ཞིང་ཁྱད་ཆོས་མངོན་གསལ་ཡིན་པའི་ཞང་གྲོང་གི་གནས་སྐོར་སྤྲོ་གསེང་བྱེད་ས་ཞིག་བཟོ་སྐྲུན་བྱེད་དགོས། ཞང་གྲོང་གི་གནས་སྐོར་སྤྲོ་གསེང་བྱ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་མ་དངུལ་གཏོང་ཚད་ཤུགས་ཆེར་བཏང་སྟེ། དྲ་ལམ་དང་འཚོ་དངོས་ཀྱི་ཚོང་གཉེར་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་།  དོ་དམ་གྱི་ཆུ་ཚད་དང་ཞབས་ཕྱིའི་བྱང་ཚད་མཐོར་འདེགས་སུ་གཏོང་བ། ཞང་གྲོང་གི་གནས་སྐོར་སྤྲོ་གསེང་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ས་ཞིང་སྤྱོད་པ་དང་ནོར་སྲིད། དངུལ་རྩ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཤིག་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱེད་དགོས་པ་དང་།  ཁྲལ་འབབ་ཀྱི་སྲིད་ཇུས་བཟང་བོ་དེ་ལག་བསྟར་བྱེད་དགོས།  ཞིང་སྡེའི་ནུས་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དག་ལ་སྐུལ་སློང་བྱས་ནས་ཞིང་བའི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་བ།

13.ཞིང་སྡེའི་ཕྱི་ཕྱོགས་ཀྱི་འཕར་སྣོན་ཡོང་སྒོའི་འབྲེལ་ལམ་རྒྱ་བསྐྱེད་པ།  ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་ན་ངེས་པར་དུ་ཞིང་བའི་ལས་ཞུགས་དང་ལས་སྒོ་གསར་སྤེལ་གྱི་རྣམ་པ་བསྒྱུར་རྒྱུའི་ཐད་ལ་ཡར་སྐུལ་བྱེད་དགོས། ཞོར་ལས་པའི་ལས་རིགས་ལག་རྩལ་མཐོར་འདེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་།  བྱ་བ་དང་གླ་ཕོགས་འདྲ་མཉམ་ཡིན་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་།  ཞོར་ལས་པའི་ངལ་རྩོལ་གྱི་ཕོགས་དངུལ་ཁེ་ཕན་ལ་ཁྲིམས་ལྟར་འགན་སྲུང་བྱས་ཏེ། ཞོར་ལས་པའི་གླ་ཕོགས་དུས་འགྱང་མེད་པའི་སྒོ་ནས་སྤྲོད་ཐུབ་པའི་ནང་རྐྱེན་ཞིག་འཛུགས་དགོས། གྲོང་ཞུགས་ཞོར་ལས་པ་དང་ཡང་ན་ཁོ་ཚོར་འགྲོགས་པའི་ཁྱིམ་མི་དག་ལ་གྲོང་རྡལ་གྱི་མ་མཐའི་སྤྱི་བའི་ཞབས་ཕྱི་འདྲ་མཉམ་ཞིག་ལོངས་སུ་སྤྱོད་པར་བྱེད་དགོས་པ་དང་། གྲོང་རྡལ་སྤྱི་ཚོགས་འགན་སྲུང་གྱིས་ཞོར་ལས་པར་ཁེབས་པའི་གཞི་ཁྱོན་ཇེ་ཆེར་བཏང་སྟེ། ཞོར་ལས་པའི་ལས་རིགས་ཀྱི་རྐྱེན་ནད་སྔོན་འགོག་དང་རོགས་སྐྱོར་བྱ་བ་ལེགས་པོར་སྤེལ་བ། ཞོར་ལས་པའི་བུ་བུ་མོ་དག་ས་གནས་སུ་འོས་འགན་སློབ་གསོའི་བྱ་བའི་ཁྲོད་བསྡུ་ལེན་བྱེད་དགོས་པ་དང་། དམའ་འབྲིང་དང་མཐོ་འབྲིང་གི་རྒྱུགས་སུ་ཞུགས་ཆོག་པའི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་དགོས།ཞོར་ལས་པ་གྲོང་རྡལ་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་འདུག་པའི་བྱེ་བྲག་གི་ཐབས་བཀོད་ཅིག་འཚོལ་ཞིབ་བྱེད་པ།ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་བྱ་བ་ཇེ་མགྱོགས་སུ་བཏང་སྟེ།  སྡོད་གནས་དཔང་ཡིག་བཀོལ་པའི་ལམ་ལུགས་ཤིག་འཛུགས་པ།རིམ་བཞིན་ཞིང་ལས་གནས་སྤོ་མི་གྲངས་གྲོང་རྡལ་དུ་གཞིས་ཆགས་པ་དང་ས་གནས་དེ་གའི་སྡོད་དམངས་ཀྱི་ཐོབ་ཐང་དང་འདྲ་མཉམ་ཡིན་པའི་སྲིད་ཇུས་ཤིག་དཔུང་འཇུག་བྱེད་དགོས། དུས་རིམ་འདིའི་ནང་།  ཞོར་ལས་པ་གྲོང་རྡལ་དུ་གཞིས་ཆགས་པའི་གནད་དོན་འདི་དང་ས་ཞིང་འགན་ལེན་བདག་གཉེར་གྱི་དབང་ཆ།ཁང་སའི་བེད་སྤྱོད་ཀྱི་དབང་ཆ།ཐུན་མོང་གི་ཕན་ཁེ་བགོ་བཤའི་དབང་ཆ་བཅས་ལས་ཕྱིར་བུད་པ་དག་ལ་འབྲེལ་བ་ཡོད་མི་ཆོགནུས་རྩལ་དང་མ་དངུལ།  དོ་དམ་གྱི་ཉམས་མྱོང་ཡོད་པའི་ཞོར་ལས་པར་སྣེ་ཁྲིད་དེ་ཕྱིར་རང་ཡུལ་དུ་ལོག་ནས་ལས་སྒོ་གསར་སྐྲུན་བྱེད་པ་དང་།  ཁ་ཕྱོགས་གཏན་འཁེལ་བྱས་ནས་དཔྱ་ཁྲལ་ཇེ་ཡང་དུ་གཏོང་བ་དང་ཡོངས་ཁྱབ་ཀྱིས་གྲོན་དངུལ་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས།ལས་སྒོ་གསར་སྤེལ་གྱི་མ་རྩ་དང་ཁེ་ལས་ཀྱི་འགན་འཁུར་ཇེ་ཡང་དུ་གཏོང་དགོས། དབུས་རྒྱུད་དང་ནུབ་རྒྱུད་གྱི་གྲོང་ཁྱེར་ཆུང་འབྲིང་དང་། གྲོང་རྡལ་ཆུང་བ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ།  ཞོར་ལས་པ་ས་དེ་གར་ལས་ཞུགས་བྱེད་ཐུབ་པའི་ཆ་རྐྱེན་སྐྲུན་དགོས།

14.གྲོང་ཚོའི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་ཆེན་མོ་བྱེད་པ། རོང་བ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་དགོས་ན་ངེས་པར་དུ་གྲོང་ཚོའི་དབུལ་ཕོངས་མི་གྲངས་དབུལ་ཐར་ཕྱུག་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། གཅིག་བསྡུས་ཀྱིས་ཁོར་ཡུག་འབྲེལ་བའི་ཆེས་དཀའ་ཁག་ལྡན་པའི་ས་ཁུལ་དེ་གཙོ་བྱས་ཏེ་རོགས་དངུལ་གཏོང་ཚད་དང་དབུལ་སྐྱོར་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ།ཕན་ཚུན་འབྲེལ་བའི་ས་ཁུལ་གྱི་འཆར་འགོད་ལག་བསྟར་བྱེད་ཚད་ཇེ་མགྱོགས་དང་དབུལ་སྐྱོར་གསར་སྤེལ་ལས་མཁྲེགས་གཏོར་དམག་འཐབ་གང་ལེགས་བྱ་དགོས།ཞིབ་དག་ལྡན་པའི་ངང་ནས་དབུལ་སྐྱོར་བྱ་བ་སྐུལ་འདེད་དང་།ཡིག་ཚགས་དང་བྱང་བུ་འགོད་པའི་དབུལ་ཕོངས་སྡེ་བ་དང་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཐབས་གཏན་འབེབས་དང་དོན་ཐོག་ཏུ་འཁྱོལ་ཏེ། གཅིག་བསྡུས་ཀྱིས་ཁོར་ཡུག་འབྲེལ་བའི་ཆེས་དཀའ་ཁག་ལྡན་པའི་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག རྨང་གཞི་སྤྱི་སྤྱོད་ཞབས་ཞུའི་ཤུགས་ཚད་བཅས་དྲག་གཏོང་བྱས་ནས།ས་ཞིང་བེད་སྤྱོད་ཐད་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེ་དང་། སྡེ་ཡོངས་ཡར་སྐུལ་དང་གནས་སྤོས་ཡུལ་མི་གནས་སྤོ་བ།གྲོང་ཚོའི་ཡུལ་སྐོར་དབུལ་སྐྱོར་སོགས་ཀྱི་བཟོ་སྐྲུན་བཅས་ལག་བསྟར་བྱ་དགོས།རྩ་དོན་ལྟར་དབུལ་སྐྱོར་ལས་གཞི་ཞིབ་མཆན་གནང་བའི་དབང་ཆ་དེ་རྫོང་རིམ་པར་སྤྲོད་དགོས་ཤིང་།ཞིང་ཆེན་དང་གྲོང་ཁྱེར་རིམ་པས་ལྟ་སྐུལ་དོ་དམ་གྱི་ལས་འགན་ལག་བསྟར་ནན་མོ་བྱ་དགོས། མཚམས་སྦྱོར་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཙུགས་ཏེ་ཁྱོན་ཡོངས་ནས་དབུལ་སྐྱོར་གྱི་ཁ་གཏད་ས་དང་མ་དངུལ་བཀོད་སྒྲིགལས་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་བརྡ་ཁྱབ་གཏོང་དགོས། སྤྱི་ཚོགས་ཀྱི་དབུལ་སྐྱོར་རྩ་འཛུགས་ལ་སྐུལ་སློང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེདབུལ་སྐྱོར་གསར་སྤེལ་བྱ་འགུལ་སྟེང་ཞུགས་པའི་སྟེགས་བུ་བསྐྲུན་དགོས།ལས་བྱེད་པས་སྡེ་ནང་བཅའ་སྡོད་རོགས་སྐྱོར་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།དབུལ་ཕོངས་ལ་ལྟ་ཞིབ་ཚད་ལེན་བྱེད་ཚད་ཇེ་དྲག་དང་དབུལ་ཕོངས་ཅན་གྱི་རྫོང་ལ་དཔྱད་ཞིབ་དང་གཅུན་པ། ཕྱིར་འབུད་སོགས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ། དཔལ་འབྱོར་དར་བའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱ་དགོས

གསུམ།མཁར་ཤང་གཅིག་གྱུར་དུ་སྤེལ་བར་དམིགས་ཏེ། གྲོང་ཚོ་གསར་བའི་འཛུགས་སྐྲུན་ཟབ་འདེད་ནན་མོ་བྱ་དགོས།

