ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་ཁྲོད་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་བསྒྱུར་བཅོས་ཐེངས་ཤིག་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་སྒྲིག་བཀོད་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།
ཆིའུ་ཧྲི།
བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་མཚོན་ཆ་གལ་ཆེན་ཞིག་ཡིན་ལ།ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་རྩ་བའི་བྱེད་ཐབས་ཤིག་ཡིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་མཐོང་ཆེན་ཚད་མཐོར་བྱས་པ་རེད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆོད་དོན་གཏན་འབེབས་བྱས་པ་དང་།འདི་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མཁོ་གལ་ཆེ་བ་ཞིག་ཡིན་པ་མ་ཟད།ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དང་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བར་མཁོ་གལ་ཆེ་བ་ཞིག་ཀྱང་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་ཐོག་རིམ་པ་བཞིན་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོར་བཞག་ནས་གཏན་འབེབས་བྱས་པ་དང་།དེ་ལ་ཚགས་དམ་པོའི་ནང་གནས་ཀྱི་གཏན་ཚིགས་ཡོད་པ་སྟེ།སྤྱིའི་འཐབ་ཇུས་སྒྲིག་བཀོད་དེ་དུས་ཚོད་འཁོར་ལོ་ཐོག་གོ་རིམ་ལྟར་ཕྱེ་ཡོང་བ་རེད་ཅེས་བརྗོད་ནའང་ཆོགཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་ཚང་མ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁ་འབྲལ་ཐབས་མེད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་མཇུག་མཐུད་ཀྱི་ལེའུ་ལྟ་བུ་ཡིན་པས།ང་ཚོས་ཏན་ཏན་ཏིག་ཏིག་གིས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་དང་།ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་རྒྱུ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གཉིས་འཁོར་ལོ་གཉིས་དང་འདྲ་བར་ཐུན་མོང་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་མདུན་དུ་བསྐྱོད་པར་བྱེད་དགོས།
ད་ལོ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལོ་དང་པོ་ཡིན།ང་ཚོས་གཏིང་ཟབ་མོའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་།“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་སྒྲིག་བཀོད་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་ནས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གལ་ཆེའི་རང་བཞིན་དང་མྱུར་མཁོའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ལེན་ནས།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱིའི་གཞི་འཛིན་ས་བྱས་ཤིང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ།“ལོ་ངོ་བརྒྱ་ཕྲག་གཉིས་”ཀྱི་འབད་འཐབ་དམིགས་ཡུལ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ལྡན་པའི་ཁྲིམས་སྐྱོང་འགན་ལེན་མཁོ་སྤྲོད་བྱེད་དགོས།
གཅིག ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བ།ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་ལ།རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་ཡིན།
ཁྲིམས་ནི་སྐྱོང་བའི་མཆོག་ཡིན།རྒྱལ་ཁབ་ཅིག་དང་སྤྱི་ཚོགས་ཤིག་བདག་སྐྱོང་བྱེད་དགོས་ན་འགག་རྩ་ནི་ལམ་སྲོལ་འཛུགས་དགོས་པ་དང་ལམ་སྲོལ་བཤད་དགོས་པ།ལམ་སྲོལ་བརྩི་སྲུང་བྱེད་དགོས་པ་བཅས་རེད།བཅའ་ཁྲིམས་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་ཆེས་ཆེ་བའི་ལུགས་སྲོལ་ཡིན་ལ།ཁྲིམས་སྐྱོང་ནི་རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པའི་བཅོལ་ཡུལ་གལ་ཆེན་ཞིག་ཀྱང་ཡིན།འཐུས་སྒོ་ཚང་བའི་སྤྱི་ཚོགས་ལམ་ལུགས་ཤིག་ཡིན་ན་ངེས་པར་དུ་བཅའ་ཁྲིམས་ལ་བརྟེན་དགོས་པ་དང་།མིའི་རྒྱུ་རྐྱེན་ལ་བརྟེན་ནས་འགྱུར་ལྡོག་གཏོང་མི་རུང་།རྒྱལ་ཁབ་བདག་སྐྱོང་དེང་རབས་ཅན་ནི་གཞི་རྩའི་ཐོག་ནས་བཤད་ན་མིས་སྐྱོང་རྒྱུ་དེ་མཐའ་གཅིག་ཏུ་གཡུགས་ནས་ཁྲིམས་ལྟར་དུ་རྒྱལ་ཁབ་སྐྱོང་རྒྱུ་ལ་ཟེར།རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དུས་ནམ་ཞིག་ལ་ཁྲིམས་སྐྱོང་གསལ་པོ་ཡོང་ཚེ་དེའི་དུས་རྒྱལ་ཁབ་བདེ་འཇགས་ཡོང་བ་རེད།དུས་ནམ་ཞིག་ལ་ཁྲིམས་སྐྱོང་ལྷོད་གཡེང་དུ་སོང་ཚེ་དེའི་དུས་རྒྱལ་ཁབ་ཟིང་འཁྲུག་བྱུང་བ་རེད།“རྒྱལ་ཁབ་ནི་ནམ་ཡང་སྟོབས་ཤུགས་རྒྱས་པ་ཞིག་གམ་ཡང་ན་ནམ་ཡང་སྟོབས་ཤུགས་ཉམས་པ་ཞིག་མ་རེད།ཁྲིམས་སྐྱོང་མཁན་དེ་སྟོབས་ཆེན་ཡིན་ན་རྒྱལ་ཁབ་སྟོབས་ཤུགས་ཆེ་བ་དང་།ཁྲིམས་སྐྱོང་མཁན་དེ་སྟོབས་ཤུགས་ཆུང་ན་རྒྱལ་ཁབ་ཀྱང་ཉམས་རྒྱུ་རེད།”ཁྲིམས་སྐྱོང་ནི་ཞི་བདེ་དང་སྟངས་འཛིན་ཐུབ་པའི་རྣམ་པ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་ཟླ་ཐག་གཅོད་གཏོང་བའི་འགྲོ་ལམ་ཡག་ཤོས་ཤིག་ཡིན་པ་དང་།སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་མཚོན་སྟངས་གལ་ཆེན་ཞིག་ཡིན་ལ།རྒྱལ་ཁབ་ཡུན་རིང་བདེ་འགོད་དང་དར་རྒྱས་གོང་འཕེལ་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན།
