ཏང་སྲིད་ཡིག་ཆ།
 

2015ལོའི་མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ།

ཡོང་ཁུངས།:ཚྭ་འདམ་དྲ་བ།  སྤེལ་དུས།:2015-09-16  རྩོམ་པ་པོ།:རང་རེའི་ལས་ཁུངས།  རྩོམ་སྒྲིག་པ།:ཀུན་གྲགས།    ཀློགས་གྲངས།:

མཚོ་ནུབ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ།

2015ལོའི་ཟླ2པའི་ཚེས3ཉིན་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།

ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོ།   ཐར་འབུམ་ནས།

འཐུས་མི་རྣམ་པ།  ད་ལྟ། ངས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ།  ཚོགས་ཆེན་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་བར་འཚལ།  ད་དུང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་བྱེད་པའི་བློ་མཐུན་རྣམ་པས་ཀྱང་བསམ་འཆར་འདོན་རོགས།  

2014ལོའི་ལས་དོན་སྤྱི་སྡོམ།

2014ལོར་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་འགོ་ཁྲིད་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དང་།ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་དེ་མིན་སྤྱི་ཚོགས་ལས་རིགས་སྣ་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོས་འོག ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུལ་ཨུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བྱ་བའི་བཀོད་སྒྲིག་ལྟར།ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་ནི་གནད་སར་བཟུང་ནས་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་དང་འདྲ་སྙོམས་དྲང་བདེན་ལ་སྐུལ་འདེད།མི་དམངས་བདེ་སྐྱིད་ངང་འཚོ་བར་ཁག་ཐེག་བྱེད་པའི་ལས་འགན་གསུམ་ལ་དམིགས་སུ་བཟུང་ཞིང་།མུ་མཐུད་དུ་སྤྱི་དབར་ཞབས་ཞུ་བྱེད་པའི་ནུས་པ་དང་ཁྲིམས་བསྟར་གྱོད་སྒྲུབ་ནུས་པ།དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་བཅས་ཇེ་མཐོར་བཏང་ནས་ཞིབ་དཔྱོད་བྱ་བཞག་སོ་སོ་བརྟན་ཞིང་བདེ་བར་འཕེལ་བ་རྒྱུན་བསྲིངས་བྱས།

གཅིག  གནས་བབ་གསར་བའི་བླང་བྱ་དམ་འཛིན་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་གྱི་རྣམ་པ་ཆེན་མོར་ཞབས་ཞུ་བྱས།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་མུ་མཐུད་དུ་ཞིབ་དཔྱོད་འགན་ནུས་འདོན་པ་དང་སྤྱི་ཚོགས་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་བྱ་བའི་ལས་འགན་གལ་ཆེན་ཞིག་ཏུ་བཟུང་ནས།ཚད་མཐོན་པོའི་འགན་ཁུར་གྱི་འདུ་ཤེས་བཅངས་ནས་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ལས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བྱ་བཞག་སོ་སོ་ལེགས་པོར་བསྒྲུབས།

ནུས་ཤུགས་ཡོད་རྒུས་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོང་བྱས། ཧུར་ཐག་གིས་ངན་འགོས་དང་འཇིགས་སྐུལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པར་ཞུགས་ནས་འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་སྒོས་ས་གནས་གཙོ་བོ་དང་དགོན་སྡེ་གཙོ་བོ།མི་སྣ་གཙོ་བོ་བཅས་ལ་དོ་དམ་དང་ཚོད་འཛིན་བྱས།རྩ་རླུང་དང་ཡོངས་ནུས་ལྷ་སོགས་ལོག་ཆོས་ཚོགས་པའི་ཉེས་བཟོ་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་བྱས་ཏེ།ས་གནས་ཀྱི་ཆབ་སྲིད་གཏན་འཇགས་ལ་སྲུང་སྐྱོང་བྱས།ཆབ་སྲིད་བྱང་ཚད་མཐོ་ཞིང་ལས་འགན་ནུས་པ་ལྡན་པའི་ཞིབ་དཔྱོད་ཉེན་རྟོག་པ་བསྡོམས་པས12རོང་འབྲོག་ཁུལ་གྱི་དབུལ་སྐྱོར་བདེ་སྲུང་བྱ་བར་ཞུགས་སུ་འཆུགས།

ཁྲིམས་ལྟར་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོང་བྱས། གཏེར་ཁའི་ཐོན་ཁུངས་དང་ས་གཞི་གསར་གཏོད་བེད་སྤྱོད་ཁྲོད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ས་གཞི་བཀོལ་དངུལ་དང་གཏེར་ཁའི་ཐོན་ཁུངས་ཀྱི་གསབ་དངུལ་མི་སྤྲོད་པ་དང་རྒྱབ་ཁབ་ཀྱི་ཁེ་ཕན་དང་སྤྱི་གཞུང་གི་ཁེ་ཕན་ལ་གནོད་པའི་དོན་དངོས་ཀྱི་གནས་ཚུལ་ལ་ཁ་གཏད་དེ།ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་མཉམ་དུ་ཟླ་བ3རིང་ལ་རྩ་འཛུགས་སྒོས་དམངས་དོན་གཏུག་བཤེར་རྣམ་པའི་རྒྱལ་དབང་རྒྱུ་ནོར་ཤོར་བ་གཙང་ལེན་བྱེད་པའི་ཆེད་དོན་ཞིབ་དཔྱོད་བྱ་བ་སྤེལ།གཏུག་བཤེར་གྱོད་གཞི་བསྡོམས་པས32ལ་ལྟ་སྐུལ་གྱོད་སྒྲུབ་བྱས་ཤིང་ས་ཞིང་བཀོལ་དངུལ་སྒོར་ཁྲི1388དང་གཏེར་ཁའི་ཐོན་ཁུངས་ཀྱི་གསབ་དངུལ་སྒོར་3552གཙང་ལེན་བྱས་ཏེ།ནུས་ཡོད་སྒོས་རང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་སྒྲིག་ལམ་ལ་སྲུང་སྐྱོང་བྱས།

གཞི་རིམ་མང་ཚོགས་ལ་ཞབས་ཞུ་བྱེད་པར་ཧུར་བརྩོན་བྱས།དབུལ་སྐྱོར་འབྲེལ་གནས་བྱ་བ་ལེགས་པོར་སྤེལ་ནས་སྣེ་འཁྲིད་སྒོས་ཁུལ་སྤུས་ཚད་ལྟ་རྟོག་ཅུའུ་དང་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་།ཡིག་ཚགས་ཅུའུ་བཅས་ལ་མཐུན་སྦྱོར་བྱས་ཏེ་བསྡོམས་པས་མ་དངུལ་སྒོར་ཁྲི5བཏང་ནས་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་གསེར་ཆུ་སྡེ་བའི་དཀའ་ཁག་ཅན་གྱི་འབྲོག་དམངས་དུད་ཁྱིམ4ལ་སོ་སོར་ཁང་མིག2རེ་བསྐྲུན།ཁེ་ལས་ལ་མཐུན་སྦྱོར་བྱས་ནས་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་གྱི་ཐེམ་འཕོང་སྡེ་བའི་སོ་ཕག་བཟོ་གྲྭར་ལས་འགོ་རྩོམ་པའི་མ་དངུལ་སྒོར་ཁྲི25བཏང་།ཞིབ་དཔྱོད་མི་སྣའི་སྔོན་ཐོན་ལྔའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་སྤྱི་ཚོགས་ལས་སྒོ་སོ་སོར་ཁྲིམས་སྐྱོང་དྲིལ་སྒྲོག་རྒྱུ་ཆ1000ལྷག་མར་བྱིན་པ་དང་ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས་འགྲེམ་པང8དང་ཞིབ་དཔྱོད་དམངས་འབྲེལ་ཡིག་སྒམ10བཟོས་ཤིང་།ཞིབ་དཔྱོད་དམངས་འབྲེལ་བྱང་བུ100མར་བྱིན།  