ཀྲུང་གོ་ལ་མཛེས་སྡུག་ལྡན་འདོད་ན་ངེས་པར་དུ་གྲོང་ཚོ་ལ་མཛེས་སྡུག་ལྡན་དགོས་ཤིང་།གྲོང་ཚོ་དར་ཞིང་རྒྱས་པར་འདོད་ན། ངེས་པར་དུ་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཚོ་གསར་བ་འཛུགས་སྐྲུན་བྱེད་པ་རྒྱུན་སྐྱོང་དགོས། འཆར་འགོད་སྣེ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་འདོད་ན། གྲོང་ཚོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་ཡོང་བར་ཇེ་མགྱོགས་སུ་གཏོང་དགོས་ཤིང་།མཁར་ཤང་གི་སྤྱི་སྤྱོད་རྨང་གཞིའི་ཞབས་ཞུ་ཆ་སྙོམས་ཅན་ཡོང་བར་སྐུལ་འདེད་དང་།གྲོང་ཚོ་ནི་རོང་བ་མང་ཚོགས་བདེ་སྡོད་དང་ལས་བརྩོན་གྱི་གཞིས་ཁྱིམ་མཛེས་སྡུག་ཅན་དུ་འགྱུར་དགོས།

15.གྲོང་ཚོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ།དུས་བཅད་ལྟརལྔའི་བཅུ་གཉིསལས་གྲོང་ཚོའི་འཐུང་ཆུ་བདེ་འཇགས་བཟོ་སྐྲུན་འཆར་འགོད་ཀྱི་ལས་འགན་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་ཆེ།གྲོང་ཚོའི་འཐུང་ཆུའི་སྤུས་ཚད་མཐོར་འདེགས་དང་ཕན་ནུས་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དང་།མཁར་གྲོང་་ཆུ་འདོན་པའི་སྦུག་དྲའི་རྒྱུན་དེ་གྲོང་ཚོ་རུ་སྲིང་དགོས་ཤིང་། མུ་མཐུད་དུ་གྲོང་ཚོའི་གློག་དྲ་བཅོས་བསྒྱུར་རིམ་འཕར་གྱི་བཟོ་སྐྲུན་ལག་བསྟར་བྱ་དགོས།ཡུལ་བབ་དང་བསྟུན་ཏེ་གློག་དྲའི་རྒྱུན་སྲིང་བ་དང་ཀོང་ཧྥུའུ།  རླུང་ནུས་གློག་འདོན། ཆུ་ནུས་གློག་འདོན་གྱི་ལས་གཞི་གཞི་ཁྱོན་ཆུང་ངུ་ཅན་སོགས་ཀྱི་གློག་འདོན་བྱེད་ཐབས་སྤྱད་དེ།2015ལོར་གློག་མེད་པའི་ས་ཆས་གློག་བཀོལ་སྤྱོད་བྱེད་ཐུབ་པའི་གནད་དོན་ཐག་གཅོད་བྱེད་དགོས། ནུབ་རྒྱུད་ས་ཁུལ་དང་གཅིག་བསྡུས་ཀྱི་ཁོར་ཡུག་འབྲེལ་བའི་ཆེས་དཀའ་ཁག་ལྡན་པའི་ས་ཁུལ་གྱི་གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་མ་བཏང་སྟེ།གྲོང་ཚོའི་གཞུང་ལམ་ལ་བདག་སྐྱོང་དོ་དམ་བྱེད་ཐད་མ་དངུལ་གཏོང་ཚད་དང་ནང་རྐྱེན་གསར་གཏོད་བྱེད་ཚད་བཅས་ཇེ་དྲག་ཏུ་བཏང་སྟེ། གྲོང་ཚོའི་འགྲུལ་སྐྱེལ་དང་གྲོང་ཚོ་སློབ་གྲྭའི་ཆེད་སྤྱོད་རླངས་འཁོར་གྱི་བདེ་འཇགས་དོ་དམ་བྱ་ཚད་ཇེ་དྲག་ཏུ་གཏོང་དགོས།གྲོང་ཚོའི་རྫབ་རླངས་འཛུགས་སྐྲུན་དང་དོ་དམ་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གྲོང་ཚོའི་ཉེན་ཁང་ཞིག་གསོའི་ཤུགས་ཚད་ཇེ་ཆེར་དང་།གཅིག་གྱུར་འཆར་འགོད་ཀྱིས་གྲོང་ཚོའི་ཁང་བས་ཡོལ་འགུལ་ཐེག་ཐུབ་ཀྱི་བཅོས་བསྒྱུར་བཟོ་སྐྲུན་ལེགས་སྒྲུབ་བྱ་དགོས།གྲོང་ཚོའི་རྒྱང་སྒྲོག་བརྙན་འཕྲིན་དང་འཕྲིན་གཏོང་སོགས་སྡེ་བ་སོ་སོར་འཐེན་པའི་བཟོ་སྐྲུན་ཟབ་སྐུལ་བྱས་ནས།གྲོང་ཚོའི་ཆ་འཕྲིན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གློག་ཀླག་དྲ་ལམ་ཁྱབ་གདལ་དུ་གཏོང་ཚད་ཇེ་མགྱོགས་དང་ཆ་འཕྲིན་དེ་སྡེ་བ་དང་ཁྱིམ་ཚང་ནང་འཐེན་པར་སྐུལ་འདེད་བྱ་དགོས།

16.གྲོང་ཚོའི་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བཁྱོན་ཡོངས་ནས་གྲོང་ཚོའི་འོས་འགན་སློབ་གསོའི་སློབ་གྲྭའི་རྨང་གཞི་ཆ་རྐྱེན་ཞན་པའི་སློབ་གྲྭ་འཛུགས་སྐྱོང་ལེགས་བསྒྱུར་བྱས་ཏེ།གྲོང་ཚོ་སློབ་གྲྭའི་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས། ཡུལ་བབ་དང་བསྟུན་ཏེ་སྡེ་བ་རིམ་པའི་སློབ་ཆུང་དང་དཔེ་ཁྲིད་བྱེད་ས་སོར་བཞག་བྱེད་དགོས་པ་མ་ཟད་ད་དུང་ལེགས་འཛུགས་བྱ་དགོས།ཡུལ་ཚོ་དང་སྡེ་བ་རིམ་གཉིས་ཀྱི་གཞུང་སྒྲུབ་བྱེད་ས་དང་དམངས་ཕན་ཁྱབ་གདལ་རང་བཞིན་གྱི་དམངས་གཉེར་བྱིས་གཉོར་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།མཐོ་འབྲིང་རིམ་པའི་སློབ་གསོ་གོང་འཕེལ་ཡོང་བར་ཇེ་མགྱོགས་སུ་བཏང་སྟེ།སློབ་རིམ་བསྟུད་མར་འཕར་མ་ཐུབ་པའི་སློབ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ་དག་གཙོར་བཟུང་ནས། འབྲིང་རིམ་ཆེད་ལས་སློབ་གསོ་དང་ཆེད་ལས་ལག་རྩལ་གསོ་སྦྱོང་དུ་ཁ་ཚང་ཞུགས་ཐུབ་པར་སྐུལ་འདེད་དང་། རིམ་གྱིས་སློབ་ཡོན་མི་དགོས་པའི་འབྲིང་རིམ་ཆེད་ལས་སློབ་གསོ་སྤེལ་བར་མངོན་འགྱུར་བྱ་ཐུབ་དགོས།ཧུར་ཐག་གིས་ཞིང་ལས་ཆེད་ལས་སློབ་གསོ་གོང་འཕེལ་དུ་བཏང་སྟེ། དཔེ་དབྱིབས་གསར་བའི་ཆེད་ལས་ཞིངལས་མང་ཚོགས་སྐྱེད་སྲིད་བྱེད་པར་བརྩོན་དགོས།ཁྱོན་ཡོངས་ནས་རྨང་གཞི་སློབ་གསོའི་ཚན་རྩལ་རིགས་སོ་སོའི་ཐབས་ལམ་སྤྱད་པའི་སློབ་གསོའི་ཐོན་ཁུངས་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱས་ནས། ཞིང་སྡེ་ས་ཁུལ་དུ་སྤུས་ལེགས་ཅན་གྱི་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་སྐྱེད་དགོས་ཤིང་།མཐོ་རིམ་སློབ་གྲྭ་ཆེ་ཤས་སུ་ཞིང་སྡེའི་སློབ་མ་བསྡུ་ལེན་གྱི་བསྡུར་ཚད་ཇེ་མཐོར་གཏོང་དགོས།གྲོང་ཚོའི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས། གཅིག་བསྡུས་ཅན་གྱི་ཁོར་ཡུག་འབྲེལ་བའི་ཆེས་དཀའ་ཁག་ལྡན་པའི་ཞིང་སྡེ་ས་ཁུལ་གྱི་དགེ་རྒན་གྱི་འཚོ་བའི་ཐད་ཀྱི་རོགས་གསབ་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱ་དགོས། རྒྱལ་ཁབ་ཀྱི་སློབ་གསོའི་འགྲོ་གྲོན་ནི་མཐའ་མཚམས་ས་ཁུལ་དང་མི་རིགས་ས་ཁུལ།  བཅིངས་འགྲོལ་ས་ཁུལ་རྙིང་བ་བཅས་ལ་མང་གཏོང་བྱ་དགོས། དབྱིབས་གསར་གྲོང་ཚོའི་མཉམ་འབྲེལ་སྨན་བཅོས་རྒྱུན་བསྲིང་སྟེ་གྲོན་དངུལ་གྲ་སྒྲིག་བྱེད་པའི་ནང་རྐྱེན་བཙུགས་ནས། མཉམ་འགྲོས་ངང་མི་རེར་ཆ་སྙོམས་ཀྱིས་ནོར་སྲིད་རོགས་གསབ་དང་མི་སྒེར་གྱིས་སྤྲོད་དངུལ་ཚད་གཞི་བཅས་ཇེ་མཐོར་བཏང་ནས།དོན་དངོས་ཀྱི་འགྲོ་སོང་རྩིས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།ཁྱོན་ཡོངས་ནས་མཁར་ཤང་སྡོད་དམངས་ཀྱི་ནད་ཚབས་ཆེན་འགན་སྲུང་བྱེད་པའི་ལས་སྒོ་སྤེལ་ནས།ཞིང་སྡེ་གཞི་རིམ་གྱི་གཞི་རྩའི་སྨན་བཅོས་དང་སྤྱི་སྤྱོད་འཕྲོད་བསྟེན་ནུས་ཤུགསཞིང་སྡེ་སྨན་པའི་དཔུང་ཁག་གི་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་གཏན་གནས་སྨན་བཅོས་སྡེ་ཁག་དང་ཞིང་ཆེན་གྱི་དབྱིབས་གསར་བའི་ཞིང་སྡེ་མཉམ་འབྲེལ་སྨན་བཅོས་ཀྱི་ཆ་འཕྲིན་མ་ལག་གི་སྦྲེལ་རིས་སྤེལ་རེས་ཀྱི་བྱེད་སྒོ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་ཞིང་སྡེ་ལ་ཕན་པའི་ཐག་རིང་ནས་ལྷན་འཛོམས་སྨན་དཔྱད་ཀྱི་མ་ལག་འཛུགས་སྐྲུན་གོང་འཕེལ་གཏོང་དགོས།  རིག་གནས་གཙོ་ཆེན་གྱི་དམངས་ཕན་ལས་གཞིསཞིང་གསུམལ་ཞབས་ཞུ་སྒྲུབ་པའི་བརྗོད་བྱ་ཅན་སྤེལ་བར་རྒྱ་སྐྱེད་དགོས།གྲོང་ཚོའི་ཆེས་དམའི་འཚོ་བའི་འགན་སྲུང་གི་ལམ་ལུགས་ཚད་ལྡན་གྱིས་དོ་དམ་བྱེད་ཚད་ཇེ་དྲག་དང་།ཁྱོན་ཡོངས་ནས་སྐབས་ཐོག་གི་རོགས་སྐྱོབ་ལམ་ལུགས་བཙུགས་ནས་གྲོང་ཚོའི་སྤྱི་ཚོགས་རོགས་སྐྱོབ་བྱ་བ་ལེགས་བསྒྱུར་དང་།གཅིག་གྱུར་གྱི་མཁར་ཤང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་ལམ་ལུགས་དོན་ཐོག་ཏུ་འཁྱོལ་དགོས་ལ།ཞིང་སྡེ་རྒན་གསོའི་ཞབས་ཞུའི་ལས་སྒོ་སྣ་ཚོགས་འབྱེད་པ་དང་རིག་གནས་ལུས་རྩལ་སྒྲིག་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་གནངས་དགོས།ད་ལྟ་ཡོད་པའི་སྒྲིག་ཆས་ར་སྐོར་དང་ཐོན་ཁུངས་བཅས་ཕྱོགས་བསྡུས་ཀྱི་ངང་ནས་བཀོལ་སྤྱོད་བྱས་ཏེ།ཞིང་སྡེ་གཞི་རིམ་གྱི་ཕྱོགས་བསྡུས་སྤྱི་སྤྱོད་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱ་དགོས།

