གཅིག ཀྲུང་དབྱང་དང་ཞིང་ཆེན་ཡིག་ཆ་ཨང་དང་པོའི་དགོངས་དོན་སློབ་སྦྱོང་བྱེད་དུས་ངེས་བྱའི་ནང་དོན་གཙོ་བོ་གང་དག་ཡིན་ནམ།
ལན། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་སྐབས་བཅུ་གཉིས་པའི་ཚང་འཛོམ་གྲོས་ཚོགས་ཐེངས་དྲུག་པ་ཡོངས་ཀྱིས་དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པར་འདུ་ཤེས་གསར་བ་དང་ཆོད་གཏམ་གསར་བ། བྱེད་ཐབས་གསར་བ་རབ་དང་རིམ་པ་བཏོན་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དེ་ནི་ང་ཚོས“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་གཞི་རྩའི་བརྩི་སྲུང་ཡིན་ལ། དུས་རབས་གསར་བའི་ནང་དུ“ཞིང་གསུམ”བྱ་བར་སྐུལ་འདེད་བྱེད་པའི་འགུལ་སྐྱོད་རྩ་གནད་ཡིན། རང་ཞིང་གི“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་ན། ཐོག་མར་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་། ཡང་དག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱིའི་བླང་བྱ་ནང་བྱན་ཆུད་དགོས་པ་མ་ཟད། ད་དུང་སྤྱིའི་བླང་བྱ་དེ“ཞིང་གསུམ”བྱ་བའི་ཕྱོགས་སོ་སོར་མཐུད་དགོས་ལ། བསྟུད་མར་རང་ཞིང་གི“ཞིང་གསུམ”བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས། གཅིག་ནི་ཡང་དག་གིས་ཀྲུང་དབྱང་གི“ཞིང་གསུམ”བྱ་བའི་འཐབ་ཇུས་བསམ་བློ་དམ་འཛིན་དང་དངོས་འབེབ་བྱས་པ། དེ་ནི་ཞིང་ལས་སྤྱི་ཚད་མི་འདང་བ་དེ་གྲུབ་ཚུལ་རང་བཞིན་གྱི་འགལ་ཟླའི་དུས་རིམ་རང་བཞིན་གྱི་འགྱུར་ལྡོག་དང་མཐུན་པར་བསྒྱུར་དགོས་ལ། ལམ་ལུགས་རྐྱེན་སྲོལ་གསར་སྐྲུན་དང་ཚན་རྩལ་ཡར་ཐོན་སྐུལ་འདེད་བྱ་དགོས། ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག། བདག་གཉེར་མ་ལག་བཅས་ལེགས་སྒྱུར་བཏང་སྟེ། མགྱོགས་མྱུར་གྱིས་ཞིང་ལས་དེ་སྤུས་ཕན་མཐོར་འདེགས་དང་རྒྱུན་མཐུན་ངང་འཕེལ་རྒྱས་སུ་འགྲོ་བར་བསྒྱུར་ཏེ། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དར་སྤེལ་དུ་གཏོང་བ་དང་། ཞིང་ལས་ཕྱོགས་བསྡུས་ཀྱི་ཕན་འབྲས་དང་འགྲན་ཤུགས་ཇེ་མཐོར་གཏོང་བ་ནི། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རང་རྒྱལ་གྱི་ཞིང་ལས་སྲིད་ཇུས་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་ཁ་ཕྱོགས་གཙོ་བོ་ཡིན། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དར་སྤེལ་དང་འཕེལ་རྒྱས་བྱེད་ནུས་གསར་བ་གསོ་སྐྱོང་བྱ་དགོས། ཞིང་ལས་གྲུབ་ཚུལ་སྒྲིག་གཞི་མགྱོགས་པོར་བཏང་སྟེ། འཕེལ་རྒྱས་རྣམ་པ་སྣ་ཚོགས་ཀྱི་རྒྱ་ཁྱོན་བདག་གཉེར་འོས་འཚམ་གྱིས་གོང་སྤེལ་དང་། གཏིང་ཟབ་ཀྱིས་ཞིང་སྡེའི“ཟུང་སྐྲུན”དར་སྤེལ་བྱ་དགོས་ལ། དབྱིབས་གསར་མཁར་གྲོང་ཅན་དང་ཞིང་ལས་དེང་རབས་ཅན་གྱི་གཉིས་ཕན་མཉམ་འཕེལ་ལ་སྐུལ་འདེད་གནང་སྟེ། ཞིང་ལས་ཕྱོགས་བསྡུས་ཀྱི་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་ཇེ་མཐོར་བཏང་ནས། ཞིང་སྡེའི་འཕེལ་རྒྱས་བར་གསེང་དང་ཞིང་པའི་ལས་ཞུགས་ཀྱི་ཡོང་སྤར་ཐབས་ལམ་རྒྱ་བསྐྱེད་པའི་འཐབ་ཇུས་བླང་བྱའོ། གཉིས་ནི་ཡང་དག་གིས་ཀྲུང་དབྱང་གི་ད་ལོའི“ཞིང་གསུམ”བྱ་བའི་སྤྱིའི་བླང་བྱ་དམ་འཛིན་དང་དངོས་འབེབ་བྱ་དགོས། གསུམ་ནི་ཡང་དག་གིས་ཞིང་ཆེན་ཏང་ཨུས་མཚོ་སྔོན་བཅོས་སྐྱོང་དང་སྲིད་སྐྱོང་གི་ཐབས་ཇུས་གསར་བ་དང་རང་ཞིང་གི་ད་ལོའི“ཞིང་གསུམ”བྱ་བའི་ལས་འགན་དམིགས་འབེན་གཙོ་བོ་དམ་འཛིན་དང་དངོས་འབེབ་བྱ་དགོས། བཞི་ནི་ཡང་དག་གིས་ད་ལོའི་ཀྲུང་དབྱང་དང་ཞིང་ཆེན་ཡིག་ཆ་ཨང་དང་པོའི་དགོངས་དོན་དམ་འཛིན་དང་དངོས་འབེབ་བྱ་དགོས། ཀྲུང་དབྱང་དང་ཞིང་ཆེན་ཡིག་ཆ་ཨང་དང་པོས་མི་རིགས་སོ་སོའི་ལྟོ་འགྲངས་ལུས་དྲོད་ཀྱི་ལས་འགན“དང་པོ”ཁག་ཏུ་བླངས་ཡོད་ལ། ཏང་དང་སྲིད་གཞུང་དེ་མིན་སྤྱི་ཚོགས་ལས་རིགས་ཁག་སོ་སོས“ཞིང་གསུམ”ལ་བཅངས་པའི་བརྩེ་བ“ཐོག་མ”འདུ་ཡོད་པ་དང་། རོང་འབྲོག་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན“ཐོག་མ”བཅོལ་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དགོངས་དོན་གྱི་མཐིལ་རྟོགས་དགོས་པ་དང་། དོན་དངོས་དང་ཟུང་དུ་འབྲེལ་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཡིག་ཆས་བཀོད་སྒྲིག་མཛད་པའི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་དགོས།
གཉིས། 2017ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་གཞི་སྒྲོམ་གྲུབ་ཚུལ་དང་ནང་དོན་ནི་ཅི།
ལན། ཀྲུང་དབྱང་ཡིག་ཆ་ཨང་དང་པོར་གླེང་གཞི་དང་མཇུག་བསྡུའི་གཏམ་གྱི་ཕན་ཆད་ལས་ཡིག་འབྲུ10000ཡོད་ལ། སྡོམ་པའི་ཁག6དང་དོན་ཚན33ཡོད། ནང་དོན་གཙོ་བོ་ནི། ཐོན་རྫས་དང་ཐོན་ལས་སྒྲིག་གཞི་ཇེ་ལེགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིང་ལས་ཀྱི་སྤུས་འདེགས་ཕན་སྣོན་ལ་སྐུལ་འདེད་བྱེད་པ་དང་གཅིག། ལྗང་མདོག་གི་ཐོན་སྐྱེད་བྱེད་ཐབས་དར་སྤེལ་བྱས་ཏེ། ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་ཤུགས་མཐོར་འདེགས་བྱེད་པ་དང་གཉིས། ཐོན་ལས་གསར་བའི་རྒྱུན་རྣམ་གསར་བ་ཆེ་རུ་བཏང་སྟེ། ཞིང་ལས་ཐོན་ལས་ཀྱི་སྦྲེལ་ཐག་དང་རིན་ཐང་གི་སྦྲེལ་ཐག་རྒྱ་བསྐྱེད་པ་དང་གསུམ། ཚན་རྩལ་གསར་སྐྲུན་གྱི་སྒུལ་ཤུགས་ཇེ་ཆེར་བཏང་སྟེ། དེང་རབས་ཞིང་ལས་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་པ་དང་བཞི། ཞིང་སྡེའི་ཞིང་ལས་ལ་མི་འདང་སར་ཁ་གསབ་བྱས་ཏེ། སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་འདིང་བ་དང་ལྔ།ཞིང་སྡེ་བཅོས་སྒྱུར་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས། ཞིང་ལས་དང་ཞིང་སྡེའི་ནང་ཐོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་སློང་བ་དང་དྲུག་བཅས་སོ།།
གསུམ། ཅི་ཞིག་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཟེར།
ལན། “ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ནི་དང་ཐོག་ཀྲུང་གུང་ཀྲུང་དབྱང་གིས་ལོ་རེར་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་དང་པོར་ཟེར་ཞིང་། ཡིག་ཆ་དེར་རྒྱལ་ཁབ་ཀྱི་ལོ་ཧྲིལ་པོའི་བྱ་བའི་ཁྲོད་ཀྱི་རྩ་གནད་རང་བཞིན་དང་སློབ་སྟོན་རང་བཞིན་གྱི་གོ་དོན་ལྡན། ཀྲུང་གུང་ཀྲུང་དབྱང་གིས1982ལོ་ནས1986ལོའི་བར་བསྟུད་མར་ལོ་ལྔར་ཞིང་ལས་དང་ཞིང་སྡེ། ཞིང་པ་བརྗོད་བྱ་ཡིན་པའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་ནས། ཞིང་ལས་བཅོས་སྒྱུར་དང་ཞིང་ལས་འཕེལ་རྒྱས་ལ་བྱེ་བྲག་གི་བཀོད་སྒྲིག་མཛད། 2004ལོ་ནས2016ལོའི་བར་བསྟུད་མར་ལོ་གསུམ་ལ“ཞིང་གསུམ”བརྗོད་བྱ་ཡིན་པའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་ཤིང་། “ཞིང་གསུམ”གནད་དོན་དེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐབས་སུ“གལ་ཆེན་ནང་གི་ཡང་ཆེན”ཡིན་པའི་གོ་གནས་ནན་བཤད་བྱས། ད་ལྟ་ཀྲུང་གུང་ཀྲུང་དབྱང་གིས་ཞིང་སྡེའི་གནད་དོན་ལ་མཐོང་ཆེན་བྱེད་པའི་ཆེད་དོན་ཐ་སྙད་དུ་གྱུར་ཡོད།
བཞི། ཅི་ཞིག་ལ་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ཟེར།
ལན། “ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ”ནི་དང་ཐོག་ཞིང་ཆེན་ཏང་ཨུས་ལོ་རེར་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་དང་པོར་ཟེར་ཞིང་། ཡིག་ཆ་དེར་ཞིང་ཆེན་གྱི་ལོ་ཧྲིལ་པོའི་བྱ་བའི་ཁྲོད་ཀྱི་རྩ་གནད་རང་བཞིན་དང་སློབ་སྟོན་རང་བཞིན་གྱི་གོ་དོན་ལྡན།ཞིང་ཆེན་ཏང་ཨུས1982ལོ་ནས1986ལོའི་བར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དངོས་འབེབ་བྱས་པ་དང་། བསྟུད་མར་ལོ་ལྔར་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ། རོང་འབྲོག་དམངས་བརྗོད་བྱ་ཡིན་པའི་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་ནས། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་དང་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་བྱེ་བྲག་གི་བཀོད་སྒྲིག་མཛད། 2004ལོ་ནས2016ལོའི་བར་བསྟུད་མར་ལོ་གསུམ་ལ“ཞིང་གསུམ”བརྗོད་བྱ་ཡིན་པའི་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་ཤིང་། “ཞིང་གསུམ”གནད་དོན་དེ་མཚོ་སྔོན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐབས་སུ“གལ་ཆེན་ནང་གི་ཡང་ཆེན”ཡིན་པའི་གོ་གནས་ནན་བཤད་བྱས། ད་ལྟ་ཞིང་ཆེན་ཏང་ཨུས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་གནད་དོན་ལ་མཐོང་ཆེན་བྱེད་པའི་ཆེད་དོན་ཐ་སྙད་དུ་གྱུར་ཡོད།
ལྔ། ད་ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ནི་དེ་སྔའི་ལོ་བཅུ་གསུམ་གྱི་ཡིག་ཆ་ཨང་དང་པོ་དང་འབྲེལ་བ་ཡོད་དམ།
ལན། ད་ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོ་ནི་ཉེ་བའི་ལོ་བཅུ་གསུམ་རིང་གི་ཡིག་ཆ་ཨང་དང་པོ་དང་གཅིག་ཤུལ་གཅིག་འཛིན་ལྟ་བུའི་འབྲེལ་བ་ངེས་ཅན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གསར་སྐྲུན་འབུར་དུ་བཏོད་ཡོད་པས། ཞིང་ལས་དང་ཞིང་སྡེ་གོང་སྤེལ་གྱི་འགུལ་ནུས་གསར་བ་གསོ་སྐྱོང་བྱེད་པའི་སྒྲིག་སྲོལ་ཁོར་ཡུག་དང་སྲིད་ཇུས་མ་ལག། ལམ་ལུགས་བཀོད་སྒྲིག་སྟེང་ཐོད་བརྒལ་གསར་བ་བྱུང་ཡོད། སྔར་ལས་ལྷག་པའི་སྒོ་ནས་གྲུབ་ཚུལ་ལེགས་སྒྲིག་འབུར་དུ་བཏོད་པས། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་གོང་དུ་སྤེལ་བའི་འདེགས་ནུས་སྟེང་བཀོད་སྒྲིག་གསར་བ་བྱུང་ཡོད། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་འབུར་དུ་བཏོད་པས། འདུས་ཚད་ཆེར་གཏོང་དང་དམིགས་སའི་རང་བཞིན་ཇེ་མཐོར་གཏོང་བའི་ཐོག་བྱེད་ཐབས་གསར་བ་བྱུང་ཡོད།
དྲུག བཅོས་སྒྱུར་སྒོ་འབྱེད་ནས་བཟུང་ད་ལྟའི་བར་དུ་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་བརྗོད་བྱ་གཙོ་བོ་ནི་ཅི་ཡིན་ནམ།
ལན། དུས་རིམ་ཐོག་མ། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་རིམ་ཐོག་མའི“ཡིག་ཆ་ཨང་དང་པོ་ལྔ” 1982ལོའི་ཟླ1པོའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཐོག་དང་པོར“ཞིང་གསུམ”གནད་དོན་ཐད་ཀྱི་ཡིག་ཆ་ཨང་དང་པོ《རྒྱལ་ཡོངས་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས》ཁྱབ་བསྒྲགས་བྱས་ཤིང་། མགྱོགས་མྱུར་གྱིས་སྤེལ་བའི་ཞིང་སྡེའི་བཅོས་སྒྱུར་ལ་སྤྱི་སྡོམ་བྱས། ཡིག་ཆ་ལས་ཐོན་ཚད་དུད་ཚང་ལ་འགན་ལེན་དུ་འཇུག་པ་དང་དུད་ཚང་གིས་གཙང་ལེན་གཙང་སྒྲུབ་བམ་ཡང་ན་འགན་གཙང་ཡུག་ལེན“ཚང་མ་སྤྱི་ཚོགས་རིང་ལུགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས”ཡིན་པ་གསལ་བོར་བསྟན་པའི་དུས་མཚུངས་སུ་ད་དུང་དེ“མཉམ་ལས་ཅན་དུ་མ་བསྒྱུར་བའི་སྔོན་གྱི་འབྱོར་ཆུང་སྒེར་དབང་གི་ཁེར་གཉེར་དཔལ་འབྱོར་དང་མི་འདྲ་བར། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ལས་དཔལ་འབྱོར་གྱི་གྲུབ་ཆ་ཡིན་པ”གསལ་བཤད་བྱས།
1983ལོའི་ཟླ1པོའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་ཨང་དང་པོ《དེང་སྐབས་ཞིང་སྡེའི་དཔལ་འབྱོར་སྲིད་ཇུས་ཀྱི་གནད་དོན་ཁ་ཤས》དངོས་སུ་ཁྱབ་བསྒྲགས་བྱས། གཞུང་ལུགས་ཀྱི་སྟེང་ནས་བཤད་ན་ཁྱིམ་ཚང་གིས་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས“ནི་ཏང་གིས་མགོ་ཁྲིད་འོག་ཀྲུང་གོའི་ཞིང་ལས་ཀྱི་རླབས་ཆེན་གསར་སྐྲུན་ཡིན་པ་དང་། མར་ལེ་རིང་ལུགས་ཀྱི་ཞིང་ལས་མཉམ་ལས་ཅན་གྱི་གཞུང་ལུགས་ནི་རང་རྒྱལ་གྱི་ལག་ལེན་ཁྲོད་དུ་འཕེལ་རྒྱས་གསར་བ་བྱུང་བ”ཡིན་པ་གསལ་བཤད་བྱས།
1984ལོའི་ཟླ1པོའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་གིས《གཅིག་དགུ་གྱ་བཞི་ལོའི་ཞིང་སྡེ་བྱ་བའི་སྐོར་གྱི་བརྡ་སྦྱོར》ཏེ“ཡིག་ཨང་གསུམ་པ”ཁྱབ་བསྒྲགས་བྱས། ཡིག་ཆ་ལས་བསྟུད་མར་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས་བརྟན་འཇགས་དང་འཐུས་ཚང་དུ་གཏོང་དགོས་པ་ནན་བཤད་བྱས་ཡོད་ལ། ས་ཞིང་འགན་གཙང་ལེན་བྱེད་པའི་དུས་ཡུན་སྤྱིར་བཏང་ལོ15ཡན་གཏན་ཁེལ་བྱེད་འོས་ཤིང་། ཐོན་སྐྱེད་དུས་འཁོར་རིང་བ་དང་གསར་འབྱེད་རང་བཞིན་གྱི་ལས་གཞིའི་འགན་གཙང་ལེན་དུས་ཡུན་ངེས་པར་དུ་སྔར་ལས་ཅུང་ཙམ་རིང་དགོས་པ་གསལ་བཤད་བྱས་འདུག
1985ལོའི་ཟླ1པོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་དཔལ་འབྱོར་དར་འཕེལ་ཡོང་བ་བྱེད་པའི་སྐོར་གྱི་སྲིད་ཇུས་དོན་ཚན་བཅུ》སྟེ“ཡིག་ཨང”བཞི་པ་ཁྱབ་བསྒྲགས་བྱས་ཤིང་། ལོ་ངོ་སུམ་ཅུའི་རིང་ལ་ཞིང་ཞོར་ཐོན་རྫས་སྡེབ་ཉོ་དང་མངག་ཉོ་བྱེད་པའི་ལམ་ལུགས་མེད་པར་བཏང་། འབྲུ་རིགས་དང་སྲིང་བལ་སོགས་ཞིང་ཕྱུགས་ཐོན་རྫས་གལ་ཆེན་ཉུང་ཤས་ལ་རྒྱལ་ཁབ་ཀྱིས་འཆར་གཞིའི་གན་རྒྱ་མངག་ཉོ་བྱེད་པའི་སྲིད་ཇུས་གསར་བ་ལག་ལེན་བྱས།
1986ལོའི་ཟླ1པོའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《1996ལོའི་ཞིང་སྡེའི་བྱ་བའི་སྐོར་གྱི་བཀོད་སྒྲིག》སྟེ“ཡིག་ཨང་”ལྔ་པ་འོག་རིམ་ལ་བཀྲམས་ཤིང་། ཡིག་ཆ་ལས་ཞིང་སྡེའི་བཅོས་སྒྱུར་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཡང་དག་ཡིན་པ་ཐག་གཅོད་བྱས་པ་དང་། ངེས་པར་དུ་མུ་མཐུད་དུ་ལག་ལེན་དངོས་འབེབ་བྱ་དགོས།
དུས་རིམ་གཉིས་པ། དུས་རབས་གསར་བ་ནས་བཟུང་བསྟུད་མར་འོག་རིམ་ལ་བཀྲམས་པའི་ཀྲུང་དབྱང་གི་ཡིག་ཨང་བཅུ་བཞི་པ།
2004ལོའི་ཟླ1པོར། རྒྱལ་ཡོངས་ཞིང་པ་མི་རེར་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་མ་གོང་འཕེལ་སོང་བ་བསྟུད་མར་དལ་མོ་ཡིན་པའི་གནས་ཚུལ་ལ་དམིགས་ཏེ། ཀྲུང་དབྱང་གིས《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་པའི་ཡོང་སྒོའི་ཁ་སྣོན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་སྲིད་ཇུས་བསམ་འཆར་ཁ་ཤས》འོག་རིམ་ལ་བསྒྲགས་ཏེ། དུས་རབས་གསར་བ་ནས་བཟུང་ཀྲུང་དབྱང་གི“ཡིག་ཆ་ཨང་དང་པོའི”ཐོག་མར་གྱུར།
2005ལོའི་ཟླ1པོའི་ཚེས30ཉིན།《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་བྱ་བར་ཤུགས་སྣོན་བྱེད་པ་དང་ཞིང་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་བའི་སྐོར་གྱི་སྲིད་ཇུས་བསམ་འཆར་ཁ་ཤས》འོག་རིམ་ལ་བཀྲམས་སྟེ། “མང་སྟེར་ཉུང་ལེན་དང་དར་འཕེལ་ཡོང་བ”བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཞིང་ལས་རོགས་སྐྱོར་གྱི་སྲིད་ཇུས་སྣ་ཚོགས་བརྟན་འཇགས་དང་འཐུས་ཚང་། སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན། ཞིང་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་ཞིང་ལས་ཚན་རྩལ་ཡར་ཐོན་མགྱོགས་མྱུར་གཏོང་བ། ཞིང་ལས་ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་དགོས་པ་སོགས་བཏོན་པ་དེ་ཁ་ཚ་དགོས་གཏུག་གི་འཐབ་ཇུས་ལས་འགན་དུ་བཞག་སྟེ། དངོས་གནས་དམ་འཛིན་ལེགས་འཛིན་བྱ་དགོས།
2006ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》འོག་རིམ་ལ་ཁྱབ་བསྒྲགས་བྱས། ཀྲུང་གུང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་ལྔ་པས་བཏོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ལས་འགན་གལ་ཆེན་གྱིས་གོམ་སྟབས་དྲག་པོ་སྤོས།
2007ལོའི་ཟླ1པོའི་ཚེས29ཉིན།《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུར་བརྩོན་གྱིས་དེང་རབས་ཞིང་ལས་གོང་འཕེལ་དུ་གཏོང་བ་དང་ཏན་ཏིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་འཆར་ཁ་ཤས》འོག་རིམ་ལ་ཁྱབ་བསྒྲགས་བྱས་ཤིང་། ཡིག་ཆ་ལས་དེང་རབས་ཞིང་ལས་གོང་འཕེལ་དུ་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ཡིན་ལ། དེང་རབས་དངོས་པོའི་ཆ་རྐྱེན་བཀོལ་ནས་ཞིང་ལས་ལ་གོ་མཚོན་སྤྲས་པ་དང་། དེང་རབས་ཚན་རིག་ལག་རྩལ་བཀོལ་ནས་ཞིང་ལས་སྒྱུར་སྐྲུན་དང་། དེང་རབས་ཐོན་ལས་མ་ལག་བཀོལ་ནས་ཞིང་ལས་མཐོར་འདེགས་སུ་གཏོང་བ་དང་། དེང་རབས་བདག་གཉེར་རྣམ་པ་བཀོལ་ནས་ཞིང་ལས་སྐུལ་འདེད་དང་།དེང་རབས་འཕེལ་རྒྱས་ཀྱི་འདུ་ཤེས་བཀོལ་ནས་ཞིང་ལས་ལ་སྣེ་ཁྲིད་དང་། དབྱིབས་གསར་གྱི་ཞིང་པ་གསོ་སྐྱོང་བྱེད་པའི་ཐབས་བཀོལ་ཏེ་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་།ཞིང་ལས་ཆུ་བེད་ཅན་དང་འཕྲུལ་ཆས་ཅན། ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། ས་ཞིང་གིས་ཐོན་ཚད་དང་ཐོན་ཁུངས་བེད་སྤྱོད་ཚད་དང་ཞིང་ལས་ངལ་རྩོལ་གྱི་ཐོན་སྐྱེད་ཚད་ཇེ་མཐོར་གཏོང་བ་དང་། ཞིང་ལས་ཀྱི་བྱང་ཚད་དང་ཕན་འབྲས། འགྲན་ཤུགས་སོགས་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།
2008ལོའི་ཟླ1པའི་ཚེས30ཉིན། 《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་ནས་ཞིང་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་སྤར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》འོག་རིམ་ལ་བསྒྲགས་ཤིང་། 《བསམ་འཆར》བསྡོམས་པས་ཁག་བརྒྱད་དུ་བགོས་ཡོད་པ་སྟེ། ཞིང་ལས་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་མགྱོགས་མྱུར་གྱིས་འཛུགས་པ་། དངོས་ནས་ཞིང་ཕྱུགས་ཐོན་རྫས་གཙོ་བོའི་གཞི་རྩའི་མཁོ་སྤྲོད་འགན་སྲུང་བྱེད་པ། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འབུར་དུ་བཏོད་ནས་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་ཞིང་ལས་ཚན་རྩལ་དང་ཞབས་ཕྱིའི་མ་ལག་གི་གཞི་རྩའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། རིམ་གྱིས་ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་བ། བརྟན་འཇགས་ཀྱིས་ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་འཐུས་ཚང་དང་ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཏན་ཏིག་གིས་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དར་སྤེལ་དུ་གཏོང་བ། ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་པར་ཤུགས་སྣོན་དང་ལེགས་བཅོས་བཅས་སོ།
2009ལོའི་ཟླ2པའི་ཚེས1ཉིན། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2009ལོའི་ཞིང་ལས་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་དང་ཞིང་པའི་ཡོང་སྒོ་བསྟུད་མར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》མར་བཀྲམས། བསམ་འཆར་ལ་ཁག་ལྔ་རུ་བགོས་ཡོད་དེ། ཞིང་ལས་ཀྱི་རྒྱབ་སྐྱོར་སྲུང་སྐྱོང་ཤུགས་ཚད་ཇེ་མཐོར་གཏོང་བ། བརྟན་འཇགས་སྒོས་ཞིང་ལས་ཐོན་སྐྱེད་གོང་འཕེལ་དུ་གཏོང་བ། དེང་རབས་ཞིང་ལས་དངོས་པོས་འདེགས་སྐྱོར་དང་ཞབས་ཕྱིའི་མ་ལག་སྲ་བརྟན་དུ་གཏོང་བ། བརྟགས་འཇགས་ངང་ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་དང་གྲོང་གསེབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཅན་དུ་སྤེལ་བ་བཅས་སོ།
2010ལོའི་ཟླ1པོའི་ཚེས31ཉིན། 《ཀྲུང་གུང་ཀྲུང་དབྱང་གིས་གྲོང་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱི་འཕེལ་རྒྱས་ཤུགས་ཚད་ཆེར་གཏོང་དང་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》མར་བཀྲམས། སྲིད་ཇུས་ཀྱི་བསྟུད་མར་རང་བཞིན་དང་བརྟན་འཇགས་རང་བཞིན་རྒྱུན་སྲུང་བྱེད་པའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས“ཞིང་གསུམ”བྱ་བའི་རྩ་དོན་གལ་ཆེན་དང་བྱེད་ཐབས་ལེགས་པོ་དང་གསར་བ་འཐུས་ཚང་དང་སྲ་བརྟན་དུ་བཏང་ཞིང་། “ཞིང་གསུམ”ལ་ཐོག་མར“སྤྱི་ཚད་བསྟུད་མར་ཁ་སྣོན་དང་བསྡུར་ཚད་བརྟན་བརླིང་གིས་མཐོར་འདེགས་སུ་གཏོང་དགོས་པ”ནན་བཤད་བྱས་ཤིང་། བླང་བྱ་དེས“ཞིང་གསུམ”གྱི་མ་དངུལ་གཏོང་བའི་སྤྱི་ཚད་གཏན་ཁེལ་བྱས་པ་མ་ཟད། བསྡུར་ཚད་བརྟན་བརླིང་གིས་མཐོར་འདེགས་སུ་གཏོང་དགོས་པ་ཡང་གཏན་ཁེལ་བྱས། ཞོག་ཁོག་སོན་བཟང་ཁ་གསབ་ཀྱི་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ། ནས་སོན་བཟང་ཁ་གསབ་ཁ་སྣོན་བྱས་པ་དང་། བ་དམ་སོན་བཟང་ཁ་གསབ་ཚོད་ལྟའི་གནས་ལག་བསྟར་བྱས་ཏེ། ནགས་ལས་དང་ཕྱུགས་ལས། ཆུ་གྲོན་འཕྲུལ་འཁོར་སྒྲིག་ཆས་ཐོག་མར་ཁ་གསབ་ཀྱི་རྒྱ་ཁྱོན་དུ་བཞག། ལོ་གསུམ་གྱི་ནང་དུ་རྨང་གཞིའི་དངུལ་རྩའི་ཞབས་ཕྱི་སྟོང་ཆ་ཡིན་པའི་ཤང་གྲོང་མེད་པ་གཏོང་བ་ཐོག་མར་བཏོན་ཞིང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མངའ་ཁོངས་རྒྱ་བསྐྱེད་དེ། སྲིད་ཇུས་རང་བཞིན་གྱི་མ་དངུལ་ལ“ཞིང་གསུམ”གར་སྟེགས་ཆེན་པོ་ཡོད་པར་བྱས། ཁྱིམ་ཆས་ཤང་གྲོང་དུ་སྐྱེལ་བའི་ཐོན་རྫས་ཀྱི་རིན་གོང་ཆེས་མཐོ་བའི་བཀག་རིན་གོང་ཚད་མཐོན་པོས་མཐོར་འདེགས་སུ་བཏང་སྟེ། ས་ཁུལ་སོ་སོས་དོན་དངོས་ལྟར་དངོས་པོ་ཞིག་འདེམས་ནས་ཁ་གསབ་རྒྱ་ཁྱོན་དུ་འཇོག་ཆོག། ཁ་གསབ་བྱེད་ཡུལ་ཡང་རྒྱལ་དབང་ཞིང་ནགས་ར་བའི་ལས་བཟོ་བའི་བར་དུ་རྒྱ་བསྐྱེད། འབྲུ་རིགས་ཀྱི་ཐོན་ཚད་མང་བའི་རྫོང་གིས་བྱ་དགའི་རོགས་སྐྱོར་མ་དངུལ་ཁ་སྣོན་བྱས་ཏེ། འབྲུ་རིགས་ཐོན་ཚད་མཐོ་བའི་རྫོང་གི་མི་རེར་ཆ་སྙོམས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་། དེས་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་མཐོ་བའི་རྫོང་ཆེན800སོན་འདེབས་ཀྱི་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏོང་བར་ཕན་ཞིང་། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཕན།