གཉིས། གཏུག་བཤེར་བྱས་པ་འཛིན་བཟུང་ཆོག་པ་ཇེ་དྲག་ཏུ་བཏང་ནས། བདེ་འཇགས་མཚོ་ནུབ་བསྐྲུན་པར་སྐུལ་འདེད་བཏང་།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་མུ་མཐུད་དུ་གཏུག་བཤེར་བྱས་པ་འཛིན་བཟུང་ཆོག་པའི་འགན་ནུས་ཇེ་དྲག་ཏུ་བཏང་ནས་ཁྲིམས་ལྟར་ཉེས་དོན་ནག་ཉེས་ལ་རྡུང་རྡེག་དང་བདེ་འཇགས་མཚོ་ནུབ་བསྐྲུན་པར་སྐུལ་འདེད་བཏང་།ཉེས་དོན་སོ་སོ་བསྡོམས་པས་གྱོད་གཞི389བདག་སྤྲོད་ཞིབ་ལེན་དང་ཉེས་ཅན623འཛིན་བཟུང་བྱས་ཤིང་།གྱོད་གཞི349དང་མི552ལ་ཆོག་མཆན་བཀོད་པ་དང་བཟུང་ཆོག་པར་གཏན་ཁེལ་བྱས་པ་དང་གྱོད་གཞི40དང་མི73ལ་འཛིན་བཟུང་གི་ཆོག་མཆན་མ་བཀོད།གཏུག་བཤེར་བྱས་པའི་གྱོད་གཞི621དང་མི911ལ་ཞིབ་བཤེར་བདག་སྤྲོད་བྱས།གྱོད་གཞི531དང་མི732ལ་གཞུང་གཏུག་བྱས་པ་དང་གྱོད་གཞི34དང་མི51ལ་གཏུག་བཤེར་མ་བྱས།

ཉེས་ཅན་གཙོ་བོར་འབུར་དུ་དོད་ནས་རྡུང་རྡེག་བྱས། ཁྲིམས་ལྟར་མི་གསོད་ལག་དམར་དང་བསམ་གཟས་ནས་གནོད་སྐྱེལ་བ།བཟུང་ཁྲིད།བཙན་གཡེམ་སོགས་དྲགས་ཤུགས་ནག་ཉེས་སུ་བསྡོམས་པས་གྱོད་གཞི239དང་མི396ལ་འཛིན་བཟུང་གི་ཆོག་མཆན་བཀོད་དེ།གྱོད་གཞི268དང་མི448ལ་གཏུག་བཤེར་བྱས།ཉེས་དོན་ནག་ཉེས་ཚབས་ཆེན་བཟོ་བའི་རྣམ་པར་མགོ་སྣོན་པ་རྒྱུན་བསྐྱངས་ནས་སྤྱི་ཚོགས་བདེ་སྐྱོང་གི་སྒྲིག་ལམ་གཏན་འཇགས་ལ་སྲུང་སྐྱོང་བྱས།

ཉེས་འཇལ་བསམ་གྲོས་བྱ་བར་མཐོང་ཆེན་བྱས།འདྲི་གཅོད་དང་བོ་དང་གཉིས་པའི་གྱོད་གཞིའི་གཞུང་གཏུག་ཁྲོད་དུ་ཁུལ་ཡོངས་སུ་བསྡོམས་པས་མི449ལ་ཉེས་འཇལ་བསམ་གྲོས་བཏོན།ཁྲིམས་ཁང་གིས་མི391དང་ལེན་བྱས་ཤིང་དང་ལེན་བྱས་ཚད་བརྒྱ་ཆའི87ཡིན།ན་ནིང་གི་དུས་མཚུངས་ལས་མངོན་གསལ་དུ་ཡར་འཕར།

ཟུར་གྱི་ཆ་རྐྱེན་ལ་གཟབ་ཏེ་གཏུག་བཤེར་མ་བྱས།ནན་ཏན་གྱིས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་གཏན་ཁེལ་གསར་བ་ལག་བསྟར་བྱས་ནས་ཁྲིམས་ལྟར་ལོ་ན་མ་སོན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཤིང་།བསྡོམས་པས་གྱོད་གཞི2དང་མི5ཡི་ཟུར་གྱི་ཆ་རྐྱེན་ལ་གཏུག་བཤེར་མི་བྱེད་པའི་གྱོད་དོན་བསྒྲུབས།

བཀག་སྐྱིལ་ལ་ངེས་པར་དུ་ཞིབ་བཤེར་བྱེད་པ་ཇེ་དྲག་ཏུ་བཏང་།ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་བཀག་སྐྱིལ་ལ་ངེས་པར་དུ་ཞིབ་བཤེར་དགོས་པའི་གཏན་འབེབ་ལག་བསྟར་ནན་མོ་བྱས་ཤིང་།བསྡོམས་པས་གྱོད་གཞི63གྱི་བཀག་སྐྱིལ་ལ་ངེས་པར་དུ་ཞིབ་བཤེར་དགོས་པ་བྱས།མི་དམངས་ཁྲིམས་ཁང་དང་མྱུལ་ཞིབ་ལས་ཁུངས་སུ་ཞིབ་དཔྱོད་བསམ་གྲོས་བཏོན་ནས།མི་དམངས་ཁྲིམས་ཁང་དང་མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི61ལ་བསྒྱུར་བཅོས་དང་བཙན་ཤེད་བྱེད་ཐབས་བཀོལ་ནས་བཀའ་བཅད་དང་ཐག་གཅོད་བྱས་ཏེ།དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་ཁག་ཐེག་བྱས།  

ཆེད་གཞིའི་བཅོས་སྐྱོང་ལ་འབད་བརྩོན་བྱས།འབྲེལ་ཡོད་སྡེ་ཁག་ལ་མཉམ་འབྲེལ་སྒོས་ཤེས་བྱའི་ཐོན་དབང་ལ་གནོད་པ་དང་ཚོང་ཟོག་རྫུན་བཟོ་ལ་རྡུང་རྡེག་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ།ཤེས་བྱའི་ཐོན་དབང་ལ་གནོད་པ་དང་ཚོང་ཟོག་རྫུན་བཟོའི་གྱོད་གཞི5དང་མི9ཡི་གྱོད་དོན་བསྒྲུབས།ཁྲིམས་ལྟར་མི9འཛིན་བཟུང་ཆོག་མཆན་བཀོད། མི7ལ་གཞུང་གཏུག་བྱས།  

གསུམ། གྱོད་དོན་ཞིབ་སྒྲུབ་རྒྱུན་འཁྱོངས་བྱས་ཏེ།ཏང་སྤྱོད་སྲིད་སྤྱོད་ལེགས་བསྒྱུར་ལ་སྐུལ་འདེད་བཏང་།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ཡོད་པ་ངེས་པར་དུ་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་དང་རུལ་སུངས་ལ་ངེས་པར་དུ་ངོ་རྒོལ་བྱེད་པ།དཔོན་པོ་ཆེ་ཆུང་གཉིས་ཀྱི་རུལ་སུངས་ལ་མཉམ་རྒོལ་བྱེད་པའི་བླང་བྱ་ལྟར།མུ་མཐུད་དུ་ལས་གནས་ཉེས་བཟོ་གྱོད་གཞིར་ཞིབ་བཤེར་བྱེད་པའི་བྱ་བའི་ཤུགས་ཚད་ཆེ་རུ་བཏང་ནས་བསྡོམས་པས་ལས་གནས་ཉེས་བཟོས་ཁུངས་སྣེ་གྱོད་གཞི65བདག་སྤྲོད་བྱས་ཤིང་གྱོད་གཞི53ཐོག་མའི་ཞིབ་བཤེར་བྱས།གྱོད་གཞི26དང་མི37་ལ་གྱོད་འགོད་མྱུལ་ཞིབ་བྱས། དེའི་ནང་དུ་ལྐོག་ཟའི་གྱོད་གཞི9དང་མི15དང་།གཞུང་སྒོར་སྒེར་སྤྱོད་གྱོད་གཞི3དང་མི5། ལྐོག་ལེན་གྱོད་གཞི11དང་མི12།ལས་གནས་ཉོས་ཏེ་འགན་དབང་ལ་གནོད་པའི་གྱོད་གཞི3དང་མི5།མྱུལ་ཞིབ་མཇུག་སྒྲིལ་བའི་གྱོད་གཞི20དང་མི27།གཏུག་བཤེར་དུ་སྐྱེལ་བའི་གྱོད་གཞི20དང་མི24་བཅས་ལ་གྱོད་འགོད་མྱུལ་ཞིབ་བྱས།  