17.ཁྱོན་ཡོངས་ནས་གྲོང་ཚོའི་སྡོད་མིའི་ཁོར་ཡུག་ལེགས་སྒྲིག་ཉམ་གསོ་བྱེད་པར་སྐུལ་འདེད་བྱེད་པརྫོང་མངའ་ཁོངས་ཀྱི་སྡེ་གྲོང་མ་ལག་འཆར་འགོད་དང་སྡེ་བའི་འཆར་འགོད་བཅས་འཐུས་ཚང་དུ་བཏང་སྟེ།འཆར་འགོད་དེ་ཚན་རིག་རང་བཞིན་དང་གཅུན་ནུས་ཅན་དུ་དྲག་གཏོང་བྱ་དགོས། ཞིང་བ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ།གྲོང་ཚོའི་སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་ཁ་ཚང་ཏུ་གཏོང་བར་ལེགས་སྒྲུབ་དང་། རི་ཆུ་ནགས་གསུམ་དང་ཞིང་ས།  གཞུང་ལམ་བཅས་ལ་ཕྱོགས་བསྡུས་ཀྱིས་བདག་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས། གྲོང་ཚོའི་ཁོར་ཡུག་གཅིག་བསྡུས་ཀྱིས་ལེགས་སྒྲིག་ཉམས་གསོ་ལ་བསྟུད་མར་རྒྱབ་སྐྱོར་གནང་སྟེ།གྲོང་ཚོའི་བཙོག་ཆུ་ཐག་གཅོད་དང་སྤྱོད་ཁང་བཅོས་བསྒྱུར་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ།སྡེ་བའི་གཙང་སྦྲ་མགྱོགས་མྱུར་གྱིས་ཇེ་ལེགས་སུ་གཏོང་དགོས།  གྲོང་ཚོའི་མཐའ་འཁོར་བཟོ་ལས་ཀྱིསྙིགས་རོ་གསུམཕྱིར་གཏོང་བ་དང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྤུངས་གསོག་ལ་ལྟ་སྐུལ་དོ་དམ་བདག་སྐྱོང་བྱེད་ཚད་ཇེ་དྲག་ཏུ་གཏོང་དགོས། སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་རེ་ལ་གྲོས་རེ་བྱེད་པའི་ནོར་སྲིད་ཁ་སྣོན་དང་བྱ་དགའ་སྟེ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། གྲོང་ཚོའི་སྤྱི་སྤྱོད་ཞབས་ཞུའི་འཁོར་སྐྱོད་སྲུང་སྐྱོང་གི་ནང་རྐྱེན་ཚོད་ལྟ་ས་གནས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དེ། གཙོ་བོ་སྡེ་ནང་གི་སྤྱི་ཕན་ལས་དོན་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས། སྲོལ་རྒྱུན་སྡེ་གྲོང་གི་ས་མིང་ཐོ་བྱང་འཐུས་ཚང་དང་སྲོལ་རྒྱུན་གྱི་མང་ཚོགས་སྡོད་གནས་ལ་བརྟག་དཔྱད་བྱས་ནས།སྲོལ་རྒྱུན་སྡེ་གྲོང་དང་མང་ཚོགས་སྡོད་གནས་སྲུང་སྐྱོང་གི་འཆར་འགོད་བཅས་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།ས་གནས་སོ་སོས་དོན་དངོས་ལས་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞེས་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེབས་གཏོང་དགོས།གོ་རིམ་ལྡན་པའི་ངང་ནས་གྲོང་ཚོ་ཧྲིལ་བོ་ལེགས་སྒྲིག་ཉམས་གསོ་བྱེད་པར་སྐུལ་འདེད་དང་། རོང་བ་མང་ཚོགས་ཀྱིས་འདོད་བློ་དང་རྒྱབ་འགལ་གྱིས་རྒྱ་ཆེ་བའི་ངང་ནས་སྡེ་གྲོང་མཉམ་སྲེ་དང་བཤིག་འཛུགས་ཆེན་མོ་བྱེད་པར་སྔོན་འགོག་བྱ་དགོས།

18.སྤྱི་ཚོགས་ཀྱི་མ་རྩ་དེ་གྲོང་ཚོའི་འཛུགས་སྐྲུན་སྟེང་གཏོང་བར་ཁྲིད་སྟོན་དང་སྐུལ་འདེབས་བྱ་དགོས།སྤྱི་ཚོགས་ཀྱི་མ་རྩ་དེ་གྲོང་ཚོའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གྲོང་ཚོའི་ལས་དོན་རིགས་སོ་སོར་དར་སྤེལ་དུ་གཏོང་བའི་ཐད་ལ་བཀོལ་བར་སྐུལ་འདེབས་དང་།སྲིད་གཞུང་གིས་གཙོ་ཁྲིད་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་གནངས་པའི་གྲོང་ཚོའི་སྤྱི་ཕན་རང་བཞིན་གྱི་བཟོ་སྐྲུན་དང་ལས་གཞི་ལཞབས་ཞུ་ཉོ་སྒྲུབ་དང་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་བཅས་མཉམ་འབྲེལ་སོགས་ཀྱི་བྱེད་ཐབས་སྤྱོད་ཆོག་ལ།ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་བཅས་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་དང་དེ་མིན་འཁོར་སྐྱོད་བདག་གཉེར་བཅས་ཀྱི་ལས་དོན་སྟེང་ཞུགས་པར་ཁྲིད་སྟོན་བྱ་དགོས།ཚོང་ལས་ཅན་དུ་བསྒྱུར་ཏེ་འཁོར་སྐྱོང་བདག་གཉེར་བྱེད་ཕོད་པའི་གྲོང་ཚོའི་ཞབས་ཞུ་ལས་སྒོ་ཅན་དེ་སྤྱི་ཚོགས་ཀྱི་མ་རྩའི་ཕྱོགས་སུ་ཁྱོན་ཡོངས་ནས་སྒོ་འབྱེད་པ་དང་། སྤྱི་ཚོགས་ཀྱི་མ་རྩ་དེ་གྲོང་ཚོའི་འཛུགས་སྐྲུན་གྱི་དཀར་ཆག་ཏུ་འགོད་པར་གཏན་འབེབས་དང་སྐུལ་འདེབས་བྱས་ཏེ། ནོར་ཁྲལ་དང་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་སྐོར་ཞིབ་འཇུག་གཏན་འབེབས་བྱ་དགོས། ཡུལ་ཚོའི་སྲིད་གཞུང་གི་འགན་ནུས་སྤོ་སྒྱུར་ཀྱི་དཀར་ཆག་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ། སྤྱི་ཚོགས་ཀྱིས་གསར་སྤེལ་བྱས་པའི་སྤྱི་སྤྱོད་ཞབས་ཞུ་དང་འཕྲོད་མཐུན་ཡིན་པ་དེ་སྤྱི་ཚོགས་རྩ་འཛུགས་ལ་སྤྲད་དེ་དང་ལེན་བྱ་དགོས།

19.གྲོང་ཚོའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས་པ།གྲོང་ཚོའི་ཁྱད་ཆོས་ལ་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་གི་འདུ་ཤེས་གསོ་སྐྱོང་དང་ལག་བསྟར་བྱེད་པར་བསྟུན་ཏེ། གཏིང་ཟབ་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མ་བཅས་ཁྱབ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ་དགོས་ཤིང་།རྒྱ་ཆེ་བའི་ངང་ནས་གནས་བབ་ཀྱི་སྲིད་ཇུས་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ་ཏེ།རོང་བ་མང་ཚོགས་ཀྱི་སྤྱིའི་བྱང་ཚད་ཇེ་མཐོར་དང་ཞིང་སྡེའི་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོར་འདེགས། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཚོ་གསར་བ་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་ཆེན་མོ་གོང་བུ་གཅིག་ཏུ་འདྲིལ་དགོས།གྲོང་ཚོའི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཀྱིས་སྤེལ་ནས།ཁྱིམ་སྲོལ་ཡག་པོ་དང་ཁྱིམ་གྱི་བསླབ་ཚིག་ལེགས་པོ་བརྟན་བརླིང་གིས་དར་སྤེལ་ཏུ་བཏང་སྟེ།མུ་མཐུད་དུ་མནའ་མ་ཡ་རབས་ཅན་དང་བུ་ཕྲུག་ཡ་རབས་ཅན། ཁྱོ་ཤུག་ཡ་རབས་ཅན་སོགས་དཔྱད་བསྡུར་འདེམས་བསྐོ་དང་གཟེངས་བསྟོད་ཀྱི་བྱ་འགུལ་སྤེལ་དགོས་ཤིང་།ཤིང་སྡེའི་དགེ་རྒན་ཕུལ་བྱུང་ཅན་དང་སྨན་པ་ཕུལ་བྱུང་ཅན།སྡེ་དཔོན་ཕུལ་བྱུང་ཅན་སོགས་བཙལ་བའི་བྱ་འགུལ་སྤེལ་ཏེ།ཡར་ཐོན་དང་ཡར་བཀུར་བྱ་བའི་ཕྱོགས་ཀྱི་སྟོབས་ཤུགས་ཆེན་མོ་ཕྱོགས་བསྡུས་བྱ་དགོས།རིག་རྩལ་ལས་སྒྲུབ་པ་གྲོང་ཚོར་ཕྱིན་ཏེ་ཡུལ་བབ་མཚོན་པའི་གནས་ཚུལ་འདུས་ཤིང་ཞིང་སྡེའི་དུས་རབས་འཕོ་འགྱུར་ལ་བསྟོད་པའི་རིག་རྩལ་རྩོམ་རིག་ཕུལ་བྱུང་ཅན་གསར་རྩོམ་བྱེད་པར་དར་སྤེལ་ཏུ་བཏང་སྟེ།བདེ་ཐང་ཡིན་ཞིང་ཕན་ནུས་ལྡན་ལ། ཐོས་དགའ་མཐོང་སྤྲོའི་རིག་གནས་ཞབས་ཞུ་འདོན་སྤྲོད་བྱེད་དགོས།མཚོན་བྱེད་མི་སྣའི་རིག་གནས་གསར་གཏོད་དང་དྲང་བདེན་གྱི་སྤྱོད་བཟང་དར་སྤེལ་ཏུ་བཏང་སྟེ།ཕ་ཡུལ་དྲན་པའི་བརྩེ་སེམས་དང་སྐྱོ་སེམས་སྒྲིག་ཐག་བྱས་ཏེ་ཕྱོགས་སོ་སོའི་ལས་རིགས་ཁག་སོ་སོའི་མི་སྣས་ཕ་ཡུལ་གྱི་འཛུགས་སྐྲུན་ཕྱོགས་སུ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱབ་སྐྱོར་བྱེད་པ་དང་གྲོང་ཚོའི་དཔལ་ཡོན་དར་སྤེལ་དུ་གཏོང་དགོས།