2011ལོའི་ཟླ1པའི་ཚེས29ཉིན་ཁྱབ་བསྒྲགས་བྱས་པའི《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་མགྱོགས་པོར་གཏོང་བའི་སྐོར་གྱི་གཏན་ཁེལ》ནི་དུས་རབས་གསར་བ་ནས་བཟུང་ཀྲུང་དབྱང་གིས“ཞིང་གསུམ”དོ་སྣང་བྱེད་པའི“ཡིག་ཆ་དང་པོའི”ཨང་བརྒྱད་པ་ཡིན་ལ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར62ལོན་པའི་རིང་ཀྲུང་དབྱང་གི་ཡིག་ཆས་ཐོག་མར་ཆུ་བེད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་ཡིན།
2002ལོའི་ཟླ2པའི་ཚེས1ཉིན་ཁྱབ་བསྒྲགས་བྱས་པའི《ཞིང་ལས་ཚན་རྩལ་གསར་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱེད་པ་དང་། བསྟུད་མར་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་ཀྱི་འགན་སྲུང་ནུས་ཤུགས་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ནི་དུས་རབས་གསར་བ་ནས་བཟུང“ཞིང་གསུམ”བྱ་བར་མཛུབ་སྟོན་བྱེད་པའི་ཀྲུང་དབྱང་ཡིག་ཆ་དང་པོའི་ཨང་དགུ་པ་ཡིན་ལ། ཞིང་ལས་ཚན་རྩལ་འབུར་དུ་བཏོད་ནས་བཀོད་སྒྲིག་བྱས་ཤིང་། ཞིང་ལས་ཚན་རྩལ་གསར་སྐྲུན“ཞིང་གསུམ”བྱ་བའི་གཅོ་གནད་དུ་བཞག་སྟེ་སྐུལ་འདེད་བྱས།
2013ལོའི་ཟླ1པོའི་ཚེས31ཉིན། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགྱོགས་མྱུར་གྱིས་དེང་རབས་ཞིང་ལས་གོང་འཕེལ་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་འཕེལ་རྒྱས་སྟོབས་ཤུགས་ཆེར་གཏོང་སྐོར་གྱི་བསམ་འཆར་ཁ་ཤས》བརྗོད་བྱ་གཙོ་བོ་ཡིན་པའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་མར་བཀྲམས་ཤིང་། ཡིག་ཆ་ཨང་དང་པོས་བསྟུད་མར་ལོ་བཅུར“ཞིང་གསུམ”ལ་དོ་སྣང་བྱས།
2014ལོའི་ཟླ1པོའི་ཚེས19ཉིན་ཁྱབ་བསྒྲགས་བྱས་པའི《ཕྱོགས་ཡོངས་ནས་ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ལས་དེང་རབས་ཅན་དུ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》ལ་བསྡོམས་པས་ཁག8དང་དོན་ཚན33ཡོད། ནང་གསེས་སུ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲུང་སྐྱོང་ལམ་ལུགས་སྲ་བརྟན་དུ་གཏོང་བ། ཞིང་ལས་ཀྱི་རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་ཀྱི་ཡུན་ཕན་ནང་རྐྱེན་འཛུགས་པ། ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དབྱིབས་གསར་ཞིང་ལས་བདག་གཉེར་མ་ལག་འཛུགས་པ། ཞིང་སྡེའི་དངུལ་རྩའི་ལམ་ལུགས་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ། གྲོང་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་བཅོས་སྐྱོང་རྐྱེན་སྲོལ་ལེགས་བཅོས་སུ་གཏོང་བ་བཅས་སོ།
2015ལོའི་ཟླ1པོར་ཁྱབ་བསྒྲགས་བྱས་པའི《བཅོས་སྒྱུར་གསར་སྐྲུན་གྱི་ཤུགས་ཚད་ཆེར་གཏོང་དང་མགྱོགས་མྱུར་གྱིས་ཞིང་ལས་དེང་རབས་ཅན་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》ཀྱི་ཡིག་ཆ་ཧྲིལ་པོར་ཁག5དང་དོན་ཚན32ཡོད་དེ། ནང་གསེས་སུ། དེང་རབས་ཅན་གྱི་ཞིང་ལས་འཛུགས་སྐྲུན་ལ་དམིགས་ཏེ། མགྱོགས་གྱུར་གྱིས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ། ཞིང་པའི་ཡོང་སྤར་ལ་སྐུལ་འདེད་བྱེད་པར་དམིགས་ཏེ། ཞིང་སྡེ་གསར་བའི་འཛུགས་སྐྲུན་གཏིང་ཟབ་ཀྱིས་སྤེལ་བ། ཞིང་སྡེའི་གསོན་ཤུགས་ཀྱི་ཁ་སྣོན་ལ་དམིགས་ཏེ། ཕྱོགས་ཡོངས་ནས་ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། “ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པར་དམིགས་ཏེ། ཞིང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་བཅས་སོ།
2015ལོའི་ཟླ12པའི་ཚེས31ཉིན། ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི2016ལོའི་ཡིག་ཆ་ཨང་དང་པོའི་བརྗོད་བྱ་གཙོ་བོ་ནི《འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབ་དང་མགྱོགས་མྱུར་གྱིས་ཞིང་ལས་དེང་རབས་ཅན་གྱི་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་ཞིང་ལས་དེང་རབས་ཅན་ལ་དོ་སྣང་བྱས་ཏེ། ཁྱོན་ཡོངས་སུ་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་བྱེད་པ། “ཞིང་གསུམ”བྱ་བའི་གཙོ་གནད་དྲུག་ལ་བརྟེན་ནས། མུ་མཐུད་དུ་དེང་རབས་ཞིང་ལས་ལ་རྨང་གཞི་བརྟན་པོ་བཏིང་ནས་ཞིང་ལས་ཀྱི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ། ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་སླར་གསོར་ཤུགས་སྣོན་བྱས་ཏེ། ཞིང་ལས་ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་སྡེའི་ཐོན་ལས་མཉམ་བསྲེས་ལ་སྐུལ་འདེད། ཞིང་པའི་ཡོང་སྒོ་བསྟུད་མར་ཅུང་མགྱོགས་པོར་གོང་འཕར་བྱུང་དགོས་པ། གྲོང་དང་གྲོང་གསེབ་ཀྱི་མཐུན་འཕེལ་ལ་སྐུལ་འདེད་བྱས་ཏེ། ཞིང་སྡེའི་གསར་བའི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ། ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཀྱིས་སྤེལ་ཏེ། ཞིང་སྡེའི་འཕེལ་རྒྱས་ཀྱི་ནང་ཐོན་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས་ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།
2016ལོའི་ཟླ12པའི་ཚེས31ཉིན། ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི2017ལོའི་ཡིག་ཆ་ཨང་དང་པོའི་བརྗོད་སྙིང་ནི་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་དང་མགྱོགས་མྱུར་གྱིས་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་གསོ་སྐྱོང་བྱས་པའི་འགུལ་ནུས་གསར་བ་ཡིན།
བདུན། ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་བརྗོད་སྙིང་བཅུ་བཞི་ནི་གང་དག་ཡིན་ནམ།
ལན། 2004ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས2004ལོར་ཞིང་ཕྱུགས་ལས་དང་ཞིང་སྡེ་འབྲོག་ཁུལ་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བསམ་འཆར》
2005ལོར།《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་ལེན་དངོས་འབེབ་དང་། ཧུར་བརྩོན་གྱིས་2005ལོའི་ཞིང་ཕྱུགས་ལས་དང་ཞིང་སྡེ་འབྲོག་ཁུལ་གྱི་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བསམ་འཆར》
2006ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་ལེན་དངོས་འབེབ་དང་ཏན་ཏིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》
2007ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧུར་བརྩོན་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་ཏན་ཏིག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》
2008ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་གནས་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ཁུལ་དང་རོང་འབྲོག་དམངས་ཀྱི་ཡོང་སྒོའི་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》
2009ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》
2010ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》
2011ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དངོས་གནས་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ཁུལ་དང་རོང་འབྲོག་དམངས་ཀྱི་ཡོང་སྒོའི་འཕར་སྣོན་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས》
2012ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་མགྱོགས་མྱུར་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》
2013ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་མགྱོགས་མྱུར་དུ་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》
2014ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཤུགས་ཆེན་པོས་མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》
2015ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་མགྱོགས་མྱུར་གྱིས་མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཁ་ཤས》
2016ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་དམིགས་འབེན་དམིགས་ནས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཚང་མས་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་བྱེད་པར་དོ་སྣང་བྱས་ཡོད་ལ། 2015ལོའི་སྲིད་ཇུས་གསར་སྐྲུན་གྱི་རྨང་གཞིའི་སྟེང་རྒྱུན་བསྲིང་དགོས། ཡིག་ཆས་གཏན་ཁེལ་བྱས་པ་ལྟར་ན། 2016ལོ་དང“ལྔའི་བཅུ་གསུམ”དུས་སྐབས་སུ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། ཞིང་ཕྱུགས་ལས་ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ཏེ། མགྱོགས་མྱུར་གྱིས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཛུགས་སྐྲུན་བྱེད་དགོས། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་བསྲེས་ཀྱིས་གོང་འཕེལ་དུ་བཏང་སྟེ། རོང་འབྲོག་དམངས་ཀྱི་བརྟན་འཇགས་ཀྱི་ཡོང་སྤར་རྒྱུན་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། ཏན་ཏིག་གིས་ཞིང་སྡེ་གསར་བའི་འཛུགས་སྐྲུན་དར་སྤེལ་དུ་བཏང་ནས་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཏང་གིས“ཞིང་གསུམ”བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ། ཞིང་སྡེའི་བཅོས་སྐྱོང་རྐྱེན་སྲོལ་ལེགས་བཅོས་སུ་གཏོང་དགོས།
2017ལོར། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར》
བརྒྱད། 2017ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་དངོས་སུ་བཏོན་པའི་རྒྱབ་ལྗོངས་ནི་ཅི་ཡིན་ནམ།
ལན། ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་སྟེགས་བུ་གསར་བ་ཞིག་ཏུ་སྤོས་ཤིང་། ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས། ཞིང་ལས་ཀྱི་འགལ་བ་གཙོ་བོ་ནི་སྤྱི་ཚད་མི་འདང་བ་ནས་གྲུབ་ཚུབ་རང་བཞིན་གྱི་འགལ་བར་བསྒྱུར། མངོན་ཚུལ་འབུར་དུ་ཐོན་པ་ནི་དུས་རིམ་རང་བཞིན་གྱིས་འདུམ་འགྲིག་ཡོང་རེ་ཞུ་བའི་མཁོ་འདོན་ལ་ཕྱོགས་པས་མི་འདང་བ་དང་། འགལ་བའི་ཕྱོགས་གཙོ་བོ་ནི་མཁོ་འདོན་ལ་ཕྱོགས་སུ་གནས། ཉེ་བའི་ལོ་འགའི་རིང་། རང་རྒྱལ་གྱིས་ཞིང་ལས་ཀྱི་རྣམ་པ་བསྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག། བཅོས་སྒྱུར་ལ་སྐུལ་འདེད་སོགས་ཀྱི་ཕྱོགས་ནས་ཧུར་བརྩོན་གྱིས་མྱུལ་ཞིབ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཀྱི་རྣམ་པ་བསྒྱུར་བའི་རིམ་སྤར་ལ་རྨང་གཞི་ངེས་ཅན་བཏང་ནའང་། ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་སྤྲོད་སྒྲིག་གཞི་དོ་མི་མཉམ་པ་དང་རྒྱུ་རྐྱེན་བཀོད་སྒྲིག་ལུགས་མཐུན་མིན་པ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཆེ་བ། ཞིང་པའི་ཡོང་སྒོ་བསྟུད་མར་གོང་འཕར་གྱི་ཤུགས་ཟད་པ་སོགས་ཀྱི་གནད་དོན་ད་དུང་འབུར་དུ་ཐོན་ཡོད་པས། ཐོན་ཚད་འཕར་སྣོན་དང་ཐོན་སྤུས་མཐོར་འདེགས། མ་གནས་གོང་འཕར་དང་རིན་གོང་དམའ་བ། མཛོད་ཉར་མཐོ་ས་ནས་དམའ་སར་མི་འབེབ་པ། ཕྱིར་འཚོང་མི་རྒྱུག་པ། ཐོན་སྐྱེད་ཆུང་བ་དང་ཁྲོམ་ར་ཆེན་པོ། རྒྱལ་ཁབ་ཕྱི་ནང་གི་རིན་གོང་མཐོ་ཉོ་དམའ་ཚོང་སོགས་ཀྱི་འགལ་བ་ད་དུང་ཐག་གཅོད་བྱ་དགོས། ངེས་པར་དུ་གནས་བབ་གསར་བའི་བླང་བྱ་གསར་བ་དང་བསྟུན་ནས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། བྱ་བའི་ལྟེ་གནས་ལེགས་སྒྲིག། གཏིང་ཟབ་ཀྱིས་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བྱས་ཏེ། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་འགུལ་ནུས་གསར་བ་གསོ་སྐྱོང་མགྱོགས་པོར་བཏང་སྟེ། ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རྣམ་པ་གསར་བ་བསྐྲུན་དགོས།
དགུ། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཁོར་ཡུག་ལ་ཆེས་ཟབ་པའི་འགྱུར་ལྡོག་གལ་ཆེན་གང་དག་བྱུང་ཡོད་དམ།
ལན། གཅིག་ནི་སྤྱི་ཁོག་དཔལ་འབྱོར་ལ་འཕོ་འགྱུར་བྱུང་བ་དང་། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་འགུལ་ནུས་མི་འདང་བའི་གནད་དོན་སྔར་ལས་གཟེངས་སུ་ཐོན་པ། དཔལ་འབྱོར་མྱུར་འཕར་དང་སྡོད་དམངས་ཀྱི་ཡོང་སྒོའི་ཕན་འབྲས་ཇེ་དལ་སོང་བར་བསྟུན་ནས། ཞིང་ཕྱུགས་ཐོན་རྫས་ཀྱི་འཛད་སྤྱོད་དགོས་མཁོ་འཕར་བ་བབ་མཚུངས་ཀྱི་ཇེ་དལ་ཡིན་པ ཐོན་ལས་གཉིས་པ་དང་གསུམ་པའི་སྒྲིག་གཞི་ལེགས་སྒྲིག་དང་དབྱིབས་སྒྱུར་རིམ་སྤར་མགྱོགས་མྱུར་དུ་བཏང་བར་བསྟུན་ནས། ཞིང་པ་ཕྱིར་སོང་ནས་ངལ་ལས་ཡོང་སྤར་གྱི་དཀའ་ཚད་ཇེ་མཐོར་ཕྱིན་པ། ནོར་སྲིད་གཏོང་ཡོང་གི་འགལ་བ་ཇེ་ཆེར་སོང་བར་བསྟུན་ནས། སྔོན་ཆད་དང་འདྲ་བར་ལོ་རེར་ནོར་སྲིད་ཀྱིས་ཚད་ཆེན་པོས་ཞིང་ལས་ལ་རོགས་སྐྱོར་བྱེད་ཁག་པོ་འདུག། ཞིང་ལས་འཕེལ་རྒྱས་དང་ཞིང་པའི་ཡོང་སྤར་གྱི་སྲོལ་རྒྱུན་འགུལ་ནུས་མངོན་གསལ་གྱིས་ཉམས་པ་དང་། སྦྲེལ་མཐུད་འགུལ་ནུས་གསར་བ་གསོ་སྐྱོང་དང་སྔོག་འདོན་བྱེད་པར་ད་དུང་གོ་རིམ་ཞིག་དགོས་བྱུང་། གཉིས་ནི་ཞིང་ཕྱུགས་ཐོན་རྫས་ཀྱི་དགོས་མཁོའི་རྣམ་པར་འཕོ་འགྱུར་བྱུང་བ་དང་། ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་གཞི་ལུགས་མཐུན་མིན་པའི་གནད་དོན་སྔར་ལས་མངོན་ཞིང་། ལྟོ་གོས་གཉིས་འཛོམ་གྱི་གནད་དོན་ཐག་གཅོད་བྱས་རྗེས། འཛད་སྤྱོད་པས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན། ཞིང་ཕྱུགས་ཐོན་རྫས་ཀྱི་དགོས་མཁོའི་གྲུབ་ཚུལ་མགྱོགས་མྱུར་གྱིས་འཕར་ནའང་མཁོ་སྤྲོད་གྲུབ་ཚུལ་གྱི་སྒྲིག་གཞི་བལྟོས་བཅས་ཀྱི་རྗེས་ལུས་ཡིན་པས་ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་འདོན་དོ་མི་མཉམ་པར་གྱུར། ཕྱོགས་གཅིག་ནས། གྲགས་ཅན་དང་ཁྱད་ལྡན་ཅན། སྤུས་ལེགས་ཅན་སོགས་ཀྱི་ཞིང་ཕྱུགས་ཐོན་རྫས་སྔར་བཞིན་ཧ་ཅང་ཉུང་བ་དང་། འཛད་སྤྱོད་པས་དགའ་བསུ་ཐོབ་པའི་དངོས་པོ་བཟང་བོའི་དགོས་མཁོ་སྐོང་མི་ཐུབ་པ་དང་། རབ་འབྲིང་གི་ཞིང་ཕྱུགས་ཐོན་རྫས་ཁ་ཤས་ད་དུང་ཕྱི་རྒྱལ་ནས་ནང་འདྲེན་ཚད་ཆེན་བྱེད་དགོས། ཕྱོགས་གཞན་གཅིག་ནས། “ནང་ལོག་གི་ཚོང་ཟོང་”མང་ཆེ་བས་སྤུས་ཚད་དམའ་བ་དང་ཐོན་རྫས་གྲགས་ཅན་མིན་པ་མང་བས། རྟག་ཏུ་མ་བྲིན་པར་བཀག་གསོག་ཐེབས་ཡོད། གསུམ་ནི་ཞིང་ལས་ཀྱི་རྒྱལ་སྤྱིའི་འགྲན་ཤུགས་ཀྱི་གནས་བབ་ལ་འཕོ་འགྱུར་བྱུང་ཞིང་། ཞིང་ལས་བདག་གཉེར་འོས་མཐུན་མིན་པའི་གནད་དོན་སྔར་ལས་མངོན་བྱུང་། རང་རྒྱལ་གྱི་ཞིང་ལས་རྒྱལ་སྤྱིའི་ཚོང་རར་ཟབ་མོར་འགྲིམ་ཞིང་། ལོ་འདི་དག་ལ་རྒྱལ་སྤྱིའི་ཞིང་ཕྱུགས་ལས་ཀྱི་རིན་གོང་མར་འགྲིབ་པའི་ཁར་མཚོ་ཐོག་སྐྱེལ་འདྲེན་གྱི་མ་གནས་ཤུགས་ཆེན་པོས་མར་ཆག་པས། ཞིང་ལས་ཀྱིས་ཁ་གཏད་པའི་རྒྱལ་སྤྱིའི་འགྲན་ཤུགས་ཉིན་རེར་ཛ་དྲག་ཡིན་པ། ང་ཚོས་གཞི་ཁྱོན་ཆུང་བའི་བདག་གཉེར་གཙོར་བཟུང་བའི་ཞིང་ལས་ཀྱི་མིས་བཟོས་མ་གནས་དང་ས་ཞིང་མ་གནས་གོང་དུ་འཕར་བ་ཅུང་མགྱོགས་ཤིང་། རྒྱལ་སྤྱིའི་དེང་རབས་ཞིང་ལས་ཆེན་པོའི་འགྲན་རྩོད་ཁྲོད་དུང་རིམ་ནས་རིམ་བཞིན་གཞན་དབང་དུ་གྱུར་པ། ལོ་འདི་གར། མ་རྨོས་ལོ་ཏོག་དང་སྲིང་བལ། ཀ་ར་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཚད་མཐོ་བ་དང་མཛོད་ཉར་མང་བའི་དུས་མཚུངས་སུ་ནང་འདྲེན་གནོན་ཤུགས་ཅུང་ཆེན་པོར་འཕྲད་ཅིང་། དེ་ནི་ཞིང་ལས་ལ་འགྲན་རྩོད་ནུས་ཤུགས་མེད་པའི་ཐད་ཀར་གྱི་མངོན་ཚུལ་ལོ། བཞི་ནི་ཐོན་ཁུངས་ཁོར་ཡུག་གི་གནས་ཚུལ་ལ་འཕོ་འགྱུར་བྱུང་ཞིང་། ཞིང་ལས་འཕེལ་རྒྱས་ཀྱི་རྒྱུན་མཐུད་མིན་པའི་གནད་དོན་སྔར་ལས་མངོན་པ་དང་། ང་ཚོས་དུས་ཡུན་རིང་བོར་གཙོ་བོ་ཐོན་ཁུངས་འཕར་སྣོན་དང་གནད་ཆེའི་རྒྱུ་རྐྱེན་ཞུགས་པར་བརྟེན་ནས་ཞིང་ལས་ཕྱི་རུ་མུ་བསྲིངས་གོང་འཕར་མངོན་འགྱུར་བྱེད་དགོས་ལ། ཚད་བརྒལ་གྱིས་ལུད་སྨན་དང་ཞིང་སྨན་ཞིང་འགྱིག་སྤྱོད་པ་དང་ཚད་བརྒལ་གྱིས་ས་ཆུའི་ཐོན་ཁུངས་གསར་འབྱེད་བྱས་པས་ངོས་ཁུངས་འབག་བཙོག་བཟོས་པར་མ་ཟད། ད་དུང་ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ཡང་གནོད་པ་བྱུང་། ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་འདེགས་ནུས་རིམ་གྱིས་མཐར་སོན་ལ་ཉེ་ཞིང་། ཐོན་ཁུངས་མཉམ་སྡེབ་དང་དངུལ་གཏོང་མཉམ་སྡེབ་སོགས་སྲོལ་རྒྱུན་གྱི་ལམ་རྙིང་གི་རྒྱུན་མུ་མཐུད་དུ་སྐྱོང་དཀའ་བར་གྱུར།
བཅུ། 2016ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བར་གྲུབ་འབྲས་གང་དག་བླངས་ཡོད་དམ།
ལན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་མགོ་ཁྲིད་འོག། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་གསུམ་པ་དང་བཞི་པ། ལྔ་པ། དྲུག་པ་དེ་མིན་ཀྲུང་དབྱང་གི་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་དངོས་འབེབ་བྱས་ཤིང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་དངོས་འབེབ་བྱེད་དགོས། འདུ་ཤེས་གསར་བ་དང“131”གི་སྤྱི་ཁོག་བླང་བྱ་དོན་འཁྱོལ་བྱས་ཏེ། མཁོ་སྤྲོད་ཁག་ཐེག་དང་ཡོང་སྒོ་ཁག་ཐེག། སྐྱེ་ཁམས་སྲུང་སྐྱོང་སྤྱིའི་ལས་འགན་དུ་བཞག་ནས། བསྡུས་གཉེར་ཅན་དང་སྐྱེ་ལྡན་ཅན། མིང་རྟགས་ཅན་བཅས་ཁ་ཕྱོགས་སུ་བྱས་ཏེ། གྲུབ་ཚུལ་ལེགས་སྒྲིག་དང་ཐབས་ལམ་བསྒྱུར་བ། བཅོས་སྒྱུར་ལ་སྐུལ་འདེད། རྨང་གཞི་སྲ་བརྟན། ཞན་ཆ་སྐོང་བ་སོགས་བྱས་ནས་ནུས་ཤུགས་ཡོད་རྒུས་གནད་ཁེལ་དབུལ་ཐར་དང་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་འཐུས་ཚང་། ཞིང་ཕྱུགས་ལས་ཀྱི་ནང་ཐོན་སྒུལ་ཤུགས་སློང་བ། ཞིང་ཕྱུགས་ལས་ཀྱི་གོང་འཕར་གསར་བའི་ཆེས་གྲངས་ཐང་། ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཅས་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་རྒྱ་བསྐྱེད་པ་དང་། རོང་འབྲོག་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་ལེགས་འཕེལ་ཡིན་པ། ལོ་ཧྲིལ་པོར་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་བརྒྱ་ཆའི5ཡན་འཕར་བ་དང་། རོང་འབྲོག་ཁུལ་གྱི་སྡོད་དམངས་རེར་ཆ་སྙོམས་ཀྱི་བཀོད་གཏོང་ཆོག་པའི་ཡོང་སྒོ་བརྒྱ་ཆའི9འཕར་བ་དང་། བསྟུད་མར་ལོ་བདུན་ལGDPཡི་འཕར་ཚད་ལས་མཐོ་ཞིང་། “ལྔའི་བཅུ་གསུམ”བདེ་བླག་ངང་འགོ་ཚུགས།
ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་ལ་འཕར་གནས་གསར་བ་མངོན་འགྱུར་བྱུང་བ། འདེབས་འཛུགས་ལས་རིགས་ཀྱིས“འབྲུ་སྣུམ་དང་སིལ་ཏོག། སྔོ་ཚོད་དུང་ཕྱུར་བརྒྱ་ཡན་གྱི་ཐོན་ལས”དམ་འཛིན་བྱས་ཏེ། ཐོན་སྤར་ཡོང་སྤར་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས། ཐབས་བརྒྱ་ཇུས་སྟོང་གིས་ས་ཞིང་ཐོན་སྐྱེད་ཀྱི་ཚད་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་སྤྱིའི་ཐོན་ཚད་ཏུན་ཁྲི114.21ཡིན་པ་དང་བསྟུད་མར་ལོ་དགུར་ཏུན་ཁྲི100ཐོད་བརྒལ་བྱུང་། འབྲུ་སྣུམ་སྤྱིའི་ཐོན་ཚད་ཏུན་ཁྲི30.17དང་བསྟུད་མར་ལོ་བཅུར་ཏུན་ཁྲི30ཐོད་བརྒལ་བྱུང་། སྔོ་ཚད་ཀྱི་ཐོན་ཚད་ཏུན་ཁྲི168དང་ན་ནིང་ལས་ཏུན་ཁྲི1.6འཕར་སྣོན་བྱུང་། ཕྱུགས་ལས་ཀྱིས་ནུས་ཤུགས་ཡོད་རྒུས་རོང་ཁུལ་གྱི་རྒྱ་ཁྱོན་གསོ་སྤེལ་དང་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གསོན་ཕག་བཤས་ཁོངས་སུ་གཏོང་བར་དམ་འཛིན་དང་། ཕྱུགས་ལས་ཚོང་ཟོག་ཅན་གྱི་ཚད་བརྟན་བརླིང་གིས་ཇེ་མཐོར་བཏང་། ཤའི་རིགས་ཀྱི་ཐོན་ཚད་ཏུན་ཁྲི44དང་། འོ་མའི་རིགས་ཀྱི་ཐོན་ཚད་ཏུན་ཁྲི44དང་། བྱ་སྒོང་རིགས་ཀྱི་ཐོན་ཚད་ཏུན་ཁྲི3.7དང་། སོ་སོར་ན་ནིང་ལས་ཏུན་ཁྲི1.41དང་1.67། 0.42བཅས་ཀྱི་ཡར་འཕར། ཉ་ལས་འགོ་ཚུགས་ས་མཐོ་བ་དང་ཚད་གཞི་མཐོན་པོས་རྨ་ཆུ་འགྲམ་རྒྱུད་ཀྱི་ཆུ་ཉ་འོས་འཚམ་གྱི་གསར་སྤེལ་བྱེད་པའི་ས་ཁུལ་བསྐྲུན་ནས། དྲ་སྒམ་སྨི་རྒྱ་དཔངས་གྲུ་བཞི་མ4.54གསར་སྐྲུན་བྱས། ཞིང་ཆེན་ཡོངས་ཀྱི་ཆུ་འཁྱག་དྲ་སྒམ་སྨི་རྒྱ་དཔངས་གྲུ་བཞི་མ26.54(མུའུ298འདུ)དང་། ཆུ་ཐོན་དངོས་རྫས་ཏུན་ཁྲི1.2ཡོད། དེའི་ནང་དུ་ཉ་ཀུའེ་ཙུན་གྱི་ཐོན་ཚད་ཁྲི1དང་། བརྒྱ་ཆའི31.5འཕར་ཡོད། ཧ་ལམ་རྒྱལ་ཡོངས་ཀྱི་ཆུ་འཁྱག་ཉའི་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆའི་བཞི་ཆ་གཅིག་ཟིན།