མུ་མཐུད་དུ་གྱོད་དོན་རྩད་ཆོད་ཀྱི་ནུས་པ་ཇེ་མཐོར་བཏང་། མྱུར་ཞིབ་བཀོད་འདོམས་ལྟེ་གནས་ཀྱི་ནུས་པ་གང་ལེགས་བཏོན་ནས་ཁུལ་ནང་ཁུལ་དུ་དོ་དམ་གནས་བརྒལ་ཏེ་ལས་གནས་ཉེས་བཟོས་གྱོད་སྒྲུབ་བྱ་བར་འགོ་ཁྲིད་དང་མཛུབ་སྟོན་བྱེད་པ་ཇེ་དྲག་ཏུ་བཏང་།གྱོད་སྒྲུབ་ཐོན་ཁུངས་མཐུན་སྦྱོར་དང་ལེགས་ཆའི་ཤེད་ཤུགས་མཉམ་འདུས་སྒོས་གྱོད་དོན་རྩད་ཆོད་བྱས་ཏེ།ལས་གནས་ཉེས་བཟོ་ལ་མྱུལ་ཞིབ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བར་འབད་པ་བྱས།ཁུལ་ཡོངས་སུ་མྱུར་ཞིབ་གཅིག་གྱུར་གྱི་བྱ་བའི་ནང་རྐྱེན་བཀོལ་ནས་ལས་གནས་ཉེས་བཟོ་མཁན28ལ་ཞིབ་བཤེར་གྱོད་སྒྲུབ་བྱས་ཤིང་།གྱོད་སྦས་གྱོད་མཐུད་གྱོད་གཞི8དང་མི17ལ་གྱོད་ཐོ་བཀོད་དེ་མྱུལ་ཞིབ་བྱས།

སྟོབས་ཤུགས་ཆིག་སྒྲིལ་སྒོས་གྱོད་དོན་གནད་ཆེན་ཞིབ་གཅོད་བྱས།བཅོས་བསྒྱར་ཟབ་མོ་བྱེད་པའི་མངའ་ཁོངས་དང་གནད་སར་དམིགས་ཏེ།ཤུགས་རྐྱེན་ཆེ་བ་དང་འགུལ་སྐྱོད་ཆེ་བའི་གྱོད་གནད་འབུར་དུ་དོད་ནས་ཞིབ་གཅོད་བྱས།བསྡོམས་པས་གྱོད་གནད18ལ་གྱོད་ཐོ་བཀོད་དེ་མྱུལ་ཞིབ་བྱས་ཤིང་།གྱོད་འགོད་སྤྱིའི་བརྒྱ་ཆའི69ཟིན། གྱོད་གནད་ཆེ་བའི་མི3དང་གྱོད་འགོད་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་8.1ཟིན་ཡོད།

ཁྲིམས་ལྟར་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱས། མང་ཚོགས་སུ་བྱུང་བའི་ཁེ་ཕན་ལ་གནོད་པའི་ལས་གནས་ཉེས་བཟོར་རྡུང་རྡེག་ནན་མོ་བྱས་པ་དང་རྒྱལ་སའི་ཐོན་ཁུངས་སུ་སྤྱི་པའི་ཁེ་ཕན་ལ་གནོད་པའི་ལས་གནས་ཉེས་བཟོར་རྡུང་རྡེག་བྱེད་པའི་ཆེད་གཞིའི་བྱ་འགུལ་སྤེལ།ཁུལ་ཡོངས་ཞིབ་དཔྱོད་ཁང་གིས་བསྡོམས་པའི་རོང་འབྲོག་ལས་ལ་འབྲེལ་བའི་ལྐོག་ཟའི་ལས་གནས་ཉེས་བཟོའི་གྱོད་གཞི5དང་མི9ཡི་གྱོད་དོན་བཤེར་སྒྲུབ་བྱས།རྒྱལ་སའི་ཐོན་ཁུངས་སུ་ལྐོག་ཟའི་ཉེས་བཟོའི་གྱོད་གཞི5དང་མི6གི་གྱོད་དོན་བཤེར་བསྒྲུབ་བྱས།

བྲོས་བྱོལ་འདེད་པ་དང་བརྐུས་དངོས་ཕྱིར་ལེན་བྱ་བ་ལེགས་པོར་སྤེལ། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་རོགས་འདེགས་ལེགས་པོ་བྱས་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ།ཀྲའེ་ཅང་དང་ཁྲུན་ཆིན་སོགས་སུ་ཕྱིན་ནས་བྲོས་བྱོལ་འདེད་པ་དང་བརྐུས་དངོས་ཕྱིར་ལེན་བྱ་བ་སྤེལ་ནས་གཞུང་སྒོར་སྒེར་སྤྱོད་གྱོད་དོན་གྱི་དོགས་གཞི་ཉེས་ཅན་གྱིས་རང་ཉེས་རང་ཞུ་བྱས།

བཞི།སྔོན་འགོག་ལེགས་པོ་བྱས་ཏེ།རུལ་སུངས་མགོ་ཁུངས་བཅོས་སྐྱོང་བྱེད་པར་དམིགས་སུ་བཟུང་།

ཁུལ་ཡོངས་ཞིབ་དཔྱོད་ཁང་གིསམཚོ་སྔོན་ཞིང་ཆེན་ལས་གནས་ཉེས་བཟོ་སྔོན་འགོག་བྱ་བའི་སྲོལ་ཡིགལག་ལེན་མཐིལ་ཕྱིན་བྱེད་པ་དང་སྦྲེལ་ནས།ལམ་ལུགས་ལྟ་རྟོག་དང་མཉམ་སྦྲེལ་སྔོན་འགོག  ཞིབ་བཤེར་སྔོན་འགོག ཉེན་བརྡའི་སློབ་གསོ།ཞིབ་དཔྱོད་བསམ་གྲོས་སོགས་ཀྱི་ལག་ཐབས་སྣ་འཛོམས་སྤྱད་དེ་ལས་གནས་ཉེས་བཟོར་སྔོན་འགོག་བྱེད་པའི་རྒྱུ་ལམ་གསར་བ་རྒྱ་སྐྱེད་པར་འབད་པ་བྱས།ལས་ཁུངས་དང་སློབ་གྲྭ། ཁེ་ལས།  སྡོད་ཁུལ། རོང་འབྲོག་ཁུལ་བཅས་སུ་སྐྱོད་པའི་ལྔ་སྐྱོད་བྱ་འགུལ་སྤེལ་བ་བརྒྱུད།འགོ་ཁྲིད་ཀྱིས་སྣེ་འཁྲིད་པ་དང་ལག་བསྟར་པའི་འགན་ལེན་པ།ཁོངས་མི་ཡོངས་ཀྱིས་ཤུགས་མཉམ་འཕྲལ་རྒོལ་བྱེད་པའི་བྱེད་ཐབས་གསུམ་སྤྱད་ནས་ལས་གནས་ནག་བཟོར་སྔོན་འགོག་བྱེད་པའི་བྱ་བ་མུ་མཐུད་དུ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་།སྔོན་འགོག་བྱེད་པའི་ཆེད་ལས་ཅན་གྱི་ནུས་པ་ཇེ་མཐོར་བཏང་། ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྡོམས་པས་སྔོན་འགོག་ཞིབ་བཤེར་གྱོད་གཞི53ལས་དབྱེ་ཞིབ་བྱས་པའི་གྱོད་གཞི33དང་ཐེངས110སྔོན་འགོག་འདྲི་རྩད་བྱས།ཞིབ་དཔྱོད་བསམ་གྲོས་སྔོན་འགོག་བྱེད་ནུས་བཏོན།གྱོད་གཞི་གཅིག་ལ་བསམ་གྲོས་གཅིག་འདོན་པ་དང་སློབ་གསོ་ཐེངས་ཤིག་བྱེད་པ།ཞུ་ལེན་ཐེངས་གཅིག་བྱེད་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས།བསྡོམས་པས་ཞིབ་དཔྱོད་བསམ་གྲོས24མར་བྱིན།འབྲེལ་ཡོད་སྡེ་ཁག་གིབསམ་གྲོས19བེད་སྤྱོད་བྱས།ལས་གནས་ཉེས་བཟོའི་ཉེན་བརྡའི་སློབ་གསོ་ཐེངས109ལ་བྱས། ལྐོག་ཟའི་ཡིག་ཚགས་ལ་ཞིབ་ལྟ་བྱེད་པའི་ལམ་ལུགས་ལག་བསྟར་བྱས།བཟོ་སྐྲུན་དུ་ཚོང་འགུག་དངུལ་གཏོང་བྱ་འགུལ་ལ་ལྟ་རྟོག་བྱེད་པར་རྒྱུན་འཁྱོངས་བྱས་ནས་ཚོང་འགུག་དངུལ་གཏོང་གི་སྤྱི་བསྒྲགས་དང་འདྲ་སྙོམས།དྲང་བདེན་བཅས་ཡོང་བར་སྐུལ་འདེད་བཏང་། ལྐོག་ཟའི་ཡིག་ཚགས་ལ་ཞིབ་ལྟ་ཐེངས1897ལ་བྱས།