20.གྲོང་ཚོའི་གཞི་རིམ་ཏང་འཛུགས་ཀྱི་བྱ་བ་དངོས་ནས་ཇེ་དྲག་ཏུ་གཏོང་དགོས་པ། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་གཟབ་ནན་གྱིས་ཏང་སྐྱོང་སྐོར་གྱི་བླང་བྱ་ལག་ལེན་དང་དོན་འཁྱོལ་མཐིལ་ཕྱིན་བྱས་ཏེ། ཏང་རྩ་འཛུགས་ནི་ལྟེ་གནས་འཛིན་པའི་གྲོང་ཚོའི་གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྲུན་བྱེད་པར་ཇེ་དྲག་དང་། གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་མེད་ཟབ་ཟོབ་ཀྱི་བྱ་བའི་རྣམ་པ་གཏིང་ཟབ་ཀྱིས་དག་ཐེར་ནན་མོ་བྱས་ནས།ཏང་གིས་གྲོང་ཚོ་གཞི་རིམ་དུ་སྲིད་སྐྱོང་རྩ་འཛུགས་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།  གྲོང་ཚོ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འགོད་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ།རྩ་འཛུགས་ཀྱི་ཁེབས་རྒྱ་དང་བྱ་བའི་ཁེབས་ཚད་ཇེ་ཆེར་གཏོང་དགོས།གྲོང་ཚོ་རིམ་གཉིས་ཀྱི་ཏང་རྩ་འཛུགས་ཚན་ཁག་འཛུགས་སྐྲུན་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ། སྣེ་ཁྲིད་མཁན་དེ་སྔར་ལས་འདེམས་བསྐོ་དང་དོ་དམ། བེད་སྤྱོད་བཅས་གང་ལེགས་བྱ་དགོས།ཞིང་སྡེ་གཞི་རིམ་གྱི་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་མོ་བྱས་ནས་ཏང་ཡོན་ལ་དུས་རྒྱུན་གྱི་སློབ་གསོ་དང་དོ་དམ་བྱེད་ཚད་ཇེ་དྲག་དང་།ཏང་ཡོན་གྱིས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ཏང་ལུགས་དང་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་སྤྱོད་ངན་ལ་ཐག་གཅོད་ནན་མོ་དང་།རོང་བ་མང་ཚོགས་ཀྱི་འགྲམ་དུ་སློང་བའི་ཚུལ་མཐུན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་སོགས་ཞིབ་བཤེར་ཐག་གཅོད་བྱ་དགོས།ཞིང་སྡེ་གཞི་རིམ་ཀྱི་ཞབས་ཞུ་དཔེ་དབྱིབས་ཅན་གྱི་ཏང་རྩ་འཛུགས་དེ་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱས་ཏེ།རྫོང་དང་གྲོང་ཚོ་བཅས་རིམ་པ་གསུམ་ལ་སྟབས་བདེའི་ཞབས་ཞུ་འདོན་པའི་དྲ་བའི་འཛུགས་སྐྲུན་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས།མང་ཚོགས་ལ་དངོས་དོན་དང་དོན་བཟང་གང་མང་སྒྲུབ་སྟེ།ཞབས་ཞུ་འདོན་སྤྲོད་ལས་མང་ཚོགས་དང་འབྲེལ་འདྲིས་དམ་པོ་དང་མང་ཚོགས་ལ་མཐུན་སྒྲིལ་དང་།མང་ཚོགས་ལ་ཁྲིད་སྟོན། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པར་བརྩོན་དགོས།ཏང་འཛུགས་བྱ་བའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ།ཁྱོན་ཡོངས་ནས་གྲོང་ཁྱེར་དང་རྫོང་། གྲོང་ཚོ་བཅས་སུ་ཏང་ཨུའུ་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་ལེགས་སྒྲུབ་དང་ལེགས་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ།དཔྱད་ཞིབ་བཅས་ཀྱི་བྱ་བ་སྤེལ་དགོས།

བཞི།གྲོང་ཚོའི་འཕེལ་རྒྱས་ལ་གསོན་ཤུགས་གསར་སྣོན་བྱེད་པར་དམིགས་ནས།ཁྱོན་ཡོངས་ནས་ཞིང་སྡེའི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས།

ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ན།ངེས་པར་དུ་གྲོང་ཚོའི་ལམ་ལུགས་བཅོས་བསྒྱུར་དེ་གཙོ་གནད་དུ་འཛིན་དགོས་ཤིང་།ཀྲུང་དབྱང་གིས་སྤྱི་ཁོག་བཀོད་སྒྲིག་ལྟར་རྩེ་རིམ་ཇུས་འགོད་འཐུས་ཚང་དང་།ཚོད་ལྟ་ས་ཁུལ་གྱི་ཉམས་ཞིབ་དམ་འཛིན་བྱས་ཏེ་མུ་མཐུད་དུ་སྤྱི་བསྡོམས་བྱས་ནས་ལྟ་སྐུལ་ཞིབ་བཤེར་དང་དོན་ཐོག་འཁྱོལ་བར་ཇེ་དྲག་ཏུ་བཏང་ནས།བཅོས་བསྒྱུར་ལས་ཡར་ཐོན་དང་བཅོས་བསྒྱུར་ལས་གྲུབ་འབྲས་ལེན་པར་ཁག་ཐེག་བཅས་བྱས་ཏེ།ཞིང་སྡེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་གསོན་ཤུགས་ལྡན་པར་སྐུལ་སྤེལ་བྱེད་དགོས།

21.དབྱིབས་གསར་བའི་ཞིང་ལས་བདག་གཉེར་མ་ལག་མགྱོགས་འཛུགས་བྱ་དགོས་པ།ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་ལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། རོང་ཁྱིམ་གྱིས་ས་ཞིང་བདག་གཉེར་བྱེད་པའི་གཙོ་ཕུང་གི་གོ་གནས་རྒྱུན་སྐྱོང་ནས།ས་ཞིང་བདག་གཉེར་གྱི་དབང་ཆ་ལུགས་མཐུན་དང་རིམ་ལྡན་གྱིས་རྒྱུན་འཁོར་བྱེད་པར་ཁྲིད་སྟོན་དང་།ས་ཞིང་རྒྱུན་འཁོར་དང་གཞི་ཁྱོན་བདག་གཉེར་བྱེད་ཐབས་གསར་གཏོད་བྱས་ནས། གཞི་ཁྱོན་ཚད་རན་པའི་བདག་གཉེར་གྱི་རྣམ་པ་རིགས་གང་མང་སྤེལ་བར་བརྩོན་ཏེ། རོང་བ་མང་ཚོགས་རྩ་འཛུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།གཞི་ཁྱོན་ཚད་རན་པའི་རོང་ཁྱིམ་གྱི་ཞིང་ར་སྤེལ་བར་སྐུལ་འདེབས་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ཀྱི་གཞི་ཁྱོན་བདག་གཉེར་བྱེད་པའི་གཙོ་ཕུང་ལ་རྒྱབ་སྐྱོར་རྒྱག་པ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།རོང་བ་མང་ཚོགས་ཀྱིས་བཙུགས་པའི་ཆེད་ལས་མཉམ་ལས་ཁང་གི་ཞབས་ཞུའི་ཁྱབ་ཁོངས་རྒྱ་སྐྱེད་པར་ཁྲིད་སྟོན་དང་། ཚད་ལྡན་གྱིས་གོང་འཕེལ་ཡོང་བར་སྐུལ་འདེད།  ལོ་འཁོར་ནང་སྙན་ཞུ་བརྡ་ཁྱབ་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ནས་དཔེ་སྟོན་སྡེ་བ་གསར་འཛུགས་བྱེད་པར་ཟབ་སྐུལ་བྱེད་དགོས། ཞིང་ལས་ཐོན་ལས་ཅན་དུ་བསྒྱུར་བའི་དཔེ་སྟོན་གཞི་ས་འཛུགས་སྐྲུན་དང་སྣེ་ཁྲིད་ཁེ་ལས་དབྱིབས་འགྱུར་རིམ་འཕར་བྱུང་བར་སྐུལ་འདེད་བྱ་དགོས།རོང་བ་མང་ཚོགས་ཀྱིས་ས་ཞིང་བདག་གཉེར་གྱི་དབང་ཆ་དེ་མཉམ་ལས་ཁང་དང་སྣེ་ཁྲིད་ཁེ་ལས་ནང་མ་རྐང་དུ་འཇོག་པར་ཁྲིད་སྟོན་བྱ་དགོས།བཟོ་ཚོང་གི་མ་རྩ་བེད་སྤྱད་དེ་ཁེ་ལས་ཅན་གྱི་བདག་གཉེར་དང་འོས་མཐུན་ཡིན་པའི་དེང་རབས་ཀྱི་གསོ་སྤེལ་ལས་རིགས་དང་ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་དང་།ཞིང་ལས་སྤྱི་ཚོགས་ཅན་དུ་བསྒྱུར་བའི་ཞབས་ཞུ་དར་སྤེལ་གཏོང་བར་སྐུལ་འདེབས་བྱ་དགོས།ས་ཞིང་བདག་གཉེར་གྱི་ཁེ་དབང་འཁོར་རྒྱུག་བྱེད་པར་རོང་བ་མང་ཚོགས་གྱི་འདོད་བློ་བརྩི་སྲུང་དང་།དམིགས་ཚད་བཙན་གྱིས་འཇོག་པ་དང་བཙན་ཤེད་ཀྱིས་སྐུལ་འདེད་བཅས་བྱེད་མི་ཆོག་ཅིང་། བཟོ་ཚོང་གི་མ་རྩ་བདེ་སྤྱོད་དེ་ས་ཞིང་བོགས་གཏོང་བྱེད་ཆོག་ལ་དེའི་ལྟ་སྐུལ་དོ་དམ་སྐོར་གྱི་བྱ་ཐབས་ཆེས་མགྱོགས་པའི་ངང་ནས་གཏན་འབེབས་དང་།ཞིང་ལས་ཀྱི་སྤྱོད་སྒོ་དེ་གང་འདོད་ཀྱི་ས་སྒྱུར་བར་རྩ་བ་ནས་བཀག་འགོག་བྱེད་དགོས།

