མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།
{སྤྱི་ལོ2015ལོའི་ཟླ2པའི་ཚེས3ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།}
ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ།ཀྲའོ་ཧྲོན་ཆིན།
འཐུས་མི་རྣམ་པ།
བདག་གིས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར།ཚོགས་ཆེན་སྟེང་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་ཚང་མས་གྲོས་ཞིབ་བྱེད་རོགས་ཞུ།
འདས་པའི་ལོ་གཅིག་རིང་གི་བྱ་བ་གཙོ་བོ།
2014ལོར།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག་གཏིང་ཟབ་པའི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ནན་གྱིས་སྤེལ་བ།སྲིད་ཞུགས་འགན་སྒྲུབ་བྱ་བ་དང་ཁྱོན་ཡོངས་ནས་ཞབས་ཕྱིའི་ཕན་ནུས་འདོན་སྤེལ་དང་རང་སྐྱོང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་བ།ལྟ་རྟོག་བྱ་བ་མཐོར་འདེགས་བྱས་པ།འཐུས་མའི་ཕན་ནུས་འདོན་སྤྲོད་བྱས་པ།ཀུན་སྤྱོད་འཛུགས་སྐྲུན་སོགས་གནད་འགག་གི་བྱ་བ་རྒྱུན་འཁྱོངས་སྒོས་ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་ལྔ་བའི་གྲོས་ཚོགས་ཀྱིས་ཐག་བཅད་པའི་འགན་འཁྲི་སོ་སོ་ལེགས་འགྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དམངས་གཙོ་ཁྲིམས་བཅོས་འཛུགས་སྐྲུན་ལ་བྱས་རྗེས་གསར་བ་བསྐྲུན།
གཅིགཁྱད་ཆོས་འབུར་དུ་ཐོན་པ།སྒྲིག་གཞི་འཐུས་ཚང་ཡིན་པ།ཁྲིམས་འཛུགས་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱས་པ་དང་མཚོ་ནུབ་ཀྱི་ཁྱད་ཆོས་འབུར་ཐོན་ཡོང་བར་མཐོང་ཆེན་དང་དགོས་གལ་གྱི་བྱ་བར་དོ་དམ།རང་སྐྱོང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བའི་བྱ་བའི་གོམས་སྟབས་ཐེམ་སྐས་གསར་བ་ཞིག་ཏུ་སླེབས།
གནད་འགག་ས་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བྱས་པ།ཕན་ནུས་ལྡན་པའི་སྒོ་ནས་རི་སྐྱེས་འཕང་འབྲས་ཐོན་ཁུངས་སྲུང་སྐྱོབ་དང་གནས་ལུགས་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་པ་དང་།རི་སྐྱེས་འཕང་འབྲས་སྲུང་སྐྱོབ་སྒྲིག་སྲོལ་ཐག་གཅོད་བྱ་བར་སྐུལ་འདེད་བྱེད་ཆེད།ནན་ཏན་གྱིས་ཞིབ་བཤེར་དང་ཞིབ་འཇུག་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་སྲོལ་ཡིག་དང་འཆར་ཟིན་ལ་ཐེངས་གཉིས་གྲོས་ཞིབ་མཛད།གཙོ་བོར་གོ་དོན་གཏན་འབེབས་དང་དོ་དམ་སྒྲིག་གཞི།བླང་བྱ་ཕྱོགས་བསྡུས།ཁྲིམས་ལུགས་འགན་འཁྲི་སོགས་ཀྱི་ཕྱོགས་ནས་དག་སྒྲིག་དང་ཁ་གསབ་བྱས།སྒྲིག་སྲོལ་འཆར་ཟིན་ལ་ཐེངས་འདིའི་གྲོས་ཚོགས་བརྒྱུད་གྲོས་ཞིབ་བྱེད་པའི་འཆར་འགོད་བྱས།རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ་དང་རྩྭ་ཐང་སྲུང་སྐྱོབ་ཁྲིམས་འཛུགས་ཞིབ་བཤེར་བྱ་འགུལ་སྤེལ་བར་མ་ཟད།ཁྲིམས་འཛུགས་བསམ་འཆར་བཏོན་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྲོལ་དག་སྒྲིག་དང་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ་ནན་གྱིས་རང་སྐྱོང་སྒྲིག་སྲོལ་དག་བཅོས་བྱེད་པའི་བྱ་བར་སྐུལ་འདེད་དང་ཤུགས་ཆེན་པོས་ཁྲིམས་སྲོལ་གཅིག་གྱུར་བྱས།
ཁྲིམས་འཛུགས་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་བ།ཁྲིམས་འཛུགས་བྱ་བའི་ཁྲོད་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་སྲོལ་ཞིབ་བཤེར་འཆར་ཟིན་བྱ་བ་སྔོན་དུ་བསྒྲུབ་པ་དང་རང་འགུལ་གྱིས་ཤུགས་སྣོན་དང་ཁུལ་སྲིད་གཞུང་བཅས་འབྲེལ་ཡོད་སྡེ་ཁག་གི་འབྲེལ་བ་སྙོམས་སྒྲིག་དང་ནན་ཏན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཆེད་བསྐོས་བྱ་བའི་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག་བྱ་བའི་མཐུན་ཤུགས་གྲུབ་ཅིང་།གཏན་འབེབས་བྱས་པའི་ཁྲིམས་འཛུགས་འདྲི་གཅོད་ཆེད་མཁས་དོ་དམ་བྱེད་ཐབས་འཚོལ་ཞིབ་དང་བཞུགས་མོལ་ཚོགས་འདུ་དང་གྲོས་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁེ་ཕན་དང་འབྲེལ་ཡོད་ཀྱི་ཆེད་མཁས་བའི་བསམ་ཚུལ་ལ་ཉན་པ་དང་ཕྱོགས་ཡོངས་ཀྱི་གཅིག་བསྡུས་ཀྱི་ལྟ་ཚུལ་གཅིག་མཐུན་བྱུང་།དུས་མཚུངས་སུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཁྲིམས་འཛུགས་གྲོས་ཞིབ་ལ་རོགས་འདེགས་བྱས་ནས་མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་འཚེ་སྔོན་འགོག་བྱེད་པའི་སྒྲིག་སྲོལ་དང་བྱ་དངོས་དོ་དམ་སྒྲིག་སྲོལ་སོགས་ཁྲིམས་སྲོལ་འཆར་ཟིན་བརྒྱད་ཀྱི་བསམ་འཆར་བསྡུ་ལེན་དང་བྱ་བའི་སྙན་ཞུ་ལེགས་འགྲུབ་བྱུང་།