ལྔ། གཏུག་བཤེར་ལ་ལྟ་རྟོག་ནན་མོ་བྱས་ཏེ།ཁྲིམས་འཛིན་གྱི་འདྲ་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱས།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་བསྟར་ཚད་ལྡན་ཅན་བསྐྲུན་པའི་ལོ་ཡི་བྱ་འགུལ་སྤེལ་བ་དམ་དུ་བཟུང་ནས།གཏུག་བཤེར་བྱ་འགུལ་ཁྲོད་དུ་གནས་པའི་འབུར་ཐོན་གྱི་གནད་དོན་དང་གནད་སའི་ཞན་ཆར་དམིགས་ཏེ།ཕྱོགས་ཡོངས་སུ་ལྟ་རྟོག་འགན་ནུས་ལག་བསྟར་བྱས་པ་དང་གྱོད་སྒྲུབ་ཡང་དག་ཅིང་ནག་མེད་ཉེས་འགེལ་མི་འབྱུང་བར་ཁག་ལེན་བྱས།

ཉེས་དོན་གཏུག་བཤེར་ལྟ་རྟོག་ནུས་པ་མུ་ནས་ཇེ་དྲག་ཏུ་བཏང་།བསྡོམས་པས་གྱོད་གཞི19ཡི་གྱོད་ཐོ་བཀོད་དེ་ཞིབ་སྒྲུབ་བྱས།མྱུར་ཞིབ་ལས་ཁུངས་ལ་གྱོད་གཞི44དག་བཅོས་བྱེད་པར་བཏོན། འཛིན་ལུས་བྱུང་བའི་གྱོད་གཞི3དང་མི5ལ་དག་ཐེར་བྱས།གཏུག་བཤེར་ཆད་ལུས་བྱུང་བའི་གྱོད་གཞི5དང་མི16གཏུག་བཤེར་བྱས།ཁྲིམས་འགལ་བདེན་དབང་ཅན་གྱི་གྱོད་གཞི10དང་མི18དག་འབུད་བྱས།ཞིབ་དཔྱོད་དཔོན་རིམ་མཉམ་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཚོགས་སུ་ཐེངས28ལ་ཟུར་ཞུགས་བྱས།མི་དམངས་ཁྲིམས་ཁང་ལ་གྱོད་སྒྲུབ་རྒྱུ་རིམ་ཁྲིམས་འགལ་ཡིན་པའི་གྱོད་གཞི3བཏོན།བསྐྱར་གཏུག་བྱེད་པའི་གྱོད་གཞི11ལ་རྒྱབ་སྐྱོར་བྱས།ཁྲིམས་ཁང་གིས་གྱོད་གཞི6གི་ཆད་གཅོད་བཅོས།གྱོད་གཞི2ཀྱི་ཁྲིམས་ཆད་སྔོན་མ་རྒྱུན་བསྲིངས། གྱོད་གཞི3ཞིབ་གཅོད་བྱེད་པའི་སྒང་ཡིན།

དམངས་དོན་གཏུག་བཤེར་ལྟ་རྟོག་ནུས་པ་མུ་ནས་ཇེ་དྲག་ཏུ་བཏང་།ནུས་ཤུགས་ཡོད་རྒུས་དག་བཅོས་ལེགས་པོ་བྱས་རྗེས་ཀྱི་དམངས་དོན་གཏུག་བཤེར་བཅའ་ཁྲིམས་དང་ལྟ་རྟོག་གཏན་འབེབ་དོན་འཁྱོལ་ལེགས་པོ་བྱེད་པར་དམ་འཛིན་བྱས།བསྐྱར་གཏུག་དང་ཞིབ་དཔྱོད་བསམ་གྲོས།ཁྲིམས་འགལ་སྤྲོད་ལམ་ཞིབ་བཤེར་སོགས་ཀྱི་ལག་ཐབས་སྣ་འཛོམས་སྤྱད་དེ།དམངས་དོན་སྲིད་འཛིན་གཏུག་བཤེར་བྱ་འགུལ་ལ་ཁྲིམས་ལུགས་ཀྱིས་ལྟ་རྟོག་བྱེད་པ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་།ཁུལ་ཡོངས་སུ་བསྡོམས་པས་དམངས་དོན་སྲིད་འཛིན་གྱོད་གཞི108ཞིབ་བཤེར་ཐག་གཅོད་བྱས།གྱོད་གཞི3བསྐྱར་གཏུག་བྱེད་པར་བཏོན། གྱོད་གཞི15ལ་ཞིབ་དཔྱོད་བསམ་གྲོས་བཏོན། གྱོད་གཞི14ལ་གཏུག་བཤེར་བྱེད་པར་རྒྱབ་སྐྱོར་བྱས།གྱོད་གཞི32ཀྱི་འགན་ནུས་ལག་བསྟར་བྱས་པར་ལྟ་སྐུལ་བྱས།

མངག་གཏོང་ཞིབ་དཔྱོད་ལྟ་རྟོག་ནུས་པ་མུ་ནས་ཇེ་དྲག་ཏུ་བཏང་།ཉེས་ཆད་ལག་བསྟར་ལྟ་རྟོག་ནང་རྐྱེན་འཐུས་ཚང་དུ་བཏང་ནས་བསྡོམས་པས་གྱོད་གཞི594ལྟ་རྟོག་ཉེས་འཕྲི་དང་གློད་འགྲོལ་བཏང་།ཉེས་འཕྲི་དང་གློད་འགྲོལ་མི་འཚམ་པའི་གྱོད་གཞི19དག་བཅོས་དགོས་པའི་བསམ་འཆར་བཏོན།གྱོད་གཞི19དག་བཅོས་བྱས། ལས་གནས་ཉེས་བཟོ་དང་དངུལ་རྩའི་ཉེས་བཟོ།ནག་ཚོགས་རང་བཞིན་གྱི་ནག་ཉེས་སོགས་ནག་ཉེས་རིགས་གསུམ་གྱི་ཉེས་འཕྲི་དང་གློད་འགྲོལ་མགྱོགས་པ།མ་བཟུང་བར་ལག་བསྟར་བྱེད་པའི་ཚད་མཐོ་བ།དོན་དངོས་ཀྱི་ཉེས་བཅད་དུས་ཡུན་ཐུང་བ་སོགས་ཀྱི་གནས་ཚུལ་ལ་ལྟ་རྟོག་བྱེད་པ་ཇེ་དྲག་ཏུ་བཏང་།ཁྲིམས་བསྟར་ཁྲིམས་འཛིན་དྲང་བདེན་མིན་པའི་འབུར་ཐོན་གནད་དོན་ལ་དག་བཅོས་དང་ལྟ་རྟོག་ནན་མོ་བྱས།ཁུལ་ཡོངས་སུ་ནག་ཉེས་རིགས་གསུམ་གྱི་མི52ཞིབ་འབུད་བྱས་ཤིང་།འཛིན་བཟུང་མ་བྱས་པར་ལག་བསྟར་བྱེད་པར་མི་འཚམ་པའི་ནག་ཉེས་རིགས་གསུམ་གྱི་མི19བཙོན་དུ་བཅུག

གྱོད་གཏུག་ཞུ་གཏུག་ལ་ཞིབ་དཔྱོད་བྱེད་པའི་ནུས་པ་མུ་ནས་ཇེ་དྲག་ཏུ་བཏང་།ཁུལ་བདེ་སྲུང་བཀོད་འདོམས་པུའི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་ནན་མོ་བྱས།ཞིབ་དཔྱོད་དང་འབྲེལ་བའི་ཡིག་བསྐུར་ངོ་གཏུག་བྱ་བར་མཐོང་ཆེན་བྱས།འགལ་ཟླ་ཞིབ་འབུད་ནན་མོ་བྱས། བསྡོམས་པས་གཏུག་བཤེར་གྱོད་གཞི27དང་ལེན་བྱས།རིམ་མཉམ་ཁྲིམས་ཁང་གཉིས་ཀྱི་ཞིབ་དཔྱོད་དཔོན་གྱིས་བསྡོམས་པས་མང་ཚོགས་ཡིག་བསྐུར་ངོ་གཏུག་པ་མི50སྣེ་ལེན་བྱས་ཏེ་ཚང་མ་ཁྲིམས་ལྟར་ཐག་གཅོད་ལེགས་པོ་བྱས།2014ལོར་ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་དཔྱོད་དང་འབྲེལ་བའི་ཡིག་བསྐུར་ངོ་གཏུག་མ་བྱུང་།

དྲུག སློབ་གསོའི་དོ་དམ་ཇེ་དྲག་ཏུ་བཏང་ནས་དཔུང་སྡེ་སྤྱིའི་བྱང་ཚད་ཇེ་མཐོར་བཏང་།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་དང་སྤྱོད་གཙང་སྒྲིག་གཟབ་ཀྱི་ཁྲིམས་བསྟར་ཚད་ལྡན་ཅན་དུ་བསྐྲུན་པའི་ལོ་ཡི་བྱ་འགུལ་དམ་དུ་བཟུང་ནས་ཞིབ་དཔྱོད་དཔུང་སྡེའི་ཆབ་སྲིད་བསམ་བློའི་འཛུགས་སྐྲུན་དང་སྒྲིག་ཁྲིམས་སྤྱོད་སྟངས་འཛུགས་སྐྲུན།ཁྲིམས་བསྟར་སྤྱོད་སྟངས་འཛུགས་སྐྲུན་བཅས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་།  