22.གྲོང་ཚོའི་ཐུན་མོང་གི་རྒྱུ་ནོར་དབང་ཆའི་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་བྱ་དགོས།གྲོང་ཚོ་ཐུན་མོང་ལ་དབང་བའི་ལམ་ལུགས་ནུས་ལྡན་གྱིས་མངོན་འགྱུར་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ།གྲོང་ཚོའི་ཐུན་མོང་གི་དཔལ་འབྱོར་འཁོར་སྐྱོད་ཀྱི་ནང་རྐྱེན་གསར་གཏོད་བྱ་དགོས།གྲོང་ཚོའི་ཐུན་མོང་རྒྱུ་ནོར་དབང་ཆའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་བསམ་འཆར་གཏན་འབེབས་བྱས་ནས་བརྟན་བརླིང་གིས་སྐུལ་འདེད་བྱ་དགོས།ས་ཞིང་སོགས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་ལས་གཙོ་བོ་ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་གསལ་འདོན་དང་ཐོ་འགོད་བྱས་ཏེ་འཛིན་ཡིག་སྟེར་བའི་བྱ་བ་གཙོ་འཛིན་དང་ནན་འཛིན་བྱེད་དགོས་ལ།ཞིང་ཆེན་ཡོངས་སུ་ཚོད་ལྟ་ཁུལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་པར་སྐུལ་འདེད་དགོས་ཤིང་།སྤྱི་ཁོག་ལས་ས་ཞིང་གཏན་འབེབས་བྱེད་པར་ཁྱིམ་ཚང་རེ་ལ་གཤོང་དགོས་ཤིང་།དབང་ཆ་གཏན་འཁེལ་དང་མ་རྐང་གཏན་འཁེལ་ལས་ས་ཞིང་གཏན་འཁེལ་མི་བྱེད་པའི་ཁྱབ་ཁོངས་ནི་རྒྱུས་ལོན་ནན་མོ་དང་།བདག་གཉེར་རང་བཞིན་མ་ཡིན་པའི་རྒྱུ་ནོར་གྱི་སྤྱི་སྤྱོད་ཞབས་ཞུའི་ནུས་ཤུགས་གཙོ་བོ་ཇེ་མཐོར་གཏོང་བར་ཕན་པའི་ཐུན་མོང་དང་གཅིག་གྱུར་གྱིས་བདག་གཉེར་དོ་དམ་བྱེད་པའི་ནུས་ལྡན་གྱི་ནང་རྐྱེན་འཚོལ་ཞིབ་བྱ་རྒྱུ་དེ་ཡིན།བདག་གཉེར་རང་བཞིན་གྱི་རྒྱུ་ནོར་ལ་གཙོ་བོ་ཐོན་སྐྱེད་ཀྱི་དབང་ཆའི་ཁོངས་གཏོགས་གསལ་ཞིང་།རྒྱུ་ནོར་མ་རྐང་དུ་ཕབ་ཚད་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་མིང་ཐོག་ཏུ་འགོད་དགོས་ཏེ།རྣམ་པ་གང་མང་གྱིས་མ་རྐང་མཉམ་ལས་སྤེལ་དགོས།རོང་བ་མང་ཚོགས་ལ་ཐུན་མོང་རྒྱུ་ནོར་མ་རྐང་གི་དབང་ནུས་སྤྲོད་པའི་ལམ་ལུགས་བཅོས་བསྒྱུར་ཀྱི་ཚོད་ལྟ་ཁུལ་སྤེལ་ཏེ།ཚོད་ལྟའི་རྒྱུད་རིམ་ཁྲོད་དུ་རོང་བ་མང་ཚོགས་ཀྱི་ཁེ་དབང་ལ་བསླད་སྐྱོན་ཐེབས་པར་སྔོན་འགོག་དང་། ཚོད་ལྟ་ཁུལ་གྱི་བྱ་བ་སོ་སོར་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྱབ་ཁོངས་སུ་སྤེལ་བར་ཚོད་འཛིན་ནན་མོ་བྱ་དགོས།གྲོང་ཚོའི་ཐུན་མོང་གིམ་རྩ་གསུམལ་དོ་དམ་དང་ལྟ་སྐུལ་དང་། ཡོང་སྒོ་བགོ་བཤའ་རྒྱག་པ་བཅས་སྐོར་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྫོང་དང་གྲོང་ཚོའི་ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་དང་ནགས་ལས་དབང་ཆ་བཅས་རྒྱུན་འཁོར་ཞབས་ཞུའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།གྲོང་ཚོའི་ཐོན་སྐྱེད་དབང་ཆ་རྒྱུན་འཁོར་གྱི་ཚོང་ར་བདེ་ཐང་ངང་ནས་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱ་དགོས། གྲོང་ཚོའི་ཐུན་མོང་གི་ཐོན་སྐྱེད་དབང་ཆའི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པར་ཕན་པའི་ཁྲལ་དངུལ་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

23.བརྟན་བརླིང་གིས་ཞིང་སྡེའི་ཞིང་སའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་གནས་བསྐྲུན་པར་སྐུལ་འདེད་དགོས། ས་ཞིང་སྤྱི་དབང་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་རྨོ་འདེབས་ཚད་ཐིག་ལས་མི་བརྒལ་བ།ཞིང་བའི་ཁེ་ཕན་ལ་གནོད་པ་མེད་པ་བཅས་ཀྱི་ཆ་རྐྱེན་འོག ཀྲུང་དབྱང་གིས་གཅིག་གྱུར་གྱི་བཀོད་སྒྲིག་ལྟར།གཟབ་ནན་དང་བརྟན་བརླིང་གིས་ཞིང་སྡེ་ས་ཞིང་གི་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་དགོས།རིགས་དབྱེ་སྒོས་ཞིང་སྡེའི་ས་ཞིང་བསྡུ་ལེན་དང་སྤྱི་གཉེར་རང་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན། སྡོད་ཁང་གི་གཞི་སའི་ལམ་ལུགས་བཅོས་བསྒྱུར་གྱི་ཚོད་ལྟའི་གནས་ལག་བསྟར་དགོས།ས་ཞིང་བསྡུ་ལེན་གྱི་ཁྱབ་ཁོངས་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་གཏན་འབེབས་དགོས། རྒྱལ་ཁབ་དང་ཚོགས་པ།  མི་སྒེར་བཅས་ཀྱི་ཞིང་སའི་རིན་འཕར་ཕན་ཐོབ་བསྐོ་མངག་ཕན་ཚུན་ལྟ་རྟོག་བྱེད་པའི་ནང་རྐྱེན་བསྐྲུན་ནས་འོས་འཚམ་གྱི་མི་སྒེར་ཁེ་ཕན་ཇེ་མཐོར་གཏོང་དགོས།ས་ཞིང་བསྡུ་ལེན་བྱས་ཟིན་པའི་ཞིང་བར་འོས་འཚམ་དང་ཚད་ལྡན།རྒྱུད་མང་བཅས་ཀྱི་ཁག་ཐེག་ནང་རྐྱེན་འཐུས་ཚང་དང་། འོས་འཚམས་ཀྱིས་འཆར་འགོད་དང་བེད་སྤྱོད་དོ་བདག་བྱས་པའི་ཞིང་སྡེའི་སྤྱི་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་གཞི་གཞན་གཏོང་དང་བོགས་གཏོང་།མ་རྐང་འཇོག་པའི་ནུས་པ་བཅས་སྩོལ་དགོས། ཚོང་རེའི་བརྗེ་རེ་བྱེད་སྟངས་དང་ཞབས་ཞུའི་ལྟ་རྟོག་ནང་རྐྱེན་ཚང་བསྐྲུན་དགོས། ཁྲིམས་ལྟར་ཞིང་བའི་གཞི་སའི་འགན་དབང་སྲུང་བ་དང་བེད་སྤྱོད་རྣམ་པ་བསྒྱུར་ཏེ་ཞིང་བའི་སྡོད་ཁང་གི་ཁག་ཐེག་ནང་རྐྱེན་གསར་བ་འཚོལ་ཞིབ་དགོས། ཚོད་ལྟའི་གནས་ཀྱི་བྱ་བར་མཛུབ་སྟོན་དང་ལྟ་རྟོག་ཇེ་དྲག་ཏུ་བཏང་ནས་ངེས་དོན་གྱིས་ཁ་སྦྱོར་བཀོལ་གཏོང་དང་ཉེན་འབྱུང་ཚོད་འཛིན་ཐུབ་པ་བྱ་དགོས། ཚོད་ལྟ་བྱེད་ཞོར་དང་སྤྱི་སྡོམ་བྱེད་ཞོར། འཐུས་ཚང་དུ་གཏོང་ཞོར་བསྐྱར་བཟོ་ཐུབ་པ་དང་ཁྱབ་གདལ་གཏོང་ཐུབ་པའི་བཅོས་བསྒྱུར་གྱི་འབྲས་བུ་འགྲུབ་དགོས།