གཉིས། བརྗོད་གཞི་གཙོ་བར་འཛིན་པ།རྣམ་པ་སྣ་ཚོགས་ཅན་དུ་སྒྱུར་བ།ལྟ་རྟོག་བྱ་བར་ནན་གྱིས་ཡར་སྐུལ་བྱས་པ།
དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་དཀྱིལ་སྙིང་དུ་བཟུང་ནས་དམངས་ཆེན་ལྟ་རྟོག་གི་གཙོ་གནད་སྒོས་སུ་འཛིན་པ།ལྟ་རྟོག་བྱེད་ཐབས་ལེགས་བཅོས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཤུགས་ཆེན་པོས་ཁྲིམས་ལུགས་ལྟ་རྟོག་དང་བྱ་བ་ལྟ་རྟོག་བྱེད་པའི་བྱ་འགུལ་སྤེལ་ལ།ལོ་གཅིག་གི་རིང་ལ།“གཞུང་གཅིག་ཁང་གཉིས”ཀྱི་ཆེད་དོན་བྱ་བའི་སྙན་ཞུ་13་གྱི་གྲོས་ཞིབ་ལ་ཉན་པ་དང“གྲོས་ཞིབ་བསམ་འཆར”10དང་དོན་ཚན་41་བཏོན་པར་མ་ཟད།ད་དུང་ཁྲིམས་ལྟར་ཆེད་དོན་འདྲི་གཅོད་དང་ཁྲིམས་ལྟར་ཞིབ་བཤེར་བྱེད་པའི་བྱ་འགུལ་སྤེལ་ནས་ལྟ་སྐུལ་དོ་དམ་བྱ་བའི་ཕན་ནུས་མཐོར་འདེགས་བྱས།
རྣམ་པ་བསྒྱུར་ནས་འཕེལ་རྒྱས་འབྱུང་བར་སྐུལ་སློང་དང་དཔལ་འབྱོར་འཕེལ་རྒྱས་བྱ་བར་ཤུགས་སྣོན་བྱས་པ།2014ལོའི་ལོ་སྟོད་འཆར་འགོད་དང་སྔོན་རྩིས་ལག་བསྟར་གནས་ཚུལ་སྙན་ཞུ་དང་།2013ལོའི་ནོར་སྲིད་བསྡོམས་རྩིས་སྙན་ཞུ།ཞིབ་རྩིས་འཆར་འགོད་སྙན་ཞུ།2013ལོའི་ཁུལ་རིམ་པ་དང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ནོར་སྲིད་བཤེར་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་བཀོད་པའི་སྙན་ཞུ་ལ་ཉན་པའི་མི་ཚད།ད་དུང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་དང་གནས་སྐོར་ལས་རིགས་འཕེལ་རྒྱས།ནོར་སྲིད་ཀྱིས་ཞིང་ལས་ཕྱོགས་ལ་མ་དངུལ་བཏང་ནས་བེད་སྤྱོད་བྱས་པ་སོགས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན།ཛ་དྲག་གི་དཔལ་འབྱོར་གནས་བབ་ལ་ཁ་གཏད་ནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཟབ་ནན་གྱིས་གྲོས་ཞིབ་ཁྲོད་དཀའ་ཁག་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་བཟོ་ལས་དཔལ་འབྱོར་གཏན་འཇགས་ངང་འཁོར་བསྐྱོད་རྒྱུན་འཁྱོངས་ཐུབ་པར་ཧུར་བརྩོན་བྱས།ཁྱད་ཆོས་མངོན་འགྱུར་དང་རོང་འབྲོག་ལས་རིགས་ཀྱི་ཐོན་ལས་དང་ཐོན་འབབ་འཕར་སྣོན་འབྱུང་བར་ཡར་སྐུལ་དང་།ཞབས་ཕྱིའི་ལས་རིགས་ཀྱི་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་ཀྱི་ཕྱོགས་ལ་བསམ་འཆར་བཏོན།
གནད་དོན་ཐག་གཅོད་བྱེད་པ་གཙོ་བོར་བཟུང་ནས་སྐུལ་སྤེལ་དང་དམངས་འཚོ་བྱ་བར་ཤུགས་སྣོན་བྱས་པ།འཐུས་མི་དང་སྤྱི་ཚོགས་རིགས་སོ་སོས་རིམ་པ་བཀར་ནས་ནད་བརྟག་སྨན་བཅོས་གནད་དོན་ལ་གཟིགས་སྐྱོང་བྱེད་བཞིན་པར་ཁ་གཏད་ནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་རྟོག་བྱ་བའི་བྱེད་ཐབས་གསར་གཏོད་དང་རྒྱ་བསྐྱེད་ཟུང་འབྲེལ་བྱས་ཏེ་ཁུལ་སྲིད་གཞུང་གི་རིམ་པ་བཀར་ནས་ནད་བརྟག་སྨན་བཅོས་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་དཔྱད་སྡུར་བྱས་པ་དང་ཐོག་མའི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ཀྱི་རྣམ་པའི་སྟེང་ནས་ཆེད་དོན་འདྲི་གཅོད་བྱ་འགུལ་སྤེལ་བར་མ་ཟད།ད་དུང་བརྙན་འཕྲིན་དང་ཚགས་པར་སོགས་སྨྱན་མང་བརྒྱུད་དེ་ཁྱབ་གདལ་དུ་བཏང་བ་དང་སྤྱི་ཚོགས་མངོན་མཚོན་བྱེད་པ།ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་ཡོད་ཕྱོགས་ཀྱི་བྱ་བ་ལེགས་བཅོས་བྱས།དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བ་འདི་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་སེམས་ཞིབ་མོའི་སྒོས་རྩ་འཛུགས་བྱས་ཏེ་ཁྲིམས་ལྟར་ཟས་རིགས་བདེ་འཇགས་ཞིབ་བཤེར་བྱ་འགུལ་སྤེལ་དགོས་པ་དང་མྱུར་དུ་ཚད་ལྡན་གྱི་ལྟ་རྟོག་དོ་དམ་མ་ལག་འདོན་སྤྲོད་བྱེད་པ།གཞི་རིམ་ལྟ་རྟོག་དོ་དམ་ནུས་ཤུགས་འཛུགས་སྐྲུན་བྱེད་པ་དང་ཐོན་ཁུངས་དག་སྒྲིག་ཞིབ་བཤེར།སྤྱི་བོའི་དག་སྒྲིག་དང་ཟས་རིགས་བདེ་འཇགས་ཀྱི་གནད་དོན་སོགས་ལ་བསམ་འཆར་འདོན་པར་ཤུགས་སྣོན་བྱས།དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ད་དུང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སློབ་སྔོན་སློབ་གསོའི་བྱ་བའི་སྙན་ཞུ་ལ་ཉན་པའི་མི་ཚད་ཞིབ་བཤེར་བྱས་པའི་རྨང་གཞིའི་སྟེང་གྲོས་ཞིབ་བསམ་འཆར་བཏོན་ནས་སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་འཆར་འགོད་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་སྐུལ་འདེད་བྱས།
