སྲིད་ཇུས་ཁྲིམས་སྲོལ་ཤེས་བྱ་དང་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕན་སྲིད་ཇུས་འགའ་ཤས།

༡.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཞིང་གསུམ་དང་འབྲེལ་ནས་གསར་དུ་བཏོན་པའི〝བླང་བྱ་ལྔ།〞
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧྥུའུ་ཅན་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་རྒྱུར་ཞིང་སྡེ་བོར་བརླག་བྱེད་མི་རུང་བ་མ་ཟད།ཞིང་སྡེ་ཞེས་པ་འདི་དམ་པོར་འཛིན་པར་བླང་བྱ་ལྔ་བཏོན་པ་སྟེ།འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བ་དང་བསྟུན་ནས་ནུས་ཤུགས་གསར་བ་སྔོག་འདོན་བྱེད་པ་དང་གཅིགཞིང་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་ཐོག་ཏུ་ཐབས་ལམ་གསར་བ་འཚོལ་དགོས་པ་དང་གཉིས།ཞིང་ལས་འཕེལ་ཐབས་ཀྱི་རྣམ་པ་བསྒྱུར་བའི་སྟེང་དུ་གྲུབ་འབྲས་གསར་བ་བརྩོན་ལེན་བྱེད་པ་དང་གསུམ།ཞིང་བའི་ཡོང་འབབ་ཇེ་མང་དུ་གཏོང་ཞོར་གྲུབ་འབྲས་གསར་བ་ལེན་པ་དང་བཞི།ཞིང་སྡེ་གསར་འཛུགས་སྐྲུན་བྱེད་པའི་ཁར་གོམ་གང་མདུན་དུ་སྤོ་དགོས་པ་དང་ལྔ་བཅས་སོ།།བླང་བྱ་གསར་བ་ལྔ་ནི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་གོའི་ཁྱད་ལྡན་གྱི་སྔོན་ཐོན་ཞིང་ལས་འདོན་སྤེལ་བྱེད་པ།ཏང་གི་ཚོགས་ཆེན་བརྒྱད་པ་སོགས་ཚོགས་ཆེན་རབ་དང་རིམ་པའི་དགོངས་དོན་དང་འགལ་འཛོལ་ཅི་ཡང་མེད་པར་གཅིག་རྒྱུན་གཅིག་འཛིན་ཡིན་ལ།འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཞིང་གསུམ་དང་འབྲེལ་བའི་གསུང་ཕྲེང་ཁྲོད་ཀྱི་ནང་དོན་གསར་བ་ཞིག་ཡིན་པ་མ་ཟད།དུས་རབས་གསར་བའི་འོག་གི་ཞིང་གསུམ་ལས་དོན་གྱི་ལས་འགན་གལ་ཆེན་དང་དམིགས་འབེན་བླང་བྱའང་ཡིན།ང་ཚོས་ངེས་པར་དུ་ནན་ཏན་གྱིས་སློབ་སྦྱོང་དང་། གོ་བ་ཡང་དག་ལེན་པ། ཁྱོན་ཡོངས་ནས་ལག་ལེན་དུ་གདབ་དགོས།
༢. ཞིང་བའི་ཆེད་ལས་མཉམ་ལས་ཁང་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་རྣམ་གྲངས་གང་དག་ཡོད་དམ།
ལན།ཀྲུང་དབྱང་གིས་ཞིང་ལས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ལག་རྩལ་ཁྱབ་གདལ།ཞིང་ལས་ཐོན་རྫས་འཚོང་བ་སོགས་ཕྱོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཀྱིས་ཆེད་ལས་མཉམ་ལས་ཁང་ལ་དམིགས་བསལ་སྟེར་དགོས་ཞེས་ནན་གྱིས་བསྟན་ཡོད།མཉམ་ལས་ཁང་དེ་རྒྱལ་ཁབ་ཀྱི་ཞིང་ལས་རོགས་སྐྱོར་རྣམ་གྲངས་འཛུགས་སྐྲུན་གྱི་ལག་བསྟར་མཁན་གཙོ་བོར་བསྐོ་དགོས་ཤིང་།མཉམ་ལས་ཁང་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