24.ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་ལ་སྐུལ་འདེད་དགོས།རང་འགུལ་གྱིས་ཞིང་སྡེའི་དོན་དངོས་དང་ཁྱད་ཆོས།ཞིང་བའི་དགོས་མཁོ་བཅས་འཕྲོད་དགོས་ཤིང་། མུ་མཐུད་དུ་ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་གསར་གཏོད་ལེགས་པོ་བྱ་དགོས།སྣ་འཛོམས་ཀྱི་ནོར་སྲིད་དཔྱ་ཁྲལ་ཡོང་འབབ་དང་སྐྱི་དངུལ།དངུལ་རྩའི་ལྟ་རྟོག་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཀོལ་ནས་དངུལ་རྩའི་ཐོན་ཁུངས་མུ་མཐུད་དུ་ཞིང་གསུམ་ཕྱོགས་ལ་བསྐོར་བར་སྐུལ་འདེད་དགོས།ཞིང་སྡེའི་ཡིད་རྟོན་སྐྱི་དངུལ་སྤྱི་འབོར་བསྟུད་མར་འཕར་བ་དང་ཞིང་འབྲེལ་སྐྱི་དངུལ་གྱི་བསྡུར་གྲངས་མི་ལྷུང་བར་ཁག་འགན་ལེན་དགོས།ཞིང་འབྲེལ་སྐྱི་དངུལ་གྱི་ཞིབ་རྩིས་ལམ་ལུགས་འཐུས་ཚང་དང་ཞིང་འབྲེལ་སྐྱི་དངུལ་གྱི་སྒྲིག་གཞི་ལེགས་བསྒྱུར་བྱས་ནས་བསྟུད་མར་ཞིང་སྡེའི་དངུལ་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་མ་ཟད་འབྲེལ་ཡོད་དཔྱ་ཁྲལ་ཡོང་སྒོའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རྒྱུ་ནོར་གཏའ་མར་བཞག་ནས་སྐྱི་དངུལ་ལེན་པ་དང་ཆེས་ཕན་ཁེ་ལྡན་པའི་ཞིང་སྡེའི་རྒྱབ་སྐྱོར་སྐྱི་དངུལ་འདོན་དགོས། ཚོང་ལས་དངུལ་ཁང་སོ་སོའི་ཞིང་གསུམ་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པར་གཟེངས་བསྟོད་དང་ཞིང་ལས་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ལས་དོན་པུས་བཅོས་བསྒྱུར་ཚོད་ལྟའི་གནས་རྫོང་ཡོངས་དང་ཡན་ལག་དངུལ་ཁང་ལ་ཁེབས་དགོས།ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་ནུས་པ་གཏན་ཁེལ་བྱེད་པའི་དུས་མཚུངས་སུ།ཆུ་བེད་དང་དབུལ་ཕོངས་ས་ཆའི་གཞུང་ལམ་སོགས་ཞིང་སྡེའི་རྨང་གཞི་འཛུགས་སྐྲུན་ཐད་ཀྱི་སྐྱི་དངུལ་མང་དུ་གཏོང་བ་དང་སྒེར་གཉེར་རང་བཞིན་གྱི་ལས་རིགས་གཟབ་ནན་སྒོས་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཁབ་གསར་གཏོད་དངུལ་ཁང་གིས་ཞིང་གསུམ་དངུལ་རྩའི་རྣམ་པ་གསར་གཏོད་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ཞིང་ལས་དང་ཞིང་སྡེའི་འཛུགས་སྐྲུན་ཁྲོད་ཡུན་རིང་བོར་སྐྱི་དངུལ་གཏོང་བར་ཤུགས་སྣོན་པ་དང་ཞིང་སྡེའི་ཡིད་རྟོན་དངུལ་ཁང་གི་མ་རྩའི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་འདེགས་དགོས།རྫོང་ཁོངས་དང་ཞིང་གསུམ་ཞབས་ཞུའི་གཏན་གནས་བསྐྲུན་པ་རྒྱུན་འཁྱོངས་ནན་མོ་བྱས་ཏེ་སྦྲགས་སྲིད་གསོག་འཇོག་དངུལ་ཁང་གིས་ཞིང་སྡེའི་དངུལ་རྩའི་ལས་རིགས་སྐྱེད་པར་གཟེངས་བསྟོད་དགོས། ཞིང་གྲོང་དངུལ་ཁང་ཞིང་སྡེ་རུ་ཁེབས་ཚད་ཆེར་སྐྱེད་དང་རྣམ་པ་གསར་བའི་ཞིང་སྡེའི་མཉམ་འབྲེལ་དངུལ་རྩའི་འཕེལ་རྒྱས་ཀྱི་རྒྱུུ་ལམ་འཚོལ་ཞིབ་བྱེད་པར་འབད་དེ།ཞིང་བའི་མཉམ་ལས་ཁང་ནང་ཁུལ་གྱི་མ་དངུལ་ཕན་ཚུན་བར་རོགས་འདེགས་ཐུབ་པའི་ཚོད་ལྟའི་གནས་བརྟན་པོ་བསྐྲུན་པ་དང་ས་གནས་སྲིད་གཞུང་གི་དོ་བདག་འགན་བབ་ལག་ཏུ་བསྟར་དགོས།ས་ཞིང་འགན་ལེན་གྱི་བདག་གཉེར་དབང་ཆ་དང་ཞིང་བའི་སྡོད་ཁང་གི་རྒྱུ་ནོར་གཏའ་མར་འཇོག་བར་འདུག་སྐྱི་དངུལ་གཏོང་བའི་ཚོད་ལྟའི་གནས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།ཞིང་གསུམ་དངུལ་རྩའི་བར་འདུག་འགན་ལེན་ལས་རིགས་སྤེལ་བར་གཟེངས་བསྟོད་དང་ནུས་ཤུགས་ཡོད་རྒུས་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ཞིང་གསུམ་དངུལ་རྩའི་བར་འདུག་འགན་ལེན་དང་ཡང་འགན་ལེན་པའི་སྒྲིག་གཞི་འཕེལ་རྒྱས་སུ་བཏང་ནས་དངུལ་ཁང་དང་བར་འདུག་འགན་ལེན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།དངུལ་ཁང་ལས་རིགས་སུ་དངུལ་རྩའི་སྒྲིག་གཞིས་ཞིང་གསུམ་དངུལ་བུན་སྤེལ་བར་རྒྱབ་སྐྱོར་དང་ཆ་རྐྱེན་འཛོམས་པའི་ཞིང་འབྲེལ་ཁེ་ལས་ཀྱིས་དངུལ་བུན་སྤེལ་བར་གཟེངས་བསྟོད་དང་ཞིང་ལས་འཕྲུལ་ཆས་དངུལ་རྩའི་བོགས་གཏོང་ཚོད་ལྟའི་གནས་བསྐྲུན་ཞིང་། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་བོའི་དངུལ་རྩའི་ཞབས་ཞུ་འཐུས་ཚང་དང་ཞིང་སྡེའི་དངུལ་རྩའི་སྤྱི་ཕན་ཇེ་དྲག་ཏུ་བཏང་ནས་མུ་མཐུད་དུ་མ་དངུལ་ཉུང་ངུའི་སྐྱི་དངུལ་འགན་ལེན་བྱེད་པའི་ནོར་སྲིད་བོགས་སྦྱོར་སྐྱི་དངུལ་སོགས་ཞིང་སྡེ་བུད་མེད་ལ་རྒྱབ་སྐྱོར་ཆེན་པོ་བྱ་དགོས།

25.ཆུ་བེད་དང་ནགས་ལས་བཅོས་བསྒྱུར་ཟབ་མོ་བྱ་དགོས།ཆུ་དབང་ལམ་ལུགས་ཚང་བསྐྲུན་དང་ཆུ་དབང་ཁག་ལེན་ཐོ་འགོད་ཚོད་ལྟའི་གནས་བཙུགས་ཏེ་རྣམ་པ་མང་བའི་ཆུ་དབང་རྒྱུ་འཁོར་བྱེད་སྟངས་འཚོལ་ཞིབ་དང་། ཞིང་ལས་སུ་ཆུ་གོང་སྣ་འཛོམས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་ཧུར་ཐག་གིས་ཆུ་གོང་བཅོས་བསྒྱུར་དང་ཆུ་དབང་བརྗེ་རེ་བྱེད་པའི་ཉམས་མྱོངས་ལེགས་པོ་ཁྱབ་གདལ་དུ་གཏོང་དགོས། ཞིང་ལས་ཡེར་ཆུའི་འདྲེན་ཚད་ཚོད་འཛིན་དང་དོ་དམ་གཏན་དངུལ་ལམ་ལུགས་བསྐྲུན་ནས་ཞིང་ལས་སུ་ཆུ་བཀོལ་ཚད་ལེན་ནན་མོ་སྒོས་ཞིང་ལས་སུ་ཆུ་གོང་འོས་འཚམས་བཀོད་དེ་ཡང་དག་པའི་ཁ་གསབ་ཀྱི་ནང་རྐྱེན་བསྐྲུན་དགོས། སྤྱི་ཚོགས་སུ་མ་རྩ་ཡོད་མཁན་ཆུ་བེད་བཟོ་སྐྲུན་དང་འཁོར་སྐྱོད་ལ་ཞུགས་པར་འགུག་དགོས།ཞིང་བའི་ཆུ་བཀོལ་མཉམ་འབྲེལ་རྩ་འཛུགས་འཕེལ་རྒྱས་སུ་ཡོང་བར་གཟེངས་བསྟོད་དང་ཞིང་སའི་ཆུ་བེད་བཟོ་སྐྲུན་ཆུ་བུའི་དོ་སྲུང་གཙོ་ཕུང་ལ་རོགས་འདེགས་དགོས།ཧུར་ཐག་གིས་ཞིང་སྡེའི་ཆུ་བེད་བཟོ་སྐྲུན་ཆེད་ལས་ཅན་གྱི་དོ་དམ་འཕེལ་རྒྱས་སུ་བཏང་ནས་གཟབ་ནན་སྒོས་ནགས་ས་དང་གཤིན་སའི་སྲུང་སྐྱོང་ལམ་ལུགས་ཚང་བསྐྲུན་དང་། མཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱ་དགོས།བརྟན་བརླིང་སྒོས་རྒྱལ་དབང་ནགས་ར་དང་ནགས་སའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་སྐྱེས་ཁམས་སྤྱི་ཕན་ནུས་པའི་གཏན་ཁེལ་གསལ་བོ་བྱས་ཏེ།ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོང་དང་གསོ་སྤེལ་ལེགས་པོ་བྱ་དགོས།རྒྱལ་ཁབ་ཀྱིས་ཤིང་ཆ་བཀོལ་བ་དང་གསོག་ཉར་བྱེད་པའི་ལམ་ལུགས་བསྐྲུན་དགོས།  ཧུར་ཐག་གིས་ནགས་ལས་ཁྱད་ཆོས་དང་འཚམ་པའི་དངུལ་རྩའི་ལས་རིགས་མང་བོ་འཕེལ་བ་དང་སྤྱི་ཚོགས་སུ་མ་རྩ་ཡོད་མཁན་ནགས་ལས་འཛུགས་སྐྲུན་དུ་ཞུགས་པར་འགུག་དགོས།