དཔུང་སྡེའི་བསམ་བློའི་སྤྱོད་སྟངས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་། ནན་ཏན་གྱིས་རྩ་འཛུགས་སྒོས་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་ནང་དོན་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་ནས་དཔུང་སྡེའི་ཁྲོད་གནས་པའི་སྤྱོད་སྟངས་བཞིའི་གནད་དོན་ཐག་གཅོད་བྱེད་པར་འབད་དེ།ཏང་ཡོན་ལས་བྱེད་པའི་བསམ་བློ་སྔར་བས་ཇེ་མཐོ་དང་ཁྲིམས་བསྟར་སྤྱོད་སྟངས་སྔར་བས་ལེགས་བསྒྱུར།ཞིབ་དཔྱོད་དང་མང་ཚོགས་འབྲེལ་བ་སྔར་བས་ཇེ་དམ།དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་སྣང་བརྙན་སྔར་བས་ཇེ་ལེགས་སུ་བཏང་བའི་དམིགས་ཡུལ་དུ་བསླེབས། ཁུལ་ཞིབ་དཔྱོད་ཁང་གིས་སློབ་གསོའི་ལག་ལེན་བྱ་འགུལ་ཁྲོད་ལམ་ལུགས་རྣམ་གྲངས34དག་བསྒྲིགས་བྱས་ཤིང་།ལམ་ལུགས་རྣམ་གྲངས7མེད་པར་བཟོས། ལམ་ལུགས་རྣམ་གྲངས22གསར་དུ་བསྒྲིགས། སྤྱོད་གཙང་སྒྲིག་གཟབ་བྱ་འགུལ་ལེགས་པོར་སྤེལ་ནས་སྒྲིག་ཁྲིམས་སྤྱོད་སྟངས་དང་བྱ་བའི་སྤྱོད་སྟངས་ངེས་དོན་གྱིས་ལེགས་བསྒྱུར་བྱུང་།

ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་ལེགས་པོ་སྤེལ། ནན་ཏན་སྒོས་འགན་ཁུར་གཉིས་དོན་འཁྱོལ་བྱས་ནས་སྤྱོད་གཙང་ཞིབ་དཔྱོད་ལམ་ལུགས་འཐུས་ཚང་བསྐྲུན།རིམ་པ་བཞིན་དུ་ལས་འགན་ཡི་གེ་བཀོད་དེ་མུ་མཐུད་དུ་ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་ལེགས་པོ་བྱས།ཞིབ་དཔྱོད་ཉེན་རྟོག་པར་སློབ་གསོ་ནན་མོ་དང་དོ་དམ་ནན་མོ། ལྟ་རྟོག་ནན་མོ་བཅས་བྱས།ཐེམ་ཆེན་རྫོང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཉེན་རྟོག་པ་ཁུན་ལིན་ཆིན་གྱིས་གྱོད་སྒྲུབ་ཁྲོད་ཁྲིམས་འགལ་སྒྲིག་འགལ་བཟོས་པའི་གནད་དོན་ལ་ཐག་གཅོད་ནན་མོ་བྱས་པ་མ་ཟད།ཁྲིམས་སྲོལ་སྒྲིག་ཁྲིམས་ལྟར་ཞིབ་དཔྱོད་དཔུང་སྡེ་རུ་ཕུད།

ཁྲིམས་བསྟར་ཚད་ལྡན་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ། ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས་དང་ལམ་ལུགས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ།ཁྲིམས་བསྟར་གོ་རིམ་ཚད་ལྡན།ནང་ཁུལ་གྱི་ལྟ་རྟོག་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ནུས་ལྡན་བྱེད་ཐབས་བརྒྱུད་དེ།ནན་ཏན་གྱིས་ཁྲིམས་བསྟར་ཚད་ལྡན་མིན་པ་དང་དྲང་བདེན་མིན་པ།སྤྱོད་ལམ་མི་ལེགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།ཁྲིམས་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་།ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས2012ལོ་ནས་བཟུང་སྒྲུབ་པའི་ཉེས་དོན་གྱོད་གཞི949ཡི་གོ་རིམ་དང་དོན་དངོས་ལ་དཔྱད་བཤེར་བྱས་པ་མ་ཟད།གྱོད་གཞིའི་ཡུན་རིང་གི་དོ་དམ་ནང་རྐྱེན་འཐུས་ཚང་དུ་བཏང་། སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས19པར་ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཚད་ལྡན་ཁྲིམས་འཛིན་སྤྱོད་ལམ་བྱ་བའི་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་འབུལ།སྐད་གཉིས་གཏུག་བཤེར་ལ་གཙིགས་སུ་བཟུང་ནས་ཁྲིམས་ལྟར་དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཛད།

ཞིབ་དཔྱོད་ཉེན་རྟོག་པའི་སློབ་གསོའི་གསོ་སྦྱོང་ཤུགས་ཚད་ཆེ་རུ་བཏང་། ཁྲིམས་བསྟར་སྣེ་གཏུག་ཞིབ་དཔྱོད་དཔོན་གཙོར་བཟུང་ནས་ཆེད་དོན་ལས་རིགས་དང་ཆེད་དོན་ནུས་རྩལ་གྱི་གསོ་སྦྱོང་སྤེལ།དག་བཅོས་རྗེས་ཀྱི་བཅའ་ཁྲིམས་གཉིས་ཀྱི་གསོ་སྦྱོང་དང་སློབ་སྦྱོང་དམ་འཛིན་ལེགས་པོ་བྱས།རྩ་འཛུགས་སྒོས་བསྡོམས་པས་གོང་རིམ་ཞིབ་དཔྱོད་ཁང་གི་ལས་རིགས་སོ་སོའི་གསོ་སྦྱོང་དུ་མི254ཞུགས།ཁུལ་ཡོངས་སུ་མི105་ལ་རྩ་འཛུགས་སྒོས་ཆེད་ལས་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་བྱས།ཞིབ་དཔྱོད་ཉེན་རྟོག་པ8ཁྲིམས་འཛིན་རྒྱུགས་གཞི་རུ་ཞུགས་པ་དང་མི5རྒྱུགས་འཕྲོད།ཞིབ་དཔྱོད་དཔུང་སྡེའི་སྒྲིག་གཞི་ལེགས་བསྒྱུར་བྱེད་པ་དམིགས་སུ་བཟུང་།ཁྲིམས་ལུགས་དང་ཆེད་ལས་གཞན་པའི་མི་འཇོན་ཐང་ཅན་རྒྱུགས་སྤྲོད་བསྡུ་ལེན་བྱས།ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སུ་བསྡོམས་པས་གཞུང་ཞབས་པ18བསྡུ་ལེན་བྱས།

ཞིབ་དཔྱོད་དྲིལ་སྒྲོག་དང་བརྟག་དཔྱད་ཞིབ་འཇུག་བྱ་བར་གཙིགས་འཛིན་བྱས། དྲིལ་སྒྲོག་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་ནི་ཁྲིམས་བསྟར་དྲང་བདེན་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་གལ་ཆེན་དུ་བཟུང་ནས།གསར་འགྱུར་སྨྱན་བྱད་དུ་དྲིལ་སྒྲོག་རྒྱུ་ཆ120སྤྲད་པ་དང་རྩ་འཛུགས་སྒོས་ཞིབ་དཔྱོད་གཞུང་ལུགས་དང་གྱོད་སྒྲུབ་ལག་ལེན་སོགས་རྩོམ་ཡིག80ལྷག་བྲིས།ཁུལ་ཏང་ཨུ་ལ་ལས་གནས་ཉེས་བཟོའི་སྔོན་འགོག་དང་རྒྱལ་དབང་རྒྱུ་ནོར་ཤོར་བར་གཏུག་བཤེར་བྱེད་པར་ལྟ་སྐུལ་བྱེད་པའི་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་སྤྲད།ཁུལ་ཨུའི་འགོ་ཁྲིད་གཙོ་བོས་ཆེད་དོན་སྙན་ཞུར་མཆན་བཀོད་མཛུབ་སྟོན་གནངས།རྩ་འཛུགས་སྒོས་ཞིབ་དཔྱོད་བཅོས་བསྒྱུར་ལ་བརྟག་དཔྱད་ཞིབ་འཇུག་ལེགས་པོ་བྱས་ནས་ཁྲིམས་འཛུགས་བཅོས་བསྒྱུར་ཆེད་དུ་གྲོས་འདོན་ཇུས་འགོད་བྱས།

བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཏན་ཏིག་གིས་སྤེལ།འགན་ནུས་ཀྱིས་འཆམ་མཐུན་ལ་སྐུལ་བར་རྐང་ཚུགས་ནས་མཐུན་སྒྲིལ་བདེ་འཛིན་ལ་སྲུང་སྐྱོང་བྱེད་པ་ནི་བྱ་བའི་རིག་ལམ་དུ་བཟུང་བ་དང་ཧུར་ཐག་གིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་བསྐྲུན་བྱ་འགུལ་དུ་ཞུགས་ཏེ།བསམ་པའི་དཔལ་ཡོན་བསྐྲུན་པར་སྐུལ་འདེད་བཏང་།ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་སུ་སྔོན་ཐོན་ཚོགས་པ་དང་མི་སྒེར་སྐོར་ཞིག་བྱུང་ཡོད་དེ།དེའི་ནང་དུ་སྔོན་ཐོན་ཚོགས་ཁག2དང་མི1ལ་མཐོ་རིམ་ཞིབ་དཔྱོད་ཁང་གིས་གཟེངས་རྟགས་ཐོབ།མི3ལ་ཞིང་ཆེན་རིམ་པའི་གཟེངས་རྟགས་ཐོབ།ཚོགས་ཁག7དང་མི25ལ་ཞིང་ཆེན་ཞིབ་དཔྱོད་ཁང་གི་གཟེངས་རྟགས་ཐོབ།

ཧུར་ཐག་གིས་གཞི་གསུམ་འཛུགས་སྐྲུན་བརྟན་པོ་ཡོང་བར་སྐུལ་འདེད་བཏང་། ཁུལ་ཨུའི་གཞི་གསུམ་འཛུགས་སྐྲུན་གྱི་བཀོད་སྒྲིག་ལྟར།ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་སུ་བྱ་བའི་འཆར་གཞི་བསྒྲིགས་པ་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ།བྱ་བའི་འགན་ཁུར་དོན་འཁྱོལ་བྱས།ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་ལས་རིགས་ལ་བྱང་ཆ་ལྡན་པ། སྤྱོད་ལམ་ལེགས་པ།ཁྲིམས་བསྟར་དྲང་བདེན་ཡིན་པ་བཅས་ཀྱི་ཞིབ་དཔྱོད་དཔུང་སྡེ་སྐྲུན་པ་ནི་ཚད་གཞིར་བཟུང་ནས་མུ་མཐུད་དུ་གཞི་རིམ་རྩ་འཛུགས་དང་གཞི་རིམ་བྱ་བ།གཞི་རྩའི་ནུས་པ་བཅས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་།  

བདུན། ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ།ལག་རྩལ་རྨང་གཞིའི་ཁག་ཐེག་ཇེ་དྲག་ཏུ་བཏང་།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚན་རྩལ་ལ་བརྟེན་ནས་ཞིབ་དཔྱོད་ཇེ་རྒྱས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གོང་ཁ་ཇེ་མགྱོགས་སུ་བཏང་ནས་ཞིབ་དཔྱོད་བྱ་བ་བདེ་བླག་ངང་སྤེལ་བར་ཆེས་ལེགས་པའི་ལག་རྩལ་གྱི་རྨང་གཞིའི་ཁག་ཐེག་འདོན་སྤྲོད་བྱས།བརྡ་འཕྲིན་བདེ་སྤྱོད་ལེགས་པོ་བྱས་ནས་ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས་བྱེད་པའི་རྒྱུ་ལམ་རྒྱ་སྐྱེད།མི་དམངས་ཞིབ་དཔྱོད་ཁང་གི་གྱོད་དོན་བརྡ་འཕྲིན་སྤྱི་བསྒྲགས་བྱེད་པའི་དྲ་རྒྱ་བརྒྱུད་ནས་ཁྲིམས་ལུགས་ཡིག་ཆ་དྲ་སྟེང་དུ་སྤྱི་བསྒྲགས་བྱེད་པ་ལག་བསྟར་བྱས།ཞིབ་དཔྱོད་ཁང་གི་པོད་ཁུག་ཁ་ཕྱེས། ཞིབ་དཔྱོད་བྱ་བའི་གནས་ཚུལ་དྲ་ཐོག་ཏུ་བཀོད།ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་བསྟར་གྱོད་སྒྲུབ་བྱ་བ་སྨྱན་བྱད་དང་མང་ཚོགས་ཀྱིས་ལྟ་རྟོག་འོག་ཏུ་ཚུད་པར་བྱས།ཞིབ་དཔྱོད་ལས་གསལ་ལག་བསྟར་བྱས་ནས་ཁྲིམས་བསྟར་སྤྱིའི་ཡིད་རྟོན་ཇེ་མཐོར་བཏང་། གྱོད་གཞིའི་དོ་དམ་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ནས་གྱོད་སྒྲུབ་ཕན་འབྲས་ཇེ་མཐོར་བཏང་།དྲ་ཐོག་ནས་གྱོད་དོན་སྒྲུབ་པ་ལག་བསྟར་བྱས་ནས་གྱོད་གཞིར་གཅིག་གྱུར་གྱི་དོ་དམ་དང་སྒྲུབ་རིམ་ལ་ལྟ་རྟོགདུས་ལྟར་ཉེན་བརྡ་གཏོང་བ། སྤུས་ཚད་ཚོད་ཞིབ།འགོ་ཁྲིད་ཀྱིས་འཆན་འགོད་སོགས་ཇེ་དྲག་ཏུ་བཏང་ནས་གྱོད་གཞིའི་སྤུས་ཚད་དང་ཕན་ནུས་ཇེ་མཐོར་བཏང་།མྱུལ་ཞིབ་སྒྲིག་ཆས་ཕན་ནུས་བཏོན་ནས་གྱོད་སྒྲུབ་ཏུ་ཚན་རྩལ་རྒྱུ་ཆ་མངའ་བ་ཇེ་མཐོར་བཏང་།གོང་རིམ་ཞིབ་དཔྱོད་ཁང་གི་མྱུལ་ཞིབ་ལག་རྩལ་སྒྲིག་ཆས་བརྩོན་ལེན་བྱས་ནས་ལས་གནས་ཉེས་བཟོར་སྒྲ་ལེན་བརྙན་ཕབ་གཏན་ཁེལ་ནན་གྱིས་ལག་བསྟར་བྱས།2014ལོར་སྒྲུབ་པའི་ལས་གནས་ཉེས་བཟོའི་གྱོད་གཞི28ཀྱི་གོ་རིམ་ཡོངས་སྒྲ་ལེན་བརྙན་ཕབ་བྱས་ཏེ།ནུས་ཡོད་སྒོས་ནག་ཉེས་ལ་ཆད་གཅོད་དང་ཁྲིམས་བསྟར་ཚད་ལྡན་ལ་ཁག་ཐེག་བྱས། འཐུས་ཚང་གི་རྨང་གཞི་སྒྲིག་ཆས་ཀྱིས་ཞིབ་དཔྱོད་བྱ་བའི་འགན་ལེན་ནུས་པ་ཇེ་མཐོར་བཏང་།2014ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང8ཀྱི་ཁྲོད་དུ་ཁྲིམས་ཁང7གྱི་གཞུང་སྒྲུབ་ཁང་གསར་བསྐྲུན་རྒྱ་སྐྱེད་འགྲུབ་ནས་བེད་སྤྱོད་བྱས།ཞིབ་དཔྱོད་བྱ་བ་སོ་སོ་སྤེལ་བར་ཆེས་ལེགས་པའི་ཁག་ཐེག་འདོན་སྤྲོད་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་དུ་མངག་པའི་མཚོ་སྔོན་སྣུམ་ཞིང་ཞིབ་དཔྱོད་གཞུང་སྒྲུབ་གྱོད་སྒྲུབ་ཁང་གི་སྡོད་ཁང་འཛུགས་སྐྲུན་འགོ་རྩོམ་རྒྱུ་རེད།ཞིབ་དཔྱོད་བྱ་བ་སྤེལ་བར་རྨང་གཞི་བརྟན་པོ་བཏིངས།  