ང་ཚོའི་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མེད་བྱས།ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་ཉམས་མྱོང་དང་སློབ་གསོ་ཟབ་མོ་ལ་ཁྱོན་བསྡོམས་ལེགས་པོ་བྱས་ཏེ།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་གཏོང་རྒྱུའི་བྱེད་ཕྱོགས་བཏོན་པ་རེད།ཏང་གི་ཚོགས་ཆེན་བཅོ་ལྔ་པའི་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་རྒྱལ་ཁབ་བདག་སྐྱོང་བྱེད་པའི་རྩ་བའི་བྱེད་ཐབས་སུ་གཏན་འཁེལ་བྱས་པ་དང་།ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་སྲིད་སྐྱོང་དེ་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་གྱི་རྩ་བའི་བྱེད་ཐབས་སུ་གཏན་འཁེལ་བྱས་པ་རེད།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་བྱས་པའི་ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་རྒྱལ་སྐྱོང་དེ་སྔར་བས་འབུར་ཐོན་གྱི་གོ་གནས་སུ་བཏོན་པ་དང་།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྐུལ་འདེད་གཏོང་རྒྱུ་ལ་འཐབ་ཇུས་སྒྲིག་བཀོད་བཏོན་ནས།མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་པའི་གོམ་པ་ཇེ་མགྱོགས་སུ་བཏང་ཡོད།དེ་རིང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་ཟིན་པ་དང་།ང་ཚོའི་རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་སྤྱིའི་ཐོག་ནས་ཁྲིམས་ལ་བརྟེན་ས་ཡོད་པ་མཚོན་པ་དང་།ཁྲིམས་སྐྱོང་སྲིད་གཞུང་གི་འཛུགས་སྐྱོང་གོམ་པ་བརྟན་པོས་སྐུལ་འདེད་གཏོང་ཞིང་།ཁྲིམས་འཛིན་ལམ་ལུགས་མུ་མཐུད་དུ་འཐུས་ཚང་གཏོང་བ་བཅས་བྱས་ཏེ།སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དུ་མཐོ་རུ་ཕྱིན་ཡོད།འདི་དག་ཚང་མ་ནི་ང་ཚོས་བླངས་པའི་གལ་ཆེའི་གྲུབ་འབྲས་ཡིན་ལ།ང་ཚོས་མུ་མཐུད་དུ་མདུན་བསྐྱོད་བྱེད་པའི་འགོ་ཚུགས་ས་གསར་པའང་ཡིན།
མིག་སྔར།རང་རྒྱལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་རྒྱུ་དེ་གཏན་འཁེལ་རང་བཞིན་གྱི་དུས་སྐབས་ནང་སླེབས་ཡོད་པ་དང་།བསྒྱུར་བཅོས་ནི་མཁྲེགས་གཏོར་དུས་སྐབས་དང་གཏིང་ཟབ་སར་སླེབས་ཡོད།ང་ཚོའི་མདུན་དུ་ལྷགས་པའི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་མོ་ནི་སྔར་ཡོད་མ་མ་མྱོང་བ་ཞིག་དང་།འགལ་ཟླ་ཉེན་ཁ་འགྲན་སློང་མང་བ་ནི་སྔར་ཡོད་མ་མྱོང་བ་ཞིག་དང་།སྔོན་གྱི་དུས་ཚོད་གང་ལས་ཀྱང་དེ་བས་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ལས་དོན་སྤེལ་དགོས་པ་དང་གནད་དོན་ཐག་གཅོད་གཏོང་དགོས་པ་ཞིག་དང་།སྔར་ལས་ཀྱང་དེ་བས་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་ཚད་ལྡན་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པ་ཞིག་རེད།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲུབ་རྒྱུ་ནི་རྩ་བའི་ཐོག་ནས་བཤད་ན་འཕེལ་རྒྱས་ཀྱི་གནད་དོན་ཡིན།རྒྱུན་རྣམ་གསར་པ་ལ་རང་འགུལ་གྱིས་འཕྲོད་པར་བྱེད་པ་དང་སྣེ་ཁྲིད་བྱས་ནས།རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ངེས་པར་དུ་གོ་སྐབས་མ་ཤོར་ནས་གལ་ཆེའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཇེ་ཟབ་སྤེལ་བ།དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་མགྱོགས་སུ་འགྱུར་ལྡོག་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བལྟས་ན།ཚོང་རའི་དཔལ་འབྱོར་གྱི་ངོ་བོའི་ཐོག་ནས་ཁྲིམས་སྐྱོང་དཔལ་འབྱོར་ཡིན་པ་དང་།ཚོང་རའི་ཁོར་ཡུག་ལེགས་ཉེས་ཀྱི་འགག་རྩ་ནི་ཁྲིམས་སྐྱོང་ཆུ་ཚད་ཀྱི་ཐོག་ཏུ་མཚོན་ཡོད།ཁྲིམས་སྐྱོང་ལ་བརྟེན་ན་ད་གཟོད་ཚོང་རའི་དཔལ་འབྱོར་བདེ་ཐང་ངང་འགུལ་སྐྱོད་བྱས་ཐུབ།ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བའི་ཕྱོགས་ནས་བལྟས་ན།དེ་དང་ཐུག་པའི་རིམ་པ་གཏིང་ཟབ་མོའི་གནད་དོན་མང་དུ་བྱུང་བ་དང་།བསྒྱུར་བཅོས་ཀྱི་རྙོག་དྲའི་རང་བཞིན་མངོན་གསལ་མཐོ་རུ་ཕྱིན་པ།སྔར་བས་ཀྱང་ཁྲིམས་སྐྱོང་གི་གསལ་བསྟན་རང་བཞིན་དང་སྔོན་མཐོང་རང་བཞིན་ལ་སོགས་པའི་དགེ་མཚན་གྱིས་བསྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གོང་བུར་གཅིག་འདྲིལ་བྱེད་དགོས་པ།རིམ་པ་གཏིང་ཟབ་མོའི་ལམ་ལུགས་ཀྱི་མཁར་རྫོང་སྣ་ཚོགས་མེད་པར་གཏོང་བ་བཅས་བྱས་ནས།བསྒྱུར་བཅོས་དེ་མུ་མཐུད་ནས་གཏིང་ཟབ་མོའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།ཁྲིམས་སྐྱོང་ནི་བསྒྱུར་བཅོས་ཀྱི་གྲུ་གནོན་རྡོ་དང་འཕེལ་རྒྱས་ཀྱི་རོགས་འདེད་ལག་ཆ་རེད་ཅེས་བརྗོད་ནའང་ཆོགབསྒྱུར་བཅོས་དང་འཕེལ་རྒྱས་དེ་བདེ་ཐང་དང་གོ་རིམ་ལྡན་ཞིང་།བརྟན་པོ་དང་རྒྱང་རིང་བསྐྱོད་ཐུབ་མིན་ནི།དེ་ལས་ཀྱང་ཁྲིམས་སྐྱོང་མ་ལག་འཐུས་ཚང་ཡིན་མིན་ལ་རག་ལས་པ་དང་།ཁྲིམས་སྐྱོང་གཟབ་བརླིང་ཡིན་མིན་ལ་རག་ལས།རྒྱལ་ཁབ་སྐྱོང་དགོས་ན་ངེས་པར་དུ་ཐོག་མར་ཏང་སྐྱོང་དགོས།ཏང་སྐྱོང་དགོས་ན་ངེས་པར་དུ་གཟབ་བརླིང་ཡིན་དགོས་པ་དང་།གཟབ་བརླིང་ལ་ངེས་པར་དུ་ཁྲིམས་ཚད་ཡོད་དགོས།ང་ཚོའི་ཏང་ནི་ཏང་ཡོན་མི་ཁྲི་8600ལྷག་ཡོད་པའི་ཏང་ཆེན་མོ་ཞིག་ཡིན་པ་དང་།རྒྱལ་སྐྱོང་སྲིད་གཉེར་གྱི་འགོ་ཁྲིད་གཙོ་བོའི་གོ་གནས་ཤིག་ཏུ་ཚུད་ཡོད།ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ལེགས་པོ་སྤྱད་ནས་ཏང་ཉིད་དོ་དམ་དང་བདག་སྐྱོང་བྱེད་པ་དང་།རང་ཉིད་ཀྱིས་གཟབ་ནན་གྱི་ལམ་ལུགས་དང་གཟབ་བརླིང་གི་སྒྲིག་ལམ་འཛུགས་ན།ད་གཟོད་ཏང་ཉིད་འཛུགས་སྐྱོང་ལེགས་པོ་དང་དོ་དམ་ལེགས་པོ་བྱས་ཐུབ་ལ།ད་གཟོད་སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་ནས་ཚད་ལྡན་སྲུང་འཛིན་དང་ཁྲིམས་སྐྱོང་ལག་བསྟར་བྱས་ཐུབ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་ལས་བསྟན་པ་ནང་བཞིན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་གལ་ཆེའི་འགན་ལེན་ཡིན་པ་དང་།རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པས།ང་ཚོའི་ཏང་ནི་སྲིད་གཉེར་རྒྱལ་སྐྱོང་དང་འབྲེལ་བ་དང་།མི་དམངས་ཀྱི་བདེ་སྐྱིད་བདེ་ཐང་དང་འབྲེལ་བ།ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་དང་འབྲེལ་བ་བཅས་ཡིན།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་འགྲུབ་བྱེད་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ།ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ།ཏང་གི་སྲིད་སྐྱོང་ནུས་པ་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་འདེགས་ནས།ངེས་པར་དུ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས།
གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱེད་པར།ཆེས་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན།
བགྲོད་ལམ་ནི་ལས་བསྐལ་དང་འབྲེལ་ཡོད་ལ།བགྲོད་ལམ་གྱིས་མདུན་ལམ་གཏན་འཁེལ་བྱས།ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བར་ངེས་པར་དུ་ལམ་ཡང་དག་པར་འགྲོ་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་དོན་ཆེན་འདི་ལེགས་པོ་སྒྲུབ་ཐུབ་མིན་གྱི་འགག་རྩ་ནི་ཁ་ཕྱོགས་ཡང་དག་ཡིན་མིན་དང་ཆབ་སྲིད་འགན་ལེན་སྲ་བརྟན་ནུས་ལྡན་ཡིན་མིན་ལ་རག་ལས།བྱེ་བྲག་ཏུ་བཤད་ན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་དོན་འཁྱོལ་བྱེད་རྒྱུ་བཅས་ཡིན།ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ལ།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་ལེན་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་རྩ་བའི་ལམ་ལུགས་ཀྱི་རྨང་གཞི་ཡིན་ལ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་གཞུང་ལུགས་མཛུབ་སྟོན་དང་གཞུང་ལུགས་སྦྱོང་བའི་འདེགས་སྐྱོར་ཡིན་ལ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན།ཕྱོགས་གསུམ་པོ་འདི་ངོ་བོའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་གྱི་ལྟེ་བའི་འགག་རྩ་ཡིན་པས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་ལམ་ལུགས་མཚན་ཉིད་དང་མདུན་བསྐྱོད་བྱེད་ཕྱོགས་གཏན་འཁེལ་དང་འགན་ལེན་བྱས་པ་རེད།”ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཙོ་ཐིག་གཅིག་གིས་ལེའུ་ཡོངས་ལ་བརྒྱུས་རྒྱུའི་གཏན་འཁེལ་ཞིག་ཡོད་པ་སྟེ།འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན།འདི་ནི་སྤྱི་ཁྱབ་དོ་དམ་བྱེད་པའི་དངོས་པོ་ཞིག་ཡིན་པས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཀྱི་ནུས་ཤུགས་དང་།ལམ་ལུགས་ཀྱི་རྨང་གཞི།གཞུང་ལུགས་ཀྱི་མཛུབ་སྟོན་བཅས་གཏན་འཁེལ་གསལ་པོ་བྱས་པ་རེད།རྩ་བའི་རང་བཞིན་གྱི་གནད་དོན་འདིའི་ཐོག་ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