26.མགྱོགས་མྱུར་སྒོས་མཁོ་འཚོང་མཉམ་ལས་ཁང་དང་ས་རྒོད་ཕྲུ་སློག་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་དགོས།ཕྱོགས་ཡོངས་སུ་མཁོ་འཚོང་མཉམ་ལས་ཁང་གི་སྣ་འཛོམས་བཅོས་བསྒྱུར་ཟབ་མོ་བྱས་ཏེ་ཞིང་ལས་ཕྱོགས་སུ་ཞབས་ཞུབས་སྒྲུབ་པར་རྒྱུན་འཁྱོངས་དང་གཞི་རིམ་མཉམ་ལས་ཁང་བཅོས་བསྒྱུར་བྱེད་པར་དམིགས་ནས་མཉམ་འབྲེལ་མཉམ་ལས་ཁང་བཅོས་སྐྱོང་བྱེད་པའི་ནང་རྐྱེན་གསར་གཏོད་དང་། ཞིང་ལས་སུ་ཞབས་ཞུ་བྱེད་པའི་མངའ་ཁོངས་སྐྱེད་དེ། མཉམ་ལས་ཁང་ནི་རྒྱལ་ཡོངས་རང་བཞིན་གྱི་ཞིང་གསུམ་སྣ་འཛོམས་ཞབས་ཞུ་འདོན་པའི་ཤེད་ཤུགས་གཙོ་བོར་བསྒྱུར་དགོས། མཁོ་འཚོང་མཉམ་ལས་ཁང་གི་སྲོལ་ཡིག་མྱུར་བར་བསྒྲིག་ནས་ཞིབ་འཇུག་སྒོས་ས་རྒོད་སློག་པའི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་བའི་སྲིད་ཇུས་བྱེད་ཐབས་འདོན་དགོས་པ་དང་ཞིང་ས་ཁེ་ལས་ཅན་དང་ས་རྒོད་ཐུན་མོང་ཅན།མ་རྐང་དབང་ཆ་སྣ་མང་ཅན་དུ་ཟབ་བསྒྱུར་བྱས་ནས་ལས་རིགས་མཛུབ་སྟོན་དོ་དམ་སྒྲིག་གཞི་དང་ཁེ་ལས་ཚོང་ར་ཅན་དུ་བསྒྱུར་བའི་བདག་གཉེར་སྒྲིག་གཞི།ཞིང་རའི་བདག་གཉེར་དོ་དམ་སྒྲིག་གཞི་བཅས་གསར་གཏོད་དགོས། ས་རྒོད་རྒྱབ་དབང་ཁོངས་གཏོགས་འབྲེལ་བ་གསལ་ཞིང་ས་རྒོད་སློག་པར་འཚམ་པའི་རྒྱལ་དབང་རྒྱུ་ནོར་ལྟ་རྟོག་སྒྲིག་གཞི་བསྐྲུན་ནས་ས་རྒོད་སློག་ནས་མཉམ་ལས་ཁང་གི་ནུས་པ་བཅོས་བསྒྱུར་བྱེད་པར་སྔར་བས་སྐུལ་འདེད་དགོས།ས་རྒོད་ཀྱི་འབུར་དུ་དོད་པའི་ཁྱད་ཆོས་དང་ལེགས་ཆ་བཏོན་ནས་ཧུར་ཐག་གིས་གཞི་ཁྱོན་ཅན་གྱི་ཞིང་ལས་བདག་གཉེར་གཙོ་ཕུང་གསོ་སྤེལ་དང་ས་རྒོད་ས་ཁུལ་ནི་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་ས་དང་དེང་རབས་ཞིང་ལས་དཔེ་སྟོན་གྱི་སྒུལ་འཁྲིད་ནུས་པ་ཡོད་པར་བསྐྲུན་དགོས།

27.ཞིང་སྡེའི་བཅོས་སྐྱོང་གི་ནང་རྐྱེན་འཐུས་ཚང་དང་གསར་གཏོད་དགོས།དོན་དངོས་སུ་མཁོ་བའི་ས་གནས་སུ་ཞིང་བའི་ཚན་ཆུང་གིས་བཅོས་སྐྱོང་ཐུབ་པའི་ཚོད་ལྟའི་གནས་སྐྱེད་དེ།མུ་མཐུད་དུ་སྡོད་ཁུལ་ནི་ཚན་ཆུང་རེ་ཡིན་པའི་རང་བཅོས་ཚོད་ལྟའི་གནས་ལེགས་པོར་བསྐྲུན་ནས་ས་གནས་དང་འཕྲོད་པའི་སྡེ་མིས་བཅོས་སྐྱོང་གི་ནུས་ལྡན་རྣམ་པ་མངོན་པར་འཚོལ་ཞིབ་དགོས། སྡེ་དཔོན་གཉིས་ཀྱི་འགན་ཁུར་དང་སྡེ་དོན་ཇུས་འཐེན་དོ་དམ་རྒྱུ་རིམ་སྔར་བས་ཚད་ལྡན་དུ་བཏང་ནས་སྡེ་དོན་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ཇུས་འགོད་འཐུས་ཚང་བཙུགས་ཏེ།སྡེ་དམངས་ཀྱིས་སྡེ་དོན་ལ་ནུས་ལྡན་གྱི་ལྟ་རྟོག་ཐུབ་པའི་་ནང་རྐྱེན་ཁ་ཚང་བསྐྲུན་པ་དང་སྡེ་དཔོན་གྱི་འགན་དབང་སྤྱོད་པར་ལྟ་རྟོག་དང་ཚད་བཀག་ཐུབ་པ་ཇེ་ལེགས་སུ་བཏང་ནས་ལྟ་རྟོག་དོན་དངོས་དང་མཐུན་ཞིང་གོ་ཆོད་པར་ཁག་ལེན་དགོས། ཞིང་སྡེའི་སྤྱི་ཚོགས་ཀྱི་རྩ་འཛུགས་གསོན་ཤུགས་རྒྱས་པར་སྐུལ་ནས་གཙོ་བོར་ཞིང་ལས་ཆེད་ལས་མཐུན་ཚོགས་ཀྱི་རིགས་དང་སྤྱི་ཕན་སྙིང་རྗེ་ཡི་རིགས།སྡོད་ཁུལ་གྱི་ཞབས་ཞུའི་རིགས་བཅས་སྤྱི་ཚོགས་རྩ་འཛུགས་སྔོན་དུ་འཕེལ་རྒྱས་སུ་གཏོང་བ་དང་གསོ་སྤེལ་བྱ་དགོས། ཞིང་སྡེའི་ཟུར་མང་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་ནས་འབུར་དུ་ཐོན་པའི་བདེ་སྐྱོང་གནད་དོན་ཆེད་བཅོས་དང་བདེ་འཇགས་ཀྱི་གྲོང་རྡལ་དང་ཞིང་སྡེ་བསྐྲུན་པར་སྐུལ་འདེད་དགོས།

ལྔ།ཞིང་གསུམ་བྱ་བ་ལེགས་པོར་བསྒྲུབ་པར་དམིགས་ཏེ།ཞིང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན་ལེགས་པོ་བྱ་དགོས།  

ཞིང་སྡེ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་ཅུང་ཞན་པའི་མངའ་ཁོངས་ཡིན་པས་ངེས་པར་དུ་ཞིང་ལས་ཞིང་སྡེའི་ཁྲིམས་ལུགས་མ་ལག་མྱུར་མོར་འཐུས་ཚང་དུ་བཏང་ནས་མཁར་ཞང་གི་ཁྲིམས་སྐྱོང་འཛུགས་སྐྲུན་མཉམ་འཕེལ་སྒོས་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་རྣམ་པ་ལེགས་པོ་སྤྱད་དེ་ཞིང་གསུམ་བྱ་བ་ལེགས་པོར་བསྒྲུབ་དགོས།དུས་མཚུངས་སུ་ཞིང་སྡེའི་དོན་དངོས་ནས་འགོ་བརྩམས་ཏེ་ཞིང་གྲོང་གི་གཏན་ཁེལ་དང་དམངས་སྲོལ་གྱི་བྱེད་ནུས་ལེགས་པོ་འདོན་པ་དང་ཁྲིམས་སྐྱོང་འཛུགས་སྐྲུན་དང་ཀུན་སྤྱོད་འཛུགས་སྐྲུན་གཉིས་དམ་དུ་སྦྲེལ་དགོས།

28.ཞིང་སྡེའི་ཐོན་དབང་སྲུང་སྐྱོང་ཁྲིམས་ལུགས་ཀྱི་ལམ་ལུགས་ཁ་ཚང་བསྐྲུན་དགོས།འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་སྡེའི་ཐུན་མོང་གི་རྒྱུ་ནོར་ཐོན་དབང་དང་ཞིང་ལས་དུད་ཁྱིམ་གྱིས་ས་ཞིང་འགན་ལེན་བདག་གཉེར་དབང་ཆ།ཞིང་བའི་རྒྱུ་ནོར་ཐོན་དབང་བཅས་ལ་སྲུང་སྐྱོང་ནན་མོ་བྱ་དགོས། ཞིང་སྡེའི་ས་ཞིང་འགན་ལེན་ཕྱོགས་ཀྱི་ཁྲིམས་ལུགས་མྱུར་མོར་དག་བཅོས་དང་སྔར་ཡོད་ས་ཞིང་འགན་ལེན་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་མ་ཟད་ཡུན་རིང་དུ་མི་འགྱུར་བའི་བྱེ་བྲག་གི་མངོན་འགྱུར་རྣམ་པ་གསལ་གཏན་དགོས།ཞིང་སྡེའི་ས་ཞིང་ཐུན་མོང་གི་དབང་ཆ་དང་དུད་ཁྱིམ་གྱི་འགན་ལེན་དབང་ཆ།ས་ཞིང་བདག་གཉེར་དབང་ཆ་བཅས་བར་གྱི་དབང་ཆའི་འབྲེལ་བ་འགར་དགོས།ཞིང་སྡེའི་བུད་མེད་ཀྱི་ས་ཞིང་འགན་ལེན་ཁེ་དབང་ལ་ཁག་ཐེག་དགོས། གཅིག་གྱུར་དུ་ཞིང་སྡེའི་ས་ཞིང་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་གཏན་འབེབ་དང་དག་བཅོས་བྱ་བར་སྐུལ་འདེད་དང་ཞིབ་འཇུག་སྒོས་ཞིང་སྡེའི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་སྲོལ་ཡིག་མྱུར་མོར་བསྒྲིག་ནས་ཞིང་ལས་ཤེས་བྱའི་ཐོན་དབང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོང་ལེགས་པོ་བྱ་དགོས།

29.ཞིང་ལས་ཚོང་ར་ཚད་ལྡན་དུ་འཁོར་སྐྱོད་བྱེད་པའི་བཅའ་ཁྲིམས་ལམ་ལུགས་ཁ་ཚང་བསྐྲུན་དགོས།ཞིང་ལས་ཐོན་རྫས་འཚོར་རར་རྒྱུ་འཁོར་བྱེད་པའི་ཁྲིམས་ལུགས་ཀྱི་ལམ་ལུགས་ཁ་ཚང་བསྐྲུན་ནས་ཚོང་རའི་སྒྲིག་ལམ་ཇེ་དམ་དུ་གཏོང་དགོས།འདྲ་སྙོམས་བརྗེ་རེ་ལ་སྐུལ་འདེད་དང་ཞིང་ལས་ཐོན་རྫས་འཁོར་སྐྱོད་དུ་ཁྲིམས་སྐྱོང་ཅན་གྱི་ཁོར་ཡུག་བསྐྲུན་དགོས། ཞིང་ལས་ཐོན་རྫས་ཚོང་རར་སྒྲིག་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་ནས་འོས་འཚམ་གྱི་འབྲེལ་ཡོད་ཁྲིམས་འཛུགས་བྱ་བ་སྤེལ་དགོས།ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཟས་རིགས་བདེ་འཇགས་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས་ཐོན་སྐྱེད་བྱ་ཡུལ་གྱི་ཁོར་ཡུལ་ལ་སྲུང་སྐྱོང་ནན་མོ་བྱ་དགོས། ཞིང་ལས་ཐོན་འདྲེན་དོ་དམ་དང་ཐོན་སྐྱེད་བདག་གཉེར་སྤྱོད་ལམ་ཇེ་ལེགས་སུ་གཏོང་དགོས།རིམ་གྱིས་ཞིང་སྡེའི་ཐོན་སྐྱེད་བདག་གཉེར་སོ་སོའི་ཕྱོགས་སུ་ཁེབས་པའི་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས།དུས་དང་བསྟུན་ནས་ཞིང་ལས་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་དག་བཅོས་བྱ་དགོས།  