ཞིང་ཕྱུགས་ལས་ཀྱི་མཁོ་འདོན་ལ་ཕྱོགས་པའི་གྲུབ་ཚུལ་གྱི་བཅོས་སྒྱུར་ལ་ཡར་རྒྱས་གསར་བ་ཐོབ་པ། གྲུབ་ཚུལ་ལེགས་སྒྲིག་དང་མ་གནས་ཆག་པ། ཞན་ཆ་སྐོང་བ། རྐྱེན་སྲོལ་གསར་སྐྲུན་བཅས་ཀྱི་ལས་འགན་ཆེན་པོ་བཞིར་དམིགས་ཏེ། བྱེ་བྲག་གི་བྱེད་ཐབས་སྣ20དོན་འཁྱོལ་བྱས། གསོ་སྐྱོང་གི་ཆེད་དུ་འདེབས་གསོ་དང་ལུགས་མཐུན་གྱིས་ས་བོན་སྡེབ་ནས། ནུས་ཤུགས་ཡོད་རྒུས་གཟན་རྩྭ་དང་མ་རྨོས་ལོ་ཏོག། སྔོ་ཚོད་དང་ལོ་ཏོག་ཇེ་མང་དུ་བཏང་། སྣུམ་རྫས་དང་ཞོག་ཁོག། སྲན་རིགས་ལོ་ཏོག་སྡེབ་སྒྲིག་ཇེ་ཉུང་དུ་བཏང་སྟེ། འདེབས་གསོའི་རྒྱུ་གཉིས་གྲུབ་ཚུལ་རིམ་བཞིན་འབྲུ་རིགས་དང་དཔལ་འབྱོར་གཟན་ཆག་གི་རྒྱུ་གསུམ་གྲུབ་ཚུལ་ལ་མཐུན་འཕེལ་བྱུང་བ་དང་། འདེབས་གསོའི་གྲུབ་ཚུལ་རིམ་གྱིས་ལེགས་ཕྱོགས་སུ་བསྐྱོད། མ་གནས་གྲོན་ཆུང་ཕན་མཐོ་དང་གེགས་མེད་འཕེལ་རྒྱས་སུ་ཕྱིན། ལུད་སྨན་དང་ཞིང་སྨན་སིལ་འཕར་གྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། སྐྱེ་ལྡན་ལུད་ཀྱི་བཀོལ་ཚད་ཚད་ཆེན་པོས་ཇེ་མཐོར་བཏང་ནས། ལུད་སྨན་གྱི་བཀོལ་ཚད་ཕན་ནུས་སྒོས་ཚོད་འཛིན་བྱས་པས་ཞིང་སྨན་བཀོལ་ཚད་ཚད་མཐོན་པོས་ཇེ་ཉུང་དུ་ཕྱིན། ཞིང་ལས་ངོས་ཁུངས་འབག་བཙོག་ཚོད་འཛིན་བྱེད་པ་ཇེ་དྲག་ཏུ་བཏང་སྟེ། ཞིང་ཁའི་འགྱིག་རོ་ཕྱིར་སྡུད་ཚད་བརྒྱ་ཆའི80ཡན་ཟིན། གཞི་ཁྱོན་ངོས་འཛིན་གྱི་གསོ་སྤེལ་ར་བའི་ལུད་རོ་ཐག་གཅོད་ཀྱི་སྒྲིག་ཆས་ཆ་ཚང་གི་བསྡུར་ཚད་བརྒྱ་ཆའི50ཡན་ཟིན། མི་འདང་སའི་རྐྱེན་གྱིས་ཐབས་བཀོད་འཐེན་པ་དང་སྐྱོན་ཆ་ཁ་གསབ་བྱས། སྐྱེ་ཁམས་ལལྗང་མདོག་གི་བྱང་བུ་བཟོས་ཏེ། སྐྱེ་ལྡན་ཕྱུགས་ར20དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གལི20། ཞིང་ཕྱུགས་ཐོན་རྫས་གྲགས་ཅན30བཅས་ཀྱི་འཛུགས་སྐྲུན་རྒྱབ་སྐྱོར་བྱས་པས། ཞིང་ཆེན་ཡོངས་སུ་ནུས་ལྡན་སྒོས་“ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་རྟགས་མཚན་ཐོན་རྫས་506བེད་སྤྱོད་བྱས། ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་སྔར་ལས་ཤུགས་སྣོན་བྱས། འགུལ་ཤུགས་གསར་སྐྲུན་དང་གསོན་ཤུགས་སློང་བ། དྲ་སྦྲེལ + མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་གཞི་གྲངས་ཆེན་པོའི་ལས་སྟེགས་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་མགོ་བརྩམས་ནས། སྔོ་ཚོད་དང་མིས་བཟོས་གཟན་ཆག། ཉ་ལས་ཐོན་སྐྱེད་གནས་གཞི། གཞི་ཁྱོན་གསོ་སྤེལ་ར་བ་ཡོངས་སུGPSགོ་གནས་གཏན་ཁེལ་སྒྲིག་བཀོད་བྱས་པ་ཡོངས་སུ་འགྲུབ། ཞིང་ཕྱུགས་ལས་གཞི་གྲངས་ཅན་དང་དོ་དམ་སྤུས་ཚད་ཅན། ཐོན་སྐྱེད་རིག་ནུས་ཅན་གྱི་མངོན་འགྱུར་ལ་ཐོད་བརྒལ་གསར་བ་བྱུང་། སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ཁུངས་བེད་སྤྱོད་ཀྱིས་རྣམ་པ་གསར་བ་ཕྱེས། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་སྔོན་ཐོབ་སྲ་བརྟན་དུ་བཏང་ནས། རྩྭ་སའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱས། གཙང་གསུམ་མགོ་ཁུངས་ཀྱི་དུས་སྐབས་གཉིས་པ་དང་རྨོ་བསྐྱུར་རྩྭ་འདེབས་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། ནན་ཏན་གྱིས་སྐབས་གསར་བའི་རྩྭ་སའི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་དངོས་འབེབ་བྱས་ཏེ། ཕྱོགས་ཡོངས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ཀྱི་ཕན་འབྲས་དོ་དམ་སྤེལ་ནས། བྱ་དགའི་ཁ་གསབ་ཀྱི་སྤྱི་ཚད་སྒོར་དུང་ཕྱུར24.13སླེབས་ཤིང་། མ་དངུལ་དུང་ཕྱུར4.66གསར་སྣོན་བྱུང་། གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གནས་གཞོགས་འདེགས་དར་སྤེལ་བྱས་ནས། རྒྱལ་ཁབ་སྤྱི་གླིང་དུ་རྩྭ་སའི་དོ་དམ་སྲུང་སྐྱོང་མི་སྣ4721གསར་སྣོན་བྱུང་། མེ་རི་གཏེར་ཁུལ་གྱི་ཁོར་ཡུག་དག་བཅོས་དང་ལྗང་སྒྱུར་སླར་གསོར་གྲུབ་འབྲས་ཅུང་ལེགས་པོ་ཐོབ་ཅིང་། བདེ་བླག་ངང་རྒྱལ་ཁབ་ཞིབ་བཤེར་ཚན་ཁག་གིས་སྤྱི་ཁོག་ཞིབ་བཤེར་རྩིས་ལེན་ཐོབ། དབྱར་རྩྭ་རྐོ་སློག་དོ་དམ་གྱི་སྒྲིག་ལམ་གོ་རིམ་ལྡན་ཞིང་། ཨ་ཆེན་གངས་རྒྱབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཕྱོགས་ཡོངས་ནས་ལོ་འཁོར་གྱི་ལས་འགན་གྲུབ། ཉ་ལས་ཐོན་ཁུངས་ལ་སྲུང་སྐྱོང་ཐོབ་ནས། ཡུལ་དེའི་ས་ཁུལ་གྱི་ཉ་རིགས་སྣ་ཚོགས་ཁྲི1216ཚེ་ཐར་དུ་བཏང་བ་དང་། མཚོ་སྔོན་པའི་ཉ་ལི་ཡུས་ཀྱི་ཐོན་ཁུངས་སླར་གསོ་བྱུང་བའི་མགྱོགས་ཚད་མྱུར་ཞིང་། གྲོང་དང་གྲོང་གསེབ་ཀྱི་ལྗང་སྒྱུར་གཅིག་འདོམས་ཀྱིས་སྤེལ་ནས། བརྟན་བརླིང་གིས་ཐོན་ཁུངས་ཀྱི་སྤྱི་ཚད་རྒྱ་ཆེར་བཏང་བས། བཟོ་སྐྲུན་ནགས་མུའུ་ཁྲི187.39དང་ལྗང་སྒྱུར་སྡེ་བ300 ཡོངས་འགྲུབ་བྱས། “བྱང་གསུམ”སྐབས་ལྔ་པ་དང་དུས་སྐབས་གསར་བའི་རྨོ་བསྐྱུར་ནགས་འདེབས། སྤྱི་ཕན་ནགས་བཟོ་སྐྲུན་སོགས་ཕྱོགས་ཡོངས་ཀྱི་ལོ་འཁོར་གྱི་ལས་འགན་གྲུབ། ཕྱོགས་བསྡུས་བཅོས་སྐྱོང་འབུར་དུ་བཏོད་དེ། བྱེ་འགོག་བྱེ་བཅོས་མུའུ་ཁྲི139.25ཡོངས་འགྲུབ་བྱས། དཔེ་སྟོན་ཁུལ5དང་བཀག་བསྐྱིལ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ཡར་ཐོན་བདེ་བླག་ཡིན་པ། བཟོ་སྐྲུན་སྐུལ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། གཙང་གསུམ་མགོ་ཁུངས་ཀྱི་བཟོ་སྐྲུན་ནགས་ལས་ལས་གཞི་ཏན་ཏིག་གིས་སྤེལ་ཞིང་། མདོ་ལ་རི་བོའི་ཕྱོགས་བསྡུས་བཅོས་སྐྱོང་གི་བཟོ་སྐྲུན་རིམ་ལྡན་ངང་ལག་བསྟར་བྱས། ལྗང་སྒྱུར་དང་ཆུ་བེད་གོང་འཕར་གྱི་བྱེད་ནུས་ཕན་ལྡན་ངང་ཇེ་མཐོར་བཏང་ནས་གཙོ་གནད་མངའ་ཁོངས་ཀྱི་ལྗང་སྒྱུར་གདང་རིམ་འཕར་བར་སྐུལ་འདེད་བྱས་ཤིང་། ཟི་ལིང་དང་མཚོ་ཤར་ལྷོ་བྱང་རི་བོ་གཉིས་ཀྱི་ལྗང་བུའི་ནགས་སྐྲུན་མུའུ་ཁྲི6.84དང་། ཚད་མཐོན་པོས་མྱུར་བགྲོད་གཞུང་ལམ་ལྗང་མདོག་གི་བར་ཁྱམས་འཛུགས་སྐྲུན་བྱས། མཚོ་ཤར་བཟོ་ལས་གླིང་ཁུལ་གྱི་མུའུ་ཁྲི1.76ལྗང་སྒྱུར་བྱས། ལྗང་བུའི་ནགས་སྐྲུན་གྱི་མགྱོགས་ཚད་གཞི་ཁྱོན་ཅན་དང་མཛེས་ལྗོངས་ཅན་དུ་བསྒྱུར་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་སྲུང་ནས། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བྱས། ཕྱུགས་འཚོ་སྐྱོང་བྱས་མི་ཆོག་པའི་བཀའ་ནན་གྱིས་ཕབ་སྟེ། རང་བྱུང་ནགས་ཚལ་ཁྲི5517དང་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་མུའུ་ཁྲི7441.4ལ་སྲུང་སྐྱོང་ནན་མོ་ཐོབ། དབྱིབས་གསར་བདག་གཉེར་གྱི་གཙོ་ཕུང་མགྱོགས་མྱུར་གྱིས་གསོ་སྐྱོང་བྱས་ཏེ། ཆེད་ལས་མཉམ་ལས་ཁང་333དང་ཁྱིམ་ཚང་གི་ཞིང་ཕྱུགས་ར400། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས20ལ་རྒྱབ་སྐྱོར་བྱས། ཁྱིམ་ཚང་ཞིང་ཕྱུགས་རའི་འཕེལ་རྒྱས་ལ་སྐུལ་འདེད་དང་རོང་འབྲོག་པའི་མཉམ་ལས་ཁང་འཁོར་སྐྱོད་ཚད་ལྡན་ཅན། སྣེ་ཁྲིད་ཁེ་ལས་ཀྱི་དབྱིབས་སྒྱུར་རིམ་སྤར་ལ་སྣེ་ཁྲིད་བྱས། ས་ཞིང་རྒྱུན་འཁོར་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི167.85བསླེབས་ཤིང་། ཁྱིམ་ཚང་འགན་གཙང་ལེན་གྱི་རྨོ་འདེབས་རྒྱ་ཁྱོན་གྱི་བརྒྱ་ཆའི23.54ཟིན། རྩྭ་སའི་རྒྱུན་འཁོར་རྒྱ་ཁྱོན་མུའུ་ཁྲི8190བསླེབས་ཤིང་། བེད་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི17.2ཟིན། ནུས་ཤུགས་ཡོད་རྒུས་རོང་ཁུལ་གྱི་ཚད་ལྡན་ཅན་གྱི་གསོ་སྤེལ་དར་སྤེལ་བྱས་ཏེ། ཕྱུགས་བྱའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ199འཛུགས་སྐྲུན་བྱས་ཤིང་། འོས་འཚམ་གྱི་གཞི་ཁྱོན་གསོ་སྤེལ་ར་བ2800ལྷག་སྐྲུན་ཚར། རོང་ཁུལ་གྱི་འོས་འཚམ་གཞི་ཁྱོན་གསོ་སྤེལ་བསྡུར་ཚད་བརྒྱ་ཆའི19ཟིན་ཞིང་། ན་ནིང་ལས་བརྒྱ་ཆའི་ཚེག་གཉིས་འཕར། རོང་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་མཉམ་ལས་ཁང་གི་འབྲོག་ཁྱིམ་ཁྲི11.5བསླེབས་ཤིང་། བརྒྱ་ཆའི66.9ཡི་རྩྭ་སར་བསྡུས་གཉེར་ཅན་གྱི་བདག་གཉེར་མངོན་འགྱུར་བྱུང་། ཏན་ཏིག་གིས་སྒྲིག་སྲོལ་རྐྱེན་སྲོལ30གསར་སྐྲུན་ལ་སྐུལ་འདེད་བྱས་ཏེ། སྐྱེ་ལྡན་ཕྱུགས་ར20འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ཚོད་ལྟའི་གནས102ལ་ནོར་གནག་དང་གཙོད་གསོ་སྤེལ་བྱེད་པ་དང་མ་རྐང་ལམ་ལུགས་བཅོས་སྒྱུར་གཙོ་གནད་ཡིན་པའི་ནུས་ཤུགས་མཐོར་འདེགས་འཛུགས་སྐྲུན་དར་སྤེལ་བྱས། རྩྭ་ས་ཕྱུགས་ལས་དེ་ཐོན་ཁུངས་སྒྲིག་བཀོད་ནས་ཐོན་ཁུངས་བསྐྱར་སྐྱེའི་རྣམ་པར་བསྒྱུར་བ་དང་། གནད་ཆེའི་རྒྱུ་རྐྱེན་དངུལ་གཏོང་གི་འགུལ་ནུས་རྣམ་པ་ནས་གསར་སྐྲུན་འགུལ་ནུས་ཀྱི་རྣམ་པར་བསྒྱུར། ནགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ལ་འཆར་འགོད་སྣེ་ཁྲིད་བྱས་ཏེ། ཀྲུང་བོད་སྨན་རྫས་འདེབས་འཛུགས་ཀྱི་རྟེན་གཞི་འཛུགས་སྐྲུན་གྱི་འཆར་འགོད་དང་འཕང་འབྲས་ཚེར་སིལ་དུང་ཕྱུར་བརྒྱ་ཡན་གྱི་ཐོན་ལས་ལག་བསྟར་ཇུས་གཞི་ལག་བསྟར་བྱས་ཏེ། འཕང་འབྲས་དང་སྟར་ཁ། ཁམ་བུ་སོགས་ཁྱད་ལྡན་དཔལ་འབྱོར་གྱི་ནགས་ཚལ་མུའུ་ཁྲི10.89གསར་སྣོན་བྱུང་།
ཐོན་ལས་དང་པོ་དང་གཉིས་པ་མཉམ་བསྲེས་འཕེལ་རྒྱས་ལ་ཐོད་བརྒལ་གསར་བ་བྱུང་བ། ཧུར་བརྩོན་གྱིས་སྣེ་ཁྲིད་ཁེ་ལས་ཕྱོགས་བསྡུས་དངོས་ཤུགས་ཇེ་མཐོར་བཏང་སྟེ། གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས451ལ་བསླེབས་ཤིང་། ཞིང་ཆེན་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་88མངོན་འགྱུར་བྱས། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་བསྒྱུར་ཚད་བརྒྱ་ཆའི52ཟིན་ཞིང་། ལོ་སྔོན་མ་ལས་བརྒྱ་ཆའི་ཚེག1.8ཇེ་མཐོར་ཕྱིན། ཞོག་ཁོག་གསོག་འཇོག་དང་སྔོ་ཚོད་གསོས་ཉར། འཕང་འབྲས་སྲོ་སྐམ་སོགས་སྒྲིག་ཆས719གསར་སྐྲུན་བྱས་ཤིང་། ཞིང་ཕྱུགས་ཐོན་རྫས་ཐོན་ཡུལ་ནས་ལས་སྣོན་ཐོག་མ་བྱེད་པའི་ནུས་ཤུགས་ཚད་ཆེན་པོས་མཐོར་འདེགས་སུ་བཏང་། བག་ཕེབས་ཞིང་ལས་དང་ཞིང་སྡེའི་ལྗོངས་རྒྱུའི་འཕེལ་རྒྱས་མགྱོགས་མྱུར་དུ་བཏང་ནས། བག་ཕེབས་ཞིང་ཕྱུགས་ལས་དང་མཛེས་སྡུག་གི་བག་ཕེབས་ཞིང་སྡེའི་སྤུས་དག་ལམ་ཐིག10འོས་སྦྱོར་བྱས་ཏེ།རྒྱལ་ཡོངས་ཀྱི་མཛེས་སྡུག་བག་ཕེབས་ཀྱི་ཞིང་སྡེ3དང་བག་ཕེབས་ཀྱི་ཞིང་ལས་རྟེན་གཞི13བསྐྲུན། ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་དང་རོང་འབྲོག་དམངས་ཀྱི་ཁེ་ཕན་མཉམ་སྦྲེལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། རྟ་ཐང་དང་གཞོང་ཐང་སོགས་རྫོང་ལྔ་རུ་ཁེ་ཕན་མཉམ་སྦྲེལ་གྱི་ཚོད་ལྟའི་གནས་དར་སྤེལ་བྱས་ནས། ནུས་ཤུགས་ཡོད་རྒུས་རོང་འབྲོག་པར་ཐོན་ལས་སྦྲེལ་ཐག་གི་རིན་སྤར་ཕན་འབྲས་ཡོངས་ཐོབ་ཏུ་བཅུག། ཞིང་ཕྱུགས་ལས་ཚན་རྩལ་གྲུབ་འབྲས་བེད་སྤྱོད་ལ་གྲུབ་འབྲས་གསར་བ་ཐོན་པ། སོན་བཟང་རྟེན་གཞིའི་འཛུགས་སྐྲུན་དང་ཕྱོགས་བསྡུས་ཞིང་ཕྱུགས་ལས་ཀྱི་ལག་རྩལ་བེད་སྤྱོད་དམ་འཛིན་བྱས་ཏེ། ཞིང་ལས་ལོ་ཏོག་གི་ས་བོན་གསར་བ་བརྒྱད་བཏོན་ནས། གཙོ་བོ་ས་བོན་རིགས31གསར་གཏོད་བྱས། སོན་བཟང་གི་ཁེབས་ཚད་བརྒྱ་ཆའི96.7ལ་སོན་ཞིང་། རིམ་བསགས་ཀྱིས་ཞིང་ལས་ལོ་ཏོག་གི་ས་བོན་རྟེན་གཞི་མུའུ་ཁྲི5568འཛུགས་སྐྲུན་བྱས་པ་དང་། ཞིང་ལས་ལོ་ཏོག་གི་སོན་བཟང་ཚོང་ཟོང་ཚད་བརྒྱ་ཆའི11ལ་བསླེབས། ཞིང་ཆེན་རིམ་པའི་ཞིང་ལས་ལོ་ཏོག་གྲོ་ཚང་གི་སོན་བཟང་རྟེན་གཞི་ཕལ་ཆེར་བསྐྲུན་ཚར། ནོར་གནག་དང་བ་གླང་9700དང་ར་ལུག་ཁྲི་16གསོ་སྐྱོང་བྱས། སྤུས་ལེགས་རྒྱུད་བཟང་བཞོན་མ2000ནང་འདྲེན་བྱས་ཏེ། རྒྱུད་བཟང་ལེགས་གསོའི་ངོས་སྔར་ལས་རྒྱ་བསྐྱེད་དེ། ཚད་གཞི་ཅན་གྱི་ནོར་གནག་གི་རྒྱུད་སྤེལ་ས20དང་མཚོ་སྔོན་བལ་ཤ་གཉིས་བཀོལ་གྱི་བལ་འཇམ་ལུག་རྒྱ་སྐྱེད་ཀྱི་རྟེན་གཞི་2འཛུགས་པར་རྒྱས་སྐྱོར་བྱས། རིགས་སོ་སོའི་སོན་ཕྱུགས་ར་བ་10གསར་སྐྲུན་བྱས་ཏེ། སོན་ཕྱུགས་ཀྱི་རྒྱུད་མཁོ་སྤྲོད་བྱེད་པའི་ནུས་ཤུགས་སྔར་ལས་མཐོར་འདེགས་སུ་བཏང་། རིམ་གསུམ་སྟེགས་བུའི་ནུས་ལྡན་གྱི་སྦྲེལ་མཐུད་འཐུས་ཚང་དུ་བཏང་སྟེ། གཙོ་ཁྲིད་ཟོག་རྒྱུད་དང་གཙོ་སྤེལ་ལག་རྩལ་དངོས་འབེབ་བྱེད་པར་སྐུལ་འདེད་བྱས་ནས། ནོར་གནག་དང་བོད་ལུག་གི་ཕན་མཐོའི་གསོ་སྐྱོང་ལག་རྩལ་གནད་དུ་སྨིན་པ་བྱུང་། དམངས་ཚོགས་ཀྱིས་ལས་སྐྲུན་གྱི་དང་མང་ཚོགས་ཀྱིས་འདུ་ཤེས་གསར་སྐྲུན་དེ་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་མངའ་ཁོངས་དང་དུམ་མཚམས་སོ་སོར་བསྲེས་ནས། དྲ་སྦྲེལ+དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་པོའི་ལས་སྟེགས་འཛུགས་སྐྲུན་དྲ་རྒྱ་ལག་བསྟར་བྱེད་འགོ་བརྩམས་ཏེ། “དྲ་སྦྲེལ+”ཀྱི་ཤེས་རིག་སོན་འདེབས་ལས་རིགས་དང་ཞིང་ཕྱུགས་ལས། ཉ་ལས།རྩྭ་ཐང་སོགས་ཆ་འཕྲིན་ཕན་ཚུན་གཏོང་རེས་དང་མཉམ་སྤྱོད་བེད་སྤྱོད་དར་སྤེལ་བྱས་ཏེ། དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱད་དེ་ཞིང་ཕྱུགས་ལས་ཀྱི་དབྱིབས་སྒྱུར་རིམ་སྤར་ལ་སྐུལ་འདེད་བྱས་པས། སྒུལ་ནུས་གསར་བ་བསྐྲུན། ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཅན་དང་དོ་དམ་ཞིབ་ཚགས་ཅན། ཐོན་སྐྱེད་རིག་ནུས་ཅན་བཅས་ལ་ཡར་རྒྱས་མངོན་གསལ་བྱུང་ཞིང་། སྔོ་ཚོད་དང་མིས་བཟོས་གཟན་ཆག། ཉ་ལས་ཐོན་སྐྱེད། གཞི་ཁྱོན་ཅན་གྱི་གསོ་སྐྱོང་རྟེན་གཞི་ཚང་མརGPSཡི་གནས་ཐིག་གཏན་ཁེལ་སྒྲིག་བཀོད་བྱས་པ་ལེགས་འགྲུབ་བྱུང་།
ཕྱོགས་བསྡུས་བཅོས་བསྒྱུར་ལ་གསོན་ཤུགས་གསར་བ་སྦྱིན་དགོས། རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་བསྒྱུར་འཆར་གཞི་ལག་ལེན་དོན་འཁྱོལ་བྱས་ཏེ་བཅོས་བསྒྱུར་གྱི་དོན་གནད་བདེ་བླག་ངང་ལག་ཏུ་བསྟར་དགོས། ས་ཞིང་དབང་གཏན་ཐོ་འགོད་དཔང་སྩོལ་མྱུར་སྤེལ་དང་གསར་བསྣན་རྫོང19ཡི་ཞིང་སྡེ་ས་ཞིང་བདག་གཉེར་དབང་ཆ་གཏན་ཁེལ་ཐོ་འགོད་དཔང་སྩོལ་བྱ་བ་སྤེལ་དགོས་པ་དང་། ས་ཞིང་བདག་གཉེར་དབང་ཆ་གཏན་ཁེལ་ཐོ་འགོད་དཔང་སྩོལ་ཞིང་ལས་རྫོང་གཙོ་བོ24ལ་ཁེབས་པ་དང་བདག་དབང་གཏན་ཁེལ་གྱི་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་རྨོ་སའི་བདག་གཉེར་རྒྱ་ཁྱོན་གྱི95%ཟིན་དགོས། སྔོན་དུ་རྒྱལ་ཁབ་སྤྱི་གླིང་དུ་རྩྭ་སའི་བདག་དབང་གཏན་ཁེལ་བདག་གཉེར་ཐོ་འགོད་ཚོད་ལྟའི་གནས་སྤེལ། ཞིང་སྡེ་ཐུན་མོང་གི་ཐོན་དབང་ལམ་ལུགས་བདེ་བླག་ངང་སྤེལ་ཞིང་། ཐུན་མོང་ལ་དབང་བའི་ལམ་ལུགས་ཕན་ལྡན་དུ་མངོན་འགྱུར་བྱུང་བའི་རྣམ་པ་འཚོལ་སྙེག་བྱས་ཏེ། སྟོང་སྐོར་རྫོང་གི་ཡུལ་ཚོ་གྲོང་རྡལ16གི་སྡེ་བ383དུ་ཁྱོན་ཡོངས་ནས་ཞིང་སྡེ་ཐུན་མོང་རྒྱུ་ནོར་མ་རྐང་དབང་ཆ་བཅོས་བསྒྱུར་ཆོག་པའི་ཚོད་ལྟའི་གནས་སྤེལ་བ་དང་། སྡེ་བ3དུ་ས་ཞིང་མ་རྐང་མཉམ་ལས་ཁང་ཐོ་འགོད་བྱས་ཏེ་བཙུགས། རྨོ་སའི་བཅོས་བསྒྱུར་ཁྱོན་ཡོངས་སུ་འགོ་བརྩམས། གཙང་གསུམ་མཐུན་ཚོགས་ཚད་ཡོད་འགན་ལེན་ཀུང་སི་དང་མཚོ་ནུབ་ཁུལ་ཞིང་ཕྱུགས་ཚད་ཡོད་ཀུང་སི་རུ་བཅོས་བསྒྱུར་ཚོད་ལྟ་སྤེལ་ཞིང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབྱིབས་གསར་རྨོ་ས་བསྐྲུན་པར་དམིགས་སུ་བཟུང་། རྒྱལ་དབང་ནགས་སའི་བཅོས་བསྒྱུར་ཟབ་མོ་བྱས་ཏེ། རྫོང་རིམ་པའི་རྒྱལ་དབང་ནགས་ས46ལ་བཅོས་བསྒྱུར་ལག་བསྟར་འཆར་གཞི་བསྒྲིགས། ཐུན་མོང་ནགས་དབང་བཅོས་བསྒྱུར་ཕན་འབྲས་སྲ་བརྟན་དང་ཇེ་མཐོར་བཏང་སྟེ། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཁུལ་དང་གཞོང་ཐང་རྫོང་ཐུན་མོང་ནགས་དབང་བརྗེ་སྤོ་ཞབས་ཞུ་སྟེགས་བུའི་ཚོད་ལྟའི་གནས་དང་ཞིང་བའི་ནགས་ལས་ཆེད་ལས་མཉམ་འབྲེལ་རྩ་འཛུགས་འཛུགས་སྐྲུན་རིམ་པ་བཞིན་སྤེལ། ཁྱོན་ཡོངས་སུ་སྤྱི་ཕན་ནགས་དོ་དམ་ལྟ་སྲུང་ནང་རྐྱེན་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། རྒྱལ་དབང་ནགས་ས102དང་རྫོང13གྱི་གྲོང་རྡལ180ནས་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་དོ་དམ་ལྟ་སྲུང་བྱ་དགའི་ཁ་གསབ་དཔྱད་ལེན་ཚོད་ལྟའི་གནས་སྤེལ་ཏེ་བྱ་དགའ་དང་ཆད་གཅོད་རྐྱེན་སྲོལ་འཛུགས་སྐྲུན་རྒྱལ་ཡོངས་སུ་སྔོན་དུ་སྐྱོད་བཞིན་ཡོད། སྲིད་ཇུས་རང་བཞིན་གྱི་ནགས་ཚལ་ཉེན་སྲུང་བྱ་བ་སྤེལ་ནས་འགན་སྲུང་རྒྱ་ཁྱོན་མུའུ་ཁྲི2367.05ལ་འགན་སྲུང་བཏང་། ཆུ་བེད་བཅོས་བསྒྱུར་སྤེལ་རིམ་བདེ་བླག་ཡིན། ཞིང་ཆེན་དོ་དམ་ཆུ་རྐའི་དོ་དམ་ཁྱབ་ཁོངས་འཛུགས་སྐྲུན་ལས་གཞི་དང་ཟེགས་འདོན་ཆོག་འཐུས་ཁུལ་དང་གྲོང་ཁྱེར་གྱིས་དོ་དམ་བྱེད་པར་བཅོལ། བཞུར་ཆུའི་ཐོན་དབང་ངེས་གཏན་ཚོད་གནས་འཆར་གཞི་དང་ཞིང་ལས་ཆུ་གོང་ཕྱོགས་བསྡུས་བཅོས་བསྒྱུར་ལག་བསྟར་འཆར་གཞི་བསྒྲིགས། ཧོར་གྲོང་རྫོང་ཧྲ་ཐང་རྨོ་འདེབས་ཁུལ་དང་མུན་ཡོན་རྫོང་ཧྭ་ཐུན་ཆུ་རུ་ཚོད་ལྟའི་གནས་སྤེལ། ཟི་ལིང་གྲོང་ཁྱེར་གྱི་ཆུ་རྒྱུན་ལམ་ལུགས་ཀྱི་ཆུ་རྐ་དོ་དམ་རྣམ་པ་ཁྱབ་གདལ་དུ་བཏང་། ཆུ་བེད་བཟོ་སྐྲུན་ཆུང་ངུའི་ཐོན་དབང་དང་ལྟ་སྲུང་གཙོ་ཕུང་གི་རྣམ་གྲངས1247དོན་འཁྱོལ་བྱས་ཏེ་ལོའི་བཅོས་བསྒྱུར་ལས་འགན་འགྲུབ། མཁོ་འཚོང་ཁང་གི་བཅོས་བསྒྱུར་ཚོད་ལྟའི་གནས་ཏན་ཏིག་ཏུ་སྤེལ། རྟ་ཐང་དང་ལུང་མདོ་རྫོང(ཁུལ)གིས་ཕྱོགས་བསྡུས་བཅོས་བསྒྱུར་ཚོད་ལྟའི་གནས་ལེགས་པོར་སྤེལ། སྟོང་སྐོར་རྫོང་ཞིང་སྡེ་གཞི་སའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་གནས་ཀྱི་གཞི་ས་དུད་ཁྱིམ85དང་མུའུ38.7ལ་ཆོག་མཆན་བཀོད། དེ་ནང་དུ་གསར་དུ་བསྣན་པ་དུད་ཁྱིམ50དང་མུའུ21.7ཡིན་ཞིང་གསོག་ཚད་དུད་ཁྱིམ35དང་མུའུ17ཡིན།
རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལ་ལེགས་བསྒྱུར་གསར་བ་ཐོབ། ཆུ་བེད་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་བདེ་བླག་ཡིན། རྟ་ཐང་གིས་སྟོང་སྐོར་ལ་རོགས་འདེགས་བྱ་བའི་ཆུ་འདྲེན་ཆུ་རྐ་ལོ་མཇུག་ལ་དངོས་སུ་ཆུ་འདྲེན་ཐུབ་པ་དང་ཙོང་ཆུའི་བྱང་རྒྱུད་ཀྱི་དུས་རིམ་དང་པོའི་བཟོ་སྐྲུན་ཁ་ཚང་སྐོར་ཞིག་གི་ལོའི་ལས་འགན་ཁྱོན་ཡོངས་སུ་འགྲུབ་དགོས་པ་དང་། རྨ་ཆུའི་ཆུ་རགས་དང་ཇི་འགག་ཆུ་བེད་གཙོ་བོ། རྨ་ཆུའི་རྒྱུད་ཀྱི་ཆུ་མཛོད་ཆེན་མོ་བཞིའི་ཆུ་འདྲེན་ས་ཁུལ། སྨར་སྐམ་གཞུང་ཆུ་མཛོད་སོགས་ཀྱི་འཛུགས་སྐྲུན་བདེ་བླག་ངང་སྤེལ། ཙོང་ཆུ་དང་ན་གོར་མོ་ཆུ་བོ་སོགས་ཡན་ལག་ཆུ་རྒྱུན་གཙོ་བོའི་རགས་འགོག་བཅོས་སྐྱོང་མྱུར་བར་ལག་བསྟར་དགོས། དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ཏན་ཏིག་ཏུ་སྤེལ་ཞིང་རྣམ་གྲངས39ཡི་ཞིང་སྡེ་འཐུང་ཆུ་བདེ་འཇགས་སྲ་བརྟན་ཡར་འདེགས་ལས་གཞི་ལག་བསྟར་བྱས། (རྫོང་ཁོངས་རེ་རེ་རུ།)མི་གྲངས་ཁྲི31.6ལ་ཕན་ཁེ་ཐོབ། དེའི་ནང་དུ་དབུལ་ཕོངས་མི་གྲངས་ཁྲི6.8ལ་ཕན་ཁེ་ཐོབ་ཡོད། རྫོང་རིམ་པ46གི་ཆུ་སྤུས་ལྟ་བཤེར་ལྟེ་གནས་ཡོངས་ཀྱི་འཛུགས་སྐྲུན་འགྲུབ་ནས་བེད་སྤྱོད་བྱས། ཆུ་འདྲེན་ས་ཁུལ་ཆེ་མ་ཆུང་གསུམ་གྱི་ཆུ་གྲོན་བཅོས་བསྒྱུར་དང་ཞིང་སྡེ་རྨོ་ཆུའི་ལས་གཞི་རྫོང་སོགས་ཀྱི་ཞིང་སའི་ཆུ་བེད་ལས་གཞི་མྱུར་བར་བསྐྲུན་ནས་ཕན་མཐོའི་ཆུ་གྲོན་གྱི་རྒྱ་ཁྱོན་ལ་མུའུ་ཁྲི16ཡོད། ཞིང་སྡེ་མི་སྡོད་ཁོར་ཡུག་མྱུར་བར་ལེགས་བསྒྱུར་བྱས་ཏེ། སྡེ་བ300རུ་སྒྲིག་གཞི་འཆར་འགོད་དང་སྡེ་བ་འཛུགས་སྐྲུན། ཉེན་ཁང་སླར་གསོ། ཁོར་ཡུག་བཅོས་སྐྱོང་། ས་ཞིང་ལེགས་བསྒྱུར་བཅས་སྤེལ་བ་དང་།ལས་དར་དམངས་ཕྱུག་གི་བཟོ་སྐྲུན་ཆེན་མོ་དྲུག་གཙོར་བཟུང་བའི་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བྱས། རིམ་པ་བཞིན་མཐོ་སྒང་གི་མཛེས་སྡུག་སྡེ་བ900འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་ཤིང་། འཛུགས་སྐྲུན་བཏང་དངུལ་སྒོར་དུང་ཕྱུར80.7འགྲུབ་པ་དང་རོང་འབྲོག་པ་མི་ཁྲི92.8ལ་ཕན་ཁེ་ཐོབ་པ་རེད།