་འཛུགས་པ་དང་གཏན་ཤུགས་རྒྱུན་འཁྱོངས་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱེད་པར།ཆེས་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་ལས་བསྟན་དོན།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ན་ངེས་པར་དུ་གཤམ་གྱི་རྩ་དོན་འགའ་ཞིག་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་།མི་དམངས་ཀྱི་གཙོ་བོའི་གོ་གནས་རྒྱུན་འཁྱོངས་བྱེད་པ།བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་རྒྱུ་རྒྱུན་འཁྱོངས་བྱེད་པ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་ཚུལ་གྱིས་རྒྱལ་ཁབ་སྐྱོང་རྒྱུ་གཉིས་ཟུང་འབྲེལ་བྱེད་པ།ཀྲུང་གོའི་དངོས་ཡོད་ནས་འགོ་ཚུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་སོ།།རྩ་བའི་རྩ་དོན་ཆེན་ལྔ་འདི་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ལེགས་འགྲུབ་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་ཁྱོན་བསྡོམས་བྱས་པ་དེ་ཡིན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མར་ནན་བཤད་བྱས་པ་དང་བཤད་རྒྱུ་ཆེས་མང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན།ཁོང་གིས་བསྟན་དོན།ཏང་དང་ཁྲིམས་སྐྱོང་གི་འབྲེལ་བ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལྟེ་བའི་གནད་དོན་དང་རྩ་བའི་གནད་དོན་ཡིན་པས་ངེས་པར་དུ་ཞིབ་མོར་བཤད་དགོས།ཏང་གི་འགོ་ཁྲིད་སེམས་ལ་དམ་པོ་བཟུང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་བླ་སྲོག་ཡིན་པ་དང་།འདི་ནི་ང་ཚོའི་ཁྲིམས་སྐྱོང་དེ་ནུབ་ཕྱོགས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དང་ཆེས་ཆེ་བའི་ཁྱད་པར་ཡིན།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་ནི་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པ་དང་།ཉེ་རབས་དང་དེང་རབས་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་དགོས་ངེས་དང་མི་དམངས་ཀྱི་གདམ་ག་ཡིན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ང་ཚོའི་ཏང་གིས་བཏོན་པ་ཞིག་ཡིན་ལ།མུ་མཐུད་དུ་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་ཏང་གི་སྲིད་སྐྱོང་ལས་འགན་ལེགས་འགྲུབ་བྱུང་བའི་ཆེད་དུ་ཡིན་པ་ལས་ཏང་གི་འགོ་ཁྲིད་ཉམས་དམས་སུ་གཏོང་བ་མིན།ང་ཚོས་བཤད་པའི་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་གཉེར་དེ་ནུབ་ཕྱོགས་ཀྱི་“ཁྲིམས་སྲིད་”ཟེར་བ་དང་ངོ་བོའི་ཐོག་ནས་མི་འདྲ།རང་རྒྱལ་དུ།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཉིས་ངོ་བོའི་ཐོག་ལ་གཅིག་མཐུན་ཡིན།ཁྲིམས་ནི་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློའི་གཅིག་སྡུད་མཚོན་བྱེད་ཡིན་པ་དང་།ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་སྐྱོང་བཅས་གསུམ་པོ་ནི་འབྲེལ་བ་དམ་པོའི་གཅིག་གྱུར་ཅིག་ཡིན།ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྗོད་དོན་ནང་ཡོད་དགོས་པའི་གོ་དོན་ཞིག་ཡིན།བསམ་ངན་ཟུར་བཅངས་བྱེད་མཁན་འགའ་ཞིག་གིས་“ཏང་ཆེ་བ་ཡིན་ནམ་ཁྲིམས་ཆེ་བ་ཡིན་”ཞེས་བཤད་རྒྱུ་དགའ་མོད།ཡིན་ན་ཡང་དེ་ནི་བརྗོད་གཞི་རྫུན་མ་ཞིག་རེད།ཏང་དང་ཁྲིམས་གཉིས་ངོ་བོའི་ཐོག་ནས་གཅིག་མཐུན་ཡིན་ན།སུ་ཆེ་བ་དང་སུ་ཆུང་བའི་གནད་དོན་ཡང་མེད་པ་རེད།ལོས་ཡིན་ཏེ།ང་ཚོས་“ཏང་ཆེ་བ་ཡིན་ནམ་ཁྲིམས་ཆེ་བ་ཡིན་”ཞེས་པའི་གནད་དོན་མེད་ཅེས་ཟེར་བ་ནི།ཏང་དེ་སྲིད་སྐྱོང་བའི་སྤྱི་ཡོངས་ཤིག་ཏུ་བཞག་ནས་བཤད་པ་ཡིན་པ་དང་།ཏང་གི་སྲིད་སྐྱོང་གོ་གནས་དང་འགོ་ཁྲིད་གོ་གནས་ལ་བལྟས་ནས་བཤད་པ་ཡིན།བྱེ་བྲག་ཏུ་སྲིད་ཏང་རྩ་འཛུགས་རེ་རེ་དང་འགོ་ཁྲིད་ལས་བྱེད་པ་རེ་རེའི་ངོས་ནས་བཤད་ན།ངེས་པར་དུ་རྩ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས་པ་ལས།ཏང་གིས་རང་ཉིད་ཏང་ཡིན་ཟེར་ནས་ཡོད་ཚད་ཁེར་བཟུང་བྱས་མི་རུང་ལ།ཏང་གི་འགོ་ཁྲིད་དེ་མི་སྒེར་དུ་འཛིན་ཏེ་སྐད་ཆ་བཤད་ནས་ཁྲིམས་ཀྱི་ཚབ་བྱས་པ་དང་དབང་ཆས་ཁྲིམས་གནོན་པ།ཉེར་སྐྱོར་ཁྲིམས་འགལ་བཅས་བྱས་མི་རུང་།ངེས་པར་དུ་“ཏང་ཆེ་བ་ཡིན་ནམ་ཁྲིམས་ཆེ་བ་ཡིན་”ཞེས་པའི་གནད་དོན་ཐག་གཅོད་ལེགས་པོ་གཏོང་བ་དང་།ཁྲིམས་སྐྱོང་གིས་ཏང་གི་སྲིད་སྐྱོང་རྒྱལ་གཉེར་ཁྲོད་ཀྱི་རྩ་བའི་འགན་ལེན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཏང་གི་འགོ་ཁྲིད་ཀྱིས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་བདག་སྐྱོང་གི་ཁྱབ་ཁོངས་ཁྲོད་རྒྱ་ཆེ་ལ་གཏིང་ཟབ་པའི་བསྒྱུར་བཅོས་ཐེངས