30.ཞིང་གསུམ་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་ཁ་ཚང་བསྐྲུན་དགོས།ཞིབ་འཇུག་སྒོས་རིམ་པ་སོ་སོའི་སྲིད་གཞུང་གི་ཞིང་གསུམ་འགན་དབང་གི་ཁྲིམས་ལུགས་ཁྲིམས་སྲོལ་ཚད་ལྡན་ཅན་བསྒྲིག་དགོས།ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འགྲོ་གྲོན་གྱི་འགན་ཁུར་གཏན་ཁེལ་གསལ་བོ་བྱ་དགོས། ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་ཁྲིམས་ལུགས་ཁྲིམས་སྲོལ་ཁ་ཚང་བསྐྲུན་ནས་ཁྲིམས་ལྟར་རྨོ་ས་དང་ཆུའི་ཐོན་ཁུངས།ནགས་ཚལ་རྩྭ་ཐང་།བརླན་ས་སོགས་རང་བྱུང་ཐོན་ཁུངས་གསར་འབྱེད་དང་སྲུང་སྐྱོང་བྱེད་པར་སྐུལ་འདེད་དགོས། སྐྱེ་ཁམས་ཁ་གསབ་དང་ས་གཞི། ཆུ།མཁའ་དབུགས་སོགས་འབག་བཙོག་འགོག་བཅོས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་འཐུས་ཚང་བསྒྲིག་དགོས།ཧུར་ཐག་གིས་ཞིང་སྡེའི་དངུལ་རྩའི་ཁྲིམས་འཛུགས་ལ་སྐུལ་འདེད་བྱས་ནས་སྲིད་ཇུས་རང་བཞིན་དང་ཚོང་ལས་རང་བཞིན་གྱི་དངུལ་རྩ་ཞིང་ལས་སུ་གཏོང་བའི་འགན་ཁུར་གསལ་དགོས།རྣམ་པ་གསར་བའི་ཞིང་སྡེ་མཉམ་ལས་དངུལ་རྩ་དང་ཞིང་ལས་ཉེན་སྲུང་བདེ་ཐང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དབུར་སྐྱོར་གསར་གཏོད་ཁྲིམས་འཛུགས་མྱུར་བར་བྱ་དགོས།

31.ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ལ་ཁྲིམས་མཐུན་འགན་སྲུང་བྱེད་དགོསཞིང་སྡེ་སྒྱུར་བཅོས་ཐབས་ཇུས་དང་ཁྲིམས་འཛུགས་ལས་ཀ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་།ཞིང་སྡེ་སྒྱུར་བཅོས་གལ་ཆེན་གང་ཡང་ཁྲིམས་ལུགས་ཀྱི་གཞི་འཛིན་ཡོད་པ། ཁྲིམས་འཛུགས་ལས་ཀ་རང་འགུལ་གྱིས་ཞིང་སྡེ་སྒྱུར་བཅོས་དགོས་མཁོ་དང་འཚམས་པ། བཀོད་སྤྱོད་ཀྱི་གྲུབ་འབྲས་དང་ཁྲིམས་འཛུགས་ཀྱི་ཆ་རྐྱེན་ཚང་བར་དོན་དངོས་ཀྱི་བདེན་དཔང་ཡོད་པ་དག་ངེས་པར་དུ་ཁྲིམས་ལུགས་ཀྱི་ཚད་གཞིར་འཕེལ་དགོས། སྒྱུར་བཅོས་ཀྱི་རེ་འདུན་དང་མི་འཚམས་པའི་ཁྲིམས་ལུགས་ཁྲིམས་སྲོལ་དག་ངེས་པར་དུ་བཅོས་སྒྱུར་དང་མེད་པར་བཟོ་དགོས། ཁྲིམས་ལུགས་གཏན་འབེབས་ནང་དོན་དང་ཁྲིམས་ལུགས་གཞི་རྩ་གང་ཡིན་གསལ་བོ་བྱེད་གོས་པ་དག་ངེས་པར་དུ་ཁྲིམས་ལུགས་ཀྱིས་གསལ་འགྲེལ་བྱེད་དགོས།ལག་བསྟར་ཆ་རྐྱེན་ད་དུང་མི་འདང་བ་དང་། ཚོད་ལྟའི་བཀོད་སྤྱོད་བྱེད་པ་དག་ཁྲིམས་ལུགས་གཏན་འབེབས་ཀྱི་གོ་རིམ་ནང་བཞིན་དབང་སྤྲོད་བྱེད་དགོས།མུ་མཐུད་དུ་ཞིང་སྡེའི་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་གྱི་བྱ་བར་སྐུལ་འདེད་གཏོང་དགོས།སྲིད་འཛིན་ཁྲིམས་ལུགས་ལག་བསྟར་སྒྲིག་གཞི་གཏིང་ཟབ་སྒྱུར་བཅོས་དང་།གཞི་རིམ་ཁྲིམས་འཛིན་དཔུང་ཁག་རྒྱ་བསྐྱེད་པ།ཁྲིམས་ལུགས་ལག་བསྟར་ནུས་ཤུགས་འོས་འཚམས་བཀོད་སྒྲིག་བྱེད་དགོས།ཞིང་སྡེའི་ཆུ་བེད་སོགས་ས་ཁུལ་སྤྱིའི་ཁྲིམས་ལུགས་ལག་བསྟར་ཐད་རྟོག་ཞིབ་བྱེད་པར་ཧུར་བརྩོན་བྱེད་དགོས། ཞིང་སྡེའི་ཁྲིམས་ལུགས་ལག་བསྟར་མ་དངུལ་དང་འབྲེལ་བའི་ནོར་སྲིད་འགན་སྲུང་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། གྲོང་དང་གྲོང་བརྡལ་ཀྱི་ཁྲིམས་ལུགས་ཞབས་ཞུའི་ཐོན་ཁུངས་གཞི་གཅིག་འཆར་འགོད་དང་། གྲོང་དང་གྲོང་བརྡལ་སྡོད་དམངས་ཀྱི་ཐུན་མོང་གི་ཁྲིམས་ལུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་པ།ཞིང་བའི་ཁྲིམས་ལུགས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་ཐད་ཤུགས་སྣོན་དགོས།

32.ཞིང་སྡེའི་གཞི་རིམ་གྱི་ཁྲིམས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་དགོས།ཞིང་སྡེའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རིམ་པ་སོ་སོའི་འགོ་ཁྲིད་དང་ཞིང་སྡེའི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཆེར་བཏང་ཞིང་ཞིང་བའི་ཁྲིམས་སྦྱོང་ཁྲིམས་བརྩི་དང་ཁྲིམས་བཀུར་ཁྲིམས་སྤྱོད་འདུ་ཤེས་ཇེ་ཆེར་གཏོང་བར་སྣེ་ཁྲིད་བྱེད་དགོས།   ཁྲིམས་ལྟར་འགན་དབང་སྲུང་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ་ཞིང་བ་མང་ཚོགས་ཀྱིས་ཁྲིམས་མཐུན་ངང་འགན་དབང་སྲུང་སྐྱོང་བྱེད་པ།གནས་ལུགས་དང་མཐུན་པའི་སྒོ་ནས་རེ་འདུན་ཞུ་བར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས།ཁྲིམས་ལྟར་ཞིང་བའི་འགན་ཁུར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། ཞིང་བ་དང་གཞི་རིམ་གྱི་བློ་གྲོས།  ཞིང་བའི་གྲོས་མོལ་ཚོགས་འདུ། ལྟ་ཞིབ་ཚོགས་པ་སོགས་ལ་བརྟེན་ནས་ཞིང་སྡེའི་བདག་སྐྱོང་ཁྲོད་ཀྱི་ཞིང་བའི་དམངས་གཙོའི་གྲོས་མོལ་ཀྱི་ཕན་ནུས་འདོན་སྤེལ་བྱེད་དགོས།

 རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་སྒྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་ཐབས་ཇུས་ནས་གཞི་བཙུགས་ཏེ། གོམ་གང་མདུ་སྤོས་ཀྱིས་ཞིང་གསུམ་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པར་འགོ་ཁྲིད་དང་།  ཞིང་ལས་ལྷོད་གཡེང་གཏོང་བའི་གནས་ཚུལ་དངོས་གནས་སྔོན་འགོག་བྱེད་པ། དངོས་སུ་འགྲན་སློང་བར་གདོང་གཏད་པའི་སྤོབས་པ་ལྡན་ཞིང་དཀའ་ཁག་སེལ་བར་བརྩོན་སེམས་ཡོད་པར་ཞིང་ལས་དང་ཞིང་སྡེའི་མིག་སྔའི་རྣམ་པ་ལེགས་པོ་རྒྱུན་སྐྱོང་བར་འབད་པ་བྱེད་དགོས།ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་། མདུན་དུ་གནས་པའི་དཀའ་ཁག་གི་འགྲན་རྩོད།  ཚན་རིགས་ཀྱི་ཇུས་འགོད།  ལྔའི་བཅུ་གསུམགཅིག་གྱུར་འཆར་འགོད་དུས་སྐབས་ཀྱི་ཞིང་སྡེའི་ལས་གཞི་གལ་ཆེན་དང་། བཟོ་སྐྲུན་གལ་ཆེན།  ཇུས་འགོད་གལ་ཆེན་སོགས་ལ་གཏིང་ཟབ་ཞིབ་འཇུག་བྱེད་པ་དང་། སྐུལ་འདེད་ལྟ་ཞིབ་བྱེད་པར་ཤུགས་སྣོན་བྱས་ཏེ་ཞིང་གསུམ་ཐད་ཀྱི་ཇུས་འགོད་སོ་སོ་ལག་བསྟར་གང་ལེགས་བྱེད་དགོས། ཏང་གི་ལམ་ཕྱོགས་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཁྱབ་སྤེལ་གཏོང་བ་དང་།བྱ་བའི་སྤྱོད་ལམ་བཅོས་སྒྱུར་བྱེད་པར་ལྷོད་གཡེང་མེད་པར་ཞིང་གསུམ་བྱ་བའི་ནུས་ཤུགས་དང་ཆུ་ཚད་མཐོ་འདེགས་ཡོང་བར་འབད་པ་བྱེད་དགོས།

ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་མཁོར་དུ་མཐུན་སྒྲིལ་དམ་པོས་ངང་གསར་གཏོད་གསར་སྤེལ་དང་།བྱ་བ་ནན་ཏན་གྱིས་སྒྲུབ་ནས་ཞིང་སྡེའི་སྒྱུར་བཅོས་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་།ཕྱོགས་ཡོང་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།  

གོང་མ།:མཚོ་སྤེལ﹝2015﹞ཡིག་ཨང་དང་བོ།

ཞོལ་མ།:ཀྲུང་དབྱང་གི་བཅོས་བསྒྱུར་གྱི་བསམ་འཆར་འགའ།