དབུལ་སྐྱོར་མཁྲེགས་གཏོར་གྱི་འགྲོ་ལམ་གསར་བ་བསྙེག། དབུལ་སྐྱོར་མཁྲེགས་གཏོར་ནི་དོན་གནད་གལ་ཆེན་དང་དམངས་འཚོའི་བཟོ་སྐྲུན་དང་པོར་བཟུང་ནས་གཅིག་གྱུར་འཆར་འགོད་དང་གོང་འོག་གཅིག་སྦྲེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་མཁྲེགས་གཏོར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱི་ལ་དབུ་འཁྲིད་པར་རྒྱུན་འཁྱོངས་བྱས་ཏེ་ ཐོན་ཁུངས་རུབ་འདུས་དང་ཏན་ཏིག་ཏུ་སྐུལ་འདེད་བྱ་དགོས། རིམ་པ་སོ་སོའི་ལས་རིགས་སྡེ་ཁག་གིས་ནན་ཏན་དུ་དབུལ་སྐྱོར་མཁྲེགས་གཏོར་ལས་རིགས་ཀྱི་འོས་འགན་དང་དུ་བླངས་ནས་རང་འགུལ་དུ་བརྩོན་ལེན་བྱ་དགོས། དབུལ་སྐྱོར་མཁྲེགས་གཏོར་སྲིད་ཇུས་མ་ལག་ཁྱོན་ཡོངས་སུ་བསྐྲུན།ཁེབས་རྒྱ་ཆེ་ཞིང་སྣ་འཛོམས་རང་བཞིན་ལྡན་ལ། ཕན་འབྲས་མཐོ་བའི “1+8+10”རྣམ་པའི་དབུལ་སྐྱོར་མཁྲེགས་གཏོར་སྲིད་ཇུས་མ་ལག་གཏན་ལ་ཕབ་ཏེ་བཏོན་ཡོད། དབུལ་ཕོངས་ལས་ཐར་བ་དང་གྲུབ་འབྲས་དཔྱད་ལེན། སྡེ་སྡོད་རོགས་སྐྱོར། མ་དངུལ་ལྟ་འཛིན། ལྟ་བཤེར་ཞིབ་བཤེར་སོགས་ཀྱི་ཁག་ཐེག་རྐྱེན་སྲོལ་ཁ་ཚང་བསྐྲུན་ཞིང་། ཇུས་བསྟར་གནད་ཁེལ་གྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་དབུལ་སྐྱོར་མཁྲེགས་གཏོར་སྲིད་ཇུས་ཀྱི་ཁག་ཐེག་དྲ་རྒྱ་བཟོས། དབུལ་སྐྱོར་མཁྲེགས་གཏོར་གྱི་མདའ་མོ་གཟུ་མོར་འབེན་ལ་ཁེལ་དགོས། ཐིག་གཉིས་གཅིག་སྦྲེལ་གྱི་བྱ་བའི་བཀོད་སྒྲིག་དང་དབུལ་ཕོངས་མི་གྲངས་གསལ་འབྱེད་ཀྱི་ཚད་གཞི་ལྟར་ལྟ་བ་ལྔ་སྤྱད་དེ། གནད་ལ་འཁེལ་བའི་སྒོ་ནས་དབུལ་ཕོངས་དུད་ཁྱིམ16དང་མི་ཁྲི52གསལ་འབྱེད་བྱས་ནས་ཡོངས་སུ་ཆེས་དམའ་བའི་འཚོ་བའི་འགན་སྲུང་རོགས་སྐྱོར་ཁྱབ་ཁོངས་སུ་བདམས་ཤིང་། རྒྱལ་ཡོངས་སུ་སྔོན་དུ་དབུལ་སྐྱོར་དང་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་ཐིག་གཉིས་གཅིག་སྦྲེལ་མངོན་འགྱུར་བྱས།རྒྱལ་ཁབ་ཀྱི་དབུལ་སྐྱོར་གྲུབ་འབྲས་ཕྱོགས་གསུམ་པའི་དཔྱད་ལེན་ཁྲོད་དུ་རང་ཞིང་གི་དབུལ་ཕོངས་མི་གྲངས་གསལ་འབྱེད་ཡང་དག་གི་ཚད99.29%ལ་བསླེབས་ཡོད་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གནས1.7ཡར་འཕར། དབུལ་སྐྱོར་མཉམ་སྐྲུན་ཆུ་འདྲེན་སྦུ་གུ་བསྐྲུན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་གཙོ་འགན་འགོ་ཁྲིད་ཀྱི་སྔོན་དུ་དཔེ་སྟོན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད8ཀྱིས་ཁུལ་དང་གྲོང་ཁྱེར8ལ་ལྟ་སྐུལ་འགན་ལེན་མཛད། ཞིང་ཆེན་རིམ་པའི་འགོ་ཁྲིད39ཡིས་དབུལ་སྐྱོར་སྦྲེལ་གནས་རྫོང(གྲོང་ཁྱེར་དང་ས་ཁུལ)39ལ་འགན་ལེན་བྱས། ཞིང་ཆེན་ཡོངས་སུ་བསྡོམས་པས་འགོ་ཁྲིད་ལས་བྱེད་པའི་འབྲེལ་གནས1310བཙུགས། རིམ་པ་སོ་སོའི་སྡེ་སྡོད་དབུལ་སྐྱོར་ལས་ཁུངས་ཀྱིས་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་པ7865བདམས་ཏེ་མངག། ཏང་ཡོན་ལས་བྱེད་པ་ཁྲི10.9བཀོད་སྒྲིག་བྱས་ཏེ་ཁྱིམ་སྦྲེལ་དབུལ་སྐྱོར་བྱས། གཏིང་ཟབ་ཏུ་ཟུང་བརྒྱ་ཞེས་པའི་དབུལ་སྐྱོར་གནད་ཁེལ་འགུལ་སྐྱོད་སྤེལ། དམངས་གཉེར་ཁེ་ལས་དུད་ཁྱིམ247དང་དབུལ་ཕོངས་སྡེ་བ299བར་དབུལ་སྐྱོར་འབྲེལ་བ་བཙུགས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་རྣམ་པ་གསར་གཏོད་དང་འཐུས་ཚང་དུ་བཏང་། ཁྱིམ་ཚང་དུ་ཐོན་པའི་ལས་གཞི་དང་སྡེ་བའི་ཐུན་མོང་གི་དཔལ་འབྱོར། རྫོང་དབང་ཐོན་ལས་གླིང་བཅས་གཞི་གསུམ་གཅིག་སྦྲེལ་གྱི་དབུལ་སྐྱོར་ཐོན་ལས་ཁག་ཐེག་མ་ལག་བསྐྲུན་པ་དང་མ་དངུལ་སྒོར་དུང་ཕྱུར9.7བཏང་ཞིང་། རྫོང33གྱི་ཁྱིམ་སྐྱོར་ཐོན་ལས་ལས་གཞི་ལག་བསྟར་བྱས་ནས་དབུལ་ཕོངས་མང་ཚོགས་ཁྲི16.2སྣེ་འཁྲིད་དེ་ཁྱད་ལྡན་ཐོན་ལས་སྤེལ་དུ་འཆུགས། དབུལ་སྐྱོར་གནད་ཕིགས་ཀྱི་ཐོན་ལས་གླིང10དང་ལྗོངས་རྒྱུ་དབུལ་སྐྱོར་དཔེ་སྟོན་སྡེ་བ50ཡི་ལས་གཞི་བསྐྲུན། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ1622ཀྱིས་ཕན་ཚུན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བཀོད་སྒྲིག་ཡོངས་སུ་ཁེབས། ནུས་ཐོན་ཕན་མཐོ་དང་ཁྱད་པར་ཅན་གྱི་སྲིད་ཇུས་བྱེད་ཐབས་བཏོན་ཞིང་། ཚན་རིག་གི་བཀོད་སྒྲིག་ལྟར་གནས་སྤོ་དབུལ་སྐྱོར་ལྷན་དུ་སྤེལ། བཀོད་སྒྲིག་ཁང་བ21333གྱི་འཛུགས་སྐྲུན་ལས་མགོ་བརྩམས་ཤིང་ལས་མགོ་བརྩམས་ཚད100%ཡིན། ལས་རིགས་སུ་བཏང་བའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར65ཡས་མས་ཡིན། ཞིང་སྡེ་གཞུང་ལམ་སྤྱི་ལེ5500གསར་དུ་འཛུགས་སྐྲུན་བྱས། དབུལ་ཕོངས་ཁྱིམ་ཚང་ཁྲི1.41གི་ཉེན་ཁང་ཞིག་གསོའི་འཛུགས་སྐྲུན་ལས་མགོ་བརྩམས། དབུལ་སྐྱོར་རྩྭ་སྲུང་བ8623གསར་སྣོན་བྱས། དབུལ་ཕོངས་ཁྱིམ་ཚང་གི་ནགས་སྲུང་བ7729བཀོད་སྒྲིག་བྱས། མི་ཁྲི13.5ལ་གནས་སྐབས་དང་སྨན་བཅོས་རོགས་སྐྱོར་བྱས། དབུལ་ཕོངས་སྡེ་བ312ཀྱི་འཐུང་ཆུའི་བདེ་འཇགས་ཡར་འདེགས་བཟོ་སྐྲུན་དང་དབུལ་ཕོངས་སྡེ་བ108ཀྱི་གློག་དྲ་བཅོས་བསྒྱུར་ལས་གཞི། རྫོང7གྱི་རྒྱལ་ཡོངས་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞི་བཅས་ལག་བསྟར་བྱས། ཀྲུང་དབྱང་གི་གནས་གཏན་དབུལ་སྐྱོར་ལས་ཁུངས13གྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.12དོན་འཁྱོལ་བྱས། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རྫོང་རིམ་པའི་གནས་གཏན་དབུལ་སྐྱོར་ལས་ཁུངས2500ཡིས་ལས་རིགས་སོ་སོར་བཏང་བའི་མ་དངུལ་སྒོར་དུང་ཕྱུར10ལས་བརྒལ། ཟུང་བརྒྱའི་དབུལ་སྐྱོར་གནད་ཕིགས་ལས་འགུལ་དུ་དོན་འཁྱོལ་བྱས་པའི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར2ལ་བསླེབས་ཡོད།
རོང་འབྲོག་ཁུལ་གྱི་ལས་བྱེད་པའི་སྤྱོད་ལམ་ཇེ་ལེགས་སུ་སོང་། ཞིང་ལས་སུ་ཁ་ཕྱོགས་པའི་སྡེ་ཁག་སོ་སོའི་མུ་མཐུད་དུ་རང་སྟེང་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་དང་འོས་འགན་གཉིས་དོན་འཁྱོལ་བྱས་ཤིང་། ལྟ་རྟོག་སྒྲིག་ལམ་ལག་བསྟར་འགན་འཁྲི་རྩད་གཅོད་ཇེ་དྲག་ཏུ་བཏང་ནས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ཚུལ་ལྡན་ལ་གཟབ་ནན་མཛད། རྩ་འཛུགས་སྒོས་སློབ་གཉིས་བྱེད་གཅིག་གི་ཆེད་དོན་སློབ་གསོ་སྤེལ། གནས་པའི་གནད་དོན་བཙལ་ཏེ་དག་ཐེར་བྱས། སྲིད་གཙང་དབང་དག་ཡོང་བར་སྐུལ་འདེད་དང་སྲིད་འཛིན་མཆན་བཀོད་སྤྱོད་ལམ་ཚད་ལྡན་དུ་བཏང་། སྲིད་འཛིན་མཆན་བཀོད་དོན་དག་གི་དཀར་ཆག་སྤྱི་བསྒྲགས་བྱས། སྲིད་འཛིན་ཁྲིམས་བསྟར་གཙོ་ཕུང་ཚད་ལྡན་དུ་བཏང་བ་དང་ཁྲིམས་བསྟར་དཔུང་སྡེ་འཛུགས་སྐྲུན་དོ་དམ་ལེགས་པོ་བྱས། བསམ་བློའི་སློབ་གསོ་རྒྱུན་ལྡན་ཅན་དང་སྒྲིག་ལུགས་བྱེ་བྲག་ཅན་དུ་བཙུགས་ཏེ། ཏང་ཡོན་ལས་བྱེད་དཔུང་སྡེའི་ནུས་པའི་བྱང་ཚད་དང་སྣང་བརྙན་ཇེ་ལེགས་སུ་བཏང་།
2017ལོའི་ཡིག་ཆ་དང་པོའི་དགོངས་དོན་གཙོ་བོ།
བཅུ་གཅིག ཞིང་ལས་སུ་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྐྱུར་བྱ་བའི་གཙོ་གནད་ལ་ཡང་དག་པའི་གོ་བ་ཅི་ལྟར་ལོན་དགོས་སམ།
ལན། ཀྲུང་དབྱང་གི་ཞིང་སྡེ་ལས་དོན་གྲོས་ཚོགས་ལས་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་ནི་ཞིང་སྡེ་ལས་དོན་གྱི་གཙོ་གནད་དུ་འཛིན་དགོས་ཞེས་བཏོན་ཡོད། ཀྲུང་དབྱང་གི་ཞིང་སྡེ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱ་ཆེད། རྒྱལ་ཡོངས་ཞིང་སྡེ་ལས་དོན་གྲོས་ཚོགས་ཀྱིས་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་བྱེ་བྲག་གི་བཀོད་སྒྲིག་མཛད། གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་གཅིག་གྱུར་དང་ཤེས་རྟོགས་ཟབ་མོ་ལོན་པ་ནི་ད་སྔ་དང་རྗེས་ཕྱོགས་ཀྱི་དུས་རིམ་ཁྲོད་ཞིང་ལས་ཞིང་སྡེ་ལས་དོན་ལེགས་པོར་སྤེལ་བར་དོན་སྙིང་གལ་ཆེན་ལྡན།
མཁོ་འདོན་ལ་ཕྱོགས་པའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཛམ་གླིང་དཔལ་འབྱོར་གནས་བབ་དང་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཕྱོགས་བསྡུས་སུ་ཞིབ་འཇུག་གཏན་འབེབ་སྒོས་བཏོན་པའི་ཚན་རིག་གི་ཞུན་སྦྱངས་དང་ཇུས་གཞི་གལ་ཆེན་རེད། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ནི་མཁོ་འདོན་ལ་ཕྱོགས་པའི་བཅོས་བསྒྱུར་གྱི་ནང་དོན་གལ་ཆེན་ཡིན་ལ་གནད་འགག་གི་ལས་རིམ་ཞིག་ཀྱང་ཡིན། འདས་ཟིན་པའི་ལོ་ངོ་དུ་མའི་རིང་ལ་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་བླ་མེད་བླངས་ནའང་ད་དུང་འགལ་ཟླ་དང་དངོས་ཡོད་ཀྱི་དཀའ་གནད་ཡོད་དེ། ཞིང་ལས་ཐོན་རྫས་མཁོ་འདོན་སྒྲིག་གཞི་དོ་མི་མཉམ་པ་དང་རྒྱུ་ཆའི་སྡེབ་སྦྱོར་ཚུལ་མཐུན་མིན་པ། ཞིང་ལས་འགྲན་རྩོད་སྙོམ་པ། ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཆེ་བ་སོགས་ཀྱི་གནད་དོན་མངོན་ཡོད་ཕྱིར་མཁོ་འདོན་སྒྲིག་གཞི་རང་བཞིན་ལ་བཅོས་བསྒྱུར་ཧ་ཅང་མཁོ། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ད་སྔ་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་དང་དབྱིབས་བསྒྱུར་ཡར་འདེགས་དགོས་པའི་ལོ་རྒྱུས་ཀྱི་དུས་རིམ་ལ་བསླེབས་ཡོད། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་ཕན་ལྡན་གྱི་ཆ་རྐྱེན་དང་ཐོབ་དཀའ་བའི་གོ་སྐབས་གང་མང་དང་འཕྲད་ཡོད། ཞིང་ལས་སུ་ལོ་རྒྱུན་ལོ་ལེགས་བྱུང་ནས་བཅོས་བསྒྱུར་བྱ་ཕྱིར་དངོས་པོའི་རྨང་གཞི་བརྟན་པོ་བཏིངས་ཡོད། འཛད་སྤྱོད་སྒྲིག་གཞི་ཇེ་ལེགས་སུ་སོང་ནས་བཅོས་བསྒྱུར་ཆེད་དུ་འདེགས་ཤུགས་ཆེན་པོ་བཏོན་ཡོད། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་རར་མཐུན་སྦྱོར་ལེགས་པོ་བྱས་ཏེ་བཅོས་བསྒྱུར་སླད་དུ་བར་སྟོང་ཆེན་པོ་ཕྱེས་ཡོད། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་ནི་གནས་བབ་ཀྱིས་སྐུལ་བ་ཡིན་ལ་བརྩོན་པར་དེ་ལས་ཀྱང་རག་ལས་ཡོད། ང་ཚོས་གོ་སྐབས་དམ་འཛིན་དང་གནས་བབ་དང་བསྟུན་ནས་ཡར་སྐྱེད་བརྩོན་ལེན་བྱས་ཚེ། ཞིང་ལས་སུ་སྔར་ལས་ལྷག་པའི་གྲུབ་འབྲས་དཔེ་མེད་ལོན་ཐུབ་པ་རེད། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ནི་ད་སྔའི་ཞིང་ལས་མཁོ་འདོན་སྒྲིག་གཞི་དོ་མི་མཉམ་པར་ཁ་གསབ་བྱེད་པའི་གདམ་ཀ་ཉག་གཅིག་ཡིན་ལ། ཞིང་ལས་ཕྱོགས་བསྡུས་ཕན་འབྲས་ཇེ་ལེགས་སུ་གཏོང་བ་དང་འགྲན་རྩོད་ཇེ་དྲག་ཏུ་གཏོང་བའི་རྒྱུ་ལམ་ཉག་གཅིག་ཀྱང་ཡིན། ཞིང་ལས་མཁོ་འདོན་མ་ལག་ལེགས་བསྒྱུར་དང་ཕན་འབྲས་ཇེ་མཐོར་གཏོང་བར་དམིགས་དགོས་ལ། ཞིང་བའི་ཡོང་སྒོ་བསྟུད་མར་འཕར་བར་རྐང་ཡང་ཚུགས་དགོས། བཅོས་བསྒྱུར་དང་འབྲེལ་བའི་ཁྱབ་རྒྱ་ཧ་ཅང་ཆེ་བས་ངེས་པར་དུ་གཙོ་གནད་དམ་འཛིན་དང་གནད་ཁེལ་ཤུགས་འདོན་བྱ་དགོས། བརྩོན་པ་སྒྲིག་གཞིའི་སྡེབ་བཀོད་སྟེང་བཀོལ་བ་དང་ནུས་ཤུགས་བཅོས་བསྒྱུར་གསར་གཏོད་ཐོག་སྤྱོད་དགོས། 2017ལོའི་གནས་བབ་དང་ལས་འགན་ལ་དམིགས་ཏེ་གཙོ་བོར་སྐུལ་འདེད་བཞི་དང་གཏན་འཇགས་གཅིག་ལེགས་པོར་སྤེལ་དགོས། སྒྲིག་གཞིའི་སྡེབ་བཀོད་ལ་སྐུལ་ནས་གཙོ་བོར་མ་རྨོས་ལོ་ཏོག་གི་སོན་བཟང་གསོ་འདེབས་བྱེད་པའི་དུས་མཚུངས་སུ་ཕག་ལེགས་པོར་གསོ་བ་དང་འོ་མའི་ཐོན་སྐྱེད་ལེགས་པོ་བྱ་དགོས། ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་ཚོད་འཛིན་གཅིག་དང་འཕྲི་བ་གཉིས་རྨང་གཞི་གསུམ་ཞེས་པ་རྐྱང་རྐྱང་ལ་དམིགས་ཤིང་། འབྱུང་ཁུངས་འབག་བཙོག་བཅོས་སྐྱོང་འཐབ་འཛིང་ལས་རྒྱལ་དགོས། གསར་གཏོད་ཀྱི་སྒུལ་ཤུགས་ལ་སྐུལ་ཏེ་གཙོ་བོར་ཞིང་ལས་ཚན་རིག་ཅན་དུ་ཁྱབ་གདལ་གཏོང་དགོས། ཞིང་སྡེ་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ཏེ་དབང་གསུམ་དབྱེ་བཀོད་བསམ་འཆར་དོན་འཁྱོལ་བྱས་ནས་ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་དགོས། གཙོ་ཕུང་གསར་བ་མྱུར་བར་གསོ་སྤེལ་དང་འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་དུ་བཏང་སྟེ།འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གཙོ་བོའི་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་འགོ་རྩོམ་དགོས། ས་གནས་ཀྱི་ཞིང་ལས་འབྲུ་རིགས་གཙིགས་འཛིན་གྱི་ཧུར་བརྩོན་རང་བཞིན་ལ་སྲུང་སྐྱོང་དང་སྐུལ་སློང་དགོས།
ཁྱད་པར་དུ་ནན་བཤད་དགོས་པ་ཞིག་ལ་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ནི་ངེས་པར་དུ་ནམ་ཡང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡིན་པར་ཁག་འགན་ལེན་ཐུབ་པའི་རྨང་གཞིའི་སྟེང་སྤེལ་བར་རྒྱུན་འཁྱོངས་བྱ་དགོས། ང་ཚོས་ད་སྔ་སྒྲིག་གཞིའི་སྡེབ་བཀོད་བྱེད་པ་ནི་སྔོན་ཆད་འབྲུ་རིགས་ལ་དམ་འཛིན་བྱས་པ་ནོར་སོང་བ་མ་ཡིན་པར། ལོ་རྒྱུན་ལོ་ལེགས་བྱུང་ནས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་འཕར་བྱུང་ཞིང་། ང་ཚོས་སྒྲིག་གཞིའི་རང་བཞིན་ཅན་གྱི་བཅོས་བསྒྱུར་ཆེད་དུ་འཐབ་ཇུས་ཀྱི་བར་སྟོང་ཕྱེས་པ་དང་འཐབ་ཇུས་ཀྱི་ནུས་ཤུགས་ཡར་འདེགས། འཐབ་ཇུས་ཀྱི་འཕེལ་ཡུན་སྐྱེད་ཕྱིར་ཡིན་པས་ང་ཚོར་སེམས་ཁུར་མེད་པར་བཟོས། སྒྲིག་གཞི་སྡེབ་བཀོད་བྱས་པའི་ཚེ་ནའང་འབྲུ་རིགས་ཀྱི་ཐོན་ཚད་མི་དགོས་པ་མ་རེད། ད་སྔ་རང་རྒྱལ་དུ་འབྲུ་རིགས་ཐོན་སྐྱེད་ཀྱི་གནད་དོན་གཙོ་བོ་ནི་སྒྲིག་གཞིའི་རང་བཞིན་གྱི་གནད་དོན་ཡིན། སྡེབ་བཀོད་ཀྱི་གཙོ་གནད་ཀྱང་མ་རྨོས་ལོ་ཏོག་གི་སོན་བཟང་སྤེལ་བ་སོགས་འདོན་པའི་མཁོ་བ་བསྐངས་མ་ཐུབ་པའི་འབྲུ་རིགས་ཀྱི་རིགས་རེད། ཁོངས་བརྒལ་གསོ་སྤེལ་སོགས་མཐའ་མར་ཐོན་ནུས་མེད་པར་བཟོ་བའི་འབྲུ་རིགས་སྤྱིའི་ཐོན་ཚད་སྡེབ་འཕྲི་རྐྱང་རྐྱང་ལ་གོ་བ་ལེན་མི་རུང་བ་མ་ཟད་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་ནུས་པར་གནོད་པ་བཟོ་མི་རུང་ཞིང་། གཅིག་འཕྲི་ཡོངས་འཐེན་ལ་གཏན་འགོག་བྱས་ནས་སྤྱི་ཕན་ནུས་པ་གྲུབ་དགོས། མཁོ་འདོན་ལ་ཕྱོགས་པའི་བཅོས་བསྒྱུར་བྱེད་པ་ཡང་སྤྱི་ཁོག་སྙོམ་སྒྲིག་ལྷོད་དགོས་པ་དང་སྲིད་གཞུང་གི་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་མི་དགོས་པ་བཅས་མི་མཚོན་ཞིང་། ལྷག་པར་དུ་ནོར་སྲིད་ཀྱི་རྒྱབ་རྟེན་དོར་བ་མིན། སྲིད་གཞུང་གི་དངུལ་གཏོང་འཕར་སྣོན་དགོས་སར་འཕར་སྣོན་དགོས་པ་དང་ཞིང་བར་ཁ་གསབ་སྟེར་འོས་པར་ཇི་བཞིན་སྟེར་དགོས། སྙོམ་སྒྲིག་ཚོད་འཛིན་དགོས་སར་བསྟུད་མར་སྙོམ་སྒྲིག་ཚོད་འཛིན་བྱ་དགོས། གཙོ་བོར་ཇི་ལྟར་སྙོམ་སྒྲིག་དང་གང་ལྟར་ཁ་གསབ་དགོས་པའི་གནད་དོན་ཐག་གཅོད་ལེགས་པོ་བྱ་དགོས།
མདོར་དེད་ན་མཁོ་འདོན་ལ་ཕྱོགས་པའི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ནས་ཅི་ལྟར་བསྒྱུར་རུང་། ཞིང་ལས་རྒྱས་པ་དང་ཇེ་དྲག་ཏུ་གཏོང་བའི་དགོངས་གཞི་བསྒྱུར་མི་རུང་། དུས་ནམ་ཡིན་རུང་ཞིང་ལས་གཙིགས་འཛིན་མི་བྱ་བ་དང་ཞིང་བ་བརྗེད་པ། ཞིང་སྡེ་གནད་དུ་མི་འཛིན་པ་བཅས་བྱ་མི་རུང་། ངེས་པར་དུ་ནམ་ཡིན་ཡང་རུང་གལ་ཆེན་ནང་གི་དོན་ཆེན་གྱི་འཐབ་ཇུས་ལ་གཡོ་འགུལ་ཐེབས་མི་རུང་། ཞིང་ལས་རྒྱས་དྲག་ཕྱུག་གསུམ་གྱི་སྲིད་ཇུས་རྒྱུན་འཁྱོངས་དང་ཞིང་སྡེ་ཁྱོན་ཡོངས་འབྱོར་འབྲིང་ལ་སྐྱོད་པར་སྐུལ་འདེད་བྱེད་པར་རྒྱུན་འཁྱོངས་བྱེད་པ་ལྷོད་མི་རུང་། ཇི་ལྟར་བསྒྱུར་ཡང་རུང་ངེས་པར་དུ་འབྲུ་རིགས་ཐོན་ནུས་མར་མི་ཆག་པ་དང་ཞིང་བའི་ཡོང་སྒོ་འཕར་བའི་རྣམ་པ་མི་འགྱུར་བ། ཞིང་སྡེའི་འཆམ་མཐུན་བརྟན་བརླིང་ལ་གནད་དོན་མི་འབྱུང་བ་བཅས་ལ་ཁག་ཐེག་བྱ་དགོས། བརྟན་པ་ཁག་ཐེག་ཐུབ་པའི་སྔོན་འགྲོ་འོག། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་སྡེབ་བཀོད་དང་བཅོས་བསྒྱུར་ཟབ་མོ་བྱེད་པའི་ཁྱབ་ཁོངས་སུ་ཡར་སྐྱེད་དགོས་ཤིང་། ཚད་ལ་གདང་ཚོད་ཡོད་པའི་སྔོན་འགྲོ་འོག་ཧུར་ཐག་འབད་འབུངས་བྱ་དགོས།
བཅུ་གཉིས། མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་བྱ་བའི་སྲིད་ཇུས་ཀྱི་དོན་སྙིང་ག་འདྲ་ཡིན་ནམ།
ལན། མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་མཚོན་ན་རང་རྒྱལ་གྱི་དོན་དངོས་ལས་བཤད་ན། མཁོ་འདོན་ལ་ཕྱོགས་པ+སྒྲིག་གཞིའི་རང་བཞིན+བཅོས་བསྒྱུར་ཞེས་པའི་སྤྱི་འགྲོས་ལྟར་གོ་བ་ལོན་དགོས། དེ་ཡང་མཁོ་འདོན་སྤུས་ཚད་མཐོར་འདེགས་ནས་འགོ་རྩོམ་དགོས་པ་དང་། བཅོས་བསྒྱུར་གྱི་བྱེད་ཐབས་སྤྱད་དེ་སྒྲིག་གཞིའི་སྡེབ་བཀོད་ལ་སྐུལ་འདེད་དགོས། རྒྱུ་ཆ་ལེགས་འདེམས་དང་ཀྱག་ཀྱོག་ཡོ་བསྲང་། ཕན་ལྡན་མཁོ་འདོན་རྒྱ་སྐྱེད་བཅས་བྱ་དགོས། མཁོ་འདོན་སྒྲིག་གཞིས་དགོས་མཁོའི་འགྱུར་ལྡོག་ལ་འཕྲོད་པའི་རང་བཞིན་དང་གསོན་ཉམས་དོད་པའི་རང་བཞིན། རྒྱུ་ཆའི་ཐོན་སྐྱེད་ཚད་བཅས་ཇེ་མཐོར་གཏང་དགོས། ཆེས་ལྷག་པའི་སྒོ་ནས་རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་དགོས་མཁོ་བསྐང་དགོས། དཔལ་འབྱོར་སྤྱི་ཚོགས་བསྟུད་མར་བདེ་ཐང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས། མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་ནི་དགོས་མཁོ་འཕྲི་འཐེན་བྱེད་པ་མ་རེད། མཁོ་སྤྲོད་དང་དགོས་མཁོ་གཉིས་ལྷན་དུ་འཛིན་དགོས་ཀྱང་གཙོ་ཕལ་གྱི་དབྱེ་བ་ཤེས་དགོས། ད་སྔ་མཁོ་འདོན་སྒྲིག་གཞི་ལེགས་བསྒྱུར་བྱེད་པ་གནད་སར་འཛིན་པའང་འཆར་གཞི་དཔལ་འབྱོར་གསར་བ་མིན་ཞིང་། ཚོང་ར་ནི་ཐོན་ཁུངས་སྡེབ་བཀོད་ཁྲོད་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ཆེས་ལྷག་པ་འདོན་ཆེད་ཡིན། སྲིད་གཞུང་གི་དབང་ཤུགས་མཐའ་མཚམས་གསལ་འབྱེད་དགོས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། སྤྱི་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུན་པ་ལྔའི་བླང་བྱ་ལྟར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་འཕྲོད་པར་བྱེད་པ་དང་། སྤྱི་ཁོག་གི་སྲིད་ཇུས་བརྟན་པ་དང་ཐོན་ལས་སྲིད་ཇུས་གནད་དུ་ཁེལ་བ། བྱེ་བྲག་གི་སྲིད་ཇུས་གསོན་ཉམས་དོད་པ།བཅོས་བསྒྱུར་སྲིད་ཇུས་དོན་དངོས་ཡིན་པ། སྤྱི་ཚོགས་སྲིད་ཇུས་མཐའ་འཁྱོལ་བ་བཅས་ཀྱི་སྤྱིའི་རིག་ལམ་ལག་བསྟར་དགོས། ཐོན་ནུས་ལེན་པ་དང་མཛོད་ཉར་ལེན་པ། གཞི་རྐང་ལེན་པ། མ་རྩ་མར་འཕྲི་བ། མི་འདང་བ་ཁ་གསབ་སོགས་ལས་འགན་གཙོ་བོ་ལྔར་དམིགས་ཏེ། མཐའ་འཁྱོལ་བར་སྒྲུབ་པ་དང་སྙིང་སྟོབས་ཆེན་པོས་བསྒྲུབ་པ། ཏན་ཏིག་ཏུ་བསྒྲུབ་པ། གནད་ཕིགས་སྒོས་བསྒྲུབ་པ། བསྟུད་མར་མདུན་སྐྱོད་བཅས་ཀྱི་སྒོ་ནས་བསྒྲུབ་དགོས།
བཅུ་གསུམ། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལས་བསྟན་པའི་མཛོད་ཉར་ལེན་པ་དང་མ་རྩ་མར་འཕྲི་བ། མི་འདང་བ་ཁ་གསབ་བཅས་ལ་གོ་བ་ཅི་ལྟར་ལོན་དགོས་སམ།
ལན། མཛོད་ཉར་ལེན་པ་ཞེས་པི་ནི་ཐོན་རྫས་འབོར་ཆེན་མཛོད་ཉར་ཚད་མྱུར་བར་བཀོལ་གཏོང་དགོས། ད་སྔ་རང་རྒྱལ་གྱི་འབྲུ་རིགས་སོགས་མཛོད་དུ་ཉར་ཚད་མང་དྲགས་ཤིང་སྤྱིའི་ཉར་ཚད་རྒྱ་མ་དུང་ཕྱུར་ཁྲི་ལས་བརྒལ་ཡོད། དེའི་ཁྲོད་དུ་མ་རྨོས་ལོ་ཏོག་མཛོད་དུ་ཉར་བ་རྒྱ་མ་དུང་ཕྱུར4000ལས་བརྒལ་ཡོད། ཚོང་རའི་རིན་གོང་ཚུལ་མཐུན་ཆུ་ཚད་ལ་གནོད་པ་མ་ཟད་ལོ་རེར་ཁེ་སྤོགས་འགྲོ་གྲོན་ཁ་གསབ་ཆེན་པོ་གཏོང་དགོས། དུས་ཡུན་རིང་བོར་ཉར་འཇོག་བྱས་རྐྱེན་སྤུས་ཚད་མར་ཆག་པ་དང་ཁེ་གྱོང་ཆེན་པོ་བཟོ་བར་བྱེད་པ་ལ་གོ། མ་རྩ་མར་འཕྲི་བ་ནི་འཕེལ་རྒྱས་འོས་འཚམ་གྱི་ཚད་གཞིའི་གཞི་ཁྱོན་བདག་གཉེར་དང་ལུད་རྫས་ཞིང་སྨན་སོགས་ཚུལ་མཐུན་མིན་པར་བཀོལ་བ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་བ་སོགས་བརྒྱུད་དེ་ཞིང་ལས་ཐོན་སྐྱེད་མ་རྩ་མར་འཕྲི་བ་དང་ཞིང་ལས་ཕན་འབྲས་ཇེ་མཐོ་དང་ཞིང་ལས་ཐོན་རྫས་ཀྱི་འགྲན་རྩོད་ཇེ་དྲག་ཏུ་གཏོང་བ་ལ་གོ། མི་འདང་བ་ཁ་གསབ་ནི་ཞིང་ལས་རྨང་གཞི་སྒྲིག་ཆས་སོགས་ཞིང་ལས་མཁོ་འདོན་གྱི་མི་འདང་སར་ཤུགས་སྣོན་བྱས་ཏེ། ཚོང་རར་དཀོན་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པར་ཤུགས་སྣོན་པ་ལ་གོ
བཅུ་བཞི། ཞིང་ལས་སྒྲིག་གཞི་ཅི་ལྟར་ལེགས་སྡེབ་ལེགས་བཀོད་བྱ་དགོས་སམ།