་ཤིག་ཡིན་ལ།ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་ཐད་ཀྱི་རང་ཉིད་འཐུས་ཚང་དང་རང་ཉིད་མཐོར་འདེགས་གཏོང་རྒྱུ་དེ་ཡིན།ང་ཚོས་ཏང་གིས་སྤྱི་ཡོངས་སྟངས་འཛིན་དང་ཕྱོགས་སོ་སོ་མཐུན་འགྲིག་བྱེད་པའི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་རྒྱུན་འཁྱོངས་དང་།ཁྲིམས་ལྟར་རྒྱལ་སྐྱོང་གི་ཁྱབ་ཁོངས་སོ་སོའི་ལས་དོན་གཅིག་གྱུར་བྱེད་པ།ཏང་གི་འདོད་ཚུལ་དེ་ཁྲིམས་ལྟར་རྒྱལ་སྐྱོང་གི་གོ་རིམ་ཡོངས་དང་ཕྱོགས་སོ་སོར་དོན་འཁྱོལ་བྱ་རྒྱུ་ཁག་ཐེག་བྱེད་པ།དུས་མཚུངས་སུ་ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་གི་འགོ་ཁྲིད་འཐུས་ཚང་གཏོང་བ།ངེས་པར་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི་“གཅིག་གྱུར་གསུམ་”དང་“མཁས་པོ་བཞི་”ཡི་བླང་བྱ་ལ་གཞིགས་ནས།མུ་མཐུད་དུ་ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་འདེགས་དགོས།
གསུམ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དེ་སྤྱིའི་དམ་འཛིན་བྱེད་སར་བཞག་ནས།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས།
ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་ན།ཡང་དག་པའི་བགྲོད་ལམ་དུ་འགྲོ་དགོས་པ་མ་ཟད།ད་དུང་མངོན་གསལ་དོད་པོའི་དམིགས་ཡུལ་གཏན་འཁེལ་བྱེད་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་ལས་བསྟན་དོན།
“ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།འདི་ནི།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོགཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ལག་བསྟར་བཅས་བྱས་ནས།འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་།ཕན་ནུས་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལགགཟབ་བརླིང་ལྡན་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལགསྟོབས་ཤུགས་ལྡན་པའི་ཁྲིམས་སྐྱོང་འགན་ལེན་མ་ལག་བཅས་ཆགས་པ་དང་།འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་ཤིང་།ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་།ཁྲིམས་ལྟར་སྲིད་འཛིན་ཐུན་མོང་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་།ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་གཅིག་མཐུན་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ།ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་སྲིད་བསྟར་ནན་མོ།དྲང་གཞག་ཁྲིམས་འཛིན།དམངས་ཡོངས་བརྩི་སྲུང་བཅས་མངོན་འགྱུར་བྱས་ཏེ།རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས།”སྤྱིའི་དམིགས་ཡུལ་འདི་ནི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་གཙོ་ཐིག་ཅིག་ཡིན་པ་སྟེ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ངོ་བོ་དང་བྱེད་ཕྱོགས་གསལ་པོ་བསྟན་ཡོད་ལ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ལས་དོན་གཙོ་བོ་དང་སྤྱིའི་དམ་འཛིན་བྱེད་ཡུལ་འབུར་དུ་ཐོན་ཡོད་པས།ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་རྒྱུ་སྐུལ་འདེད་གཏོང་བར་རྩ་བའི་བརྩི་སྲུང་དང་བྱ་སྤྱོད་ཀྱི་བྱེད་ཕྱོགས་བསྟན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཕྱོགས་མང་པོ་དང་འབྲེལ་ཡོད་ལ།དངོས་ཡོད་ཀྱི་ལས་དོན་ཁྲོད་ངེས་པར་དུ་ཁྱོན་ཡོངས་འཛིན་སྐྱོང་དང་ཕྱོགས་སོ་སོ་སྣེ་ཁྲིད་བྱེད་པའི་སྤྱིའི་གཞིར་འཛིན་ས་ཞིག་ཡོད་དགོས།སྤྱིའི་གཞིར་འཛིན་ས་འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུ་དེ་རེད།”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་ནང་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་།ཕན་ནུས་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལགགཟབ་བརླིང་ལྡན་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལགསྟོབས་ཤུགས་ལྡན་པའི་ཁྲིམས་སྐྱོང་འགན་ལེན་མ་ལགའཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་འཛུགས་རྒྱུ་བཅས་འདུས་ཡོད།ཁྲིམས་ལུགས་གཏན་འཁེལ་དང་ཁྲིམས་ལུགས་ལག་བསྟར།ཁྲིམས་སྐྱོང་འགུལ་སྐྱོད་དང་འགན་ལེན་ལམ་སྲོལ།ཁྲིམས་ལྟར་རྒྱལ་སྐྱོང་དང་ཏང་ནན་སྐྱོང་སོགས་ཀྱི་ཕྱོགས་སོ་སོ་དང་ལྷུ་ཚིགས་སོ་སོ་འདུས་ཡོད།“མ་ལག་ཆེན་པོ་ལྔ་”ཡི་ནང་དུ།ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དེ་ཁྲིམས་སྐྱོང་མ་ལག་ཏུ་བསྡུ་ལེན་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་ཁྱད་ཆོས་ཡོད་ས་