ཁྲིམས་འཛིན་དྲང་བདེན་ཡོང་རྒྱུ་གཙོ་བོར་བཟུང་ནས་ཡར་སྐུལ་དང་ཁྲིམས་འཛིན་བྱ་བའི་ལྟ་རྟོག་ལ་ཤུགས་སྣོན་བྱས་པ།ཁུལ་འབྲིང་རིམ་མི་དམངས་སྨན་ཁང་དང་ཁུལ་མི་དམངས་ཞིབ་བཤེར་ཁང་གི་འབྲེལ་ཡོད་ཚད་ལྡན་ཁྲིམས་འཛིན་ཀུན་སྤྱོད་ཀྱི་བྱ་བའི་གནས་ཚུལ་སོ་སོའི་སྙན་ཞུ་ལ་གྲོས་ཞིབ་དང་ཚད་ལྡན་ཁྲིམས་འཛིན་ཀུན་སྤྱོད་ཆེད་དོན་བྱ་བར་རྟོག་ཞིབ་བྱས།དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣས“ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས”རང་འགུལ་གྱིས་དམངས་ཆེན་ལྟ་རྟོག་བྱ་བ་དང་ལེན་དང་།ཚད་ལྡན་ཁྲིམས་འཛིན་ཞིབ་བཤེར་བྱ་བར་མཐོང་ཆེན་བྱེད་པ་དང་མུ་མཐུད་དུ་ལྟ་སྐུལ་དོ་དམ་ལ་ནན་ཏན་སྒོས་དཔྱད་འཇོག་བྱེད་པའི་ཤུགས་ཇེ་དྲག་ཏུ་བཏང་བ།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་དང་ཞིབ་བཤེར་ཁང་གིས་ནན་ཏན་གྱིས་ཁྲིམས་འཛིན་དོ་དམ་སྒྲིག་གཞི་བཅོས་བསྒྱུར་འཚོལ་ཞིབ་བྱེད་པར་སྐུལ་འདེད་དང་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་ཅན་དུ་བཏང་བ།ཁྲིམས་འཛིན་བྱ་འགུལ་གྱི་ལྟ་རྟོག་ལ་ཤུགས་སྣོན་བྱས་ཏེ་ཁྲིམས་འཛིན་བྱ་བ་དྲང་བདེན་ཡོང་བར་ཁག་ཐེག་བྱས་པ་དང་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་དོན་ཁྲོད་དྲང་བཞག་དྲང་བདེན་ཡིན་པ་ཤེས་སུ་བཅུགཁུལ་ཨུའི་རྒྱུན་ཨུ་ལྷན་ཚོགས་ཀྱིས་ད་དུང་ནན་ཏན་གྱིས་གནད་འགག་དོན་ཚན་ཐག་གཅོད་དབང་ཆ་དང་མི་དོན་བསྐོ་འཐེན་དབང་ཆ་ལག་ལེན་བྱས་པ་དང་སྤྱི་ཁོག་གི་ཁོར་ཡུག་དང་སྲིད་ཇུས་འགན་ཁུར་གྱི་གནད་འགག་འགྱུར་ལྡོག་དང་བསྟུན་ནས་དུས་ལྟར་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་གཞིའི་དམིགས་འབེན་དང་ནོར་སྲིད་སྔིན་རྩིས་སོགས་ཆོད་ཡིག་གཏན་འཁེལ་བྱས།ཏང་གིས་ལས་བྱེད་པར་བདག་དོམ་བྱེད་པ་དང་ཁྲིམས་ལྟར་བསྐོ་འཐེན་བྱེད་པ་ཟུང་འབྲེལ་དམ་ཚགས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་དོན་བསྐོ་འཐེན་བྱ་བ་ཚད་ལྡན་ཅན་དུ་བཏང་།བསྐོ་རྩིས་བྱེད་པའི་འདེམས་སྒུག་མི་སྣ་6ལ་འགན་མ་བགོས་པའི་སྔོན་གྱི་གཏམ་བཤད་བཀོད་སྒྲིག་བྱས་པ་དང་ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ54བསྐོ་འཐེན་བྱས།རྩ་འཛུགས་ཀྱི་སྟེང་ནས་རང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱུན་ལྡན་འཁོར་སྐྱོད་ལ་འགན་སྲུང་བྱས།
གསུམ།གྲུབ་ཆ་གཙོ་བོ་ལ་བརྩི་བཀུར་དང་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲུབ་ཆ་གཙོ་བོའི་གོ་གནས་ལ་བརྩི་བཀུར་བྱེད་པ་རྒྱུན་འཁྱོངས་དང་གཏིང་ཟབ་པའི་ངང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་མཐར་ཕྱིན་བྱས་ཏེ་མུ་མཐུད་དུ་འཐུས་མིའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་འཐུས་མིའི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས།
རྒྱུན་ཨུ་ལྷན་ཚོགས་དང་འཐུས་མི།མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་འཐུས་མིའི་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་སོགས་འབྲེལ་ཡོད་ལམ་ལུགས་གཏན་འཁེལ་དང་ལག་ལེན་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མིའི་སྣེ་ཁྲིད་དེ་ཨུ་ཡོན་ལ་འབྲེལ་གཏུག་དང་འཐུས་མི་ལ་སྣེ་ལེན།མང་ཚོགས་ལ་ཁམས་འདྲི་དང་སྔར་འདེམས་བསྐོ་བྱེད་སའི་ལས་ཁུངས་སུ་སོང་སྟེ་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱ་འགུལ་སྤེལ་ནས་འཐུས་མིའི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནང་རྐྱེན་ཅན་ལ་སྐུལ་སློང་དང་།འཐུས་མིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་འགུལ་དུ་ཞུགས་པ་རྒྱ་བསྐྱེད་བྱས། ཐེངས་རེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པའི་འཐུས་མི་མི་5ལ་འཕར་བ་དང་འཐུས་མི་100ལྷག་གདན་འདྲེན་ཞུས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ་བའི་རྟོག་ཞིབ་དང་།གཟིགས་ཞིབ་ཀྱི་བྱ་འགུལ་དུ་ཞུགས་པས་རྒྱུན་ཨུ་ལྷན་ཚོགས་ཀྱི་འགན་ནུས་ཀྱིས་མང་ཚོགས་ཀྱི་བསམ་བློར་རྨང་གཞི་བརྟན་པོ་བཏིང་།
འཐུས་མིའི་བསམ་གྲོས་བསྒྲུབ་པའི་བྱ་བར་ཤུགས་སྣོན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་མགོ་ཁྲིད་ནས་བྱ་བ་བསྒྲུབ་རྒྱུར་ལྟ་སྐུལ་དང་ཆེད་བསྐཽས་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་སྒྲུབ་རྒྱུར་ལྟ་སྐུལ།འཐུས་མི་ལྟ་སྐུལ་ལ་ཞུགས་པ་ཟུང་འབྲེལ་བྱས་ཏེ་མུ་མཐུད་དུ་འཐུས་མིའི་གྲོས་གཞི་དང་བསམ་འཆར་བསྒྲུབ་པའི་བྱ་བ་དེ་གྲོས་ལན་འདེབས་པའི་རྣམ་པ་ནས་ལག་ལེན་བྱེད་པའི་རྣམ་པར་བསྒྱུར་བར་སྐུལ་འདེད་བྱས།སྐབས་བཅུ་གསུམ་པའི་ཁུལ་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་བའི་སྐབས་སུ་འཐུས་མིའི་བཏོན་པའི་བསམ་འཆར63ལ་གྲོས་ཞིབ་དང་སྐྱོན་ཡོན་བརྗོད་པའི་བསམ་འཆར་ཚང་མ་བསྒྲུབས་པ་དང་གྲོས་ལན་བཏབ་ཚར་ཡོད།བཏོན་པའི་གནད་དོན་ཐག་གཅོད་བྱས་པ་དང་རིམ་བཞིན་ཐག་གཅོད་བྱེད་པ་འཆར་འགོད་བྱས་པའི་སྤྱིའི་བསམ་འཆར་གྱི་བརྒྱ་ཆའི83ཟིན་ཡོད།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་གཙོ་བོས་རུ་ཁག་གི་སྣེ་ཁྲིད་དེ་ཟབ་ཞུགས་བྱས་པའི་འགན་སྒྲུབ་ལས་ཁུངས་ཀྱི་བྱ་བ་སྒྲུབ་རྒྱུར་ལྟ་སྐུལ་དང་ཕྱོགས་སོ་སོའི་མཉམ་དུ་ཧུར་བརྩོན་བྱས་པ་བརྒྱུད།འཕང་འབྲས་འདེབས་འཛུགས་དང་རྒྱུད་བཟང་ནོར་ནག་གསོ་སྤེལ་བྱེད་པའི་བྱ་དགའི་ཁ་གསབ་ནང་རྐྱེན་སོགས་གཙོ་གནད་ལས་གཞི་5སྒྲིག་འཛུགས་བྱས་ཤིང་བསམ་འཆར་བསྒྲུབ་པར་གྲུབ་འབྲས་མངོན་གསལ་བླངས།
འཐུས་མིའི་ཁྲིམས་ལྟར་འགན་ནུས་ལག་ལེན་བྱེད་པའི་འགན་སྲུང་ལ་རྒྱབ་སྐྱོར་བྱས།རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་གཡུལ་ས་སྒྲིག་འཛུགས་ལ་ཤུགས་སྣོན་བྱས་ཏེ་འཐུས་མིའི་བྱ་འགུལ་ཁང16གསར་འཛུགས་བྱས་པ་དང་མཁར་གྲོང་དང་སྲང་ལམ་དོན་གཅོད་ཁང་རེ་རེར་འཐུས་མིའི་བྱ་འགུལ་ཁང་ཡོད་པའི་དམིགས་འབེན་མངོན་འགྱུར་བྱས།མུ་མཐུད་དུ་འཐུས་མིའི་འགན་ནུས་ལག་ལེན་བྱེད་པའི་གསོ་སྦྱོང་བྱ་བར་ཤུགས་སྣོན་བྱས་པ་དང་ལོ་འདིའི་ནང་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་སྤེལ་བ་དང་དམངས་ཆེན་འཐུས་མི་133སློབ་སྦྱོང་ལ་ཞུགས་ཤིང་འཐུས་མིའི་མི་གྲངས་རྒྱ་བསྐྱེད་དང་བྱང་ཚད་མཐོར་འདེགས་ལ་སྐུལ་སློང་བྱས།ཤར་རྒྱུད་དང་ནུབ་རྒྱུད་ཀྱི་འཐུས་མིའི་གཟིགས་ཞིབ་སྣོལ་མར་བྱེད་པ་རྒྱུན་འཁྱོངས་དང་འཐུས་མི་ལ་རིན་མི་དགོས་པར་འབྲེལ་ཡོད་ཀྱི་ཚགས་པར་དང་དུས་དེབ་མངག་ཉོ་བྱེད་པ་རྒྱུན་བསྐྱངས།དུས་བཅད་ལྟར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་སྤྱི་བསྒྲགས་དང་ཆབ་སྲིད་ཀྱི་གནས་ཚུལ་བརྡ་འཕྲིན་སོགས་སློབ་སྦྱོང་གི་ཡིག་ཆ་སྐུར་བ་རྒྱུན་འཁྱོངས་བྱས་ཏེ་འཐུས་མིའི་གནས་ཚུལ་ཤེས་རྟོག་དང་ཆབ་སྲིད་ཤེས་རྟོག་འགན་སྲུང་ལ་ཤུགས་སྣོན་བྱས།རྩ་འཛུགས་བྱས་ཏེ་ཁུལ་དམངས་ཆེན་གྱི་སྔོན་ཐོན་འཐུས་མི་དང་སྔོན་ཐོན་འཐུས་མིའི་བྱ་འགུལ་ཚན་ཆུང་།འཐུས་མིའི་བསམ་འཆར་བསྒྲུབ་པའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་འདེམས་པའི་བྱ་འགུལ་སྤེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་འཐུས་མིའི་འགན་ནུས་ལག་ལེན་བྱེད་པའི་སྤྲོ་སྣང་སྐུལ་སྤེལ་བྱས།
ཞིང་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་ཆེན་པོ་བྱས།ཧུར་བརྩོན་གྱིས་རང་ཁུལ་ནས་གདམས་ཐོན་བྱུང་བའི་སྐབས་བཅུ་གཉིས་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ཏེ་གྲོས་ཚོགས་ཀྱི་སྔོན་ལ་གཅིག་སྡུད་ཀྱིས་གཟིགས་ཞིབ་དང་རང་འདེམས་ཀྱི་གྲོས་སྡུར་བྱ་གཞི་ལ་ཞིབ་འཇུག་བྱས་ནས་ནན་ཏན་གྱིས་འཐུས་མིའི་བསམ་འཆར་བསྡུ་ལེན་དང་དག་སྒྲིགའདོན་སྤྲོད་བྱ་བ་ལེགས་པོར་བསྒྲུབ་པས་ནུས་ཡོད་ཀྱི་སྒོ་ནས་ཞིང་ཆེན་འཐུས་མིའི་ནུས་པ་གང་ལེགས་བཏོན།སྐབས་བཅུ་གཉིས་པའི་ཞིང་ཆེན་དམངས་ཆེན་གྲོས་ཚོགས་ཐེབས་བཞི་བའི་སྟེང་མཚོ་ནུབ་འཐུས་ཚབ་ཚོགས་པའི་བསམ་འཆར53བཏོན་པ་དང་མཚོ་ནུབ་འཕེལ་རྒྱས་ལ་སྐུལ་སློང་བྱེད་པར་བྱས་རྗེས་བླ་མེད་བཞག
བཞི།ཁ་ཕྱོགས་ཁོང་དུ་ཆུད་པ་དང་བྱ་སྤྱོད་ལེགས་བསྒྱུར་བྱས་ཏེ་འགན་ནུས་ལག་ལེན་གྱི་ནུས་པ་མཐོར་འདེགས་བྱས།
རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་བྱ་སྤྱོད་འགྱུར་ལྡོག་དང་ངེས་པ་དོན་གྱིས་བྱ་བ་ལེགས་བསྒྱུར་བྱས་ཏེ་མུ་མཐུད་དུ་འགན་ནུས་ལག་ལེན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས།
ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་པ། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ཏེ་ལོ་འཁོར་60ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དམངས་ཆེན་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་གཞུང་ལུགས་ལྟ་བ་གཅིག་མཚུངས་དང་།ཁྲིམས་ལུགས་ཀྱི་ལྟ་བ་གཅིག་མཚུངས། བརྩེ་སེམས་ཀྱི་ལྟ་བ་གཅིག་མཚུངས་ཟབ་བསྒྱུར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རང་ལ་ཡིད་ཆེས་པའི་ཐབས་ལམ་དང་གཞུང་ལུགས།ལམ་ལུགས་ཇེ་དྲག་ཏུ་བཏང་། རང་རྟོགས་སྒོས་ཁུལ་ཨུའི་མགོ་ཁྲིད་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོབ་དངགཙོ་གནད་བྱ་བ་ཁུལ་ཨུ་ལ་ཡར་ཞུ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་རྦད་ཆོད་ཀྱིས་ཁུལ་ཨུའི་ཐག་གཅོད་བྱས་པའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ཏེ་དམངས་ཆེན་གྱི་བྱ་བ་ཐོག་མཐའ་བར་གསུམ་དུ་ཁུལ་ཨུའི་བྱ་བ་དང་གོམ་སྟབས་གཅིག་གྱུར་བྱས།
སྤྱོད་སྟངས་ལེགས་སྐྱོང་ལ་ཤུགས་སྣོན་བྱས་པ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ནས། ཕྱོགས་སོ་སོ་ནས་བཏོན་པའི་བསམ་འཆར་དང་གྲོས་གཞི་46ལ་དམིགས་ཏེ།དངོས་གནས་ཞིབ་བཤེར་དང་ལེགས་བཅོས་བྱས་པ་མ་ཟད། ད་དུང་མི་དམངས་མང་ཚོགས་ལ་དམ་པོར་སྤྲེལ་བ་དང་སྲིད་དབང་གི་འགན་ནུས་ཚད་ལྡན་ངང་ལག་བསྟར་བྱེད་པ་སོགས་སྐོར་གྱི་ལམ་ལུགས་13གཏན་ཁེལ་དང་བཟོ་བཅོས་བྱས། མང་ཚོགས་ལམ་ཕྱོགས་ཀྱི་ཡུན་ཕན་ནང་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་། གོ་རིམ་ཡོད་པའི་སྒོ་ནས“གཞི་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་དང་། མུ་མཐུད་དུ་ལྟ་ཞིབ་དང་རྟོག་ཞིབ་ཀྱི་བྱེད་ཐབས་ལེགས་བཅོས་བྱས་ནས་“གཞུང་གསུམ”གྲོན་དངུལ་གྱི་འགྲོ་སོང་ལ་གཟབ་ནན་སྒོས་ཚོད་འཛིན་བྱས་ཤིང་།གྲོས་ཚོགས་ཀྱི་ཡིག་ཆ་དང་གནད་ཞུ་ཁུ་བསྡུ་བྱས་ནས། བྱ་བའི་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་སྣོན་བྱས་པས། སྤྱོད་ལམ་ལེགས་སྐྱོང་ལ་ཤུགས་སྣོན་བྱེད་པ་མངོན་གསལ་ཡིན།
བྱ་བའི་མཉམ་ཤུགས་ཇེ་དྲག་ཏུ་བཏང་བ།ཆེད་བསྐོས་ཨུ་ཡོན་ལྷན་ཁང་སོ་སོའི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། ཆེད་བསྐོས་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ།ཁྲིམས་ལྟར་བྱ་བ་སྤེལ་བའི་བླང་བྱ་ལྟར། འཆར་གཞི་སྒྲིག་འཛུགས་དང་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་བྱེད་ཐབས་བཏོན་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། ཁུལ་ཡོངས་ཀྱི་དམངས་ཆེན་བྱ་བ་“སྤྱི་ཡོངས་ལ་དམིགས་པའི”བསམ་བློ་ཇེ་དྲག་ཏུ་བཏང་ནས། སློབ་གསོ་ལག་ལེན་བྱ་འགུལ་གྱི་གོང་འོག་མཉམ་འགུལ་དང་རྫོང་དང་ཞང་གི་དམངས་ཆེན་བྱ་བར་རྟོག་ཞིབ་བྱེད་པ། འཐུས་མིའི་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྫོང་དང་ཞང་དམངས་ཆེན་བྱ་བའི་འབྲེལ་འདྲིས་དང་མཛུབ་སྟོན་ལ་ཤུགས་སྣོན་བྱས་ཐོག དམངས་ཆེན་བྱ་བར་ནུས་ཤུགས་མཉམ་འདོན་བྱེད་པ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་སོང་།
འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་རིང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྒྲུབས་པའི་བྱ་བ་དང་བླངས་པའི་གྲུབ་འབྲས་ནི་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་དང་།རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཁུངས་ཞུགས་མི་སྣ་དང་འཐུས་མི་ཡོངས་ཀྱི་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ།“གཞུང་གཅིག་དང་ཁང་གཉིས།”ཀྱི་མཉམ་རོགས་བྱས་པའི་འབྲས་བུ་དང་།ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་རིམ་པ་སོ་སོའི་དམངས་ཆེན་དང་ཕྱོགས་སོ་སོའི་ཤུགས་ཆེན་པོས་རྒྱབ་སྐྱོར་གྱི་འབྲས་བུའང་ཡིན་པས། ངས་འདི་ནས་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