ལན། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ནི་མ་ལག་གི་བཟོ་སྐྲུན་ཞིག་ཡིན། དེའི་ཁྲོད་དཀྱིལ་སྙིང་གི་ལས་འགན་དང་པོ་ནི་སྒྲིག་གཞིའི་བཀོད་སྒྲིག་ཡིན་ལ།ཞིང་ལས་སྒྲིག་གཞི་ལེགས་སྡེབ་ལེགས་བཀོད་བྱེད་པ་དེ་ཡིན། ཚོང་རའི་དགོས་མཁོ་ལ་ཁ་ཕྱོགས་ནས་ཐོན་རྫས་ཀྱི་སྒྲིག་གཞི་ལེགས་བསྒྱུར་བྱ་དགོས། ཞིང་ལས་ཐོན་རྫས་མཁོ་འདོན་སྒྲིག་གཞི་དོ་མཉམ་ཤོར་བའི་རྩ་བ་ནི་ཐོན་སྐྱེད་དགོས་མཁོའི་འགྱུར་བར་མ་འཕྲོད་པ་དེ་རེད། འཚོ་བའི་ཁ་རྒྱབ་ཀྱི་དཀའ་ཁག་ལས་ཐར་རྗེས་མི་རྣམ་པས་ཟས་རིགས་ལ་གོ་བ་ལེན་སྟངས་ནི་བཟའ་ཆས་དཀྱུས་མ་ནས་ལྟོ་གོས་གཉིས་འཛོམས་དང་ལྟོ་བ་འགྲང་ཐབས་ནས་འགྲོ་རྟ་ཐོག་དང་ཟས་སྡེར་ཐོག་གི་གནས་སུ་ཕྱིན་ཡོད། ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་ཡང་དགོས་མཁོ་ཡི་འགྱུར་ལྡོག་གི་རྗེས་ཆོད་དགོས།མ་འོངས་པའི་དུས་རིམ་ཁྲོད་དུ་འབྲུ་རིགས་བརྟན་བརླིང་དང་སོན་བཟང་གསོ་སྤེལ། གཟན་རིགས་རྒྱ་སྐྱེད་ཀྱི་གཞི་རྩའི་རིག་ལམ་ལྟར། འབྲུ་གཟན་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྒྱུད་གསུམ་གསོ་འདེབས་སྒྲིག་གཞི་མྱུར་བར་བསྐྲུན་དགོས། འབྲུ་རིགས་བརྟན་བརླིང་ནི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་ཡིན། ལྷག་པར་དུ་འབྲས་དང་གྲོ་སོགས་ཟས་རིགས་ཐོན་རྫས་ངེས་པར་དུ་བདེ་འཇགས་ཡིན་དགོས་པའི་དུས་མཚུངས་སུ་གཙོ་བོར་འབྲས་དང་གྲོ། སྲན་མ་སོགས་དགའ་བསུ་ཐོབ་པའི་ཟས་རིགས་ཀྱི་རྒྱུད་བཟང་གསོ་སྤེལ་དགོས། ལེགས་བསྒྱུར་རུ་དཔལ་འབྱོར་ལོ་ཏོག་ཐོན་རྫས་ལེགས་བསྒྱུར་དང་འདེབས་ཁོངས་ལེགས་འདེམས་བྱ་དགོས། ཐོན་སྐྱེད་ཁུལ་གྱི་སྲིང་བལ་དང་སྣུམ་རྫས། མངར་ཆའི་ལོ་ཏོག་རིགས་ཐོན་སྐྱེད་ལེགས་པོ་བྱས་ཏེ། ལག་རྩལ་གླིང་ཁུལ་གྱི་ལོ་ཏོག་རིན་འཕར་ཕན་མཐོར་སྐུལ་འདེད་དགོས། གཟན་རིགས་རྒྱ་སྐྱེད་ནི་གསོ་སྤེལ་རིགས་གཏན་ཁེལ་གྱི་རྩ་དོན་ལྟར་མ་རྨོས་ལོ་ཏོག་སྔོ་གཟན་སྙོལ་བའི་རྒྱ་སྐྱེད་པ་དང་རྩྭ་བསུང་རྒྱ་སྤོས་སོགས་རྒྱུད་ལེགས་ཕྱུགས་རྩྭ་ཐོན་སྐྱེད་དགོས། སྐོར་འདིར་སྒྲིག་གཞིའི་རང་བཞིན་གྱི་ཉར་ལྷག་བྱུང་བ་གཙོ་བོ་མ་རྨོས་ལོ་ཏོག་ཡིན་ལ། མ་རྨོས་ལོ་ཏོག་གི་བྱེད་ནུས་གཙོ་བོའང་གཟན་ཆས་ཡིན། འདི་ལྟར་གསོ་འདེབས་བྱེད་པ་ལས་ཕྱུགས་ལས་དགོས་མཁོ་ལ་ཐད་ཀར་དུ་བསྟུན་ནས་མ་རྨོས་ལོ་ཏོག་གི་གསོ་འདེབས་ཉུང་འཕྲི་དང་ཕྱུགས་རྩྭའི་འདེབས་རྒྱ་སྐྱེད་དེ་འབྲུ་རིགས་གཟན་ཆས་གཅིག་གྱུར་དུ་ཕྱུགས་ལས་དང་སྦྲེལ་བར་སྐུལ་འདེད་དགོས། ཐོན་ཁུངས་ཀྱི་ལེགས་ཆ་ནི་རྐང་ཚུགས་ས་བྱས་ཏེ་མངའ་ཁོངས་ཀྱི་སྒྲིག་གཞི་ལེགས་བསྒྱུར་བྱ་དགོས། ཞིང་ལས་ཐོན་ལས་གཞན་དང་མི་མཚུངས་ཤིང་ཐོན་ཁུངས་དང་ཁོར་ཡུག་ལ་བསྟུན་པའི་རང་བཞིན་ལྡན། ཧའེ་ཧྲན་ཞོག་ཁོག་སྨན་རྫས་དུ་བཀོལ་ཆོག་ལ་སྤྱིར་བཏང་གི་ཞོག་ཁོག་ཚལ་རིགས་ཁོ་ནར་བཀོལ་ཆོག ཆེས་འོས་འཚམ་གྱི་གནས་སུ་འོས་འཚམ་གྱི་ཐོན་རྫས་གསོ་འདེབས་བྱེད་པ་ནི་རང་བྱུང་སྐྱེ་ཁམས་སུ་སྐྱེ་དངོས་གདམ་ཀའི་རྒྱུ་རིམ་ཡིན་ལ། འགྲོ་བ་མིས་རྨོ་འདེབས་ཀྱི་ཤེས་རབ་ལས་བྱུང་བའི་ཐོན་དངོས་ཀྱང་ཡིན། ད་ལྟའི་སྒྲིག་གཞིའི་སྡེབ་བཀོད་ཁྲོད་སྔར་བཞིན་ཆོས་ཉིད་འདི་དང་བསྟུན་དགོས། ཀྲུང་དབྱང་གི་ཞིང་སྡེ་ལས་དོན་གྲོས་ཚོགས་ལས་བསྟན་པ་ལྟར་ན། གླིང་ཁུལ་གསུམ་འཛུགས་སྐྲུན་ལེགས་པོ་བྱ་དགོས་ཏེ། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ས་ཁུལ་ནི་ས་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་ལེགས་པ་དང་རྨང་གཞིའི་སྒྲིག་ཆས་འཐུས་ཚང་བ་མ་ཟད། མུ་འབྲེལ་གྱི་ས་ཁོངས་ཅན་འདེམས་དགོས། འབྲས་དང་གྲོ། མ་རྨོས་ལོ་ཏོག་སོགས་འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ས་ཁོངས་དབྱེ་འབྱེད་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་ནུས་པ་མཐོར་འདེགས་དང་སྲུང་སྐྱོང་བྱ་དགོས། ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་སྲུང་སྐྱོང་ཁོངས་ནི་སྲན་མ་དང་སྲིང་བལ། སྐེ་ཚེ། མངར་ཆའི་བུར་ཤིང་། རང་བྱུང་འགྱིག་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་སྲུང་སྐྱོང་ཁོངས་བསྐྲུན་ནས་ཐོན་སྐྱེད་ཆ་རྐྱེན་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ་ཞིང་བའི་འཕེལ་རྒྱས་ཐོན་སྐྱེད་ལ་རྒྱབ་སྐྱོར་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆའི་ཁོངས་ནི་མྱུར་བར་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ས་ཁོངས་སུ་འཆར་འགོད་འཛུགས་སྐྲུན་དང་གདེང་འཇོག་ཚད་གཞི་བསྐྲུན་པ་དང་། ལག་རྩལ་མ་ལག་གསར་གཏོད། རོགས་སྐྱོར་སྲིད་ཇུས་བཅས་འདོན་དགོས། ས་གནས་སོ་སོར་གླིང་ཁུལ་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས། ཆུའི་ཐོན་རྫས། ནགས་ལས་ཁྱད་ལྡན་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁོངས་བསྐྲུན་པར་གཟེངས་བསྟོད་བྱས་ཏེ། ཐོན་ལས་གཅིག་བསྡུས་ཚད་དང་ཞབས་ཞུ་འཐུས་ཚང་གི་ཁག་ཐེག་ཆུ་ཚད་ཇེ་མཐོར་གཏོང་དགོས། འོས་འཚམ་འཆར་འགོད་གཞི་རྩར་བཟུང་ནས་བདག་གཉེར་སྒྲིག་གཞི་ལེགས་བསྒྱུར་བྱ་དགོས། བདག་གཉེར་སྒྲིག་གཞིས་ཚད་མཐོན་པོའི་སྟེང་ནས་མཁོ་འདོན་སྒྲིག་གཞི་ལ་ཤུགས་རྐྱེན་འཇོག་སྲིད། འཛམ་གླིང་དཔལ་འབྱོར་གཞི་གཅིག་ཅན་དུ་འཕེལ་བའི་དུས་སྐབས་འདིར།ཨ་རིའི་ཡེ་ལི་ནའོ་ཡའེ་ཁུལ་དུ་ཞིང་འབྲེག་འཕྲུལ་ཆས་གཅིག་གཉེར་བའི་ཞིང་བ་ཞིག་ཡོད། རང་རྒྱལ་དབུས་རྒྱུད་ས་ཁུལ་ཧའོ་ནན་ཡང་རང་ཚང་གི་མུའུ་གཉིས་འདེབས་པའི་ཞིང་བའི་འགྲན་རྩོད་ཅན་དུ་འགྱུར་སྲིད། ཀྲུང་དབྱང་གི་ཞིང་སྡེ་ལས་དོན་གྲོས་ཚོགས་སུ་བསྟན་དོན། ས་གནས་སོ་སོས་འཚོལ་ཞིབ་ལེགས་པོ་སྒོས་བདག་གཉེར་དབང་ཆ་རྒྱུ་སྤོ་དང་མ་རྐང་མཉམ་འབྲེལ། རྨོ་ཚབ་འདེབས་ཚབ། ས་ཞིང་བདག་བཅོལ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། ས་ཞིང་རྒྱུ་སྤོའི་རྣམ་པ་ཅན་དང་མ་རྐང་འཇོག་པའི་རྣམ་པ་ཅན། ཞབས་ཞུ་སྐུལ་འཁྲིད་ཀྱི་རྣམ་པ་ཅན་སོགས་ཀྱི་བདག་གཉེར་གཞི་ཁྱོན་སྣ་མང་ཅན་མྱུར་བར་འཕེལ་རྒྱས་སུ་གཏོང་དགོས། ཡིན་ནའང་བདག་གཉེར་སྒྲིག་གཞིའི་ལེགས་བསྒྱུར་ནི་དུས་ཡུན་རིང་བོའི་གོ་རིམ་དགོས་ཏེ། སྣང་མེད་དུ་འཇོག་མི་ཆོག་ལ་བྲེལ་འཚུབ་ངང་མདུན་སྐྱོད་བྱས་ཀྱང་མི་ཆོག འོས་འཚམ་གྱི་སྲིད་ཇུས་རྒྱབ་སྐྱོར་དང་དཔེ་སྟོན་གྱི་སྐུལ་འཁྲིད་ངེས་པར་དུ་མཁོ། ཡིན་ཡང་ཁྱིམ་ཆེན་སྙོར་བ་དང་མཛེས་ཉམས་བཟོ་བ། སྲིད་འཛིན་སྐུལ་འཁྲིད་བྱེད་པ་རུ་འདོད་མི་རུང་། ལག་བརྟན་ན་མདའ་གཟུ་བའི་དཔེ་ལྟར། ཞིང་ལས་སྒྲིག་གཞིའི་སྡེབ་བཀོད་ལ་སྐུལ་འདེད་བྱེད་པའི་རྒྱུ་རིམ་ཁྲོད་དུ་ངོ་བོ་བརྗེ་བསྒྱུར་རང་བཞིན་གྱི་ནོར་འཁྲུལ་བཟོ་མི་རུང་། གཞི་རྩའི་ཚད་ཐིག་གསུམ་ལ་གདེང་ཚོད་ལེགས་པོ་ཡོད་དགོས་ཏེ། གཅིག་ནི་འབྲུ་རིགས་ཐོན་སྐྱེད་ནུས་པ་མར་མི་འབབ་པར་ཁག་ཐེག་དགོས། གཉིས་ནི་ཞིང་བའི་ཡོང་སྒོའི་འཕར་ཚད་མི་བསྒྱུར་བར་ཁག་ཐེག་དགོས། གསུམ་ནི་ཞིང་སྡེ་གཏན་འཇགས་ལ་གནད་དོན་མི་འབྱུང་བར་ཁག་ཐེག་དགོས། དེ་ལྟར་བྱས་ཚེ་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་གྱི་ཕྱོགས་སུ་འགྲིམ་པར་འོད་སྟོང་འབར་བའི་ལམ་ཆེན་བཏོད་སྲིད།
བཅོ་ལྔ། བརྟན་པོའི་ཁྲོད་མདུན་སྐྱོད་འཚོལ་སྙེག་བྱེད་པར་གཞི་རྩའི་ཚད་གཞི་གསུམ་ཅི་ལྟར་སྲུང་དགོས་སམ།
ལན། ཀྲུང་དབྱང་གི་ཞིང་སྡེའི་ལས་དོན་གྲོས་ཚོགས་སུ་གསལ་བོར་བསྟན་དོན། བརྟན་པོའི་ཁྲོད་དུ་མདུན་སྐྱོད་འཚོལ་སྙེག་བྱེད་པའི་བྱ་བ་སྤྱིའི་འགྲོས་རིམ་ལ་གདེང་ཚོད་ནན་མོ་ཡོད་དགོས། བརྟན་པོའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་སྡེབ་བཀོད་དང་བཅོས་བསྒྱུར་གྱི་ཁྱབ་ཁོངས་གཙོ་བོར་མདུན་སྐྱོད་དགོས་ལ། གདེང་ཚོད་ངེས་ཅན་ཡོད་པའི་སྟེང་ནས་འབད་འབུངས་བྱ་དགོས། འདིས་ང་ཚོའི་ད་སྔ་དང་མ་འོངས་པར་ཞིང་ལས་ཞིང་སྡེ་བྱ་བ་ལེགས་པོར་སྤེལ་བར་ཁ་ཕྱོགས་གསལ་བོར་བསྟན་ཡོད། ང་ཚོས་བརྟན་པ་དང་མདུན་སྐྱོད་ཀྱི་རྩོད་སྒྲུབ་འབྲེལ་བར་གདེང་ཚོད་ལེགས་པོ་ཡོད་དགོས། བཅོས་བསྒྱུར་ཁྲོད་བསྟུད་མར་འཕེལ་རིམ་གསར་བ་ལོན་པར་སྐུལ་དགོས་ལ། ཉེན་ཁའི་གཞི་རྩའི་ཚད་ཐིག་དམ་པོར་སྲུང་བར་ཁག་ཐེག་ཀྱང་བྱ་དགོས། བརྟན་པོའི་ཁྲོད་མདུན་སྐྱོད་འཚོལ་སྙེག་བྱེད་པ་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གཙོ་བོ་ཡིན་ཡིན་ལ། ད་སྔ་ཞིང་ལས་ཞིང་སྡེ་བྱ་བར་ངེས་པར་དུ་གདེང་ཚོད་དགོས་པའི་གཞི་རྩར་འཛིན་ས་ཡང་ཡིན། བརྟན་པ་ནི་སྤྱིའི་ཁ་ཕྱོགས་དང་སྤྱིའི་རྣམ་པ་ཡིན། ཞིང་ལས་ཐོན་སྐྱེད་བརྟན་བརླིང་དང་ཞིང་བའི་ཡོང་སྒོ་བརྟན་བརླིང་། ཞིང་སྡེའི་སྤྱི་ཚོགས་བརྟན་བརླིང་བཅས་ལ་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན།
གང་ཞིག་བཅོས་བསྒྱུར་བྱས་ཀྱང་བདེ་བླག་ཏུ་འགྲུབ་པ་ཞིག་མིན། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་སྡེབ་བཀོད་ཆེན་པོ་དང་འབྲེལ་ཡོད། ཞིང་གསུམ་མངའ་ཁོངས་ཀྱི་བཅོས་བསྒྱུར་ཆེན་མོ་ཞིག་ཡིན། གནས་སྲིད་པའི་ཉེན་ཁ་གང་རུང་ལ་ང་ཚོར་ངེས་པར་དུ་གྲ་སྒྲིག་གང་ལེགས་དགོས། ཁ་ཕྱོགས་རང་བཞིན་གྱི་གནད་དོན་སྟེང་གཡོ་གཟུར་དང་མགོ་རྐང་བརྗེ་བའི་ནོར་འཁྲུལ་ཆེན་པོ་འབྱུང་མི་རུང་ཞིང་། ལྷག་པར་དུ་གཞི་རྩའི་ཚད་ཐིག་གསུམ་ནན་སྲུང་བྱ་དགོས།
འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་ཞན་དུ་མི་གཏོང་བར་ཁག་ཐེག་བྱ་དགོས། ཁ་རྒྱབ་ལྟོ་གོས་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་ནང་བཞིན་འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་རང་བཞིན་གྱི་དོན་གནད་གལ་ཆེན་ཡིན། འབྲུ་རིགས་བདེ་འཇགས་ལ་དམ་འཛིན་བྱེད་པར་ནམ་ཡང་ལྷོད་མི་རུང་། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པར་འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩའི་ཚད་ཐིག་འདི་དམ་པོར་སྲུང་དགོས། ད་སྔ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཀྱི་གནད་དོན་གཙོ་བོ་ནི་སྒྲིག་གཞིའི་རང་བཞིན་གྱི་དོ་མཉམ་ཤོར་བ་དེ་རེད། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་ནི་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཉུང་འཕྲི་བྱེད་པར་གོ་བ་ལེན་མི་རུང་། འབྲུ་རིགས་ཐོན་སྐྱེད་ཉུང་འཕྲི་བྱེད་པའི་ཡོངས་ཁྱབ་ཀྱི་དུས་བཅད་དང་མཉམ་འགུལ་ཕན་ནུས་སུ་གྲུབ་མི་རུང་། འབྲུ་རིགས་ཐོན་ཚད་དང་འབྲུ་རིགས་ཐོན་ནུས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས་ཤིང་། འབྲུ་རིགས་གི་མང་ཉུང་ནི་ལག་རྩལ་རང་བཞིན་གྱི་གནད་དོན་ཡིན་ནའང་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཡིན། འབྲུ་རིགས་ཐོན་ཚད་ལོའི་བར་སྟོང་དང་ཚུལ་མཐུན་གྱི་ཁྱབ་ཁོངས་སུ་སྡེབ་བཀོད་བྱས་ཆོག ཡིན་ཡང་འབྲུ་རིགས་ཐོན་ནུས་ངེས་པར་དུ་མུ་མཐུད་དུ་སྲ་བརྟན་དང་ཡར་ཐོན་ཡོད་དགོས། མུ་མཐུད་དུ་འབྲུ་རིགས་ས་གཞིར་འདེབས་པ་ནི་ལག་རྩལ་ལ་བརྟེན་དགོས་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། དགོས་མཁོ་ཡོད་ཚེ་མྱུར་བར་ཐོན་སྐྱེད་ཐུབ་པར་ཁག་ཐེག་བྱ་དགོས།
ཞིང་བའི་ཡོང་སྒོའི་རྣམ་པ་མི་བསྒྱུར་བར་ཁག་ཐེག་བྱ་དགོས། འབྱོར་འབྲིང་ཡིན་མིན་དེ། གཙོ་བོ་ཡུལ་མིའི་འཚོ་བར་ལྟོས་ཞེས་པ་བཞིན། ཞིང་བའི་ཡོང་སྒོ་བསྟུད་མར་འཕར་བ་ནི་ཏང་གི་སྲིད་འཛིན་ལག་ལེན་མཐིལ་ཕྱིན་བྱེད་པའི་རྩ་དོན་ཡིན། ཞིང་བ་དང་རྒྱལ་ཡོངས་མི་དམངས་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་དུ་འགྱུར་བའི་ཁག་ཐེག་གལ་ཆེན་ཡིན། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་དཀའ་ཁག་དང་འཕྲད་སྲིད་ནའང་།གང་ལྟར་ཡོད་ཚད་ངེས་པར་དུ་ཞིང་བའི་འབྲུ་རིགས་འདེབས་པར་ཁེ་གྱོང་མི་ཁུར་བ་དང་ཡོང་སྒོ་བསྟུད་མར་འཕར་བར་ཁག་ཐེག་དགོས། ལྷག་པར་དུ་མཁར་ཤང་ཡོང་སྒོའི་ཁྱད་པར་གྱི་རྣམ་པ་ཆེན་པོ་བསྒྱུར་དགོས། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད་དུ་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་ལ་མཉམ་འཇོག་དགོས། ལྷག་པར་དུ་ལེགས་བསྒྱུར་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་སྟངས་ལ་མཉམ་འཇོག་དགོས། མཐུན་སྦྱོར་སྒོས་སྲིད་གཞུང་དང་ཚོང་རའི་བྱེད་ནུས་གང་ལེགས་འདོན་དགོས། ཡིན་ཡང་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་སྟངས་ཅི་ལྟར་བསྒྱུར་རུང་རྒྱབ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ་ལས་ཇེ་ཞན་དུ་གཏོང་མི་རུང་། ཞིང་སྡེའི་གཏན་འཇགས་ལ་གནད་དོན་མི་འབྱུང་བར་ཁག་ཐེག་བྱ་དགོས། མི་གསུམ་ཁ་འཆམ་ན། སྟོང་གསུམ་འགྲུབ་སླ་ཞེས་པ་བཞིན་ཞིང་སྡེ་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་བསྐྲུན་པའི་རྣམ་པ་ཆེན་མོ་དང་རྒྱལ་ཁབ་ཡུན་བརྟན་བདེ་འཇགས་གྱི་རྣམ་པ་ཆེན་མོ་འབྲེལ་ཡོད། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ནི་སྤྱིར་བཏང་གི་ཞིང་ཁྱིམ་ཁྲི་སྟོང་མང་པོར་འབྲེལ་ཡོད། སྡེབ་བཀོད་སྲིད་ཇུས་དང་བྱེད་ཐབས་འདོན་དུས་ཕྱོགས་སོ་སོར་འདང་བརྒྱག་དགོས་ལ་ལྷག་པར་དུ་ཞིང་བའི་འགན་ཐེག་མིན་ལ་བསམ་དགོས། ཞིང་སྡེའི་ད་སྔའི་ཁྱིམ་ཚང་རེ་རེའི་དངོས་ཡོད་གནས་ཚུལ་ལ་འདང་བརྒྱག་དགོས། བྱ་བའི་འགྲོས་རིམ་ལ་གདེང་ཚོད་ཡོད་པའི་སྒོ་ནས་རྙོག་དྲ་མི་འབྱུང་བར་ཁག་ཐེག་དགོས། ཞིང་བའི་འདོད་མོས་ལ་བརྩི་འཇོག་སྒོས་བཅོས་བསྒྱུར་རུ་བཙན་ཤེད་བཀའ་བརྡ་མི་གཏོང་བ་དང་ཞིང་བའི་ཚབ་དུ་ཐག་གཅོད་མི་རུང་།ནོར་འཁྲུལ་གྱི་མཛུབ་སྟོན་མི་བྱ་བར་ཞིང་བའི་ཁེ་ཕན་ལ་གནོད་པ་བཟོ་མི་རུང་། ཞིང་བའི་རང་སྐྱོང་གི་བྱེད་ནུས་གང་ལེགས་འདོན་དགོས། སྡེ་དམངས་ཀྱི་དམངས་གཙོའི་གྲོས་བསྡུར་སྒོས་གནད་དོན་ཐག་གཅོད་དང་ཁེ་བཟང་བགོ་བྱ་བརྒྱག་པར་སྐུལ་འཁྲིད་དགོས།
བརྟན་པོའི་ཁྲོད་མདུན་སྐྱོད་བརྩོན་པ་མ་ཟད་མི་འདང་སར་ཁ་སྐོང་གི་འདུ་ཤེས་བརྟན་པོ་ཆགས་དགོས། ད་སྔ་ལོ་རྒྱུན་འབྲུ་རིགས་ལོ་ལེགས་བྱུང་ནས་ཞིང་ལས་ཞིང་སྡེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྟུད་མར་ལེགས་པོ་མངོན་ཡོད། སྤྱི་ཚོགས་སྟེང་ཞིང་གསུམ་ལྷོད་པ་དང་ཞིང་ལས་ལ་མཐོང་ཆེན་མི་བྱེད་པའི་སྣང་ཚུལ་འབྱུང་མུས་སུ་ཡོད། དེ་བས་ང་ཚོས་ངེས་པར་དུ་ཞིང་ལས་ནི་སྔར་བཞིན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབུར་ཐོན་སྟོབས་ཤུགས་ཡིན་པ་དང་ཞིང་སྡེ་ནི་སྔར་བཞིན་ཁྱོན་ཡོངས་འབྱོར་འབྲིང་དུ་སྐྱོད་པའི་སྒུལ་ཤུགས་ཡིན་པ་ངེས་དགོས། བསྟུད་མར་ཞིང་གསུམ་བྱ་བར་མཐོང་ཆེན་དང་ཤུགས་སྣོན་བྱེད་པའི་མཁའ་དབུགས་བསྐྲུན་ནས་སྔར་བས་ངེས་ཤེས་གཅིག་བསྡུས་དང་སྟོབས་ཤུགས་ཆིག་སྒྲིལ་བྱས་ཏེ། རྒྱུན་འཁྱོངས་མཐའ་འཁྱོལ་སྒོས་ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། མུ་མཐུད་དུ་བསམ་བློའི་སྟེང་ནས་ཞིང་ལས་ལ་མཐོང་ཆེན་དང་ཤུགས་སྣོན་བྱེད་པའི་འདུན་པ་བརྟན་མོ་བཞེངས་པ་དང་། ངོས་ཟིན་སྟེང་ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་དགོས་གལ་རང་བཞིན་གྱི་འདུ་ཤེས་ཆགས་སུ་འཇུག་དགོས། ཉེ་བའི་ལོ་ལ་ཞིང་ལས་ཞིང་སྡེ་སུ་རྣམ་པ་ལེགས་པོ་ཆགས་པའི་རྐྱེན་གྱིས་བསམ་བློ་དང་ལག་ལེན་སྟེང་བག་ཡངས་སུ་གཏོང་མི་རུང་།
ད་སྔའི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གནས་བབ་ངེས་གཏན་མེད་པའི་རང་བཞིན་སྔར་བའི་ཇེ་དྲག་ཏུ་ཕྱིན་པ་དང་རྒྱལ་ནང་དཔལ་འབྱོར་མར་ཆག་པའི་སྣོན་ཤུགས་ཅུང་ཇེ་ཆེར་ཕྱིན་ཞིང་། ཕྱི་རོལ་ཁོར་ཡུག་ལ་ལྷག་ཏུ་ངེས་གཏན་མེད་པའི་རང་བཞིན་ལྡན། ཞིང་ལས་ཞིང་སྡེའི་གཞི་རྩ་འདིའི་བརྟན་བརླིང་ནི་དེ་ལས་གལ་ཆེ་བར་མངོན། ཞིང་གསུམ་ཡུན་རིང་བརྟན་པས་ན་རྣམ་པ་ཡོངས་ལེགས་པོར་མངོན་སྲིད། ང་ཚོས་ངེས་པར་དུ་ཞིང་ལས་ཞིང་སྡེའི་གཞི་རྩ་འདིའི་འགན་འཁྲི་ངེས་དོན་གྱིས་ཇེ་དྲག་ཏུ་བཏང་ནས་གཞི་རྩ་གསུམ་གྱི་ཚད་ཐིག་ལེགས་པོར་སྲུང་སྟེ། མུ་མཐུད་དུ་ཞིང་རྒྱས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཤིང་། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་གྱི་ཕན་འབྲས་དངོས་ལ་དམ་འཛིན་བྱས་ཏེ། ཞིང་ལས་ཞིང་སྡེ་ལས་དོན་སྔར་བས་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་དགོས།
བཅུ་དྲུག ཞིང་ལས་ཐོན་ཁུངས་ཉམས་གསོ་ཉམས་རྒྱས་ཀྱི་བྱེད་ཐབས་ལྔ་ནི་གང་དག་ཡིན་ནམ།
ལན། གཅིག་ནི་ལྕགས་རིགས་ལྗིད་གྲས་ཚད་བརྒལ་རྨོ་འདེབས་བཅོས་སྐྱོང་བྱེད་པ། གཉིས་ནི་ཏུའུ་གྲངས25ཡན་གྱི་རི་ལྡེབས་ཀྱི་རྨོ་འདེབས་སྐྱུར་བ། གསུམ་ནི་གཤིན་སའི་རྨོ་འདེབས་སྐྱུར་བ། བཞི་ནི་ཆུའི་ཐོན་ཁུངས་གོང་རོལ་དང་ལྷག་པར་དུ་འཐུང་ཆུའི་མགོ་ཁུངས་གོང་རོལ་དུ་ཞིང་ལས་ཐོན་སྐྱེད་མི་བྱ་བ། ལྔ་ནི་ཚད་ལས་བརྒལ་ནས་ས་འོག་ཆུ་བླངས་ཏེ་ས་དབྱིབས་ལྐོ་དོང་དུ་ཕྱིན་པའི་གནས་སུ་རྨོ་འདེབས་མི་བྱ་ཞིང་། ཕྱོགས་གཅིག་ནས་ཚད་ལས་བརྒལ་ཏེ་ས་འོག་ཆུ་ལེན་པར་བཀག་འགོག་བྱེད་པ་དང་ཕྱོགས་གཞན་ནས་ས་འོག་ཆུ་ལ་ཁ་གསབ་སྟེར་དགོས།
བཅུ་བདུན། རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་ཕུང་ཅི་ལྟར་གསོ་སྤེལ་བྱ་དགོས་སམ།
ལན། སྤྱིར་བཏང་གི་ཞིང་ལས་ཁྱིམ་ཚང་ནི་ཆེས་གཞི་རྩའི་གཙོ་ཕུང་ཡིན་ལ་སྲིད་གཞུང་གི་རོགས་སྐྱོར་དང་རྒྱབ་སྐྱོར་སྲིད་ཇུས་ཀྱང་དེ་ལ་ཁ་ཕྱོགས་པ་རེད། ཞིང་ལས་ཐོན་རྫས་མང་ཤོས་ཀྱང་སྦྱིར་བཏང་གི་ཞིང་ལས་ཁྱིམ་ཚང་ལ་བརྟེན་དགོས་པའི་རྨང་གཞིའི་སྟེང་ཉེ་བའི་ལོ་ལ་ཆེད་ལས་དུད་ཁྱིམ་ཆེན་མོ་དང་ཁྱིམ་ཚང་ཞིང་ར། ཞིང་ལས་མཉམ་ལས་ཁང་། ཐོན་ལས་ཅན་གྱི་སྣེ་འཁྲིད་ཁེ་ལས་སོགས་གཙོ་ཕུང་བཞི་ས་གནས་སོ་སོར་གསོ་སྤེལ་དང་འཕེལ་རྒྱས་བྱུང་། རྗེས་ཕྱོགས་སུ་གཙོ་ཕུང་རིགས་གང་ཞིག་འཚམ་ན་གཙོ་ཕུང་དེའི་རིགས་གསོ་སྤེལ་དགོས། ཞིང་ས་ཆེན་པོའི་ལོ་ཏོག་ཡང་ཞིང་ལས་ཁྱིམ་ཚང་དང་ཁྱིམ་ཚང་ཞིང་ར། ཞིང་ཁྱིམ་ཆེན་མོ་བཅས་ལ་བརྟེན་དགོས། ཞིང་ས་ཆེན་པོའི་ཐོན་སྐྱེད་མ་ཡིན་པ་དཔེར་ན་ལྡུམ་རའི་ལག་རྩལ་དང་སྒྲིག་ཆས་ཞིང་ལས་སོགས་ཡིན། མཉམ་ལས་ཁང་དང་སྣེ་འཁྲིད་ཁེ་ལས་ཀྱིས་བྱེད་ནུས་ཆེན་པོ་ཐོན་བཞིན་ཡོད། ད་ལོའི་ཡིག་ཆ་དང་པོའི་ཁྲོད་དུ་ཁྱིམ་ཚང་ཞིང་རའི་ཐོ་འགོད་སྟེང་ཞིང་ལས་མཉམ་ལས་ཁང་གི་དཔྱ་ཁྲལ་ཡོང་སྒོ་དང་དེ་མིན་ཕྱོགས་གཞན་དུ་ནོར་སྲིད་ཁ་གསབ་གྲུབ་པའི་རྒྱུ་ནོར་མཉམ་ལས་ཁང་ལ་སྤྲད་དེ་བདག་དམ་བྱས་ཆོག་པར་བཏང་ཡོད། དེ་དག་ནི་རྣམ་པ་གསར་བའི་གཙོ་ཕུང་གསོ་སྤེལ་བྱེད་སྟངས་ཡིན།
བཅོ་བརྒྱད། ཞིང་སྡེ་འཛུགས་སྐྲུན་དུ་ས་གཞི་བཀོལ་བའི་ཁྱབ་ཁོངས་གང་དག་ཡོད་དམ།
ལན། ཞིང་སྡེའི་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་གཞི་ཚོང་རར་སྤྱོད་པར་སྐུལ་འཁྲིད་དང་ཚད་ལྡན་དུ་གཏོང་དགོས། ཞིང་སྡེའི་འཛུགས་སྐྲུན་དུ་ས་གཞི་བཀོལ་སྤྱོད་ལ་རིགས་གསུམ་ཡོད་དེ། གཞི་ས་དང་སྤྱི་སྤྱོད་སྒྲིག་ཆས་དང་སྤྱི་ཕན་རང་བཞིན་གྱི་ས་གཞི་བེད་སྤྱོད། བདག་གཉེར་རང་བཞིན་གྱི་ས་གཞི་བེད་སྤྱོད་དང་ཤང་གྲོང་ཁེ་ལས་ཀྱི་ས་གཞི་བེད་སྤྱོད་བཅས་ཡིན། ཐུན་མོང་གི་བདག་གཉེར་རང་བཞིན་གྱི་ས་གཞི་བེད་སྤྱོད་ཚོང་རར་ཕྱིན་ཚེ་ངེས་པར་དུ་འཆར་འགོད་དང་སྤྱོད་སྒོའི་དོ་དམ་ལམ་ལུགས་དང་འཚམ་དགོས་ཤིང་། དེ་དང་འཚམ་ཚེ་ད་གཟོད་ཞིང་སྡེའི་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་ས་གཞི་བེད་སྤྱོད་ཚོང་རར་འདྲེན་ཆོག་ལ། རྒྱལ་དབང་ས་གཞི་འདྲ་མཉམ་གྱི་དབང་ཆ་དང་རིན་གོང་ལོངས་སུ་སྤྱད་ཆོག འཛུགས་སྐྲུན་ཚོང་རར་འདྲེན་ཆོག་པའི་ཐུན་མོང་གི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ས་གཞི་བེད་སྤྱོད་གྲངས་འབོར་དེ་བས་ཆེན་པོ་མེད། ས་གཞིའི་ལམ་ལུགས་བཅོས་བསྒྱུར་གྱིས་ཡོངས་སུ་སྐུལ་འདེད་དང་ངེས་པར་དུ་ཇུས་གཞི་ལེགས་པོ་བཀོད་རྗེས་ལག་ལེན་དགོས་ཤིང་། ངེས་པར་དུ་བསམ་བློ་ཞིབ་མོ་སྒོས་ཚོད་ལྟའི་གནས་ལ་སྐུལ་འདེད་བྱ་དགོས།
བཅུ་དགུ ཅི་ཞིག་ལ་སྐྱེ་ཁམས་སྲུང་སྐྱོང་གི་ཚད་ཐིག་དབྱེ་གཏན་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་ཟེར།
ལན། སྐྱེ་ཁམས་མཛའ་མཐུན་རྣམ་པའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཞིང་ལས་ཐོན་ཁུངས་ཉམས་གསོ་ཉམས་སྤེལ་ཚོད་ལྟའི་གནས་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མྱུར་བར་སྐྱེ་ཁམས་སྲུང་སྐྱོང་གི་ཚད་ཐིག་དབྱེ་གཏན་ལ་དམ་འཛིན་དགོས། དེ་བས་རྒྱལ་ཁབ་ཀྱིས་ནགས་ཚལ་དང་རྩྭ་ས། གཤིན་ས། ས་ཆུའི་རྒྱུན་འཁྱོངས་སོགས་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དུ་སྤྱི་ཕན་ནགས་ཀྱི་ཁ་གསབ་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་རོགས་སྐྱར་བྱ་དགའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། གཙང་གསུམ་འབྱུང་ཡུལ་དང་ཆུའི་ཐོན་ཁུངས་གཙོ་བོ། ཆུའི་སྐྱེ་ཁམས་ཞིག་གསོ་བཅོས་སྐྱོང་ཁུལ་དང་ཆུ་ལོག་རགས་འགོག་ཁུལ་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་བསྐྲུན་རྒྱུ་ཡིན། རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་འདེགས་ཚད་དེ་ཚད་ངེས་ཅན་དུ་བསླེབས་ཡོད། ས་གཞིར་ལྕགས་རིགས་ཀྱིས་འབག་བཙོག་བཟོས་པ་དང་ས་འོག་གི་ཆུ་ཚད་ལས་བརྒལ་ཏེ་བླངས་པ། ཚད་བརྒལ་གྱི་ལུད་རིགས་ཞིང་ལས་སྨན་རྫས་བཀོལ་བ་སོགས་ཀྱི་གནད་དོན་མྱུར་བར་ངེས་དོན་གྱིས་ལེགས་བསྒྱུར་བྱེད་པ་མཁོ། རྨོ་ས་དང་ནགས་ས། ཆུ་སོགས་ཞིང་ལས་ཐོན་ཁུངས་སླར་གསོ་ངལ་གསོའི་རིམ་པར་བསླེབས་ཡོད། ངེས་པར་དུ་ལམ་ལུགས་གསར་གཏོད་མངོན་འགྱུར་བྱས་ཚེ་རྩ་བའི་སྟེང་ནས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་ཐུབ།ཞིང་ལས་ཐོན་ཁུངས་སླར་གསོ་ངལ་གསོའི་ཚད་དུ་ཕྱིན་ཡོད་པས་སྲིད་གཞུང་ལ་ངེས་པར་དུ་བྱེད་ཐབས་ཆ་ཚང་ཡོད་དགོས་པ་དང་ཞིང་བའི་ཡོང་སྒོའི་ཆུ་ཚད་མར་མི་འབབ་པར་ཁག་འགན་ལེན་དགོས། ང་ཚོ་མི་རབས་འདིས་ཞིང་ལས་ཐོན་ཁུངས་དང་འབྲུ་རིགས་ཐོན་ནུས་རྒྱུན་འཛིན་པའི་ལོ་རྒྱུས་ཀྱི་འོས་འགན་ཕྲག་ཏུ་བབས་ཡོད་ཕྱིར་ས་ཞིང་ལེགས་པོ་རྗེས་རབས་པར་འཇོག་དགོས།འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་བརྟན་བརླིང་ཁྲོད་མདུན་སྐྱོད་བརྩོན་དགོས་པ་དང་ཚན་རིག་ལྟར་འཆར་འགོད་དགོས། དཔེར་ན་སྔོན་དུ་འབག་བཙོག་ཚབས་ཆེན་ཐེབས་པའི་ས་ཁུལ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཆག་པའི་ས་ཁུལ་ལ་སྲུང་སྐྱོང་བྱས་རྗེས་ཁྱབ་གདལ་དང་རིམ་པ་བཞིན་སྤེལ་དགོས།