བརྒྱད། རང་འགུལ་དུ་ལྟ་རྟོག་དང་ལེན་བྱས་ཏེ།ནང་ཁུལ་གྱི་དོ་དམ་ཚད་བཀག་འཐུས་ཚང་དུ་བཏང་།

ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ནམ་ཡང་ཞིབ་དཔྱོད་བྱ་བ་ཏང་ཨུའི་འགོ་ཁྲིད་འོག་ཚུད་པར་བྱས་ནས་རང་འགུལ་དུ་དམངས་ཆེན་གྱི་ལྟ་རྟོག་དང་ལེན་བྱས།འཕྲལ་དུ་ཏང་ཨུ་དང་དམངས་ཆེན་ལ་བྱ་བ་གཙོ་བོའི་བཀོད་སྒྲིག་དང་བྱ་བ་གཙོ་བོའི་དོན་གནད།གྱོད་གཞི་གལ་ཆེན་གྱི་ཞིབ་སྒྲུབ་སོགས་གནས་ཚུལ་ཡར་ཞུ་བྱས། ནན་ཏན་གྱིས་ཏང་ཨུའི་མཛུབ་སྟོན་དང་བླང་བྱ་དོན་འཁྱོལ་བྱས་ནས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ནན་མོ་དང་འཐུས་མིས་ལྟ་རྟོག་རང་འགུལ་དུ་དང་ལེན་བྱས།སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཞིབ་དཔྱོད་བྱ་བར་རོགས་འདེགས་མཛད་པར་བརྩོན་ལེན་བྱས་ནས་སྲིད་གྲོས་དང་སྤྱི་ཚོགས་ལས་སྒོ་སོ་སོའི་ཞིབ་དཔྱོད་བྱ་བར་བཏོན་པའི་བསམ་གྲོས་ལ་ཉན་ལེན་བྱས་ཏེ།མུ་མཐུད་དུ་ཞིབ་དཔྱོད་བྱ་བ་ལེགས་བསྒྱུར་དང་ཇེ་དྲག་ཏུ་བཏང་།མི་དམངས་ལྟ་རྟོག་པའི་ལམ་ལུགས་ཚོད་ལྟའི་གནས་ཟབ་བསྒྱུར་བྱེད་པར་ཞུགས།ཁྲིམས་འཛིན་ལས་ཁུངས་ལ་མཐུན་སྦྱོར་བྱས་ནས་མི་དམངས་ལྟ་རྟོག་པ་འདེམས་བསྐོ་བྱེད་པར་འབད་པ་བྱས་ཏེ།ཕྱི་ཕྱོགས་ཀྱི་ལྟ་རྟོག་དང་ལེན་བྱེད་པའི་རྒྱུ་ལམ་རྒྱ་སྐྱེད།ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས་བྱེད་པའི་ཤུགས་ཚད་དང་གྱོད་གཞི་དོ་དམ་ལྟེ་གནས་བྱ་བའི་ནང་རྐྱེན་འཐུས་ཚང་བསྐྲུན་པ།གྱོད་དོན་དཔྱད་བཤེར་བྱ་འགུལ་ཟབ་སྤེལ་བཅས་ལ་ཤུགས་སྣོན་པ་བརྒྱུད་དེ།མུ་མཐུད་དུ་ཁྲིམས་བསྟར་གྱོད་སྒྲུབ་བྱ་བའི་ནང་ཁུལ་གྱི་དོ་དམ་ཇེ་དྲག་ཏུ་བཏང་ནས་གྱོད་སྒྲུབ་སྤུས་ཚད་ཇེ་མཐོར་བཏང་ཞིང་དྲང་བདེན་ཁྲིམས་བསྟར་བྱེད་པར་སྐུལ་འདེད་བྱས།

2014ལོར་ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བྱ་བར་གྲུབ་འབྲས་ངེས་ཅན་བླངས་ཡོད་ནའང་།ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་བླང་བྱ་དང་།མི་དམངས་མང་ཚོགས་ཀྱི་རེ་འདུན།ཁྲིམས་བརྟན་ཁུལ་སྐྱོང་གི་འཕེལ་རིམ་བཅས་དང་བར་ཐག་ངེས་ཅན་ཞིག་ཡོད།གཙོ་བོ་ཁྲིམས་བསྟར་ཚད་ལྡན་མ་ལག་དང་རང་སྟེང་ལྟ་རྟོག་ཚད་བཀག་ནང་རྐྱེན་སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་ཞིབ་དཔྱོད་དཔུང་སྡེ་སྤྱིའི་བྱང་ཚད་སྔར་བས་ཇེ་མཐོར་གཏོང་དགོས་པ།གྱོད་སྒྲུབ་ཤུགས་ཚད་སྔར་བས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་སུ་མཚོན་ཐུབ་པས།ང་ཚོས་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ་ནན་ཏན་གྱིས་ཞིབ་འཇུག་བྱས་ནས་ཐག་གཅོད་རྒྱུ་ཡིན།

            2015ལོའི་བྱ་བའི་ལས་འགན་གཙོ་བོ།

2015ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་ཁྲིམས་འཛིན་བཅོས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཁྲིམས་བརྟེན་རྒྱལ་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ལོ་ཐོག་མ་ཡིན།ད་ལོའི་ཞིབ་དཔྱོད་བྱ་བ་སོ་སོ་ལེགས་པོ་སྒྲུབ་པར་ལས་འགན་ལྕི་ལ་འགན་ཁུར་ལྗིད། ཁུལ་ཡོངས་ཞིབ་དཔྱོད་བྱ་བའི་སྤྱིའི་རིག་ལམ་ནི།ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་གྱིས་ཞིབ་དཔྱོད་བྱ་བར་སྣེ་འཁྲིད་དེ།ཁྲིམས་འཛིན་བཅོས་བསྒྱུར་དང་ཁྲིམས་བརྟེན་ཁུལ་སྐྱོང་གི་བྱ་བའི་རྣམ་པར་དམིགས་སུ་བཟུང་ནས་སྤྱི་ཚོགས་གཏན་འཇགས་ཀྱི་རྣམ་པ་ཆེན་མོར་སྲུང་སྐྱོང་དང་སྤྱི་ཚོགས་འདྲ་སྙོམས་དྲང་བདེན་ལ་སྐུལ་འདེད།མི་དམངས་བདེ་ཞིང་སྐྱིད་པར་ཁག་ཐེག་བྱེད་པ་བཅས་ཀྱི་འགན་འཁྲི་ལག་ལེན་ནན་མོ་བྱས་ཏེ།ཁྲིམས་ལུགས་ལྟ་རྟོག་ནུས་པར་སྐུལ་འདེད་བྱེད་པ་དཀྱིལ་སྙིང་དང་ཞིབ་དཔྱོད་བཅོས་བསྒྱུར་ཟབ་མོ་བྱེད་པ་ནི་སྒུལ་ཤུགས།གཞི་རིམ་རྨང་གཞིའི་བྱ་བ་ཇེ་དྲག་ཏུ་གཏོང་བར་གཙིགས་འཛིན།བྱང་ཚད་མཐོ་བའི་ཞིབ་དཔྱོད་དཔུང་སྡེ་བསྐྲུན་པ་ནི་ཁག་ལེན་བཅས་སུ་བཟུང་ནས།ཁྲིམས་སྐྱོང་མཚོ་ནུབ་བསྐྲུན་པའི་བྱ་བ་སོ་སོའི་བཀོད་སྒྲིག་ཆེད་དུ་ཆེས་ནུས་ལྡན་གྱི་ཁྲིམས་འཛིན་ཁག་ཐེག་འདོན་སྤྲོད་བྱས།

གཅིག་ནས་ཁྲིམས་བརྟེན་ཁུལ་སྐྱོང་གི་བྱ་བའི་རྣམ་པ་ཆེན་མོར་ཞབས་ཞུ་བསྒྲུབ་པར་འབད་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས།ཁྲིམས་སྐྱོང་དང་མིའི་ཐོབ་ཐང་དབང་ཆའི་འདུ་ཤེས་ལེགས་བཞེངས་བྱས་ནས་སྒོ་འབྱེད་དང་འགྱུར་ལྡན།ཡང་དག  དམངས་བདེ་བཅས་ཀྱི་ཞིབ་དཔྱོད་ནང་རྐྱེན་ལེགས་པོར་བསྐྲུན་དགོས།མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་སོ་སོའི་ཁྲོད་དུ་འདྲ་སྙོམས་དྲང་བདེན་ཚོར་ཐུབ་པ་བྱ་དགོས།སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་གི་ཁྲིམས་ལྟར་སྲིད་འཛིན་བྱེད་པར་ལྟ་རྟོག་བྱས་ནས་སྤྱོད་ལམ་མི་ལེགས་པ་དང་གང་འདོད་དུ་བྱེད་པ་བཅས་ལ་དག་ཐེར་དང་འགན་ཤོར་ལས་འཛོལ་ལ་ཆད་གཅོད་བྱས་ཏེ།ཆེས་ལེགས་པའི་ཆབ་སྲིད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས།ཁྲིམས་སྐྱོང་དྲིལ་སྒྲོག་ལེགས་པོ་བྱས་ནས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།མང་ཚོགས་ཀྱིས་ཁྲིམས་ལྟར་འགན་དབང་སྲུང་བ་དང་འགལ་ཟླ་རྩོད་གླེང་ཐག་གཅོད་པར་སྣེ་འཁྲིད་དེ།ཁྲིམས་སྐྱོང་གི་དད་གུས་པའམ་བརྩི་སྲུང་བ། གཏན་སྲུང་བ་བཅས་སུ་གྱུར་དགོས།