་པའི་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་ལས་གཞི་འགན་སྒྲུབ་བྱེད་པའི་ནུས་པ་ཡོད་ཚེ།མངགས་བཅོལ་དང་བཀོད་སྒྲིག་ལག་བསྟར་བྱས་ཆོགནོར་སྲིད་ཀྱི་རོགས་སྐྱོར་ཤུགས་ཚད་ཆེར་བསྐྱེད་པ་དང་།དངུལ་རྩའི་རོགས་སྐྱོར་སྲིད་ཇུས་འདོན་པ།ཁྲལ་སྡུད་ཀྱི་གཟིགས་སྐྱོང་སྲིད་ཇུས་བསྟར་དགོས། རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་པའི་ཞིང་ལས་གོང་སྤེལ་དང་ཞིང་སྡེའི་དཔལ་འབྱོར་གྱི་འཛུགས་སྐྲུན་རྣམ་གྲངས་གང་དག་ཡོད་ཅེ་ན།རྒྱལ་ཁབ་ཀྱིས་ཞིང་ལས་ཐོན་སྐྱེད་སྒྲིག་གཞི་ལེགས་བསྒྱུར་དང་།ཞིང་ལས་གོང་སྤེལ་བྱེད་ཐབས་བསྒྱུར་བཀོད་བྱེད་པ།ཞིང་ལས་ཀྱི་སྣ་འཛོམས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བའི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་དང་།འབྲུ་རིགས་ཐོན་སྐྱེད་བདེ་བླག་འཕེལ་རྒྱས་དང་།སྤུས་ལེགས་འབྲུ་རིགས་ཐོན་ལས་ལག་བསྟར་བྱེད་པའི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཞིང་ལས་ཐོན་སྐྱེད་ཀྱི་བཀོད་པ་ལེགས་བསྒྱུར་དང་།ཞིང་ལས་ཐོན་ལས་ཅན་དུ་བདག་གཉེར་བྱེད་པར་སྐུལ་འདེད་བྱེད་པ།ཞིང་ལས་ཐོན་རྫས་ལས་སྣོན་བྱས་ཏེ་རིན་འཕར་ལ་སྐུལ་སྤེལ་བྱེད་པ། ཐོན་ཚད་མཐོ་བ་དང་།སྤུས་ཀ་ལེགས་པ། ལས་ཆོད་ཆེ་བ། སྐྱེ་ཁམས་ཅན་གྱི་ཐོན་ལས་གོང་སྤེལ་དང་།བདེ་འཇགས་ཞིང་ལས་བཅས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཕྱུགས་ལས་ཤུགས་ཆེན་པོས་གོང་སྤེལ་གཏོང་བ་དང་། རང་བྱུང་རྩྭ་སར་སྲུང་བ། གཟན་རྩྭའི་རྟེན་གཞི་འཛུགས་པ་བཅས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཆུ་ཐོན་ཐོན་རྗས་ལས་རིགས་ཧུར་ཐག་གིས་གོང་དུ་སྤེལ་བ་དང་།ཉ་ཡི་ལས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་འོས་མཐུན་བཀོལ་སྤྱོད་བྱེད་པའི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཞིང་ཚིགས་ཀྱི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་དང་།ཐོན་ཚད་འབྲིང་དང་དམའ་བའི་ཞིང་ས་ལེགས་བསྒྱུར།ས་ཞིང་བཅོས་སྐྱོང་བཅས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཞིང་ལས་འཕྲུལ་འཁོར་ཅན་དུ་བསྒྱུར་བ་དང་།ཞིང་ལས་ཚད་ལྡན་ཅན་དུ་མགྱོགས་མྱུར་ངང་གཏོང་བ། ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞིང་ལས་ཐོན་རྫས་ཚོང་ར།ཞིང་ཐོན་སྤུས་ཀའི་བདེ་འཇགས།སྲོག་ཆགས་དང་རྩི་ཤིང་གི་གནོད་འབུ་བཅས་ཀྱི་ཚོད་འཛིན་དང་སྔོན་འགོག་མ་ལག་འཐུས་ཚང་དུ་གཏོང་བའི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས། ཧུར་ཐག་གིས་གྲོན་ཆུང་སྒོས་ཆུ་རྐ་འདྲེན་པ་དང་།ཚན་རིག་གི་སྒོ་ནས་ལུད་རྗས་དང་ཞིང་སྨན་བཀོལ་བ། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཐག་རིང་ནས་ཕན་ཚུན་གླེང་མོལ་བྱེད་ཐུབ་བའི་སློབ་གསོ་དང་རྒྱང་སྒྲོག་བརྙན་འཕྲིན〝སྡེ་བ་རེས་སྡུད་ལེན་བྱེད་ཐུབ་པ〞འི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་ལས་གཞི།ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་མང་གཏོང་དང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན།ཞིང་སྡེའི་འཕྲིན་གཏོང་གོང་སྤེལ་།མུ་མཐུད་དུ་ཞིང་སྡེའི་གློག་དྲ་ཁ་ཚང་འཐེན་པ་བཅས་ཀྱི་ཆེད་དུ་རོགས་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཞིང་སྡེའི་བཏུང་ཆུའི་གནད་དོན་དང་བདེ་འཇགས་གནད་དོན་སེལ་ཆེད་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཞིང་སྡེའི་སོལ་རླངས་ཤར་གཏོང་བྱེད་པ་དང་།ཞིང་སྡེའི་ཁྱད་ཆོས་དང་མཐུན་པའི་གཙང་སྦྲའི་ནུས་ཁུངས་གོང་དུ་སྤེལ་བ་བཅས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས།ཞིང་སའི་ཆུ་བེད་དང་རྨོ་འདེབས་སྤུས་ཀསྐྱེ་ཁམས་འཛུགས་སྐྲུན་བཅས་ཀྱི་ཆེད་དུ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་སོགས།
༣. རྨོ་བསྐྱུར་ནགས་འདེབས་ཀྱི་འདེབས་ཐེངས་གསར་བ།
མ་མཐའི་ཞིང་སའི་ནང་བཀོད་པའི་ཏུའུ་གྲངས་25ཡན་གྱི་རི་མའི་ཞིང་ས་དེ་ཞིང་ཆེན་མངའ་ཁོངས་ཀྱི་མ་མཐའི་ཞིང་ས་སྲུང་སྐྱོབ་ཀྱི་རྒྱ་ཁྱོན་ཇེ་ཉུང་དུ་མི་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོགཁྲིམས་ལྟར་མ་མཐའི་ཞིང་ས་མ་ཡིན་པའི་ནང་བཀོད་རྗེས། རྨོ་བསྐྱུར་ནགས་འདེབས་ཀྱི་འཆར་གཞིའི་ནང་འགོད་ཆོག བྱེ་གྱུར་རྨོ་ས་དང་ཆུ་མགོ་ཡོད་སའི་ཏུའུ་གྲངས་15ནས25བར་གྱི་རི་མ་ལ།འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་བཀོད་འདོམས་བྱས་རྗེས།ད་གཟོད་རྨོ་བསྐྱུར་ནགས་འདེབས་བྱེད་མིན་ཐག་གཅོད་བྱ་དགོས།ཀྲུང་དབྱང་གིས་རྨོ་བསྐྱུར་ནགས་འདེབས་སམ་རྩྭ་འདེབས་ཀྱི་རྒྱལ་ཁྱོན་ལ་གཞིགས་ནས་རོགས་སྐྱོར་མ་དངུལ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་སྤྲད་ཡོད། རོགས་སྐྱོར་མ་དངུལ་གྱི་སྟེར་བའི་ཚད་གཞི་ནི།རྨོ་བསྐྱུར་ནགས་འདེབས་བྱེད་པར་ས་མུའུ་རེར་སྒོར1500ཡི་རོགས་དངུལ་དང་། དེའི་ནང་ནོར་སྲིད་པུས་ཆེད་སྤྱོད་མ་དངུལ་བརྒྱུད་རོགས་དངུལ་1200དང་།རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སྡོང་འཛུགས་ནགས་སྐྲུན་ཐད་རོགས་དངུལ་སྒོར300བཀོད་སྒྲིག་བྱས་ཡོད།ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ནགས་འདེབས་རོགས་དངུལ་སྐོར་ཐེངས་གསུམ་དུ་བགོས་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་དུ་སྤྲོད་པ་དང་།ལོ་དང་པོར་ས་མུའུ་རེར་་སྒོར་800དང་། (དེའི་ནང་སྡོང་འཛུགས་ནགས་སྐྲུན་གྱི་སྒོར300འདུ།) ལོ་གསུམ་པར་སྒོར་300དང་།ལོ་ལྔ་བར་སྒོར400བཅས་ཡིན།ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ཀྲུང་དབྱང་གི་རོགས་དངུལ་ཚད་གཞི་ལས་མི་ཉུང་བའི་རྨང་གཞིའི་སྟེང་རང་འགུལ་གྱིས་རྨོ་བསྐྱུར་ཞིང་བར་བྱེ་བྲག་གི་རོགས་སྐྱོར་ཚད་གཞི་དང་སྐོར་བགོས་དངུལ་གྲངས་གཏན་ཁེལ་བྱས་ཏེ་རོགས་དངུལ་སྟེར་དགོས།ས་གནས་ཀྱིས་ཚད་གཞི་ཇེ་མཐོར་བཏང་སྟེ་ཀྲུང་དབྱང་གི་གཞི་ཁྱོན་ལས་བརྒལ་བར་རང་ས་གནས་ནོར་སྲིད་ཀྱིས་ཁག་འགན་ལེན་དགོས།ཞིབ་བཤེར་རྩིས་ལེན་དང་མཛུབ་སྟོན།སྲིད་ཇུས་ལག་ལེན་སོགས་བྱེད་སྐབས་ཀྱི་བྱ་བའི་འགྲོ་གྲོན་ཡོད་ཚད་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འགན་ལེན་དགོས།
༤. ཞིང་ཕྱུགས་ལས་ཀྱི་ཉེན་འགོག་སྟེགས་བུ།
ཞིང་ཆེན་ནོར་སྲིད་ཀྱིས་སྲིད་ཇུས་རང་བཞིན་གྱི་ཉེན་འགོག་རོགས་དངུལ་ལོ་གཉིས་ཀྱི་ནང་དུ་ཉེན་འགོག་གི་རིགས་15ནས་20ལ་ཇེ་མང་དུ་གཏོང་བར་བརྩོན་ལེན་བྱས་ཏེ།སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་ཉེན་འགོག་གི་ཁེབས་ཚད་ཆེར་བསྐྱེད་དགོས། མུ་མཐུད་དུ་འདེབས་འཛུགས་ལས་རིགས་དང་ནགས་ལས།སྒྲིག་ཆས་ཞིང་ལས་བཅས་ཀྱི་ཉེན་འགོག་འགན་ལེན་ཁྱབ་རྒྱ་ཆེ་རུ་བཏང་སྟེ།རྨ་ལྷོ་ཁུལ་སོག་རྫོང་གིས་སྤེལ་བཞིན་པའི་བོད་ལུགས་དང་ནོར་ནག་གི་ཉེན་འགོག་ལས་དོན་རིམ་བཞིན་ཞིང་ཆེན་ཡོངས་སུ་ཁྱབ་གདལ་དུ་གཏོང་དགོས།རོང་འབྲོག་ཁུལ་གྱི་འབོར་ཆུང་བསྐྱི་དངུལ་གྱི་ཉེན་འགོག་སོགས་ཉེན་འགོག་རིགས་ཞིབ་འཇུག་གསར་སྤེལ་བྱེད་དགོས་ཤིང་།“ཉེན་འགོག་།+ཡིད་རྟོན་བསྐྱི་དངུལ།”ཟུང་འབྲེལ་གྱི་མ་དངུལ་མཉམ་བསྲེས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་པ་དང་།ཞིང་འབྲེལ་ཉེན་འགོག་གཏའ་མར་འཇོག་པའི་ལས་དོན་སྤེལ་བ།དངུལ་ཁང་ལས་དོན་གྱི་མ་དངུལ་མཉམ་བསྲེས་སྡེ་ཁག་གིས་སྲིད་ཇུས་རིང་བཞིན་གྱི་ཞིང་ཕྱུགས་ལས་ཉེན་འགོག་ཏུ་ཞུགས་ཡོད་པའི་རོང་འབྲོག་དུད་ཁྱིམ་གྱི་དགོས་མཁོ་བསྐོང་བར་དམིགས་བསལ་སྟེར་དགོས།ཉེན་འགོག་སྐྱིན་ཚབ་མ་དངུལ་གྱིས་སྔོན་ལ་དངུལ་ཁང་གི་བསྐྱི་དངུལ་སྤྲོད་དགོས།མགྱོགས་མྱུར་ངང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་ཕྱུགས་ལས་ཉེན་འགོག་གི་ཉེན་པ་ཆེན་པོའི་འགྲེམ་སྤེལ་ལམ་ལུགས་སྒྲིག་འཛུགས་བྱས་ཏེ།གནོད་འཚེ་ཚབས་ཆེན་གྱི་ཉེན་འགོག་ལ་སྐུལ་འདེད་གཏོང་དགོས།