ཉི་ཤུ། མཛེས་སྡུག་ཞིང་སྡེ་བསྐྲུན་པའི་བླང་བྱ་གང་དག་ཡོད་དམ།
ལན། ཞིང་སྡེའི་ཁོར་ཡུག་ལེགས་བསྒྱུར་བྱེད་པར་སྲིད་གཞུང་གིས་འགན་དང་དུ་ལེན་དགོས་ཤིང་། དྲན་པའི་ཁྲོད་ཀྱི་ཡུལ་ལྗོངས་སུ་གྱུར་མི་རུང་། སྐྱེ་ཁམས་ཕན་ལྡན་དང་ཐོན་སྐྱེད་ཕན་མཐོ།འཚོ་བ་སྐྱིད་པ། མི་ཆོས་འཆམ་མཐུན་བཅས་ནི་གཞི་རྩའི་བླང་བྱ་ཡིན། ཞིང་སྡེ་གསར་བའི་འཛུགས་སྐྲུན་ཁྲོད་དུ་མཁར་གྲོང་དང་ཞིང་སྡེའི་བར་གྱི་ཁྱད་པར་ལ་མཉམ་འཇོག་དགོས། མཁར་ཤང་གཅིག་གྱུར་ཅན་ནི་མཁར་ཤང་འདྲ་མཚུངས་ཅན་དུ་བསྒྱུར་བ་མིན་ལ་སོ་སོའི་ཁྱད་ཆོས་འབུར་དུ་དོད་དེ་ཕན་ཚུན་ལ་ལེགས་རྐྱེན་བཟོ་བ་དེ་རེད། ཞིང་སྡེ་གསར་བ་བསྐྲུན་པར་གྲོང་ཁྱེར་འཛུགས་སྐྲུན་གྱི་འདུན་པ་དང་རྣམ་པ་ལྟར་བསྐྲུན་མི་རུང་ལ་ཞིང་སྡེའི་རང་སྟེང་གི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་དགོས། སྡེ་བ་རིམ་པའི་འཆར་འགོད་ལེགས་པོ་བྱ་དགོས། ཤིང་སྡོང་གཅོད་པར་གཟབ་པ་དང་ས་སྒང་མི་སློག་པ། མཚེའུ་མི་སྙོམས་པ། ཁང་བ་མི་བཤིག་པར་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས། མཛེས་སྡུག་གི་ཞིང་གླིང་ཡུལ་ལྗོངས་དང་ཕུལ་བྱུང་གི་ཡུལ་སྲོལ་རིག་གནས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས་དང་འབུར་དུ་ཐོན་པར་དམིགས་ཏེ། ཞིང་སྡེའི་མཛེས་ལྗོངས་དང་དེང་རབས་འཚོ་བ་གཞི་གཅིག་ཏུ་བསྲེས་ཏེ་ཡུལ་མི་ཚོར་ཕ་ཡུལ་དྲན་པའི་གཏིང་རིམ་དུ་སིམས་པར་བྱ་དགོས། འཆར་འགོད་དང་འཛུགས་སྐྲུན་གང་ལ་མཚོན་ན་རོང་འབྲོག་དམངས་ཀྱི་འདོད་བློར་བརྩི་དགོས་ཤིང་། རོང་འབྲོག་པའི་ཐོན་སྐྱེད་འཚོ་བར་ཕན་ཁེ་ལྡན་པ་ནས་འགོ་རྩོམ་དགོས། མཛེས་སྡུག་ཞིང་སྡེ་བསྐྲུན་པ་བརྒྱུད་དེ་རོང་འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བའི་གཞིས་ཁྱིམ་བསྐྲུན་ནས། ཞིང་སྡེ་རུ་སྡོད་པའི་ཞིང་བའི་ཆེས་ལེགས་པའི་སློབ་གསོ་དང་སྨན་བཅོས་སོགས་སྤྱི་སྤྱོད་ཞབས་ཞུ་དང་སྤྱི་ཚོགས་ཁག་ཐེག་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས། རིམ་བཞིན་ཞིང་སྡེའི་སྤྱི་སྤྱོད་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། མཁར་ཤང་སྡོད་དམངས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འདྲ་མཉམ་དུ་སྤྱོད་པ་མངོན་འགྱུར་བྱས་ནས་མཁར་ཤང་སྤྱི་སྤྱོད་ཞབས་ཞུའི་ཁྱད་པར་མེད་པར་བྱ་དགོས།
ཉེར་གཅིག 2017ལོར་རང་ཞིང་གི་རོང་འབྲོག་ལས་དང་རོང་འབྲོག་ཁུལ་ལས་དོན་སྤྱིའི་རིག་ལམ་ནི་ཅི་ཞིག་ཡིན་ནམ།
ལན། ནན་ཏན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཐེངས་སོ་སོའི་ཚང་འཛོམས་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཀྲུང་དབྱང་གི་ཞིང་སྡེའི་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱས་ཏེ། རྣམ་པ་བཞི་ཅན་མཉམ་སྐྱོད་ཅེས་པའི་འཐབ་ཇུས་ཀྱིས་བཀོད་སྒྲིག་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལྟར། འཕེལ་རྒྱས་ཀྱི་འདུན་པ་གསར་བཞེངས་བྱས་ཏེ་བསྒྱུར་བ་བཞིའི་འཐབ་ཇུས་བླང་བྱ་མངོན་དུ་འགྱུར་བར་དམིགས་སུ་བཟུང་སྟེ། ཞིང་ལས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་གཙོར་བཟུང་ནས་མཁོ་འདོན་ལེགས་བསྒྱུར་དང་སྤུས་ཚད་ཕན་ཁེ་ཡར་འདེགས། རོང་འབྲོག་པའི་ཡོང་སྒོ་འཕར་བ་དམིགས་འབེན་དུ་འཛིན་དགོས་ཤིང་། རྣམ་པ་གང་མང་གི་འོས་འཚམ་གྱི་གཞི་ཁྱོན་ལྡན་པའི་བདག་གཉེར་ལ་སྐུལ་འཁྲིད་དགོས། ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་འབྱུང་བ་དམ་དུ་བཟུང་ནས་སྐྱེ་ཁམས་སྲུང་སྐྱོང་ལེགས་བསྒྱུར་དང་ལྗང་མདོག་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་གཏིང་སློག་དང་དབྱིབས་བསྒྱུར་ལ་སྐུལ་འདེད། རྨང་གཞི་བརྟན་བསྐྲུན། སྐྱེ་ཁམས་ནན་སྲུང་། བཅོས་བསྒྱུར་དམ་འཛིན། དམངས་འཚོར་ཕན་འདེགས་བཅས་ལ་དམ་འཛིན་བྱེད་པར་དམིགས་དགོས་ཤིང་། ཐོན་སྐྱེད་ཕན་མཐོ་དང་ལྗང་མདོག་སྔོན་སྐྱོད། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་བཅས་ཀྱི་རོང་འབྲོག་དེང་རབས་ཅན་གྱི་འཕེལ་རྒྱས་རྒྱུ་ལམ་བསྙེག་དགོས། རོང་འབྲོག་ལས་ཇེ་རྒྱས་དང་ཇེ་ཕྱུག རོང་འབྲོག་ཁུལ་ཇེ་མཛེས་སུ་བསྐྲུན་དགོས།
ཉེར་གཉིས། 2017ལོར་རང་ཞིང་གི་རོང་འབྲོག་ལས་དང་རོང་འབྲོག་ཁུལ་ལས་དོན་གྱི་དམིགས་འབེན་གཙོ་བོ་ནི་ཅི་ཞིག་ཡིན་ནམ།
ལན། རོང་འབྲོག་ལས་ཀྱི་འཕར་སྣོན་རིན་གྲངས5%ཡན་ལ་འཕར་ཞིང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེར་ཆ་སྙོམས་ཀྱི་བཀོད་གཏོང་ཡོང་སྒོ9%ཡན་འཕར་ཞིང་། ཆུ་བེད་དངུལ་གཏོང་སྒོར་དུང་ཕྱུར75ཡན་དང་ནགས་ལས་དངུལ་གཏོང་སྒོར་དུང་ཕྱུར29ཡན་འགྲུབ། དབུལ་ཕོངས་རྫོང11གི་དབུལ་ཞྭ་ཕུད་པ་དང་དབུལ་ཕོངས་སྡེ་བ500ཕྱུག་བསྒྱུར་བྱས། དབུལ་ཕོངས་མི་གྲངས་ཁྲི14དབུལ་ཐར་བྱུང་།
ཉེར་གསུམ། 2017ལོར་རང་ཞིང་གི་རོང་འབྲོག་ལས་དང་རོང་འབྲོག་ཁུལ་ལས་དོན་གྱི་འོས་འགན་གཙོ་བོ་ནི་ཅི་ཞིག་ཡིན་ནམ།
ལན། ①ནུས་ཤུགས་གཏིང་སློག་བྱས་ཏེ་རོང་འབྲོག་ལས་འཕེལ་རྒྱས་ཀྱི་བཟང་ཆ་གསར་བ་གསོ་སྤེལ་དགོས། གཙོ་ཕུང་གསར་བ་དང་ལས་རིམ་གསར་བ། རྣམ་པ་གསར་བ། སྒུལ་ཤུགས་གསར་བ་བཅས་ལ་དམིགས་ཏེ། གཙོ་བོར་མ་རྩ་ཉུང་འཕྲི་དང་མི་འདང་སར་ཁ་སྐོང་བྱས་ནས་བདག་གཉེར་གཙོ་ཕུང་རིགས་སོ་སོས་མཁོ་འདོན་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ཁྲོད་སྐུལ་འཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས་ཤིང་། སྒྲིག་གཞི་དེ་བས་ཚུལ་མཐུན་དང་ཁག་ཐེག་དེ་བས་ནུས་ཤུགས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ནུས་ལྡན་དུ་མཁོ་འདོན་ཐུབ་པའི་རྐྱེན་སྲོལ་གྲུབ་དགོས། ② དབྱིབས་བསྒྱུར་ལ་སྐུལ་འདེད་བྱས་ཏེ་རོང་འབྲོག་ལས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཐོན་སྐྱེད་དང་ཕན་འབྲས།ཡོང་སྒོ་བཅས་འཕར་བར་དམིགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་འདོན་རྣམ་པར་གཞིག་ཏེ་ཚོང་རའི་དགོས་མཁོ་སྐུལ་འཁྲིད་དུ་འཛིན་དགོས། འབྲུ་གཟན་གཅིག་གྱུར་འཆར་འགོད་དང་ཞིང་ནགས་ཕྱུགས་བཅས་མཉམ་འབྲེལ། གསོ་འདེབས་གཅིག་གྱུར་ཅན། ཐོན་སྐྱེད་མཁོ་འདོན་གཅིག་ཏུ་སྦྲེལ་བ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཐུན་སྦྱོར་འཕེལ་རྒྱས་འབྱུང་བ་བཅས་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་དགོས་ཤིང་། དུང་ཕྱུར་བརྒྱ་ཕྲག་བཞིའི་ཐོན་ལས་བསྐྲུན་པར་དམིགས་ཏེ། འཕེལ་རྒྱས་ཀྱི་བཟང་ཆ་འཛོམས་པོར་བཏང་ནས་མུ་མཐུད་དུ་རོང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་ལྡན་དང་འགྲན་རྩོད་ཇེ་མཐོར་གཏོང་དགོས། ③རྨང་གཞི་ཇེ་བརྟན་དུ་བཏང་སྟེ་ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཇེ་མཐོར་གཏོང་དགོས།གཅིག་གྱུར་འཆར་འགོད་དང་སྤྱི་ཁོག་བཅོས་སྐྱོང་བྱས་ཏེ།ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ④སྐྱེ་ཁམས་གཙོ་བོར་བཟུང་སྟེ། རྒྱུན་མཐུད་འཕེལ་རྒྱས་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕེན་གྱི་ཏན་ཏིག་གིས་སྐྱེ་ཁམས་ཁོར་སྲུང་འདོན་སྤེལ་བྱེད་པ་ཞེས་པའི་བླང་བྱ་གལ་ཆེན་ཡིད་དུ་དམ་པོར་བཟུང་ནས།རང་བྱུང་ཁམས་ལ་བརྩི་བཀུར་དང་བབ་བསྟུན། སྲུང་སྐྱོང་བཅས་བྱས་ཏེ།ཕན་ཚུན་མཉམ་འབྲེལ་དང་ཁྲིམས་སྐྱོང་། སྒོ་འབྱེད་འཐབ་ཇུས།ཚན་རིག་འདེགས་སྐྱོར་སོགས་ཀྱི་འདུ་ཤེས་ཀྱིས་རང་བྱུང་སླར་གསོ་དང་མིས་བཟོས་སླར་གསོ་ཟུང་འབྲེལ་སྒོས།བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་སྲུང་དང་འཛུགས་སྐྲུན་དམ་པོར་དམིགས་ཏེ།ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་ལེགས་པའི་ཞིང་ཆེན་ཞིག་འཛུགས་པར་འབད་བརྩོན་བྱ་དགོས། ⑤བཅོས་བསྒྱུར་གཙོར་བཟུང་སྟེ་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་སུ་འཇུག་པ།ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅིན་ཕིང་གིས་ཨན་ཧོས་ཞའོ་ཀང་སྡེ་ནས་གསུང་བའི་གཏན་བཤད་ཀྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་བྱས་ཏེ།མུ་མཐུད་དུ་ཚོད་ལྟ་བྱེད་སར་གོ་རིམ་ཡོད་པ་དང་གཏན་འཇགས་ཡིན་པའི་རྩ་དོན་གྱི་རྒྱུན་བསྐྱང་ནས།ཞིང་ཕྱུགས་ལས་ཀྱི་རིགས་སོ་སོའི་བཅོས་བསྒྱུར་གཏིང་ཟབ་འདོན་སྤེལ་བྱས་ཏེ། ཁྱོན་ཡོངས་ནས་ཚོང་ར་དང་རྒྱུ་རྐྱེན།གཙོ་ཕུང་བཅས་རྒྱས་སུ་འཇུག་པ་དང་།ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་རང་བཞིན་གྱི་བཅོས་བསྒྱུར་ལ་གསོན་ཤུགས་གང་ལེགས་སྩོལ་དགོས།⑥དམངས་ཚིས་ལ་ཕན་ཁེ་བསྐྲུན་དགོས་ལ།ནུས་ཤུགས་ཡོད་རྒུས་གནད་ཕིགས་དབུལ་ཐར་ལག་ཏུ་བསྟར་དགོས།
ཉེར་བཞི། ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་ཅན་གྱི་བཅོས་བསྒྱུར་ཞེས་པའི་ཡང་སྙིང་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
ལན། ཀྲུང་དབྱང་ཞིང་སྡེའི་ལས་དོན་གྲོས་ཚོགས་ནི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་རྗེས་ཀྱི་ཚོགས་འདུ་གལ་ཆེན་ཞིག་ཡིན།ཐེངས་འདིའི་གྲོས་ཚོགས་སྟེང་ལྔའི་བཅུ་གསུམ་གྱི་འགོ་རྩོམ་ལོ་དང་ཞིང་གསུམ་བྱ་བར་སྤྱི་བསྡོམས་བྱས་པ་དང་།མིག་སྔར་གྱི་ཞིང་ལས་ཞིང་སྡེའི་གནས་བབས་ལ་དབྱེ་ཞིབ་བྱས་པའི་ཁར།ཉིས་སྟོང་བཅུ་བདུན་ལོའི་ཞིང་ལས་ཞིང་སྡེའི་བྱ་བ་བཀོད་སྒྲིག་བྱས།གྲོས་ཚོགས་ཀྱི་སྟེང་དུ་ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་ནི་ཞིང་ལས་ཞིང་སྡེའི་བྱ་བ་གཙོ་བོ་ཡིན་པ་བསྟན་ལ།དེ་བས། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང་གི་ཞིང་ལས་ཞིང་སྡེའི་བྱ་བའི་ཁ་ཕྱོགས་གསལ་བོ་བྱས་ཤིང་།ང་ཚོའི་བསམ་བློའི་ངེས་ཤེས་གཅིག་གྱུར་དང་། ཞིང་ལས་དེང་རབས་དུ་བསྒྱུར་བ་། ཞིང་སྡེའི་བཅོས་བསྒྱུར་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ལ་དགེ་མཚན་གལ་ཆེན་ལྡན།ང་ཚོས་ངེས་པར་དུ་ནན་ཏན་གྱི་སློབ་སྦྱོང་དང་། གོ་བ་ཡང་དག་ལེན་པ།ཁྱོན་ཡོངས་སུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཀྲུང་དབྱང་གི་ཞིང་སྡེའི་ལས་དོན་གྲོས་ཚོགས་ལ་སློབ་སྦྱོང་དང་ལག་ལེན་བྱེད་ན།ཐོག་མར་ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གྱི་ཚན་རིག་གི་ནང་དོན་དང་རྩ་བའི་དོན་སྙིང་ཡང་དག་སྒོས་རྒྱུས་ལོན་དང་བྱང་ཆུད་བྱ་དགོས།ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤྱི་བཏང་གི་སྒྲིག་གཞི་ཅན་གྱི་བཅོས་བསྒྱུར་དང་མི་འདྲ་བར། གྲངས་ཚད་ཀྱི་འདྲ་མཉམ་ལ་དོ་ཁུར་བྱེད་དགོས་པ་མ་ཟད།སྤུས་ཚད་ཀྱི་མཐོར་འདེགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱང་མངོན་འགྱུར་བྱ་དགོས་པ་དང་།སྒྲིག་གཞི་ལེགས་སྒྲིག་བྱེད་དགོས་པ་མ་ཟད། སྒྲིག་ཁོངས་ཀྱང་ལེགས་སྒྲིག་བྱ་དགོས། བྱེད་ཐབས་བསྒྱུར་དགོས་པ་མ་ཟད། སྒྲིག་གཞིའི་ནང་རྐྱེན་ཡང་གསར་གཏོད་བྱེད་དགོས།ཐོན་སྐྱེད་ནུས་ཤུགས་འབུར་དུ་བཏོད་དགོས་པ་མ་ཟད།ཐོན་སྐྱེད་འབྲེལ་བ་འཐུས་ཚང་དུ་གཏོང་བར་དོ་ཁུར་བྱེད་དགོས། ཁྱབ་རྒྱ་ཆེ་བ་དང་རིམ་པ་མང་བ་ནི་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་བསམ་ཕྱོགས་ཀྱི་འགྱུར་ལྡོག་ཆེ་ཤོས་ཡིན།
འདོན་སྤྲོད་ཀྱི་སྤུས་ཚད་དང་ལས་ཕྱོད་ཇེ་མཐོར་གཏོང་བ་ནི་ཁ་ཕྱོགས་གཙོ་བོ་ཡིན།མིག་སྔར།རང་རྒྱལ་གྱི་ཞིང་ལས་ཀྱི་འགལ་བ་གཙོ་བོ་ནི་སྤྱིའི་ཚད་མི་འདང་བ་ནང་སྒྲིག་གཞི་ཅན་གྱི་འགལ་བར་གྱུར་འདུགདེ་བས།ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དེ་ད་ཡོད་ཀྱི་ཐོན་སྐྱེད་ཆུ་ཚད་སྟེང་གི་གྲངས་ཚད་ཀྱི་ལེགས་སྒྲིག་ཡིན་མི་ཉན་ལ།དེ་ཐོན་ལས་དང་སྒྲིག་གཞི་ལམ་ལུགས་བཅས་ཕྱོགས་གཉིས་ཀྱི་སྟེང་ནས་ཤུགས་སྣོན་བྱས་ཏེ།ཞིང་ལས་ཀྱི་རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ཚད་ཇེ་མཐོར་བཏང་སྟེ།ཞིང་ལས་ཀྱི་མཁོ་འདོན་འབྲེལ་བ་སང་བས་ཆུ་ཚད་མཐོན་པོ་ཞིག་གི་སྟེང་ནས་འདྲ་མཉམ་ཡོང་དགོས།སྤུས་ཚད་ཀྱིས་ཞིང་ལས་དར་བ་ཞེས་པ་རྒྱུན་འཁྱོངས་བྱས་ནས།བདག་གཉེར་བྱེད་ཐབས་གསར་གཏོད་དང་ཚན་རིག་མགྱོགས་མྱུར་དར་སྤེལ་གཏོང་དགོས།ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་མཉམ་བསྲེས་གོང་སྤེལ་གཏོང་བར་སྐུལ་སྤེལ་དང་།ཐོན་ལས་ཀྱི་མུ་རྒྱུན་བསྲིང་དགོས་པ་དང་རིན་ཐང་གི་མུ་རྒྱུན་ཇེ་མཐོར་གཏོང་དགོས།ཁྱོན་ཡོངས་ནས་ཞིང་ལས་ཀྱི་སྤྱིའི་ཕན་ཁེ་ཇེ་མཐོར་གཏོང་བ་དང་ཞིང་ལས་དེ་འགྲན་རྩོད་ཀྱི་གནས་བབས་ལེགས་པའི་ཐོན་ལས་སུ་གཏོང་དགོས།
ཚོང་རའི་དགོས་མཁོ་སྐོང་བ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན།ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་ཅན་གྱི་བཅོས་བསྒྱུར་གྱི་མཐར་ཐུག་གི་དམིགས་ཡུལ་ནི་དགོས་མཁོ་སྐོང་བ་དེ་རེད།མིག་སྔར་གྱི་འོས་མཐུན་མིན་པའི་ཞིང་ལས་ཀྱི་འདོན་སྤྲོད་སྒྲིག་གཞི་བསྒྱུར་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཚོང་རའི་དགོས་མཁོ་སྐོང་ན་ངེས་པར་དུ་ཚོང་ར་ཅན་གྱི་ཕྱོགས་ཁྲིད་ལ་རྒྱུན་འཁྱོངས་དང་ཚོང་རའི་ཐོན་ཁུངས་འོས་སྒྲིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།ཚོང་རའི་བྱེད་ཐབས་བཀོལ་ནས་ལེགས་སྒྲིག་དང་ལས་ཕྱོད་ཇེ་མཐོར་གཏོང་དགོས།ཚོང་རའི་ནུས་ཤུགས་ཀྱིས་སྒྲིག་གཞི་རང་བཞིན་གྱི་ལེགས་སྒྲིག་ཐག་གཅོད་བྱེད་པ་དང་།དོན་མེད་ཀྱི་འདོན་སྤྲོད་ཇེ་ཉུང་དུ་བཏང་སྟེ་ནུས་ཡོད་ཀྱི་འདོན་སྤྲོད་རྒྱ་བསྐྱེད་དགོས།སྲིད་གཞུང་གིས་གཞན་ཐག་རང་གཅོད་མི་བྱེད་ཅིང་། ཟུར་ནས་ལྟད་མོ་ཡང་མི་ལྟ་བར་བྱེད་དགོས།གཙོ་བོ་སྲིད་ཇུས་ཀྱིས་འཁྲིད་སྟོན་དང་ཞབས་འདེགས་ལ་ཤུགས་སྣོན།ཚོང་རའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།
ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་བ་ནི་འགན་འཁྲི་ཞིག་རེད།ལྗང་མདོག་ནི་ཞིང་ལས་ཀྱི་རང་མདོག་ཡིན་ལ།ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་ལས་ཀྱི་མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་སྐུལ་འདེད་བྱེད་པའི་གཞི་རྩའི་བླང་བྱ་ཡིན།མི་སྔར། རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་སྤྱོད་པའི་གཞི་ཁྱོན་མཐོ་དྲགས་པ་དང།ཞིང་ལས་བེད་མེད་དངོས་རྫས་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་མི་ཐུབ་པ་མི་འདང་བ་མཉམ་དུ་གནས་པ།དེའི་ནང་འགྲན་རྩོད་ཡོད་ལ། གོ་སྐབས་ཀྱང་ཡོད།མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པ་ལ་བསྟུན་དགོས་པ་དང་། ལྗང་མདོག་སྤུས་ལེགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་།སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་དགོས། “ རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་” པའི་འདུ་ཤེས་དང་བཞེང་སྐྲུན་བྱ་དགོས་ལ།ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་ཞིང་ལས་དང་ཞིང་ལས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཏེ། སྐྱེ་ཁམས་མཐུན་སྦྱོར་དང།ཁོར་ཡུག་ལེགས་བཅོས་བཅས་ཕན་ཚུན་མཉམ་འདྲེས་དང་གཅིག་གྱུར་ཡོང་བར་བྱ་དགོས་།
ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བ་དེ་ལྟེ་བའི་དམིགས་ཚད་ཡིན། “ ཞིང་གསུམ་” གནད་དོན་གྱི་སྲོག་ཤིང་ནི་ཞིང་པའི་གནད་དོན་དང་། ཞིང་པའི་གནད་དོན་གྱི་སྲོག་ཤིང་ནི་ཡོང་འབབ་ཀྱི་གནད་དོན་ཡིན། ཞིང་ལས་གཉེར་སྐྱོང་ཕན་འབྲས་ཇེ་མཐོར་འགྲོ་བ་དང་།ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དེ་ནི་ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་གལ་ཆེའི་ཚད་གཞི་ཡིན་ལ་བསྒྱུར་བཅོས་ལ་སྐུལ་འདེད་བྱེད་པའི་ཡུན་རིང་གི་སྒུལ་ཤུགས་ཀྱང་ཡིན། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལེགས་གྲུབ་བྱུང་ཡོད་མེད་ལ་མཁོ་སྤྲོད་མ་ལག་གི་ལེགས་བསྒྱུར་དང་ལས་ཕྱོད་ཇེ་མཐོར་སོང་ཡོད་མེད་དང་ཞིང་པའི་ཡོང་འབབ་འཕར་ཡོད་མེད་ལ་ལྟ་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གྱིས་ཞིང་པར་དོ་སྣང་བྱ་དགོས། ཞིང་པར་བརྟེན་པ་དང་། ཞིང་བ་ལ་ལས་ཀ་ལས་རྒྱུ་ཡོད་པ་དང་ཡོང་འབབ་བཙལ་རྒྱུ་ཡོད་པ་ཞིག་ཡིན་དགོས། ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བརྒྱུད་དེ་ཞིང་ལས་ཀྱི་ཕྱོགས་བསྡུས་ཁེ་ཕན་ཇེ་མཐོ་དང་ཡོང་སྒོ་གཏན་འཇགས་ཡོང་བར་བྱ་དགོས།
བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཡིན། ཞིང་ལས་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ནི་འཕོ་འགྱུར་གཏིང་ཟབ་པོ་ཞིག་ཡིན། སྒྲིག་གཞི་ལེགས་སྒྲིག་ལས་ལམ་ལུགས་ལེགས་སྒྲིག་ཅིག་བྱེད་མི་རུང་ལ། ངེས་པར་དུ་ཤུགས་རྒྱག་ས་གཙོ་བོ་འདི་ཁོང་དུ་བརྟན་པོ་ཆུད་དགོས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་བཅོས་བསྒྱུར་གྱི་ཐབས་ལ་བརྟེན་ནས་གྲུབ་ཚུལ་ལེགས་སྒྲིག་བྱ་དགོས། ལམ་སྲོལ་བསྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ལུགས་མཐུན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་སྐྱེ་ཁམས་ཕྱོགས་སྟོན་དུ་བྱེད་པའི་ཁ་གསབ་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། སྒྲིག་སྲོལ་དང་རྐྱེན་སྲོལ་གསར་སྐྲུན། གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ།བཅོས་བསྒྱུར་གྱིས་མཐོར་འདེགས་གཏོང་རྒྱུ། སྲོལ་རྒྱུན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་འགུལ་ནུས་གསར་པ་སྐྱེད་སྲིང་དང་སྔར་ལས་ལས་ཆོད་ཆེ་བ་དང་། དེ་བས་ཕན་འབྲས་ལྡན་པ་དང་། དེ་བས་རྒྱུན་མཐུད་ཐུབ་པའི་ཞིང་ལས་ཀྱི་མཁོ་སྤྲོད་མ་ལག་ཅིག་གྲུབ་དགོས།
ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་བྱེད་པའི་བརྒྱུད་རིམ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ངོས་ནས་ལས་ཀའི་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཟོས་ཟིན་པ་དང་། ས་གནས་ཁག་གིས་ཀྲུང་དབྱང་གི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། དེ་མིན་ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་རྩ་བའི་ནང་དོན་ཡིན་པ་དང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་མངོན་སུམ་གནས་ཚུལ་དང་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས། ཚོང་རའི་ཁྲིམས་སྲོལ་བརྩི་སྲུང་དང་། རང་བྱུང་གི་ཆོས་ཉིད་དང་། གནད་དོན་སྟོན་ཕྱོགས་སུ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་ཞིང་།ཞིང་ལས་ཀྱི་འདོན་སྤྲོད་བྱས་པའི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས།
ཉེར་ལྔ། རང་རྒྱལ་གྱིས་ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་དོན་ཅི།
ལན། གཙོ་བོ་སྤྱི་ཁོག་གི་ཁོར་ཡུག་འགྱུར་ལྡོག་གི་དབང་གིས་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཀྱི་འགུལ་ནུས་ཇེ་མཐོར་གཏོང་དགོས་བྱུང་།ཞིང་ལས་ཐོན་རྫས་ཀྱི་དགོས་མཁོའི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བས་སྒྲིག་གཞི་ལེགས་བཅོས་བྱེད་དགོས་བྱུང་།ཞིང་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་གནས་བབས་ལ་འགྱུར་ལྡོག་བྱུང་བས་བདག་གཉེར་གྱི་བྱེད་ཐབས་བསྒྱུར་དགོས་བྱུང་།ཐོན་ཁུངས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བས་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ནུས་ཤུགས་ཇེ་མཐོར་གཏོང་དགོས་བྱུང་།
ཉེར་དྲུག ཞིང་ལས་ཀྱི་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་ན་མཉམ་འཇོག་དགོས་ས་གང་ཡིན།
ལན། དཀའ་ངལ་དང་འགྲན་རྩོད་ལ་ངེས་པར་དུ་གདོང་གཏོད་དགོས། བཅོས་བསྒྱུར་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་སྤེལ་བྱེད་པ་དང་། བཅོས་བསྒྱུར་གྱི་དཀའ་གནད་ལ་ཚོད་བགམ་བྱེད་ཕོད་པ་དང་། བསྒྱུར་བཅོས་ཀྱི་མ་གནས་ཇེ་དམའ་རུ་གཏོང་གང་ཐུབ་དང་། བསྒྱུར་བཅོས་ཉེན་ཁ་སྔོན་འགོག་ཧུར་ཐག་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཇེ་དམའ་རུ་མི་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་ཚུལ་ཇེ་ཉུང་དུ་མི་འགྲོ་བ་དང་། གྲོང་གསེབ་ཀྱི་བརྟན་ལྷིང་གནད་དོན་མི་འབྱུང་བ་བཅས་ལ་ཁག་ཐེག་བྱ་དགོས།