འདས་ཟིན་པའི་ལོ་གཅིག་གི་བྱ་བར་ཕྱིར་དྲན་ཞིག་བྱས་ན། ང་ཚོས་ཀྱང་རིག་པ་གསལ་བའི་སྒོ་ནས་མཐོང་པ་ནི། བྱ་བའི་ཁྲོད་ད་དུང་མི་འདང་ས་ལེགས་བཅོས་བྱེད་པའི་གནད་དོན་དང་། རང་སྟེང་བཅོས་བསྒྱུར་གྱི་འདུ་ཤེས་སྔར་ལས་མཐོར་འདེགས་བྱ་དགོས། ཁྲིམས་འཛུགས་ཀྱི་ནུས་པ་གཙོ་བོ་སྔར་ལས་འདོན་སྤེལ་བྱ་དགོས། ལྟ་སྐུལ་བྱ་བའི་ཕན་འབྲས་སྔར་ལས་ཤུགས་སྣོན་བྱ་དགོས། འཐུས་མིའི་ནུས་པ་འདོན་སྤྲོད་བྱེད་པའི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་དགོས། དེ་བས། ང་ཚོས་ཁེངས་སྐྱུངས་སྒོས་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་དང་ལེན་བྱས་ཏེ།བྱེད་ཐབས་ནུས་ལྡན་སྤྱད་དེ་ནན་ཏན་གྱིས་ཐག་གཅོད་བྱེད་དགོས།
2015ལོའི་བྱ་བའི་འགན་ཁུར་གཙོ་བོ།
འཐུས་མི་རྣམ་པ། 2015ལོ་ནི་ཕྱོགས་ཡོངས་ནས་ཁྲིམས་བརྟེན་རྒྱལ་སྐྱོང་སྐུལ་འདེད་བྱེད་པའི་ལོ་ཐོག་མ་ཡིན་ལ། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་སྤེལ་བའི་གནད་འགག་གི་ལོ་ཡང་ཡིན་པས། གནས་བབ་དང་འགན་ཁུར་གསར་བའི་དམངས་ཆེན་བྱ་བར་རེ་བ་མཐོན་པོ་བཏོན་ཡོད།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ་འཁོར་60ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་དང་།ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་ཀྱི་བཀོད་སྒྲིག་ལྟར། བྱ་བའི་དཀྱིལ་སྙིང་དམ་འཛིན་དང་ཤུགས་ཆེན་པོས་སྤྱི་ཡོངས་ལ་ཞབས་ཕྱི་བྱེད་པ། ཁྲིམས་ལྟར་རིགས་སོ་སོའི་ལས་འགན་ལག་བསྟར་བྱེད་པ། དམངས་ཆེན་བྱ་བ་གསར་སྤེལ་དང་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་ཁྲོད་དམངས་ཆེན་གྱི་བྱ་བའི་ནུས་པ་ཆེན་པོ་འདོན་དགོས། ཁྲིམས་ལྟར་ཁུལ་སྐྱོང་བའི་ཁྲོད་དམངས་ཆེན་གྱི་དགེ་མཚན་འདོན་སྤྲོད་གང་ལེགས་བྱས་ཏེ། མཚོ་ནུབ་ཀྱི་རྣམ་པ་བསྒྱུར་ནས་མཆོང་བརྒལ་འཕེལ་རྒྱས་བྱུང་བར་བྱས་རྗེས་གསར་བ་འཇོག་པ་མངོན་འགྱུར་བྱེད་དགོས།
གོང་གི་སྤྱིའི་བླང་བྱ་ལྟར།རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཤམ་གྱི་ཕྱོགས་འགའི་བྱ་བ་གཙོ་བོ་ནན་འཛིན་བྱེད་རྒྱུ་ཡིན།
གཅིག མངའ་ཁོངས་གཙོ་བོའི་ཁྲིམས་འཛུགས་ལ་ཤུགས་སྣོན་བྱས་ཏེ། ཁྲིམས་སྐྱོང་མཚོ་ནུབ་བསྐྲུན་པར་ཡར་སྐུལ་བྱེད་དགོས།
རང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་དབང་ཆ་ལེགས་པོ་བཀོལ་སྤྱོད་བྱས་ནས། རང་སྐྱོང་ཁུལ་གྱི་ཁྲིམས་སྲོལ་གྱིས་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་ཕན་ནུས་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ།རི་སྐྱེས་འཕང་འབྲས་སྲུང་སྐྱོབ་སྲོལ་ཡིག་དག་བཅོས་དང་འཐུས་ཚང་དུ་གཏོང་བ། གྲོས་ཞིབ་དང་ཆོག་མཆན་ཞུ་བ།སྤྱི་བསྒྲགས་དང་ལག་བསྟར་བྱེད་པའི་བྱ་བ་ལེགས་པོར་སྤེལ་བ། གནད་དོན་གྱི་འདྲེན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྩྭ་སའི་སྲུང་སྐྱོབ་སྲོལ་ཡིག་ཞིབ་འཇུག་དང་འཆར་འགོད་བྱེད་པ། བྱ་བ་རིགས་པས་སྒྲུབ་ནས་ཐོག་མའི་གྲོས་ཞིབ་ལེགས་འགྲུབ་བྱུང་། གསར་འཛུགས་དང་དག་བཅོས། མེད་པར་བཟོ་བ། མཉམ་བསྲེས་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་རང་སྐྱོང་སྲོལ་ཡིག་གི་དག་བཅོས་བྱ་བ་ལེགས་འགྲུབ་བྱུང་བ། ཁྱབ་བསྒྲགས་དང་ལག་བསྟར་བྱས་ཟིན་པའི་སྲོལ་ཡིག་གཞན་དག་ལ་འོས་ཤིང་འཚམ་པའི་སྒོ་ནས་“ཕྱིར་མིག་གི་བལྟ་བའི”བྱ་འགུལ་སྤེལ།ཁྲིམས་འཛུགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བའི་གནད་འགག་གི་བྱ་བ་འདི་དམ་འཛིན་བྱས་ཏེ། ཁྲིམས་འཛུགས་པ་དེ་ཁུལ་ཨུ་ལ་ཡར་ཞུ་བྱེད་པའི་སྙན་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས།དམངས་ཆེན་གྱིས་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ།“ཏང་ཨུས་སྣེ་ཁྲིད་བྱེད་པ་དང་དམངས་ཆེན་གྱིས་གཙོ་ཁྲིད་བྱེད་པ།ཕྱོགས་སོ་སོ་ནང་དུ་ཞུགས་པའི”ཁྲིམས་འཛུགས་བྱ་བའི་གནས་བབ་ཧུར་བརྩོན་སྒོས་སྐྲུན་དགོས།ཁྲིམས་འཛུགས་བྱ་བར་བརྟག་དཔྱད་ཞིབ་འཇུག་དང་གྲོས་ཚོགས་བསྡུས་ཏེ།ཚན་རིག་སྒོས་ལས་གཞི་གཏན་ཁེལ་དང་ལག་བསྟར་བྱེད་ཐབས་གསལ་བོ་འགོད་དགོས། འཆར་ཟིན་འགོད་པ་དང་རིགས་པས་སྒྲུབ་པ།མཐུན་སྦྱོར། གྲོས་ཞིབ་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྤྱི་དམངས་ཡོངས་གོ་རིམ་ཡོད་པའི་སྒོ་ནས་ཁྲིམས་འཛུགས་ནང་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་དེ།ཁྲིམས་འཛུགས་བྱ་བ་ཞིབ་ཕྲ་ཅན་ལ་སྐུལ་འདེད་བྱས། གཉིས། ཁྲིམས་ལྟར་ལྟ་སྐུལ་འགན་དབང་ལག་བསྟར་བྱས་ཏེ།“གཞུང་གཅིག་ཁང་གཉིས”ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས།