དེ་ཡིན།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་རྣམས་ཚང་མ་སྤྱིའི་གཞིར་འཛིན་ས་འདི་ལ་གཞིགས་ནས་འཆར་འགོད་དང་སྐུལ་འདེད་བཏང་སྟེ།མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུར་སྒུལ་ཤུགས་འདོན་སྤྲོད་དང་གསོན་ཤུགས་སྐུལ་སློང་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཇི་ལྟར་འཛུགས་སྐྲུན་བྱེད་དགོས་ཞེ་ན།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་ནང་ལས་ཀའི་གནས་བབ་གཏན་འཁེལ་བྱེད་པ་དང་།རིགས་བགོས་བཀོད་སྒྲིག་དང་མཉམ་སྡེབ་སྐུལ་འདེད་བྱེད་པའི་བྱེ་བྲག་གི་བླང་བྱ་བཏོན་པ་རེད།“འདི་ནི་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་།ཁྲིམས་ལྟར་སྲིད་འཛིན་བཅས་ཐུན་མོང་དུ་སྐུལ་འདེད་གཏོང་བ་དང་།” “ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཅིག་མཐུན་འཛུགས་སྐྲུན་བྱེད་པའི་”བླང་བྱ་ལ་གཞིགས་ནས།ཚན་རིག་དང་མཐུན་པའི་ཆ་ནས་ཁྲིམས་འཛུགས་པ་དང་།ཁྲིམས་ལྟར་ནན་མོ།ཁྲིམས་འཛིན་དྲང་གཞགདམངས་ཡོངས་ཁྲིམས་སྲུང་བཅས་ཕྱོགས་བཞིའི་ཐད་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་།རྒྱལ་ཁབ་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་བཏང་བ་རེད།ང་ཚོས་“ཐུན་མོང་དུ་སྐུལ་འདེད་གཏོང་རྒྱུ་གསུམ་གྱི་”ཐད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།“གཅིག་མཐུན་གྱི་འཛུགས་སྐྲུན་གསུམ་”གྱི་ཐད་ལ་ནུས་ཤུགས་འདོན་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ཐུབ་མིན་གྱི་འགག་རྩ་ནི་ཏང་གིས་ཁྲིམས་ལྟར་སྲིད་སྐྱོང་ཐུབ་མིན་དང་།རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་ཐུབ་མིན་ལ་རག་ལས།ང་ཚོས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུའི་འགག་རྩ་འདི་དམ་དུ་བཟུང་ནས།རིམ་པ་སོ་སོའི་སྲིད་གཞུང་ལས་ཁུངས་དང་འགན་ནུས།དབང་ཚད།གོ་རིམ།ལས་འགན་ཁྲིམས་གཏན་ཅན་དུ་སྐུལ་འདེད་གཏོང་རྒྱུ་དང་།སྲིད་གཞུང་གི་དབང་ཆའི་རྩི་ཕྲ་དང་ལས་འགན་རྩི་ཕྲ།ཚོང་རར་ཞུགས་ཆོག་པའི་ལྡོག་ཕྱོགས་ཀྱི་རྩི་ཕྲ་བཅས་འཛུགས་ཤིང་།འགན་ནུས་ཚན་རིག་དང་འགན་དབང་ཁྲིམས་གཏན།ཁྲིམས་བསྟར་ནན་མོ།དྲང་གཞག་དྲང་སྙོམས།སྤྱོད་གཙང་ནུས་ལྡན།ཁྲིམས་སྲུང་དྲང་བདེན་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་སུ་འཛུགས་དགོས།ནུས་ཤུགས་ཆེན་པོས་ཚན་རིག་ཁྲིམས་འཛུགས་དང་ཁྲིམས་ལྟར་ནན་མོ།དྲང་གཞག་ཁྲིམས་འཛིན།དམངས་ཡོངས་ཁྲིམས་སྲུང་བཅས་ལ་སྐུལ་འདེད་གཏོང་དགོས།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐོག་མར་ཁྲིམས་ལ་བརྟེན་ས་ཡོད་དགོས།ཁྲིམས་འཛུགས་ཐོག་མར་བསྟར་རྒྱུ་རྒྱུན་འཁྱོངས་དང་།མུ་མཐུད་དུ་རྩ་ཁྲིམས་ལྟེ་བར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས།ཁྲིམས་ལུགས་ཀྱི་ཚེ་སྲོག་ནི་ལག་བསྟར་བྱ་རྒྱུ་ལ་ཐུག་ཡོད།སྲིད་འཛིན་ལས་ཁུངས་ནི་ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་ལེན་བསྟར་བའི་ལས་ཁུངས་གལ་ཆེན་ཡིན།སྣེ་ཁྲིད་ནས་ཁྲིམས་བསྟར་ནན་མོ་བྱེད་དགོས་པ་དང་།ཁྲིམས་ལྟར་ཁྱོན་ཡོངས་ནས་འགན་ནུས་ལག་བསྟར་བྱས་ནས་དབང་ཆ་གང་བྱུང་སྤྱོད་རྒྱུ་སྔོན་འགོག་བྱེད་དགོས།དྲང་གཞག་ནི་ཁྲིམས་སྐྱོང་གི་ཚེ་སྲོག་སྐུད་པ་ཡིན།གཟབ་རླིང་སྒོས་ཁྲིམས་འཛིན་དྲང་གཞག་བྱེད་དགོས་པ་དང་།ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་སྒེར་ཚུགས་ཀྱིས་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པ།ཁྲིམས་འཛིན་དོ་དམ་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ།བྱང་ཚད་མཐོ་ལ་སྤྱོད་སྲོལ་ལེགས་པའི་ཁྲིམས་སྐྱོང་ལས་བྱེད་རུ་ཁག་ཡག་པོ་ཞིག་འཛུགས་སྐྱོང་བྱས་ཏེ།ཧུར་བརྩོན་གྱི་སྒོ་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་དོན་རེ་རེའི་ཁྲོད་འདྲ་མཉམ་དང་དྲང་བདེན་ཚོར་དུ་འཇུག་དགོས་པ་དང་།འདྲ་མཉམ་དྲང་གཞག་གི་ཆེས་མཐའ་མའི་འགོག་སྲུང་ཞིག་བརྟན་པོ་འཛུགས་དགོས།མི་དམངས་མང་ཚོགས་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་སྟོབས་ཤུགས་ཡིན།
དམངས་ཡོངས་ཁྲིམས་སྲུང་ལ་དམ་འཛིན་དང་།སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ནན་མོ་བསྟར་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མཐོ་རུ་འདེགས་ཤིང་།ཁྲིམས་སྲུང་གཟི་བརྗིད་དང་ཁྲིམས་འགལ་ངོ་ཚའི་སྤྱི་ཚོགས་ཁོར་ཡུག་ཆགས་པར་བྱས་ཏེ།མི་དམངས་ཡོངས་རྫོགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་རྣམ་པར་དག་པའི་དད་མོས་མཁན་དང་རང་འགུལ་གྱི་བརྩི་སྲུང་མཁན།སྲ་བརྟན་གྱི་སྲུང་སྐྱོང་མཁན་དུ་འགྱུར་བར་བྱེད་དགོས།