ཉེར་བདུན། རང་ཞིང་གི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་ངལ་དང་འགལ་བ་གཙོ་བོ་གང་དག་ཡོད་དམ་།
ལན། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ནི། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གི་འགལ་བ་ཉིན་རེ་བཞིན་འབུར་དུ་ཐོན་ཡོད། མཚོ་སྔོན་ནི་དར་རྒྱས་བྱུང་མེད་པའི་ས་ཁུལ་དང་། དབུལ་ཕོངས་ས་ཁུལ། མི་རིགས་ས་ཁུལ།གྲང་ངར་ཆེ་བའི་ས་ཁུལ། དཔལ་འབྱོར་སྤྱི་འབོར་ཉུང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ལས་འགན་ལྕི་པོ་ཡོད། རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པས།འདེབས་འཛུགས་ལས་རིགས་ཀྱི་སྣ་ཁ་ཉུང་བ་དང་ཐོན་ཚད་དོན་དམའ་བ། འགྲན་རྩོད་ཀྱི་ནུས་པ་ཞན་པ་དང་། བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་པ་དང་། རྨོ་ཞིང་གི་རྒྱ་ཁྱོན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཕྱུགས་ལས་ཀྱི་ཆ་ནས་རྩྭ་ཕྱུགས་ཀྱི་འགལ་བ་ཅུང་དྲག་པོ་ཡིན་ལ།གཤིས་ནུས་ཅུང་ཞན། ཞིང་ཕྱུགས་ཟུང་འབྲེལ་བྱས་པ་དམ་པོ་མིན་པ།ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་དཀོན་པ་དང་གཞི་ཁྱོན་ཆུང་བ།ཐོན་རྫས་མིང་གྲགས་ཅན་ཉུང་བ་སྟེ།ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་གྱི་ཞིང་ཕྱུགས་ཐོན་རྫས་ནི་རིམ་པ་ཐོག་མའི་ཐོན་རྫས་ཚོང་རར་ཐོན་པ་ཡིན་ལ།ཚད་མང་ཡང་གོང་དམའ། དུས་ཡུན་རིང་བོའི་ནང་ལུད་རྫས་དང་ཞིང་སྨན་བཀོལ་སྤྱོད་བྱས་པ་ལས།རྒྱ་ཁྱོན་ལྟར་དུ་བཀོལ་སྤྱོད་བྱས་པའི་ཆུ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་།རྨོ་ཞིང་ལ་སྦགས་བཙོག་བྱས་ཡོད་པའི་མགོ་ཁུངས་ལེགས་བཅོས་བྱེད་དགོས།གཞི་ཁྱོན་ལྡན་པའི་གསོ་སྤེལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། གསོ་སྤེལ་སྐབས་ཀྱི་བྲུན་གྱི་སྦགས་བཙོག་བཅོས་སྐྱོང་བྱ་དགོས་། སྐྱེ་ཁམས་ཉམས་གསོའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་མཁོ་སྤྲོད་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་ལེགས་བཅོས་དང་། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་གཏོང་དགོས། གོང་འཕེལ་གཏོང་བའི་མ་གནས་མཐོ་བ་དང་ཕན་འབྲས་ཉུང་བའི་འགལ་བ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་རེད།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་མ་རྩ་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་པ།མཐའ་འཁོབ་ས་ཁུལ་གྱི་དངུལ་གཏོང་ལོ་རེ་བཞིན་ཇེ་ཉུང་དུ་འགྲོབ་བཞིན་ཡོད་ལ།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཁེ་བག་ཅུང་དམའ་བ།2001ལོ་ནས་ད་བར་དུ་གྲོ་ནས་སྲན་གསུམ་གྱི་མུའུ་རེའི་སྤྱིའི་མ་རྩ་ལོ་རེ་བཞིན་འཕར་བཞིན་ཡོད།ངལ་རྩོལ་ནུས་ཤུགས་ཀྱི་ཉིན་གླ་སྒོར100 ཡན་ཟིན་ལ2001 ལོ་དང་བསྡུར་ན་ལྡབ5ཙམ་མཐོ་རུ་གཏོང་སོང་ཡོད། ས་ཞིང་འཁོར་རྒྱུག་གི་མ་གནས་མུའུ་རེར་ཆ་སྙོམས་སྒོར600ཡན་་ལ་འཕར་བ་དང་ལོའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་འི12ལས་བརྒལ་བ་རེད་།མིས་བཟོས་དང་ས་ཞིང་གི་མ་རྩ་འཕར་བ་མགྱོགས་པ་དང་ཁ་ཚ་དགོས་གཏུག་གི་དགོས་མཁོ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་བརྟེན་ནས་མ་རྩ་ཇེ་ཉུང་དུ་གཏོང་དགོས་པ་དང་། ཕན་འབྲས་ཆེ་རུ་གཏོང་དགོས་། འཕེལ་རྒྱས་ཀྱི་དགོས་མཁོ་དང་རྨང་གཞི་ཞན་པའི་བར་གྱི་འགལ་བ་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་བཞིན་པ།ཐོན་སྐྱེད་བདག་གཉེར་ལས། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་འཁོར་སྐྱོད་ཚད་བརྒྱ་ཆའི50.2ཡིན་ལ་རྒྱལ་ཡོངས་ལས་བརྒྱ་ཆའི་ཆ10.8ཀྱི་དམའ།ཞིང་ཕྱུགས་ཐོན་ཟོག་ལས་སྣོན་དང་སྐྱེལ་འདྲེན། བསྒྱུར་བཀོལ་སོགས་ཀྱི་ཐད་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ཡང་མི་ཟིན་དང་། ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་བརྒྱ་ཆའི8.6མ་གཏོགས་མི་ཟིན། ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་མཉམ་འདྲེས་བྱས་པ་མི་འདང་བ་དང་སྐུལ་ཁྲིད་ནུས་ལྡན་མེད་པས། འཛད་སྤྱོད་པར་ཞིང་ལས་ཐོན་རྫས་སྣ་མང་ཅན་གྱི་དགོས་མཁོ་དང་སྤུས་ཚད་བདེ་འཇགས་ཀྱི་བླང་བྱ་དང་དེ་བཞིན་དོ་ཁུར་བྱེད་ཚད་ཇེ་མཐོར་འགྲོ་བཞིན་ཡོད་། འོན་ཀྱང་ཞིང་འབྲོག་ལས་ཐད་བཏང་བའི་དངོས་རིགས་མང་བ་དང་། ལྟ་སྐུལ་དོ་དམ་བྱེད་དཀའ་བ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་ཆུ་ཚད་དམའ་བ་དང་། ཐོན་ཡུལ་ནས་ཕྱིར་ཐོན་ཆོག་པའི་ལམ་ལུགས་སོ་མ་འགོ་ཚུགས་པ་ཡིན་པས། མཁོ་སྤྲོད་འགན་ལེན་བྱེད་པ་དང་དུས་མཚུངས་སུ་སྤུས་ཚད་འགན་ལེན་དང་བདེ་འཇགས་ཀྱི་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེར་གྱུར་། འདེགས་སྐྱོར་རྒྱུ་རྐྱེན་གཙོ་བོར་བལྟས་ན། ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་སྣེ་ཁྲིད་མི་སྣ་མི་འདང་བ་དང་། ཞིབ་འཇུག་གསར་སྤེལ་ནུས་པ་མི་འདང་བ། སྐྱེ་དངོས་ལག་རྩལ་ཞིང་འཕྲུལ་སྒྲིག་ཆས་། འཕྲལ་འགྱུར་ཞིང་ཕྱུགས་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་གལ་ཆེན་ཉུང་བ་དང་། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱེད་ཤུགས་མི་འདང་བ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་ཁྱབ་སྤེལ་མ་ལག་འཐུས་སྒོ་མི་ཚང་བ་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ལས་ཁུངས་འཐུས་ཚང་མེད་པ་དང་། གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་ལས་ཁུངས་ཉུང་བ་དང་། དེ་གཉིས་ཟུང་འབྲེལ་དམ་ཟབ་བྱས་མི་འདང་བ་རེད། ཤེས་ལྡན་མི་སྣ།ཞིང་འབྲོག་ཁུལ་གྱི་གཞོན་དར་ངལ་རྩོལ་ནུས་ཤུགས་མང་པོ་ཕྱིར་བསྐྱོད་པ་དང་། ཞིང་འབྲོག་ལས་ཀྱི་ལས་རིགས་གཅིག་ལྕོགས་ཅན། རོང་འབྲོག་མང་ཚོགས་ཀྱི་ན་རྒས་ཅན་དུ་འགྱུར་བའི་འཕེལ་ཕྱོགས་མངོན་གསལ་དོད་པ་དང་། ཐོན་ལས་དང་པོའི་ལས་གཉེར་མི་སྣ་མང་ཙམ་ཡོད་ལ། ཡིན་ནའང་ངལ་རྩོལ་ནུས་ཤུགས་རིག་གནས་ཆུ་ཚད་ཅུང་དམའ་བ་དང་ཞན་པ། ལག་རྩལ་ཅན་དང་གཉེར་སྐྱོང་མཁས་པ། དོ་དམ་བྱེད་ཤེས་པ་བཅས་ཀྱི་ལས་རིགས་གསར་པའི་རོང་འབྲོག་མང་ཚོགས་བཅས་མེད་པ། དངུལ་རྩའི་ཐད་ནས་འཕེལ་རྒྱས་ཀྱི་མ་དངུལ་སྔར་བཞིན་མི་འདང་བ་དང་། རིགས་སོ་སོའི་བདག་གཉེར་གཙོ་ཕུང་གིས་མ་དངུལ་གྱི་དགོས་མཁོ་སྐོང་མི་ཐུཔ་དང་ནོར་དོན་གྱི་མ་རྩ་མཐོ་བ། ཞིང་ཕྱུགས་ལས་ཀྱི་དངུལ་རྩའི་གཏའ་འཇོག་ལས་སྟེགས་འཛུགས་སྐྲུན་རྗེས་སུ་ལུས་པ་དང་མ་རྩ་བསྡུ་སྒྲིལ་དཀའ་བ་དང་། དངུལ་བུན་གཡར་དཀའ་བ་བཅས་ཀྱི་གནད་དོན་སྔར་བཞིན་ཅུང་འབུར་ཐོན་རེད་། འགན་བཅོལ་ཀྱི་ཁེབས་རྒྱ། ཁྱབ་ཁོངས་ཀྱང་ཆུང་ངུ་ལས་དང་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བདག་གཉེར་གྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད། སྒྲིག་སྲོལ་དང་རྐྱེན་སྲོལ་ཐད་ནས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་འཐུས་ཚང་མེད་པ་དང་། རོང་འབྲོག་པའི་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ཅུང་དམའ་བ་དང་། ཁྱིམ་ཚང་གི་ཞིང་ཕྱུགས་དང་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་ཞན་པ་བཅས་ཡིན་སྟབས། ཁེ་ཕན་གཅིག་ཏུ་སྦྲེལ་བའི་ལམ་སྲོལ་འཐུས་ཚང་བྱུང་མེད་པ་རེད། རྨང་གཞིའི་འཛུགས་སྐྲུན་དང་། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ཞན་པ་དང་། ཐོན་སྐྱེད་བདག་གཉེར་ལ་རགས་ལས་ཡིན། ཞིང་ཕྱུགས་ལས་དེང་རབས་ཅན་གྱི་ཆུ་ཚད་བརྒྱ་ཆའི54ཡིན་ལ།དེ་ཞིང་ལས་དེང་རབས་ཅན་གྱི་བརྒྱ་ཆའི75དང་བསྡུར་ན་བརྒྱ་ཆའི་ཆ21འཆད་པས།ཞིང་ལས་དེང་རབས་ཅན་གྱི་འགོ་རྩོམ་པའི་དུས་སྐབས་སུ་གནས་ཡོད།
ཉེར་བརྒྱད། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་དམ་འཛིན་བྱེད་དགོས་པའི་གོ་དོན་ག་འདྲ་ཡིན།
ལན། དམིགས་ས་དམ་འཛིན་བྱེད་པ། གཙོ་བོ་སྒྲིག་གཞིའི་སྒྲིག་སྲོལ་གསར་སྐྲུན་བྱེད་པ་བརྒྱུད་ནས།ཞིང་ཕྱུགས་ལས་ཀྱི་གནད་ཆེའི་རྒྱུ་རྐྱེན་དང་ཐོན་རྫས།ལག་རྩལ།ཐོན་ལས།ཁྱབ་ཁོངས།སྒྲོམ་གཞི་སོགས་ཕྱོགས་ཀྱི་སྒྲིག་གཞི་བཅོས་བསྒྱུར་ལེགས་སྒྲིག་བྱེད་པ་དང་། ཞིང་ཕྱུགས་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་ལེགས་བཅོས་བྱས་ཏེ།ལྷད་མེད་འཕེལ་རྒྱས་འབུར་ཐོན་དང་།སྤུས་ཚད་ཀྱིས་ཞིང་ལས་དར་རྒྱས་སུ་བཏང་ནས། ཞིང་ཕྱུགས་ལས་དགོས་མཁོའི་འབྲེལ་བ་དེ་དོ་མཉམ་ཞིང་ཆུ་ཚད་མཐོ་བའི་སྒོ་ནས་མངོན་དགོས། མགོ་རྩོམ་ས་གསར་བ་དམ་འཛིན་བྱེད་པ། གཙོ་བོ་མིག་སྔར་གྱི་ཞིང་ཕྱུགས་ལས་མཁོ་སྤྲོད་སྒྲིག་གཞི་བཅོས་བསྒྱུར་བྱས་ཏེ།སྔར་ལས་བཟང་བོའི་སྒོ་ནས་ཚོང་རའི་དགོས་མཁོ་བསྐོང་དགོས།མིག་སྔར་ཆེས་རྩ་བའི་གནད་དོན་ནི་ཚོང་རའི་ཐོན་ཁོངས་བཀོད་སྒྲིག་ཁྲོད་ནུས་པ་གཙོ་བོ་འདོན་པ་དེ་ཡིན།ཚོང་རའི་ནུས་ཤུགས་ཀྱིས་སྒྲིག་གཞི་ལེགས་སྒྲིག་ལ་སྣེ་ཁྲིད་དང་།སྤུས་ཚད་དམའ་ཞིང་ཐོན་ཚད་དམའ་བའི་ཐོན་རྫས་མཁོ་སྤྲོད་བྱེད་པ་གཏན་འགོག་བྱེད་དགོས་ལ། སྤུས་ཚད་མཐོ་ཞིང་ཐོན་ཚད་མཐོ་བའི་ཐོན་རྫས་མཁོ་སྤྲོད་བྱེད་པའི་ཁྱབ་རྒྱ་ཆེ་རུ་བཏང་ནས།ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཁྱད་ཆོས་དང་རིན་ཐང་མངོན་པར་བྱེད་དགོས། དམིགས་ས་དམ་འཛིན་བྱེད་པ། གཙོ་བོ་ནི་འདོན་སྤྲོད་བྱེད་པའི་སྤུས་ཚད་ཇེ་མཐོར་བཏང་ནས་སྤུས་ཚད་ཀྱིས་ཞིང་ལས་དར་རྒྱས་སུ་གཏོང་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།ཞིང་ཕྱུགས་ལས་བདག་གཉེར་གྱི་བྱེད་ཐབས་གསར་སྐྲུན་བྱས་ཏེ།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ཚད་ཇེ་མཐོར་གཏོང་བ་དང་།ཁེ་ཕན་གྱིས་ཞིང་ལས་སྟོབས་ཅན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས།ཞིང་ཕྱུགས་ལས་ཐོན་ལས་ཀྱི་སྦྲེལ་ཐག་གི་རྒྱུན་བསྲིངས་པ་དང་རིན་ཐང་གི་སྦྲེལ་ཐག་ཇེ་མཐོར་གཏོང་བ།ཞིང་ཕྱུགས་ལས་ཐོན་ཁོངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྔར་ལས་འོས་ཤིང་འཚམ་པ་སྒོ་ནས་སྒྲིག་སྦྱོར་བྱེད་དགོས།ཞིང་ཕྱུགས་ལས་ཀྱི་བྱེད་ཐབས་བསྒྱུར་ནས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྲིད་ཇུས་མ་ལག་གི་རྣམ་པ་ཆགས་སུ་བཅུག་ནས།ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་།ཁེ་ཕན།འགྲན་རྩོད་ཀྱི་ནུས་པ་གསར་བ་ཇེ་མཐོར་གཏོང་དགོས།དོ་ཁུར་ལ་མཐོང་ཆེན་བྱེད་པ།གཙོ་བོ་རྒྱུན་མཐུད་འཕེལ་རྒྱས་བྱུང་ཚེ། ད་གཟོད་ལྷད་མེད་པ་དང་སྤུས་ཚད་མཐོ་བའི་ཞིང་ཐོན་ཐོན་རྫས་དང་སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་བྱེད་པ་ཇེ་མང་དུ་གཏོང་ཐུབ། “”དྭངས་ཤིང་གཙང་བོའི་རི་ཆུ་ནི་གསེར་རི་དང་དངུལ་རི་ལས་ཀྱང་ལྷག”པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ཐོན་ཁོངས་གྲོན་ཆུང་ཅན་དང་། ཁོར་ཡུག་མཛའ་མཐུན་ཅན་གྱི་ཞིང་ལས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས།ཞིང་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྒྲིག་གཞི། ཁོར་ཡུག་ལེགས་བཅོས་བཅས་ཕན་ཚུན་མཉམ་བསྲེས་དང་གཅིག་གྱུར་བྱེད་པར་སྐུལ་འདེད་བྱེད་དགོས།རྐང་འཛུགས་ས་དམ་འཛིན་བྱེད་པ། གཙོ་བོ་འདོན་སྤྲོད་ཀྱི་མ་ལག་ལེགས་བཅོས་ཐུབ་མིན་དང་ཕན་འབྲས་ཇེ་མཐོར་གཏོང་མིན་ལ་བལྟ་དགོས་པ་མ་ཟད།རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་ཐུབ་མིན་དང་ཕན་ཁེ་ཐོབ་མིན་གཙོ་བོར་འཛིན་དགོས།
ཉེར་དགུ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་བྱེད་ན་རྣམ་པ་གང་དག་བསྒྱུར་དགོས།
ལན། སྔོན་གྱི་གཙོ་བོ་གྲངས་ཀར་དོ་ཁུར་བྱེད་པ་ནས་སྤུས་ཚད་ཇེ་མཐོར་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཕྱོགས་སུ་བསྒྱུར་བ།སྔོན་གྱི་ཞིང་ཕྱུགས་ལས་ཐོན་ལས་སྒྲིག་གཞི་ལ་བསམ་བློ་གཏོང་བ་ནས།ཐོན་ལས་སྒྲིག་གཞི་དང་བདག་གཉེར་སྒྲིག་གཞི་ལ་དོ་ཁུར་བྱེད་པ།སྔོན་གྱི་ཞིང་ལས་ཐོན་ལས་ཀྱི་ནུས་ཤུགས་ལེགས་སྒྲིག་བྱེད་པ་ནས།ཐོན་ལས་ནུས་ཤུགས་འཕེལ་རྒྱས་དང་སྒྲིག་གཞི་བཅོས་བསྒྱུར་ལ་དོ་ཁུར་བྱེད་པ།ནང་གི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ཡིན།
སུམ་ཅུ། ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་ཅན་གྱི་བཅོས་བསྒྱུར་གྱི་ངེས་པར་དུ་སྲུང་དགོས་པའི་རྩ་གནད་གསུམ།
ལན། གཅིག་ནི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་ནུས་ཤུགས་ཇེ་དམའ་རུ་མི་འགྲོ་བར་ཁག་ཐེག་བྱེད་པ།ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་སྤྱིའི་སྒྲིག་གཞི་བརྟན་འཇགས་དང་སྲ་བརྟན།ཇེ་མཐོར་གཏོང་བ། གཉིས་ནི་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཁ་ཕྱོགས་མི་འགྱུར་བ།ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་གཉེར་བའི་རོང་འབྲོག་མང་ཚོགས་ལ་གྱོང་གུད་མི་འབྱུང་བ།རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ནུས་ཤུགས་ཇེ་མཐོར་གཏོང་བ་ལས་ཇེ་དམར་གཏོང་མི་ཆོག གསུམ་ནི་རོང་འབྲོག་ཁུལ་གྱི་བརྟན་འཇགས་ལ་གནད་དོན་མི་འབྱུང་བ་ཁག་ཐེག་བྱེད་པ། རོང་འབྲོག་ཁུལ་ཁྱིམ་ཚང་མང་ཆེ་ཤོས་རང་ཁྱིམ་རང་བདག་བྱེད་པའི་ཐོན་སྐྱེད་མངོན་འགྱུར་བྱེད་པར་བསམ་བློ་བཏང་སྟེ།དོན་དངོས་ཀྱི་གནས་ཚུལ་ལ་བསྟུན་ནས་དགོས་མེད་ཀྱི་བཀའ་རྒྱ་མི་གཏོང་བ་དང་།དོན་མེད་ལ་མཛུབ་སྟོན་མི་བྱེད་པ།རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་ལ་གཏོར་བརླག་མི་བྱེད་པ།
སོ་གཅིག ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་བྱེད་པའི་དམིགས་འབེན་གཙོ་བོ།
ལན། ཚོང་རའི་མཁོ་སྤྲོད་ཀྱི་འགྱུར་ལྡོག་དཀྱིལ་སྙིང་དུ་བཟུང་ནས།རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་།ཕན་ནུས་ལྡན་པའི་འདོན་སྤྲོད་ལ་ཁག་ཐེག་བྱེད་པའི་དམིགས་འབེན་གཙོ་བོ་ལ་ཁག་ཐེག་བྱས་ཏེ།ཞིང་ཕྱུགས་ལས་ཕྱོགས་ལ་འདོན་སྤྲོད་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་བ་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བཟུང་ནས།སྒྲིག་གཞི་བཅོས་བསྒྱུར་དང་རྐྱེན་སྲོལ་གསར་སྐྲུན་བྱེད་པའི་ལམ་ཐབས་གཙོ་བོར་འཛིན་པ།ཞིང་ཕྱུགས་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་ལེགས་བཅོས་བྱས་ཏེ།ས་ཞིང་གི་ཐོན་སྐྱེད་དང་ཕྱིར་འདོན་ཚད།ཐོན་སྐྱེད་བེད་སྤྱོད་ཚད།ངལ་རྩོལ་ཐོན་སྐྱེད་ཚད་སོགས་ཇེ་མཐོར་བཏང་ནས།ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ཐོན་ཁོངས་ཀྱི་ཟད་གྲོན་དང་།གྲངས་ཀའི་དགོས་མཁོ་བསྐོང་པ།ལྷད་མེད་སྐྱེ་ཁམས་རྒྱུད་མཐུད་འཕེལ་རྒྱས་ཐུབ་པ་བྱས་ཐོག སྤུས་ཚད་ཀྱི་དགོས་མཁོ་བསྐོང་ཐུབ་པ་གཙོར་འཛིན་དགོས།
སོ་གཉིས། རང་ཞིང་གི་ཞིང་ཕྱུགས་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་བྱེད་པའི་འགན་ཁུར་གཙོ་བོ་བཞི་ནི།
ལན། སྒྲིག་གཞི་ལེགས་སྒྲིག། མ་རྩ་ཇེ་ཉུང་དུ་གཏོང་བ།མི་འདང་ས་ཁ་གསབ། སྒྲིག་སྲོལ་གསར་སྐྲུན།
སོ་གསུམ། རང་ཞིང་གི་ཞིང་ཕྱུགས་ལས་སྒྲིག་གཞིའི་སྤུས་ཚད་ཇི་ལྟར་མཐོར་འདེགས་གཏོང་རྒྱུ།
ལན། ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་སྒྲིག་གཞི་དོ་མཉམ་མིན་པའི་གཞི་རྩ་ནི་ཐོན་སྐྱེད་ཀྱིས་ཚོང་རའི་འགྱུར་ལྡོག་དང་མ་བསྟུན་པ་དེ་ཡིན། གནད་དོན་འདི་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་ཚོང་རའི་མཁོ་འདོན་ལྟར་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་དང་སྒྲིག་གཞིའི་རྣམ་པ་འོས་འཚམས་ཡིན་པ་དང་ལྷག་པར་དུ་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་མ་ལག་འགན་སྲུང་ཡོད་པར་གྱུར་བ་དང་འདེབས་འཛུགས་ལས་རིགས་དང་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱེད་དགོས། སྲ་ཞིང་བརྟན་པོའི་སྒོ་ནས་དགོས་མཁོ་ལྟར་འཛད་སྤྱོད་དང་ཐོན་སྐྱེད་སྙོམས་སྒྲིག་བྱེད་པའི་འདུ་ཤེས་ཡོད་པ་དང་འབྲུ་རིགས་གཏན་འཇགས་དང་དཔལ་འབྱོར་ལེགས་བསྒྱུར།གསོ་ཆས་ཇེ་མང་དུ་གཏོང་བ་བཅས་ཀྱི་ཐབས་ལམ་ལྟར་འབྲུ་རིགས་དང་དཔལ་འབྱོར།གསོ་ཆས་གསུམ་གྱི་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་པའི་སྒོ་ནས་འབྲུ་སྣུམ་འདེབས་འཛུགས་དང་།སྔོ་ཚོད་དང་སིལ་ཏོག ཚེར་སིལ་དང་འཕང་འབྲས་བཅས་སྒོར་དུང་ཕྱུར་ཅན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།
ཤར་ཕྱོགས་རི་ཁུལ་དང་ཚྭ་འདམ་གཞོང་ཀྱི་གྲོ་འདེབས་འཛུགས་བྱེད་པར་སྙོམས་སྒྲིག་དང་ཇེ་ཉུང་ཏུ་བཏང་སྟེ་ཧུའུ་ཀྲུའུ་ས་བོན་རིགས་སྣ་ཚོགས་གཏན་འཇགས་ཡོང་རྒྱུ་དང་གྲོ་ཚང་གི་ཞོག་ཁོག་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་། མཚོ་ནུབ་ཀྱི་ལིས་གྲོ་སོགས་མཚོ་ལྷོ་དང་མཚོ་བྱང་སོགས་ཐོན་ཁུལ་གཙོ་བོར་དག་ནས་འབྲུ་རིགས་དང་གཟན་ཆས་བསྲེས་ནས་ནུས་འབྲུ་འདེབས་འཛུགས་བྱེད་བཞིན་ཡོད། རྨ་ཆུའི་འགྲམ་རྒྱུད་ཀྱི་ཁྱབ་ཁོངས་དང་མཚོ་ནུབ་ཀྱི་སྔོ་ཚོད་འདེབས་འཛུགས་རྟེན་གཞི་སོགས་མཐོར་འདེགས་སུ་བཏང་བ་དང་ཤར་ཕྱོགས་རི་ཁུལ་དུ་གཟན་ཆས་ཐོན་སྐྱེད་བྱེད་པར་རྒྱ་བསྐྱེད་བྱས་ཏེ་གཟན་རྩ་མཁོ་སྤྲོད་དང་གསོག་འཇོག་བྱེད་ཐུབ་པར་ཁ་སྣོན་བྱས། ནུས་ཤུགས་ཆེན་པོའི་སྒོ་ནས་སྔོ་ཚལ་དང་འཕང་འབྲས།བོད་ཇ། སྨན་རྫས་སོགས་ཀྱི་ཐོན་ལས་རིམ་འཕར་བྱུང་ཏེ་ཕྱུག་ལས་ཁྱབ་ཁོངས་ལ་ཡང་ལེགས་བསྒྱུར་བྱས། ཕག་གསོ་བ་དང་ནོར་ལུག་གསོ་བ་སོགས་ཀྱི་ཐབས་ལམ་སྤྱད་ནས་ཚོང་གཉེར་ཁྱབ་རྒྱ་ཇེ་ཆེ་དང་ཚད་ལྡན་རང་བཞིན་གྱི་སྒོ་ནས་ཕྱུག་ཟོག་གསོ་སྐྱོང་བྱེད་བཞིན་ཡོད། ལྗངམདོག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ནུས་ཤུགས་ཆེན་པོའི་ཕྱུག་ལས་འཕེལ་རྒྱས་དང་ཕྱུག་ཟོག་གསོ་བའི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་སྒོ་དུང་ཕྱུར་ཅན་གྱི་ཐོན་ལས་སུ་གཏོང་དགོས།-ཞིང་ཕྱུག་ཐོན་ལས་དར་སྤེལ་དང་ཕག་ཤ་དང་ནོར་ལུག་གི་ཤ་སོགས་ཚོང་རར་མཁོ་སྤྲོད་བྱེད་ཐུབ་པ་བྱེད་དགོས། མཚོ་སྔོན་པོའི་འགྲམ་རྒྱུད་དུ་ནོར་ནག་དང་བོད་ལུག་གཙོ་བོར་བཟུང་ཡོད་པ་དང་རྩྭ་དང་ཕྱུག་ཟོག་གི་མཉམ་འབྲེལ་འཁོར་རྒྱུག་དཔེ་སྟོན་གནས་གཞི་འཛུགསསྐྲུན་བྱས། རྟ་ནོར་ལུག་གསུམ་ལ་སྲུང་སྐྱོབ་དང་ནུས་ཤུགས་ཡོད་པོའི་སྒོ་ནས་ཞིང་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།ཐོན་རྫས་གཞན་དག་ཀྱང་རྒྱུ་སྤུས་ཇེ་ལེགས་སུ་གཏོང་དགོས་པ་མ་ཟད་ཆུའི་ཐོན་ཁུངས་ཀྱི་ཐོན་རྫས་ཡོངས་ཀྱང་མཁོ་སྤྲོད་བྱས་ཆོག ཚ་རྔ་འགག་དང་སྔོ་རྒྱ་འགག་སོགས་རྨ་ཆུའི་འགྲམ་རྒྱུད་དུ་དྲ་རྒྱ་ཕངས་ནས་ཉ་གསོ་སྐྱོང་བྱེད་བཞིན་ཡོད་པ་དང་རྒྱལ་ནང་གི་ཆེས་ཆེ་བའི་དྲ་རྒྱའི་ནང་ཉ་གསོ་སྐྱོང་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད། སེར་ཆེན་དང་ཁྲི་ཀ། གཅན་ཚ། དཔའ་ལུང་སོགས་སུ་ཀྱང་ཉ་ལས་གླིང་ཁུལ་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་མཐོ་སྒང་གི་ཉ་གསོ་སྐྱོང་བྱེད་པའི་སྡེ་བ་འཛུགས་སྐྲུན་བྱེད་བཞིན་ཡོད།མཚོ་བཀག་ནས་ཉ་གསོ་སྐྱོང་རྒྱུད་སྤེལ་བྱས་ནས་གཅིག་གཉིས་གསུམ་ཐོན་ལས་དང་མཉམ་བསྲེས་བྱས་ཡོད།རང་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྲོལ་རྒྱུན་གྱི་གསོ་སྐྱོང་ལས་རིགས་གཙོ་བོར་བརྟེན་ཡོད་པ་དང་ཐོན་ལས་ཀྱི་རྒྱུན་མཐུད་ཡོད། ཚད་མཐོན་པོའི་སྒོ་ནས་ཞིང་ཕྱུག་ཐོན་རྫས་ལས་སྣོན་བྱས་ནས་མགྱོགས་མྱུར་ངང་ཐོན་ལས་རྒྱུན་མཐུད་བྱས་ཏེ་ཞིང་ཕྱུགས་ལས་ཀྱི་ཁྱོན་ཡོངས་ཕན་འབྲས་མཐོར་་འདེགས་སུ་གཏོང་དགོས། ཁྱད་ལྡན་ཐོན་ལས་བཅུ་དཀྱིལ་སྙིང་ལ་བཟུང་ནས་ཞིང་ཕྱུག་ཐོན་རྫས་ལས་སྣོན་བྱས་ཏེ་ཁེ་ལས་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས། ཁེ་ལས་ཕན་ཚུན་ཟུང་འབྲེལ་དང་ཁེ་ཕན་མཉམ་འབྲེལ་བྱས་ཏེ་ཐོན་ལས་མཉམ་བསྲེས་བྱས་ཡོད།ཤུགས་ཆེན་པོའི་སྒོ་ནས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་འཚོ་བ།སྐྱེ་ཁམས། དཔེ་སྟོན་སོགས་དར་སྤེལ་གཏོང་རྒྱུ་དང་སྐྱེ་ཁམས་ཞིང་ཕྱུགས་ལས། ཁམས་གསེང་ཞིང་ཕྱུགས་ལས།གྲོང་ཁྱེར་ཞིང་ཕྱུགས་ལས་སོགས་འཕེལ་རྒྱས་སུ་བཏང་སྟེ་ཁྱད་ལྡན་གྱི་རིག་གནས་ཡུལ་སྐོར་གྱི་རྟེན་གཞི་འཛུགས་སྐྲུན་བྱས་ནས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་གྱི་སྣེ་ཁྲིད་དེ་ཐོན་ལས་གསར་བ་སྐུལ་སྤེལ་དང་བྱེད་ཐབས་གསར་བ་བཀོལ་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས།