༥. བར་འདུག་དང་གཏའ་མ་འཇོག་པའི་བྱེད་ཐབས་གསར་སྐྲུན་བྱེད་པ།
ཧུར་ཐག་གིས་རོང་འབྲོག་ཁུལ་གྱི་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་དང་ནགས་ཚལ་གྱི་བདག་དབང་།ཞིང་བའི་སྡོད་ཁང་གི་རྒྱུ་ནོར་དབང་ཆ་བཅས་གཏའ་མར་བཞག་ནས་སྐྱི་དངུལ་བསྐྱི་ས་འཛུགས་དགོས།རོང་འབྲོག་ཁུལ་གྱི་ཐོན་དབང་ཐོ་འགོད་དང་། བདག་དབང་གཏན་ཁེལ། དཔྱོད་འཇོག བསྡུ་ཉར།འཁོར་རྒྱུགཐག་གཅོད་སོགས་ཀྱི་སྣ་འཛོམས་ཞབས་ཞུའི་སྟེགས་བུ་འཚོལ་སྒྲིག་བྱས་ཏེ།ཚོད་ལྟ་བྱེད་སའི་བྱ་བ་གཅིག་གྱུར་སྐུལ་འདེད་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་ཞིང་ལས་འཕྲུལ་ཆས་དང་སྐྱེལ་འདྲེན་ཡོ་ཆས།སྒོ་ཟོག་སོགས་གཏན་འཇགས་རྒྱུ་ནོར་ཡིན་པ་དང་མ་ཡིན་པ་སོགས་ཚད་གཞི་བྱས་ཏེ་གཏའ་མར་འཇོག་པའི་རྣམ་པ་གསར་བ་ཞིག་འཚོལ་ཞིབ་བྱེད་པ་དང་།ཞིང་ཕྱུགས་ཐོན་སྐྱེད་རྟེན་གཞི་དང་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། སྒྲིག་ཆས་ཞིང་ལས་ཀྱི་ནུས་ཡོད་གཏའ་མར་འཇོག་པ་སོགས་ཀྱི་ཐོན་ཁུངས་ཁ་སྣོན་བྱ་དགོས།
“
12316
”
ཞིང་གསུམ་ཞབས་ཞུའི་འབྲེལ་ཨང་གྱི་འགན་ནུས་གཙོ་བོ་ནི།ཏང་དང་རྒྱལ་ཁབ་ཀྱི་ཞིང་གསུམ་ཕྱོགས་ཀྱི་བྱེད་ཕྱོགས་དྲིལ་སྒྲོག་དང་།ཞིང་ཕྱུགས་ལས་ཐོན་སྐྱེད་བྱ་བར་མཛུབ་སྟོན། ཚོང་རའི་ཆ་འཕྲིན་བརྗེ་རེས་བྱེད་པ།འདྲི་གཅོད་ཞབས་ཞུ་འདོན་སྤྲོད་བྱེད་པ། ཞིང་ཕྱུགས་ཐོན་རྫས་མཁོ་འདོན་བྱེད་པ་བཅས་སོ།
“
12316
”
ཞིང་གསུམ་ཞབས་ཞུའི་འབྲེལ་ཨང་གི་བྱ་བའི་དུས་ཚོད་བཀོད་སྒྲིག ཁྲིམས་ལྟར་ཐག་བཅད་བྱས་པའི་གནང་བ་མ་གཏོགས་པར།ཉེན་རེའི་སྔ་དྲོའི་ཆུ་ཚོད8:30ནས་ཕྱི་དྲོའི18:00བར་ཡིན་ཞིང་། ཉིན་གུང་ཡང་ངལ་མི་གསོ།
《མཚོ་སྔོན12316》དྲ་ཚིགས།http:qhagri.gov.cn/Sites/qh12316/
《མཚོ་སྔོན12316》ཐིན་ཞོན་པོད་འཕྲིན།http://t.qq.com/qinghai12316
《མཚོ་སྔོན་ཞིང་ལས12316》སྐད་འཕྲིན་སྟེགས་བུ།
སྐད་འཕྲིན་ཨང་གྲངས།qinghai12316
འབྲེལ་གནས།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་འགྲིམ་འགྲུལ་སྲང་ལམ་གྱི་སྒོ་རྟགས་ཨང་4བ།
12316ཞིང་གསུམ་ཞབས་ཞུའི་འབྲེལ་ཨང་གཞུང་ལས་ཁང་།
སྦྲགས་ཨང་།810000 ཁ་པར། 0971-6131395