བཞི། འགོ་ཁྲིད་ལས་བྱེད་པས་ཁྲིམས་བརྩི་དང་ཁྲིམས་སྦྱོང་།ཁྲིམས་སྲུང་།ཁྲིམས་སྤྱོད་ཀྱི་དཔེ་མཚོན་དུ་བྱས་ནས།འབད་འབུངས་ཀྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནས་བབ་གསར་པ་གསར་དུ་གཏོད་དགོས།
བཀོད་སྒྲིག་གཅིག་དེ་ལག་བསྟར་ཚད་དགུ་བྱེད་དགོས།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་གྱིས་ཁྱོན་ཡོངས་ནས་བསྒྱུར་བཅོས་ཇེ་ཟབ་སྤེལ་བར་གཞིགས་ནས།ཕྱོགས་དྲུག་གི་གལ་ཆེའི་ལས་འགན་གཏན་འཁེལ་བྱས་པ་དང་།གལ་ཆེའི་བྱེད་ཐབས་180ལྷག་བཏོན་ཞིང་།རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོར་ཁྱབ་ཡོད་པས།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཡུལ་དང་ནང་དོན་བླང་བྱ་གང་ལེགས་མཚོན་ཡོད།ང་ཚོས་ལས་དོན་ལག་བསྟར་དམ་འཛིན་དང་དངོས་ཡོད་དང་ཚགས་དམ་པོ་འབྲེལ་བ།བྱེ་བྲག་གི་གོ་ཆོད་པའི་བྱེད་སྟངས་དང་ཐབས་ཤེས་ལ་བརྟེན་ནས་ཁྲིམས་སྐྱོང་ཀྲུང་གོའི་གནས་ཁམས་གསར་པ་ཞིག་གསར་གཏོད་བྱེད་དགོས།
ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་དོན་འཁྱོལ་བྱེད་པར།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་ཡོད་དགོས་ལ།འགག་རྩ་ནི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་རྣམ་འགྱུར་དང་།ཆོད་སེམས།བྱ་སྤྱོད་བཅས་ལ་རག་ལས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་གལ་ཆེ་བའི་འགན་འཁྲི་བཞེས་ཡོད་པ་དང་།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་ངེས་པར་དུ་འགོ་ཁྲིད་ལས་བྱེད་ཞེས་པའི་འགག་གནད་གྲངས་ཉུང་འདི་དམ་འཛིན་བྱེད་དགོས།”ཁོང་གིས་འགོ་ཁྲིད་ལས་བྱེད་པར་བླང་བྱ་བཏོན་པ་སྟེ།ཁྲིམས་སྲུང་གི་དཔེ་མཚོན་བྱེད་ཅིང་།སྣེ་ཁྲིད་ནས་ཁྲིམས་སྐྱོང་ལ་བརྩི་བཀུར་བྱེད་པ་དང་ཁྲིམས་ལུགས་ལ་དད་བཀུར་བྱེད་དགོས།ཁྲིམས་སྦྱོང་བའི་དཔེ་མཚོན་བྱེད་ཅིང་།སྣེ་ཁྲིད་ནས་ཁྲིམས་ལུགས་ལ་རྒྱུས་ལོན་བྱེད་པ་དང་ཁྲིམས་ལུགས་ཁོང་དུ་ཆུད་པར་བྱེད་དགོས།ཁྲིམས་སྲུང་བའི་དཔེ་མཚོན་བྱེད་ཅིང་།སྣེ་ཁྲིད་ནས་སྒྲིག་བརྩི་ཁྲིམས་སྲུང་བྱེད་པ་དང་ཁྲིམས་སྐྱོང་ལ་སྲུང་སྐྱོང་བྱེད་དགོས།ཁྲིམས་སྤྱོད་པའི་དཔེ་མཚོན་བྱེད་ཅིང་།སྣེ་ཁྲིད་ནས་ཁྲིམས་སྐྱོང་ནན་བསྟར་དང་ཁྲིམས་ལྟར་ལས་ཀ་སྒྲུབ་དགོས་པ་བཅས་སོ།།ཁོང་གིས་ད་དུང་བླང་བྱ་བཏོན་པ་ནི།ངེས་པར་དུ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཕན་འབྲས་དེ་རིམ་པ་སོ་སོའི་འགོ་ཁྲིད་ཚན་སྡེབ་དང་འགོ་ཁྲིད་ལས་བྱེད་པའི་ལས་དོན་གྲུབ་འབྲས་ལ་དཔྱད་དཔོག་བྱེད་པའི་གལ་ཆེའི་ནང་དོན་དུ་འཇོག་དགོས་ལ།ཁྲིམས་ལུགས་ལ་བརྩི་སྲུང་དང་ཁྲིམས་ལྟར་ལས་དོན་སྤེལ་ཐུབ་མིན་ནི་ལས་བྱེད་པ་ལ་རྟོག་ཞིབ་བྱེད་པའི་གལ་ཆེའི་ཁུངས་ལུང་ཞིག་ཏུ་བཞག་པ་རེད།འགོ་ཁྲིད་ལས་བྱེད་པ་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བའི་རྐང་འཛིན་གྱི་སྟོབས་ཤུགས་ཡིན་ལ།ཏང་གིས་འགོ་ཁྲིད་ནས་ཁྲིམས་འཛུགས་པ་དང་།ཁྲིམས་བསྟར་འགན་ལེན་བྱེད་པ།ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱེད་པ།སྣེ་ཁྲིད་ནས་ཁྲིམས་སྲུང་བ་བཅས་ཡིན་ལ།གཙོ་བོ་ནི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་དང་ལས་དོན་ཐོག་ནས་མཚོན་པ་དང་མངོན་འགྱུར་བྱས་པ་རེད།འགོ་ཁྲིད་ལས་བྱེད་པས་རང་ཉིད་དཔེ་མཚོན་དུ་བྱེད་པ་དང་།རྩ་ཁྲིམས་དང་ཁྲིམས་ལུགས་ནི་བླ་ན་མཐོ་ཞིང་ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ།དབང་ཆ་ནི་ཁྲིམས་ཀྱིས་གཏན་འཁེལ་བྱེད་ཅིང་།དབང་ཆ་ནི་ཁྲིམས་ལ་བརྟེན་ནས་སྤྱོད་པ་ལ་སོགས་ཀྱི་རྩ་བའི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་ཤིང་།ཁྲིམས་བཀུར་དང་ཁྲིམས་སྦྱོང་།ཁྲིམས་སྲུང་།ཁྲིམས་སྤྱོད་བཅས་ཀྱི་དཔེ་མཚོན་བརྩོན་ལེན་བྱེད་པ་དང་།ཏན་ཏན་ཏིག་ཏིག་གིས་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་སྙིང་སྟོབས་དེ་ལས་དོན་གྱི་ལག་ལེན་ཐོག་མངོན་འགྱུར་བྱེད་པ་དང་།མུ་མཐུད་དུ་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་བེད་སྤྱོད་ནས་གནད་དོན་ཐག་གཅོད་གཏོང་བའི་ནུས་པ་མཐོ་རུ་འདེགས་བ་བཅས་བྱས་ན།གོང་གིས་འོག་ལ་སྣེ་ཁྲིད་ཐུབ་པ་དང་།སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་ནས་ཁྲིམས་སྐྱོང་གི་དད་པ་འཛུགས་ཐུབ་པ་དང་།ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གོང་བུར་གཅིག་ཏུ་འདྲིལ་ཐུབ།
བཅའ་ཁྲིམས་ཀྱིས་ནུས་པ་འདོན་སྤེལ་བྱེད་དགོས་ན།སྤྱི་ཚོགས་ཡོངས་ཀྱིས་བཅའ་ཁྲིམས་ལ་དད་པ་བྱེད་དགོས།བཅའ་ཁྲིམས་ལ་དད་པ་ཡོད་ན་ཁྲིམས་སྐྱོང་ལ་ད་གཟོད་སྟོབས་ཤུགས་ཡོད་ངེས་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“མི་རྣམས་ལ་ཁྲིམས་སྐྱོང་སྙིང་སྟོབས་མེད་པ་དང་སྤྱི་ཚོགས་ལ་ཁྲིམས་སྐྱོང་དར་སྲོལ་མེད་ན།ཁྲིམས་སྐྱོང་ནི་རྩ་བ་མེད་པའི་ཤིང་སྡོང་དང་རྩ་བ་མེད་པའི་མེ་ཏོགའབྱུང་ཁུངས་མེད་པའི་ཆུ་བོ་ལྟ་བུ་བཅས་ཡིན།”འདི་ལས་ང་ཚོར་བསྟན་པ་ནི།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས་ན།ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱེད་ཅིང་།བཅའ་ཁྲིམས་ཀྱི་རིག་གནས་ཁྱབ་སྤེལ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་དགོས།གལ་ཏེ་བཅའ་ཁྲིམས་ཀྱི་ལམ་ལུགས་ནི་ཁྲིམས་སྐྱོང་གི་ལུས་པོ་དང་རུས་པ་རེད་ཟེར་ན།ཁྲིམས་སྐྱོང་སྙིང་སྟོབས་ནི་ཁྲིམས་སྐྱོང་གི་བླ་སྲོག་དང་ཁྲག་རྒྱུད་རེད་ཟེར་ཆོགཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་ལ་ཁྲིམས་སྐྱོང་སྙིང་སྟོབས་ཀྱི་ཁྲོད་ནས་འདུ་ཤེས་གཅིག་འགོད་དང་མི་ཚུལ་གྱི་རྒྱབ་སྐྱོར་ཐོབ་ན་ད་གཟོད་རྒྱང་རིང་དུ་བསྐྱོད་ཐུབ།ཁྱད་པར་དུ་རང་རྒྱལ་གྱི་བཅའ་ཁྲིམས་ལམ་ལུགས་མ་ལག་ཧ་ལམ་ཆགས་ཟིན་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་ཏུ།བཅའ་ཁྲིམས་ལམ་ལུགས་དང་ཕན་ཚུན་འཕྲོད་པའི་ཁྲིམས་སྐྱོང་སྙིང་སྟོབས་གསོ་སྐྱོང་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་དང་མྱུར་མཁོར་གྱུར་ཡོད།ང་ཚོས་བཅའ་ཁྲིམས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་དགོས་ལ།བསམ་པའི་ཕྱོགས་ཀྱི་འཛུགས་སྐྱོང་ལ་ཡང་མཐོང་ཆེན་བྱེད་དགོས།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་སྲོལ་བཟང་པོས་རྒྱལ་ཁབ་སྐྱོང་རྒྱུ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་།ཁྲིམས་ལུགས་སློབ་གསོ་དང་ཁྲིམས་སྐྱོང་ལག་ལེན་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།ནུས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལྟ་བ་དར་སྤེལ་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས།དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་སྤེལ་གཏོང་རྒྱུ་དང་ཁྲིམས་ལུགས་བརྩི་སྲུང་བྱེད་རྒྱུ་དེ་ཁྲིམས་ལྟར་རྒྱལ་སྐྱོང་གི་ཡུན་རིང་པོའི་རྨང་གཞིའི་ལས་དོན་དུ་བཟུང་ནས་དམ་འཛིན་བྱེད་དགོས།ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་བརྒྱུད་ནས།ཁྲིམས་སྐྱོང་གི་སྙིང་སྟོབས་དེ་མིའི་སེམས་སུ་ཟུག་པར་བྱེད་དགོས།དུས་མཚུངས་སུ་དངོས་ཡོད་སྤྱོད་ཚུལ་གྱིས་བཅའ་ཁྲིམས་ཀྱི་དབང་གྲགས་འཛུགས་པ་དང་།མི་སེར་རྣམས་ལ་ཁྲིམས་ཀྱིས་ཕྱོགས་རིས་མི་བྱེད་པ་དང་ཁྲིམས་ཀྱིས་སྐུ་དྲག་ལ་ངོ་སོ་མི་གཏོང་བ་ཡིད་ཆེས་བྱེད་དུ་འཇུག་དགོས།ཚད་དང་མཐུན་ཞིང་ཁྲིམས་དང་མཐུན་པའི་གཏུག་བཤེར་ཡིན་ན།བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་ནས་ཚད་མཐུན་དང་ཁྲིམས་མཐུན་གྱི་མཇུག་འབྲས་ཐོབ་སྲིད།མི་དམངས་མང་ཚོགས་ལ་ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་ནང་ཞུགས་པའི་ཧུར་བརྩོན་གྱི་རང་བཞིན་དང་རང་འགུལ་གྱི་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ།ལས་ཀ་བསྒྲུབ་ན་ཁྲིམས་ལ་བརྟེན་པ་དང་།དོན་དང་འཕྲད་ན་ཁྲིམས་འཚོལ་བ།གནད་དོན་ཐག་གཅོད་གཏོང་ན་ཁྲིམས་སྤྱོད་པ།འགལ་ཟླ་མེད་པར་བཟོས་ན་ཁྲིམས་ལ་བརྟེན་དགོས་པའི་ཁོར་ཡུག་ལེགས་པོ་ཆགས་སུ་བཅུག་ནས།ཁྲིམས་བཀུར་དང་ཁྲིམས་དད།ཁྲིམས་སྲུང་།ཁྲིམས་སྤྱོད།ཁྲིམས་སྐྱོང་བཅས་མི་དམངས་ཡོངས་ཀྱི་ཐུན་མོང་གི་རེ་སྙེག་ཏུ་གྱུར་ཡོད།
འཆར་གཞི་ནི་བཀོད་ཚར་ཟིན།དམིགས་འབེན་གྱིས་འབོད་སྐུལ་བྱེད་བཞིན་ཡོད།ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་སྤྱིའི་འཆར་འགོད་དང་ལམ་ཕྱོགས་རི་མོ།ལས་ཀ་བསྒྲུབ་རྒྱུའི་རི་མོ་བཅས་གཏན་འབེབས་བྱས་པ་དང་།ཁྲིམས་ལྟར་རྒྱལ་སྐྱོང་གིས་“མགྱོགས་འགྲོས་”ཀྱི་མཐེབ་བཀྱལ་ལ་གནོན་ཟིན་པ་དང་།“མྱུར་བསྐྱོད་ཀྱི་ལམ་”ལ་ཞུགས་ཟིན་པས།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན།ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཚོགས་ཆེན་གྱི་གལ་ཆེའི་ཐབས་ཇུས་སྒྲིག་བཀོད་ཐོག་གཅིག་གྱུར་བྱེད་པ་དང་།ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་བསྟར་ནན་མོ་རྒྱུན་འཁྱོངས་བཅས་བྱས་ན།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཡུལ་མངོན་འགྱུར་བྱས་ཐུབ་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུའི་ཐོག་མུ་མཐུད་ནས་གྲུབ་འབྲས་གསར་པ་ཐོབ་ཐུབ།