གཉིས་ནས་ཁྲིམས་ལྟར་མཚོ་ནུབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྲུང་སྐྱོང་དགོས།ནན་ཏན་གྱིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པ་དང་བཅུ་གཉིས་པའི་ཚང་ཨུ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱས་ཏེ།རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ནུས་ཁུངས་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་པ་ཇེ་དྲག་ཏུ་བཏང་ནས་ཁྲིམས་ལྟར་ཁྲིམས་འགལ་དུ་ས་ཞིང་དང་རྩྭ་ས་འཛིན་པ་དང་གཏེར་ཁ་སློག་པ་སོགས་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་ནག་ཉེས་ལ་རྡུང་རྡེག་བྱ་དགོས།སྐྱེ་ཁམས་སྲུང་སྐྱོང་མངའ་ཁོངས་གཙོ་བོར་ཁྲིམས་ལུགས་ཀྱིས་ལྟ་རྟོག་བྱེད་པར་ཤུགས་བསྣན་ནས་སྐྱེ་ཁམས་ཁོར་ཡུག་དང་གཏེར་ཁའི་ཐོན་ཁུངས་སོགས་ཀྱི་མངའ་ཁོངས་སུ་མཆན་འགོད་དོ་བདག་ཁྲོད་བྱུང་བའི་འགན་དབང་གང་སྤྱོད་དང་།རང་འགན་སྣང་མེད་དུ་འཇོག་པ། ཉེ་ཕྱོགས་གཡོ་ཟོལ་བཅས་བྱས་ནས་རྒྱལ་ཁབ་དང་སྤྱི་ཚོགས།མང་ཚོགས་བཅས་ཀྱི་ཁེ་ཕན་ལ་གནོད་པ་ཆེན་པོ་བཟོ་བའི་ལས་གནས་ཉེས་བཟོར་ཐག་གཅོད་ནན་མོ་བྱ་དགོས།

གསུམ་ནས་ནུས་ཤུགས་ཡོད་རྒུས་མཚོ་ནུབ་ཀྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་བྱ་དགོས།ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་དྲགས་ཤུགས་འཇིགས་སྐུལ་སོགས་ནག་ཉེས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་གནོད་པའི་ནག་ཉེས་བཅས་ལ་རྡུང་རྡེག་བྱས་ཏེ།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོང་དགོས། ཁྲིམས་ལྟར་ལྐོག་ཟ་རྔམ་ལེན་དང་འགན་འཛོལ་དབང་གནོད་ནག་ཉེས་དང་དེ་མིན་ཟས་རིགས་སྨན་རྫས་བདེ་འཇགས་ལ་གནོད་པ།དམངས་འཚོའི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་པ་སོགས་མངའ་ཁོངས་གཙོ་བོའི་ལས་གནས་ཉེས་བཟོར་ཞིབ་གཅོད་བྱ་དགོས།ནམ་ཡང་རུལ་སུངས་ཆད་གཅོད་ཀྱི་སྣོན་ཤུགས་རྣམ་པ་རྒྱུན་སྐྱོང་དགོས།ཉེས་དོན་དང་དམངས་དོན་སྲིད་འཛིན་གཏུག་བཤེར་བཅས་ཀྱི་ལྟ་རྟོག་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ལྟ་རྟོག་གི་ཕན་ནུས་ཇེ་མཐོར་བཏང་ནས་ཁྲིམས་འཛིན་དྲང་བདེན་ལ་སྲུང་སྐྱོང་དགོས།མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་ལས་གནས་ཉེས་བཟོའི་སྔོན་འགོག་བྱ་བའི་སྲོལ་ཡིགདོན་འཁྱོལ་མཐིལ་ཕྱིན་བྱས་ནས་ཁུལ་ཡོངས་སུ་ལས་གནས་ཉེས་བཟོའི་སྔོན་འགོག་གི་དྲིལ་སྒྲོག་སློབ་གསོའི་ཆེད་དོན་བྱ་འགུལ་སྤེལ་བ་དང་ལས་གནས་ཉེས་བཟོའི་སྔོན་འགོག་བྱ་བར་སྔར་བས་སྐུལ་འདེད་ལེགས་པོ་བྱ་དགོས།

བཞི་ནས་ཞིབ་དཔྱོད་བཅོས་བསྒྱུར་ཚོད་ལྟའི་གནས་སུ་ཞུགས་ཏེ་སྐུལ་འདེད་གཏོང་བར་འབད་དགོས།ན་གོར་མོ་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་བཅོས་བསྒྱུར་སྔོན་སྐྱོད་ཚོད་ལྟའི་གནས་ཀྱི་བྱ་བར་འགོ་ཁྲིད་དང་མཛུབ་སྟོན་ལེགས་པོ་བྱ་དགོས།ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་སྔར་བས་ཟབ་མོ་བྱ་དགོས།རིགས་བགོས་ཏེ་ཞིབ་དཔྱོད་ལས་རིགས་དང་སྲིད་འཛིན་ནུས་པའི་སློབ་གསོའི་གསོ་སྦྱོང་སྤེལ་བ་དང་ལྷག་པར་དུ་ན་གཞོན་ཞིབ་དཔྱོད་དཔོན་གཅིག་བསྡུས་སུ་སློབ་གསོའི་གསོ་སྦྱོང་བྱེད་པ་ཇེ་དྲག་ཏུ་གཏོང་དགོས།ཞིབ་དཔྱོད་བཅོས་བསྒྱུར་ཁྲོད་ཞིབ་དཔྱོད་དཔོན་འདེམས་བསྐོ་བྱེད་པའི་སྔོན་འགྲོའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཏེ།ཞིབ་དཔྱོད་དཔོན་གྱིས་རིགས་བགོས་དོ་དམ་དང་མི་གྲངས་གཏན་ཁེལ་བྱེད་པར་རྨང་གཞི་བརྟན་པོ་འཇོག་དགོས།

ལྔ་ནས་ཞིབ་དཔྱོད་དཔུང་སྡེའི་སྤྱིའི་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།མུ་མཐུད་དུ་རྩ་འཛུགས་སྒོས་ཞིབ་དཔྱོད་ཉེན་རྟོག་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ནས་དཔུང་སྡེའི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ཇེ་དྲག་དང་དཔུང་སྡེའི་བསམ་བློའི་ཆབ་སྲིད་བྱང་ཚད་ཇེ་མཐོར་གཏོང་དགོས།ལས་རིགས་སློབ་གསོའི་གསོ་སྦྱོང་ལེགས་པོ་བྱས་ནས་དཔུང་སྡེའི་ཚད་ལྡན་ཅན་དང་ཆེད་ལས་ཅན།ལས་རིགས་ཅན་བཅས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།ཏང་སྤྱོད་སྲིད་གཙང་འཛུགས་སྐྲུན་དང་འགན་ཁུར་གཉིས་དོན་འཁྱོལ་ལེགས་པོ་བྱས་ནས་ཞིབ་དཔྱོད་དཔུང་སྡེའི་སྤྱོད་གཙང་རྣམ་དག་ཡོང་བར་ཁག་འགན་ལེན་དགོས།

འཐུས་མི་རྣམ་པ།ལོ་གསར་བའི་ནང་དུ་ཁུལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁུལ་ཨུ་དང་ཞིང་ཆེན་མི་དམས་ཞིབ་དཔྱོད་ཁང་གིས་འགོ་ཁྲིད་འོག ཐེངས་འདིའི་གྲོས་ཚོགས་ཀྱི་བླང་བྱ་ལྟར།སྙིང་སྟོབས་ཆེར་སྐྱེད་དང་བློ་སྐྱེད་མདུན་སྤོ་སྒོས་ཁྲིམས་སྐྱོང་མཚོ་ནུབ་བསྐྲུན་ཆེད་བྱས་རྗེས་འཇོག་པར་ཧུར་བརྩོན་བྱ་རྒྱུ་ཡིན།

གོང་མ།:2015ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ།

ཞོལ་མ།:2015ལོའི་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།