རྣམ་པ་ཆེན་མོ་དང་དམངས་འཚོར་དམིགས་ཏེ། “གཞུང་གཅིག་ཁང་གཉིས”ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི། སྲིད་གཞུང་གིས་ཡོང་སྒོ་ལ་སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པར་ལེགས་པོར་བསྒྲུབ་དགོས་པ་དང་།ཁུལ་སྲིད་གཞུང་གིས་འབྲེལ་ཡོད་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲུབ་དང་ཐོན་ལས་ཀྱི་འཕེལ་སྟབས་བསྒྱུར་བ།གྲོང་རྡལ་ཅན་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱེད་པ། བརྟན་བརླིང་ཁྲོད་འཕེལ་རྒྱས་བྱེད་པའི་སྤྱིའི་བརྗོད་བྱ་དོན་འཁྱོལ་དངོས་འབེབ་ལ་ཡར་སྐུལ་བྱེད་པ།སྲིད་འཛིན་གྱི་ཆོག་མཆན་ཁྲིམས་དང་ལས་རིགས་སློབ་གསོའི་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྲིམས་ལྟར་ཞིབ་བཤེར་བྱས་ནས།ཁྲིམས་སྐྱོང་བ་དེ་རྒྱལ་ཁབ་བདག་སྐྱོང་དང་སྤྱི་ཚོགས་དོ་དམ་ཁྲོད་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པར་སྐུལ་འདེད་བྱེད་དགོས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་བྱ་བའི་སྙན་ཞུའི་སྐོར་ལ་ཉན་པ་དང་གྲོས་ཞིབ་བྱས་ནས་ཁྲིམས་སྐྱོང་མཚོ་ནུབ་འཛུགས་སྐྲུན་འཕེལ་རིམ་ལ་ཤུགས་སྣོན་བྱེད་དགོས།ཚད་ལྡན་ཅན་གྱི་ཡིག་ཆ་ཐོ་འགོད་ལ་ཞིབ་བཤེར་བྱེད་པའི་བྱ་བ་ཇེ་ཟབ་ཏུ་བཏང་ནས། རིགས་སོ་སོའི་ཚད་ལྡན་ཅན་གྱི་ཡིག་ཆ་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་ཁེལ་དང་མཐུན་པར་ཁག་ཐེག་བྱེད་དགོས།ལྟ་སྐུལ་ལ་ཕན་འབྲས་འབྱུང་བ་གཙོར་བཟུང་ནས། ནན་ཏན་གྱིས་ན་ནིང་གི་ཆེད་དོན་འདྲི་ཞིབ་ཀྱི་ཉམས་མྱོང་སྤྱི་བསྡོམས་དང་།རིགས་སོ་སོའི་རྩ་འཛུགས་ཀྱི་གནད་འགག་བྱ་བར་ཞིབ་འཇུག་དང་ལེགས་བཅོས་བྱས་ཏེ། ཁུལ་ཨུའི་མཛུབ་སྟོན་བསམ་འཆར་ལྟར།སྤྱི་ཚོགས་ནས་ཡོངས་ཁྱབ་ཀྱི་དོ་ཁུར་དང་འབད་བརྩོན་བྱས་རྗེས་ཐག་གཅོད་བྱེད་ཐུབ་པའི་གནད་དོན་འདེམས་ནས་ཆེན་དོན་འདྲི་ཞིབ་མུ་མཐུད་དུ་སྤེལ་ཏེ།སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་ལྟ་སྐུལ་བྱ་བའི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་བྱས་ཏེ། ཆེད་དོན་འདྲི་ཞིབ་དང་ལན་སློག་པའི་བྱ་གཞག་དང་གྲོས་ཞིབ་བྱས་པའི་བསམ་འཆར་དངོས་འབེབ་གནས་ཚུལ་ལ་མུ་མཐུད་དུ་རྒྱུས་ལོན་བྱས་ནས། འབྲེལ་ཡོད་ཕྱོགས་ལ་ནན་ཏན་གྱིས་ཞིབ་འཇུག་ཐག་གཅོད་དང་ངེས་པ་དོན་གྱིས་ལེགས་བཅོས་བྱ་བར་ལྟ་རྟོག་དང་སྐུལ་འདེད་བྱེད་དགོས།དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དང་ཡང་ན་རྒྱལ་ཁབ་གྱི་ལས་བྱེད་མི་སྣར་བསྐོ་གཞག་བྱེད་པའི་སྐབས་སུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་ལག་བསྟར་བྱས་ནས།བསྐོ་གཞག་མི་སྣས་རྩ་ཁྲིམས་ཀྱི་འདུ་ཤེས་དང་སྤྱི་ཞབས་པས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
གསུམ། ཞབས་ཕྱི་འགན་སྲུང་གི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། འཐུས་མིའི་ནུས་པ་གང་ལེགས་སྒོས་འདོན་དགོས།
འཐུས་མིའི་བྱ་བ་དེ་དམངས་ཆེན་བྱ་བའི་རྨང་གཞི་དང་གསོན་ཤུགས་ཀྱི་ཁུངས་ཤིག་ཏུ་བཟུང་བར་རྒྱུན་འཁྱོངས་ནས་འཐུས་མིས་འཐུས་མིའི་ལས་འགན་ཁྲིམས་ལྟར་ལག་ལེན་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པ། ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། ཏན་ཏིག་སྒོས་དམངས་ཆེན་འཐུས་མིའི་དྲ་སྟེང་གི་འགན་ནུས་ལག་བསྟར་བྱེད་པའི་སྟེགས་བུ་ཞིག་འཛུགས་སྐྲུན་བྱེད་པ་དང་། དམངས་ཆེན་འཐུས་མིའི་སྣེ་ལེན་ཁང་བཙུགས་ནས་ཧུར་བརྩོན་སྒོས་དམངས་ཆེན་འཐུས་མིའི་འདེམས་དམངས་སྣེ་ལེན་བྱ་འགུལ་སྤེལ་བ། མུ་མཐུད་དུ་འཐུས་མིའི་འགན་སྒྲུབ་གསལ་ཞུའི་གྲོས་མོལ་བྱ་བ་སྤེལ་ཏེ་སྔར་ལས་ལྷག་པའི་སྒོ་ནས་འཐུས་མི་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ། འཐུས་མིའི་ཆེད་དོན་གསོ་སྦྱོང་བྱ་བ་མུ་མཐུད་དུ་ཤུགས་དྲག་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་འཐུས་མིས་ལས་འགན་ལག་བསྟར་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ། ཕྱོགས་བསྡུས་རང་བཞིན་གྱི་ཤུགས་དྲག་པ་དང་ཁྱབ་རྒྱ་ཆེ་བ། གནད་དོན་ཡར་ཞུ་ཅུང་ཆ་ཚང་ཡིན་པའི་འཐུས་མིའི་བསམ་འཆར་གཙིགས་སུ་བཟུང་སྟེ་བསྒྲུབ་པར་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་འཐུས་མིའི་བསམ་འཆར་ལག་བསྟར་བྱེད་པའི་ཕན་ནུས་ཇེ་དྲག་ཏུ་གཏོང་བ། འཐུས་མིར་སྐུལ་སློང་དང་ལྟ་སྐུལ་བྱེད་པའི་ནང་རྐྱེན་རིམ་བཞིན་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དུ་འཐུས་མི་རང་གི་ལས་འགན་ལ་དུང་ཞེན་ཡོད་པ་ཞིག་ཏུ་གཏོང་བར་སྐུལ་སློང་བྱེད་དགོས་པ། ཧུར་བརྩོན་སྒོས་འཐུས་མིའི་འབྲེལ་སྦྱོར་ལས་ཁུངས་དང་འཐུས་མིའི་བྱ་བའི་དཔང་ཁག་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱས་ཏེ། འཐུས་མིའི་ལས་འགན་ཞབས་ཕྱིའི་འགན་སྲུང་གི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།
བཞི། ཕྱོགས་ཡོངས་ནས་རང་ནུས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། མུ་མཐུད་དུ་ཁྲིམས་ལྟར་ལས་འགན་སྒྲུབ་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།
ཀུན་སྤྱོད་འཛུགས་སྐྲུན་བྱ་བ་དུས་ནམ་ཡང་མི་དོར་བ། སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲས་བུ་སྲ་བརྟན་དུ་བཏང་ནས། ཕྱོགས་ཡོངས་ནས་ལམ་ལུགས་འཛུགས་སྐྲུན་བྱེད་པའི་འཆར་ཟིན47ལེགས་འགྲུབ་བྱུང་ཡོད། ནུས་ཤུགས་ཡོད་རྒུས་སྤྱོད་ངན་བཞིའི་གནད་དོན་ལེགས་བཅོས་བྱ་བ་ནན་གྱིས་བསྒྲུབ་པ། གཞི་གསུམ་གྱི་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པ་དེ་འགག་རྩར་བཟུང་སྟེ། དམངས་ཆེན་བྱ་བར་སྐུལ་འདེད་བྱེད་པའི་འབྲེལ་གནས་གསལ་བོ་བྱས་ཏེ། རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཞན་ཆ་ལེགས་བཅོས་བྱེད་པ། ནུས་ཤུགས་ཡོད་རྒུས་དམངས་ཆེན་འཐུས་མི་དང་། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲུབ་པའི་མི་སྣ་དང་ལས་ཁུངས་ལས་བྱེད་མི་སྣའི་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད། ལས་སྒོའི་བྱ་བའི་ནུས་པ་དང་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས། ནན་ཏན་སྒོས་བློན་མཐུན་ལའོ་ཧའེ་ཉིན་གྱིས་དབུས་ལམ་རྫོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་ཀྱི་གསུང་བཤད་དང་བློ་མཐུན་ཞིན་ཀུའོ་པིན་གྱིས་ཁུལ་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས83པའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་ལ་ལག་ལེན་མཐིལ་ཕྱིན་བྱས་ནས།རྫོང་དང་ཤང་གི་དམངས་ཆེན་བྱ་བར་ཞིབ་འཇུག་ཟབ་མོ་དང་ཞིབ་འཇུག་སྒོས་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་པའི་བྱེ་བྲག་གི་བསམ་འཆར་འདོན་དགོས།གཞི་རིམ་གྱི་དམངས་ཆེན་བྱ་བར་འབྲེལ་བ་དམ་པོ་བཅངས་ཏེ་བྱ་བར་མཐུན་སྦྱོར་སྒོས་དམངས་ཆེན་བྱ་བའི་ཕན་འབྲས་ཇེ་ལེགས་སུ་གཏོང་དགོས།ཆེད་དོན་ཨུ་ཡོན་ལྷན་ཚོགས་ཀྱི་བྱ་བ་བཅོས་བསྒྱུར་ལེགས་པོ་བྱས་ནས་ཁྲིམས་འཛུགས་ཆེད་མཁས་པར་བློ་འདྲི་བྱེད་པའི་ལམ་ལུགས་འཚོལ་ཞིབ་སྒོས་འཛུགས་དགོས།སྔོན་རྩིས་ཞིབ་བཤེར་འདྲི་རྩད་ཨུ་ཡོན་ལྷན་ཚོགས་མྱུར་བར་བཙུགས་ནས་དམངས་ཆེན་གྱི་གཞུང་ལུགས་དང་ལག་ལེན་ལ་ཞིབ་འཇུག་ལེགས་པོ་བྱས་ནས་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་ཧུར་བརྩོན་བྱ་དགོས།
འཐུས་མི་རྣམ་པ། བཅོས་བསྒྱུར་འཕེལ་རྒྱས་བྱ་བར་མཆོང་བརྒལ་དང་། ཁྲིམས་ལྟར་ཁུལ་སྐྱོང་བའི་རྣམ་པ་གསར་བ་ཞིག་མངོན་འགྱུར་འབྱུང་དགོས་ན། ངེས་པར་དུ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ལྷོད་མེད་ཀྱིས་ཧུར་བརྩོན་བྱེད་དགོས། ང་ཚོས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག ཕྱོགས་ཡོངས་ནས་ལས་འགན་ལེགས་པོར་བསྒྲུབ་སྟེ་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་པ། གང་ལེགས་སྒོས་ས་གནས་ཀྱི་རྒྱབ་ཁབ་དབང་ཆའི་ལས་ཁུངས་ཀྱི་ནུས་པ་བཏོན་ཏེ། མཚོ་ནུབ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཧུར་བརྩོན་བྱེད་དགོས།