སོ་བཞི། རང་ཞིང་ཆེན་གྱི་ཞིང་ཕྱུགས་ལས་མ་རྩ་ཇེ་དམའ་དང་ཕན་འབྲས་ཇི་ལྟར་ཇེ་མཐོར་གཏོང་དགོས།
ལན། མ་རྩ་ཇེ་དམའ་གཏོང་ན་ངེས་པར་དུ་ལྗང་མདོག་ཐོན་ལས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱས་པ་དང་གཙོ་བོར་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་ལ་ཁ་གཏད་ཡོད།གྲོན་ཆུང་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་ནས་ཐོན་སྐྱེད་ཕན་འབྲས་ཇེ་མཐོར་བཏང་སྟེ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་མ་ལག་འཛུགས་དགོས། ས་བོན་དང་ལུད་རྫས། སྨན་དང་ཆུ་སོགས་གྲོན་ཆུང་བྱེད་རྒྱུ་དང་ལུད་རྫས་ཉུང་ཙམ་འཇོག་པ་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་དུ་བཏང་ན་ཐོན་སྐྱེད་རྒྱུ་ཆའི་མ་རྩ་གྲོན་ཆུང་བྱེད་ཐུབ། ས་ཞིང་གི་འོས་འཚམས་ལྟར་ལུད་རྫས་འཇོག་པའི་ལག་རྩལ་ཁྱབ་གདལ་དང་ས་གནས་ཀྱི་ཚད་གཞི་ལྟར་གཏན་འཁེལ་བྱེད་བཞིན་ཡོད།འདེབས་འཛུགས་ལས་རིགས་དང་གད་སྙིགས་ཐོན་ཁུངས་ཅན་བེད་སྤྱོད་བྱེད་པ་དང་ཐོན་ཁུངས་འཁོར་བསྐྱོད་བེད་སྤྱོད་ལག་རྩལ་ཁྱབ་བརྡལ་དུ་གཏོང་བ།ཤུགས་ཆེན་པོའི་སྒོ་ནས་བཟོ་སྐྲུན་རང་བཞིན་ཅན་དང་ཐོན་ཁུངས་རང་བཞིན་ཅན་གྱི་ཆུ་སྐོན་པའི་གནད་དོན་ཐག་གཅོད་བྱེད་པ།ཞིང་ཕྱུགས་ལས་རིགས་གསར་འཕར་བདག་གཉེར་མངའ་ཁོངས་བཀོལ་སྤྱོད་དང་གློག་བཀོལ་སྤྱོད་བྱེད་པ།རླངས་རྫས་བཀོལ་སྤྱོད་བྱེད་པ།དངོས་ཟོག་དང་སྤྱི་ཚོགས་འགན་སྲུང་།ཁྲལ་བསྡུ་ཕན་བདེ་སོགས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ།ཞབས་ཕྱི་གྲོན་དངུལ་བསྡུ་བའི་ལས་གཞི་དག་སྒྲིག་བྱས་ཏེ་ལམ་ལུགས་རང་བཞིན་ཅན་གྱི་བརྗེ་རེས་མ་རྩ་ཇེ་དམའ་དང་ཁྲལ་བསྡུ་གནོན་ཤུགས་ཇེ་དམའ་རུ་གཏོང་དགོས།བསྐྱི་དངུལ་དངུལ་བུན་མ་རྩ་ཁག་ཐེག་ལ་ཤུགས་སྣོན་དང་རིགས་སོ་སོའི་གསར་འཕེལ་བདག་གཉེར་གཏའ་མ་མང་དུ་འཇོག་པའི་གནོན་ཤུགས་ཇེ་དམའ་དང་དངུལ་རྩའི་མ་རྩ་ཇེ་དམའ་རུ་བཏང་སྟེ།གསར་འཕེལ་བདག་གཉེར་ལས་རིགས་སོ་སོར་ཕན་ནུས་ལྡན་པའི་སྣེ་ཁྲིད་བྱེད་དགོས།ཞིང་ཕྱུགས་ཐོན་ལས་འཁོར་བསྐྱོད་ཕན་ནུས་མཐོར་འདེགས་སུ་བཏང་ནས་སྔོན་ལ་གསར་སྐྲུན་དང་རྗེས་སུ་ཁ་སྐོང་བྱེད་པའི་བྱ་ཐབས་སྤྱད་དེ་ནོར་ལུག་ཤ་དང་སྣུམ་རྫས།འོ་མའི་སྐོར།འཕང་འབྲས་ལས་སྣོན།སྔོ་ཚོད་དང་སིལ་རིགས་སྐོར་གྱི་ཐོན་རྫས་ཀྱི་ཁེ་ལས་ཐོན་ཚད་འཕེལ་རྒྱས་དེ་དྲ་དང་གློག་ཚོང་ཚོང་ར་རུ་སྒྱུར་དགོས་ཤིང་།ཞིང་ཕྱུགས་ཐོན་རྫས་འཁོར་བསྐྱོད་མ་རྩ་ཇེ་དམའ་རུ་གཏོང་དགོས།ཟིལ་འཚོང་ཚོང་ར་དང་འཁྱགས་བསྐྱིལ་དངོས་ཟོག་སྡེབས་འཚོང་ལྟེ་གནས།ཚོང་ཟོག་ཞབས་ཕྱི་སོགས་འཁོར་བསྐྱོད་སྒྲིག་གཞི་ལག་བསྟར་གང་ལེགས་བྱེད་པ་དང་དེང་རབས་དངོས་ཟོག་མ་ལག་གསར་འཛུགས་བྱེད་པ།ཞིང་ཕྱུགས་ཐོན་རྫས་གསོག་གཉར་དང་འཛད་སྤྱོད་ཐོན་རྫས་མཉམ་འབྲེལ།སྡེབས་ཚོང་དང་འཁོར་བསྐྱོད་བདག་གཉེར་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྒྱགས་དགོས།མཁར་གྲོང་དང་གཞིས་ཁུལ་དུ་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་བྱེད་སའི་དྲ་སྦྲེལ་ལྟེ་གནས་གསར་འཛུགས་བྱེད་པ་དང་བོད་ཀྱི་ས་གདན་དང་ཁ་ཆེའི་ནོར་ལུག་ཤ།ཀྲུང་ལུགས་སྨན་རྫས་དང་བོད་ལུགས་སྨན་རྫས།མི་རིགས་ལག་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ཚོང་ཟོག་རྒྱ་བསྐྱེད་གཏོང་དགོས།མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་བཞེངས་སྐྲུན་བྱས་ཏེ་མཐོ་སྒང་དང་ལྷད་མེད།སྐྱེ་འགྱུར།གནོད་མེད་ཀྱི་མཐོ་སྒང་ཐོན་རྫས་རྒྱ་བསྐྱེད་གཏོང་དགོས།ཤུགས་ཆེན་པོས“འཛམ་གླིང་ནོར་ནག་ཡུལ་གྲུ”དང“ཀྲུང་གོའི་བོད་ལུག་ཡུལ་མཆོག” “འཕང་འབྲས་ཀྱི་ཕ་ས”སོགས་ས་ཁོངས་ཀྱི་ཚོང་རྟགསབཞེངས་སྐྲུན་བྱས་ཏེ་ཁྱད་ལྡན་ཐོན་ལས་ཚོང་རྟགས་གསར་སྐྲུན་བྱས།རྫོང་དང་ཞིང་།སྡེ་བ་རིམ་པ་གསུམ་གྱི་རྩ་ས་སྣ་འཛོམས་ཞབས་ཕྱི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱེད་དགོས་ཤིང་།རྩྭ་སའི་བདག་གཉེར་དབང་ཆར་མ་རྐང་འཇོག་པ་དང་བདག་དབང་གཞན་སྐྱོར་བྱེད་ཐབས་སོགས་ཀྱི་བྱེད་ཐབས་བེད་སྤྱད་དེ་མ་དངུལ་དང་ཐོན་ཁུངས།ལག་རྩལ།ཚོང་རྟགས་སོགས་གཞི་གཅིག་ཏུ་བསྲེས་ཏེ་ས་ཁོངས་འགན་སྲུང་བདག་གཉེར་མངོན་འགྱུར་བྱེད་དགོས།གསོ་སྤེལ་ལས་གཞི་གསོ་སྐྱོང་དང་རྒྱ་བསྐྱེད་དང་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་།ཞིང་ཕྱུགས་ཐོན་ལས་རང་བཞིན་ཅན་གྱི་སྣེ་ཁྲིད་ཁེ་ལས་སོགས་རྣམ་པ་གསར་བའི་བདག་གཉེར་མ་ལག་གསར་སྐྲུན་བྱེད་པ།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དེ་རྣམ་པ་སྣ་མང་ཅན་དུ་བསྒྱུར་འཕེལ་དང་གཞི་ཁྱོན་བདག་གཉེར་ཅན་དུ་རྒྱ་བསྐྱེད་གཏོང་དགོས།
སོ་ལྔ། རང་ཞིང་གིས་ཞིང་ཕྱུགས་ལས་རིགས་ཇི་ལྟར་འཕེལ་རྒྱས་སུ་གཏང་དགོས་སམ།
ལན། མི་འདང་ས་ཁ་སྐོང་བྱེད་རྒྱུ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ལ།རྒྱུན་མཐུད་འཕེལ་རྒྱས་ཤུགས་ཇེ་དྲག་ཏུ་གཏོང་བ་དམིགས་འབེན་དུ་བཟུང་ནས་རྨང་གཞི་སྒྲིག་ཆས།རིགས་སོ་སོའི་མཐུན་རྐྱེན་རྒྱབ་བརྟེན་དུ་བཅོལ་ནས་མ་ལག་འཐུས་ཚང་དུ་གཏོང་བ་དང་ཞིང་ལས་ས་ཁུལ་དེ་དེང་རབས་ཅན་གྱི་ཞིང་ལས་དཔེ་སྟོན་གླིང་ཁུལ་གཙོར་བྱས་ཏེ་ཚད་ལྡན་གྱི་འདེབས་འཛུགས་འཛུགས་སྐྲུན་དང་འོད་ནུས་དྲོད་ཁང་།སྔོ་ཚོད་དང་ཟས་རིགས་ཐོན་རྫས།སྤྲོ་སྐྱིད་ཟས་རིགས་གླིང་སོགས་བརྟེན་གཞི་ཅན་དུ་སྒྱུར་ནས་ཆུ་གློག་ལམ་གསུམ་བཅས་སྒྲིག་གཞི་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་དགོས།འབྲོག་ཁུལ་དེ་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་དུ་འཛུགས་སྐྲུན་བྱེད་པ་གཙོར་བཟུང་ནས་རི་དྭགས་རིམས་འགོག་སྒྲིག་གཞི་སོགས་འཛུགས་སྐྲུན་གང་ལེགས་བྱས་ཏེ་མཉམ་ལས་ཁང་དངོས་སྒྲུབ་བྱེད་པ།ཟས་རིགས་ཐོན་རྫས་ནུས་ཁུངས་དང་ཞིང་རྫས་ཐོན་ལས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱས་ཏེ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་མ་ལག་ཚོད་ལྟ་ཁུལ་ལ་སྐུལ་འདེད་དང་གཏིང་ཟབ་སྒོས“1+8+10”དབུལ་ཕོངས་མཁྲེགས་གཏོར་འགུལ་སྐྱོད་འཆར་འགོད་དང་ལས་རིགས་དབུལ་སྐྱོར་ཆེད་དོན་བྱེད་ཐབས་ལག་བསྟར་གང་ལེགས་བྱས་ཏེ་གནད་ཕིགས་དབུལ་སྐྱོར་ཐོན་ལས་དམ་འཛིན་བྱེད་དགོས།ཞིང་ཕྱུགས་ལས་འཕེལ་རྒྱས་དེ་ཚན་རིག་ལ་རྒྱབ་བརྟེན་བྱེད་དགོས་ལ།སྒྲིག་གཞི་རང་བཞིན་ཅན་གྱི་བཅོས་སྒྱུར་ལ་ངེས་པར་དུ་ཚན་རིག་དང་མཐུན་པའི་གསར་སྐྲུན་རང་བཞིན་ཅན་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས་ཆུ་ཚད་མཐོ་བ་དང་རྒྱུ་སྤུས་ལེགས་པའི་ཚན་རིག་གི་མཐུན་སྦྱོར་ཇེ་ལེགས་སུ་བཏང་སྟེ་སྔོན་ཐོན་ཚན་རིག་གིས་ཞིང་ཕྱུགས་འཕེལ་རྒྱས་རྣམ་པ་གསར་བར་སྐུལ་འདེད་བྱེད་དགོས། ལག་བསྟར་གྱི་ཚད་མི་འདང་པ།གར་སྟེགས་ཀྱི་རམ་འདེགས་མི་འདང་པ། སྣེ་ཁྲིད་རང་བཞིན་གྱི་འཇོན་མི་མེད་པ་སོགས་ཀྱི་གནད་དོན།མགྱོགས་མྱུར་ངང་ཞིང་ཕྱུགས་ལས་རིགས་གྲུབ་ཚུལ་སྙོམས་སྒྲིག་དང་འཕེལ་རྒྱས་བྱེད་སྟངས་སྒྱུར་བའི་གསར་སྐྲུན་ཐོན་ཁུངས་བཀོད་སྒྲིག་མ་ལག་ལ་གོམས་པར་བྱེད་པ། ཞིང་ཕྱུགས་ལས་ཚན་རྩལ་གྱི་མི་འདང་ས་དམིགས་སུ་བཟུང་ནས་ཁ་གསབ་བྱེད་དགོས།“བྱ་སྟོབས་ཆུང་སྔོན་ལ་འཕུར་བ”དང“སྐྱོགས་མཚམས་ནས་སྔོན་ལ་འབུལ་བ”མགྱོགས་མྱུར་ཡིན་དགོས་ལ། ཁྱོན་ཡོངས་རང་བཞིན་དང་གནད་འགག་རང་བཞིན་གྱི་ལག་བསྟར་ལག་རྩལ“གོམ་གང་གནས་ཐོན”ངང་མངོན་འགྱུར་བྱེད་དགོས།ཞིང་ཕྱུགས་ལས་རིགས་ཚན་རྩལ་གསར་སྐྲུན་སྟེགས་བུའི་སྣེ་ཁྲིད་དང་ཚན་རྩལ་རམ་འདེགས་བྱེད་ནུས་འདོན་སྤེལ་བྱེད་པ།ལག་ལེན་རང་བཞིན་གྱི་འཇོན་མིའི་དཔུང་སྡེ་གསོ་སྐྱོང་བྱེད་པ། ཚོང་རའི་ནང་རྐྱེན་དང་སྲིད་ཇུས་རམ་འདེགས་ལ་བརྟེན་ནས་འཐབ་ཇུས་ཚན་རྩལ་འཇོན་མི་དང་ཚན་རྩལ་སྣེ་ཁྲིད་འཇོན་མི་སྐོར་ཞིག“ནང་འདྲེན”བྱེད་པ།“བཤད་རོགས་ཁྲིད”ཀྱི་རྣམ་པས་རང་ས་གནས་ཀྱི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱེད་པ།ལག་ལེན་རང་བཞིན་གྱི་འཇོན་མི་སྐོར་ཞིག“སྒོར་སྐྱེལ”བའི་ངང་གསོ་སྐྱོང་བྱས་ནས་ཞིང་ཕྱུགས་ལས་རིགས་ཚན་རྩལ་འཇོན་མིའི་དཔུང་སྡེ་ཆེར་བསྐྱེད་བྱེད་དགོས། ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཁྲོད་འཇོན་མིའི་མི་འདང་བ་དང་ལག་རྩལ་མི་འདང་བའི་ཆ་ཁ་གསབ་བྱེད་དགོས།སྤྱི་ཚོགས་རང་བཞིན་གྱི་ཞབས་ཕྱི་མ་ལག་ཆ་ཚང་དུ་གཏོང་བ།མགྱོགས་མྱུར་ངང་སྲིད་གཞུང་གིས་གཙོ་ཁྲིད་དང་ཚོང་ར་རང་བཞིན་འཁོར་སྐྱོད།སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྱོན་ཡོངས་ནས་ཞུགས་པ།སྣ་མང་རང་བཞིན་གྱི་ཞིང་ཕྱུགས་ལས་རིགས་སྤྱི་ཚོགས་རང་བཞིན་གྱི་ཞབས་ཕྱིའི་མ་ལག་སྣེ་མཐུད་ཚུལ་ལྡན་བྱེད་པ།སྣ་མང་རང་བཞིན་གྱི་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་རང་བཞིན་ཞབས་ཕྱི་སྤེལ་བ།ཚབ་རྨོ་ཚབ་འདེབས་དང་མཉམ་རྨོ་མཉམ་འདེབས།ས་ཞིང་དོ་དམ་དུ་བཅོལ་བ།སྲོག་ཆགས་དང་རྩི་ཤིང་གི་ནད་དང་འབུའི་གནོད་པ་མཉམ་འགོག་མཉམ་བཅོས་སོགས་ཞབས་ཕྱི་སྐུལ་འདེད་བྱེད་པ།དེང་རབས་ཆ་འཕྲིན་ལག་རྩལ་དེ་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་།དོ་དམ།ཞབས་ཕྱིའི་གོ་རིམ་རེ་རེ་དང་ཞིང་ཕྱུགས་ཁུལ་དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཟབ་ཚད་རེ་རེ་མཉམ་འདྲེས་བྱས་ནས་གཙོ་བོ་རུ་སྐུལ་འདེད་བྱེད་པ་དང་ཞིང་ཕྱུགས་ལས་རིགས་སྐུད་ཐོག་རང་བཞིན་དང་གཞི་གྲངས་རང་བཞིན་དམིགས་འབེན་དུ་སྐུལ་འདེད་བྱས་ནས“འབྲེལ་འཐུད་དྲ་རྒྱ+”དེང་རབས་ཞིང་ཕྱུགས་ལས་རིགས་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང་ཞིང་ཕྱུགས་ལས་རིགས་ཆ་འཕྲིན་ལག་རྩལ་བཀོད་སྤྱོད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས།
སོ་དྲུག རང་ཞིང་གི་ཞིང་ཕྱུགས་ལས་རིགས་གསར་སྐྲུན་ནང་རྐྱེན་གྱི་སྐྱེ་སྟོབས་ཇི་ལྟར་རྒྱས་སུ་འཇུག་དགོས་སམ།
ལན། དམངས་སྟོབས་དམངས་ཕན་དམངས་ཕྱུགས་སྲིད་ཇུས་རམ་འདེགས་མ་ལག་གཏན་འཇགས་བཏང་ནས་ཕྱོགས་ཡོངས་ནས་ཚོང་ར་སྐུལ་སློང་དང་རྒྱུ་རྐྱེན་སྐུལ་སློང་། སྙིང་བོ་སྐུལ་སློང་བྱེད་པ། ཞིང་ལས་མཁོ་འདོན་ཕྱོགས་གྲུབ་ཚུལ་རང་བཞིན་བཅོས་བསྒྱུར་ལ་སྒུལ་ཤུགས་ཆེན་པོ་འཇུག་པ། འགན་སྲུང་མ་ལག་འཛུགས་པ། ཞིང་ཕྱུགས་ལས་རིགས་ཁུལ་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་དུ་གཏོང་བ། ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་སྐྱེ་སྟོབས་སྐུལ་སློང་གི་རྩ་བའི་ཐབས་ལམ་ནི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་དེ་ཡིན།ཀྲུང་དབྱང་གི་ཞིང་སྡེ་ས་ཞིང་གི“དབང་གསུམ་ཐ་དད་སྒྲིག་འགོད་”ཐབས་ལམ་ཀྱི་བསམ་འཆར་དངོས་སུ་བཏོན།འདི་ནི་ཁྱིམ་ཚང་མཉམ་འབྲེལ་ཐོན་སྐྱེད་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་རྗེས་ཀྱི་ཞིང་སྡེ་བཅོས་བསྒྱུར་གྱི་ལམ་ལུགས་གསར་སྐྲུན་གྱི་གལ་ཆེན་ཞིག་ཡིན།ཞིང་བར་ས་ཞིང་གི་འགན་གཙང་ལེན་དབང་ཆ་སོར་བཞག་བྱས་ལ་སྐོར་སྐྱོད་གཉེར་སྐྱོང་དབང་ཆར་ལམ་ལུགས་ཀྱིས་རམ་འདེགས་བྱས།རྣམ་པ་སྣ་མང་གི་ཞིང་ལས་ཚད་ལྡན་གཞི་རྒྱའི་གཉེར་སྐྱོང་ལ་བར་གསེང་རྒྱ་ཆེ་བཏང་།གོམ་པ་བརྟན་པོས་ཞིང་སྡེ་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གྱི་བསམ་འཆར་དངོས་སུ་བཏོན་པ་སྐུལ་འདེད་བྱེད་པ།གོམ་གང་མདུན་སྤོས་ཀྱིས་ཞིང་སྡེ་ཐུན་མོང་ཐོན་དབང་གི་དབང་ཆ་གཏན་འཁེལ་དང་སྲུང་སྐྱོབ་ལམ་ལུགས་གཏན་འཁེལ་བྱེད་ནས་རོང་འབྲོག་མང་ཚོགས་ལ་རྒྱུ་ནོར་དབང་ཆ་སྔར་ལས་མང་བ་གནང་།ཐུན་མོང་ཐོན་དབང་ལ་སྲུང་སྐྱོབ་དང་ཞིང་བའི་ཁེ་ཕན་སྲུང་སྐྱོབ་ལ་གསར་སྐྲུན་དང་དཀའ་གནད་མང་པོ་སེལ།མིག་སྔར་ཞིང་སྡེ་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་གཏན་འཁེལ་བྱས་ནས་ཐོ་འགོད་བྱས་ནས་དཔང་ཡིག་ལེན་པ་མགོ་བརྩམས།འབྲོག་ཁུལ་རྩ་སའི་དབང་ཆ་གཏན་འཁེལ་ཐོ་འགོད་བྱས་ནས་དཔང་ཡིག་ཚོད་ལྟ་བྱེད་བཞིན་འདུག། ཞིང་ཕྱུགས་ཁུལ་ཐུན་མོང་རྒྱུ་ནོར་མ་རྐང་མཉམ་འབྲེལ་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་བཞིན་པ།སྤྱིའི་ཆ་ནས་གདེང་ཚོད་ཡོད་དགོས་ལ།སྐུལ་འདེད་ཁྲོད་གཏན་འཇགས་དང་ཡང་དག་ཡིན་དགོས།ཞིང་ལས་ཁེ་ལས་དང་རྒྱལ་གཉེར་ནགས་ར།མཁོ་འཚོང་མཉམ་ལས་ཁང་བཅོས་བསྒྱུར་གྱི་གོམ་སྟབས་མགྱོགས་དགོས་ལ།ཆུ་བེད་དོ་དམ་སྒྲིག་གཞི་དང་ས་ཞིང་ཆུ་བེད།ཞིང་ལས་ཆུ་རིན་གྱི་ཕྱོགས་བསྡུས་བཅོས་བསྒྱུར་སོགས་ལ་ཤུགས་སྣོན་བྱེད་དགོས།“ཆུ་དཔོན་ལམ་ལུགས”ཁྱབ་སྤེལ་གཏོང་བ།སྣ་མང་རང་བཞིན་གཏོང་བའི་ལམ་ལུགས་སྒྲིག་འཛུགས་བྱེད་པ།ཞིང་ཕྱུགས་ལས་དང་ཞིང་ཕྱུགས་ཁུལ་ནོར་སྲིད་འགྲོ་སོང་གི་འགན་སྲུང་ཁྱབ་ཁོངས་གཙོ་བོ་རུ་འཇོག་པ་རྒྱུན་འཁྱོངས་བྱེད་པ།ཞིང་ཕྱུགས་ལས་དང་ཞིང་ཕྱུགས་ཁུལ་ལ་གཏོང་ཚད་ཚད་རན་པའི་འཕར་བ།ཞིང་ཆེན་ནས་འདི་ལྟར་བསྒྲུབས་ཡོད་ལ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནོར་སྲིད་ལས་“ཞིང་གསུམ”ལ་གཏོང་ཚད་ཇེ་མཐོར་གཏོང་དགོས་པ་དང་བཏང་རྗེས་འཕར་ཚད་འགན་ལེན་བྱེད་དགོས་ལ།ནུས་ཤུགས་ཡོད་ཚད་ཀྱིས་གསོག་ཚད་བཀོད་སྤྱོད་བྱེད་ཤེས་དགོས།གཙོ་བོ“ལེགས་སྒྲིག”དང“བཀན་འགུལ”ལེགས་པོར་བསྒྲུབ་དགོས།ལེགས་སྒྲིག་ནི་གསོག་ཚད་མ་དངུལ་ལ་གཅིག་གྱུར་འཆར་འགོད་བརྒྱུད་ནས་ནུས་ཤུགས་ཕྱོགས་གཅིག་དུ་བསྡུས་ནས་བསྒྲུབ་འོས་པའི་དོན་བསྒྲུབས་པ།བཀན་འགུལ་ནི་གང་ལེགས་ཀྱིས་ནོར་སྲིད་མ་དངུལ་ཀྱི་“སྨན་རྟའི”ནུས་པ་ཐོན་དགོས་པ།ཞིང་ལས་མ་དངུལ་གཏོང་བ་དང་མ་དངུལ་མཉམ་བསྲེས་ལམ་ལུགས་གསར་བསྐྲུན་བྱེད་པ།སྲིད་གཞུང་དང་སྤྱི་ཚོགས་མ་དངུལ་མཉམ་ལས་བརྒྱུད་ནས་དགའ་རྟགས་ཀྱིས་ཁ་གསབ་ཀྱི་ཚབ་བྱེད་པ་དང་སྐྱེད་ཀ་སྤྲོད་པ་ལག་བསྟར་བྱེད་པ། འགན་ལེན་དང་ཉེན་ཁུར་གསབ་དངུལ་ལམ་ལུགས་འཛུགས་པ། དངུལ་རྩ་དང་སྤྱི་ཚོགས་མ་རྩ་སྔར་ལས་ལྷག་པའི་ངང་ཚུར་འདྲེན་བྱས་ནས་ཞིང་ལས་ཞིང་སྡེ་ལ་ཁ་ཕྱོགས་དུ་འཇུག་དགོས།ངེས་པར་དུ་མགྱོགས་མྱུར་ངང་ཞིང་ལས་ཁ་གསབ་ལམ་ལུགས་ཆ་ཚང་དུ་གཏོང་དགོས་ལ་གོམ་གང་མདུན་སྤོས་ཀྱིས་ཁ་གསབ་ཀྱི་ཁ་ཕྱོགས་རང་བཞིན་དང་གནད་འཁེལ་རང་བཞིན། ཕན་ནུས་རང་བཞིན་བཅས་མཐོར་འདེགས་བྱེད་དགོས།སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ལ་ཁ་ཕྱོགས་པའི་སྡེ་བ་དང་གྲོང་རྡལ་དངུལ་ཁང་དང་མ་དངུལ་རོགས་རེས་རྩ་འཛུགས།སྤྱི་ཚོགས་རང་བཞིན་གྱི་དངུལ་རྩའི་རྩ་འཛུགས་གསར་འཛུགས་བྱས་ནས་དངུལ་རྩའི་དྲ་རྒྱ་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་དགོས།གཏའ་མར་འཇོག་པའི་ཐོན་རྫས་གསར་བསྐྲུན་དང་།ས་ཞིང་དང་རྩྭ་རའི་བདག་གཉེར་བྱེད་པའི་དབང་ཆ་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་རྒྱུ་ནོར་དབང་ཆ།ཞིང་སྤྱོད་འཕྲུལ་ཆས་ཆེ་གྲས་དང་ནགས་ལས་ཀྱི་དབང་ཆ།ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་སྒྲིག་ཆས།ཞིང་ཕྱུགས་ཐོན་རྫས་སོགས་གཏའ་མ་འཇོག་པའི་དངུལ་སྐྱི་ཚོད་ལྟ་ས་གནས་ལ་སྐུལ་འདེད་བྱས་ཏེ།ཞིང་ཆེན་གྱི་ཞིང་ཕྱུགས་ལས་དངུལ་གཏོང་ཀུང་ཟི་དང“ཡིད་རྟོན་བསྩོལ་བའི་རྫིང་བུའི”བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས།དངུལ་རྩའི་ལས་ཁུངས་ཀྱིས་ལག་རྩལ་གསར་བ་བེད་སྤྱད་དེ་རོང་འབྲོག་ཁྱིམ་ཚང་ལ་སྟབས་བདེ་ཞབས་ཕྱི་མཁོ་འདོན་བྱེད་པར་སྐུལ་འདེད་བྱེད་དགོས།ཞིང་ཕྱུགས་ལས་ཉེན་སྲུང་དངུལ་གྱི་ཁ་གསབ་རོགས་དངུལ་སྟེར་བའི་ཤུགས་ཇེ་ཆེར་བཏང་ནས་ཉེན་འགོག་གི་ཁྱབ་ཁོངས་དང་ཁེབས་ཚད་ཀྱི་རྒྱ་ཇེ་ཆེར་གཏོང་དགོས།ཉེས་སྐྱོན་ཚབས་ཆེན་འགོག་པའི་སྒྲིག་གཞི་འཐུས་ཚང་གཏོང་དགོས།“ཚོད་ལྟའི་གནས་སྔོན་ལ་བསྐྱོད་པ་དང་དཔེ་སྟོན་གནས་ཁྱབ་གདལ་བྱེད་པ།ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པའི”གོམ་པ་གསུམ་འགྲོ་བའི་བསམ་ཕྱོགས་ལྟར།ཐོན་སྐྱེད་རྒྱུ་ཆ་གཅིག་བསྡུས་དང་སྐྱེ་ཁམས་ཞིང་ཕྱུགས་ལས་མཉམ་ལས་ཁང་ལེགས་པོར་བསྒྲུབ་པ།སྡེ་ཁག་མཉམ་འབྲེལ་བྱེད་པར་ཤུགས་སྣོན།རྩྭ་ཐང་སྐྱེ་ཁམས་ཀྱི་སྲུང་སྐྱོབ་གསར་སྐྲུན་དང་བདག་གཉེར་གསར་བ་ཅན་གྱི་གསོ་སྐྱོང་།སྣ་མང་ཅན་གྱི་ཞབས་ཕྱི།ཐོན་ལས་ཅན་གྱི་འཕེལ་རྒྱས་སོགས་སྒྲིག་གཞི་གསར་བ་དྲུག་གསར་སྐྲུན་བྱེད་དགོས་པ་དང་།འདུ་ཤེས་ཀྱི་སྣེ་འདྲེན་ལ་ཤུགས་སྣོན་དང་སྒུལ་ཤུགས་གསར་སྐྲུན། ཐོན་ཁུངས་མཉམ་བསྡུས།སྲིད་ཇུས་རྒྱབ་སྐྱོར་བྱས་ཏེ་དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལགབདག་གཉེར་མ་ལག་གཙོར་བཟུང་ནས།རྟ་ཐང་དང་ཧོར་གྲོང་། མིན་ཡོན།མདའ་བཞི་སོགས་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་དང་གྲོ་ཚང་དང་གཅན་ཚ།གཏེར་ལེན་ཁ་སོགས་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་དཔེ་སྟོན་ཁུལ་གསར་སྐྲུན་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་དཔེ་སྟོན་སྣེ་འདྲེན་བྱེད་དགོས།
སོ་བདུན། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པར་འབྲེལ་བ་གང་དག་ཐག་གཅོད་བྱེད་དགོས།
ལན། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་ནི་དུས་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན་ལ། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་དང་ཕྱོགས་སོ་སོའི་ཁེ་ཕན་ལ་མཐུན་སྦྱོར་ལེགས་པོ་བྱེད་དགོས། ངེས་པར་དུ་དཀའ་ཁག་ལ་གདོང་གཏད་དེ་བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་བཅོས་བསྒྱུར་གྱི་མ་དངུལ་ཇེ་ཉུང་དུ་བཏང་ནས་འབྲི་རིགས་ཐོན་སྐྱེད་ནུས་ཤུགས་མར་མི་ཆགས་པ་དང་ཞིང་བའི་ཡོང་སྒོ་མར་མི་འབབ་པ།ཞིང་སྡེ་བརྟན་འཇགས་གནད་དོན་མི་འབྱུང་བར་ཁག་ཐེག་བྱེད་དགོས།
སོ་བརྒྱད། ཁྱབ་ཁོངས་སྒྲིག་གཞི་ལེགས་བཅོས་བྱེད་པར་གནད་དོན་གང་དག་ལ་དོ་སྣང་བྱེད་དགོས།
ལན། ཞིང་ལས་ཐོན་སྐྱེད་དེ་ཐོན་ཁུངས་དང་ཁོར་ཡུག་ལ་རྒྱབ་བརྟེན་བྱས་ཡོད་པ་དང་།ཆེས་བཟང་བའི་ས་གནས་སུ་ཆེས་འཚམ་པའི་ཐོན་རྫས་ཐོན་ཞིང་།མ་དངུལ་དམའ་བ་དང་ཐོན་རྫས་ཐོན་སྐྱེད་བྱེད་པའི་ནུས་ཆོད་མཐོ་བ་མ་ཟད།རྒྱུ་སྤུས་ཀྱང་བཟང་།ཐོན་ཁུངས་དང་ས་གནས་ཀྱི་གནས་བབ་ལ་རྐང་བཙུགས་ཏེ་སྔར་ལས་ཀྱང་ཁྱབ་ཁོངས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསལ་བར་བྱེད་པ་དང་།ཐོན་སྐྱེད་རྒྱུ་རྐྱེན་ནས་གནས་བབས་ལེགས་པའི་ཁྱབ་ཁོངས་ཐོན་ཁུལ་དུ་འདུས་བར་བྱེད་པ།མགྱོགས་མྱུར་སྒོས་ཁྱབ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་སྣེ་སྟོན་ཐོན་རྫས་དང་སྲོག་ཤིང་ཐོན་ལས།མིང་གྲགས་ཅན་གྱི་ཚོང་རྟགས་ཤིག་གྲུབ་པར་བྱས་ནས།ཁྱད་ཆོས་ལྡན་པ་དང་སྣ་མང་ཡིན་པ།འགྲན་རྩོད་ཀྱི་ནུས་ཤུགས་ཆེ་བའི་དེང་རབས་ཅན་གྱི་ཐོན་སྐྱེད་རྟེན་གཞི་ཞིག་བསྐྲུན་དགོས།
སོ་དགུ རྒྱལ་ཁབ་ཀྱིས་ཁྱབ་ཁོངས་སྒྲིག་གཞི་ལེགས་བཅོས་བྱེད་པ་གཙོར་བཟུང་ནས་འཛུགས་སྐྲུན་བྱེད་པའི་ས་ཁུལ་གསུམ་ནི་གང་དག་ཡིན།
ལན། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་སྲུང་སྐྱོང་ཁུལ།ཁྱད་ཐོན་ཞིང་ལས་ཐོན་རྫས་ཀྱི་གནས་བབས་ལེགས་པའི་ཁུལ་བཅས་སོ།
བཞི་ཅུ། ཁུལ་གསུམ་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་གང་དག་ཡིན།
ལན། འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ཁུལ་འཛུགས་སྐྲུན་བྱེད་པ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་མ་ཟད།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱིས་གསལ་བོར་བཏོན་པའི་འགན་འཁྲི་གཙོ་བོ་ཞིག་ཀྱང་ཡིན།ལོ་གསུམ་གཡས་གཡོན་གྱི་དུས་ཚོད་བརྩོན་ལེན་བྱས་ཏེ་གྲུབ་ཆ་གཙོ་བོའི་བྱེད་ནུས་ཁུལ་གྱི་འཆར་འགོད་དང་གནས་བབ་ལེགས་པའི་ཞིང་ལས་ཐོན་རྫས་ཀྱི་འཆར་འགོད་ལ་བརྟེན་ནས།ས་ཆུ་ཐོན་ཁུངས་ཀྱི་ཆ་རྐྱེན་ཅུང་བཟང་བ་དང་རྨང་གཞི་སྒྲིག་ཆས་ཅུང་འཐུས་ཚང་ཡིན་པ་བདམས་པ་དང་།འབྲས་དང་གྲོ།མ་རྨོས་ལོ་ཏོག་སོགས་འབྲུ་རིགས་ཐོན་སྐྱེད་ཀྱི་བྱེད་ནུས་ཁུལ་དབྱེ་འབྱེད་གཏན་འབེབས་བྱེད་དགོས་པ་དང་།མགྱོགས་མྱུར་སྒོས་ས་གནས་འདི་དག་གི་འབྲུ་རིགས་ཐོན་སྐྱེད་ཀྱི་ལག་རྩལ་དང་སྒྲིག་ཆས་ལེགས་བཅོས་བྱེད་དགོས་པ་དང་།མགྱོགས་མྱུར་སྒོས་གསར་སྒྱུར་ཐོན་བརྗེ་དང་ཞིང་ལས་རྨང་གཞི་སྒྲིག་ཆས་ཀྱི་མི་འདང་སར་ཁ་སྣོན་བྱེད་དགོས།འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་ཤུགས་ལ་སྲུང་སྐྱོབ་དང་མཐོར་འདེགས་བྱེད་དགོས།གལ་ཆེའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པ་ནི་ཧུར་བརྩོན་སྒོས་རྒྱལ་སྤྱིའི་ཞིང་ལས་འགྲན་རྩོད་ལ་གདོང་གཏོད་པ་དང་རང་རྒྱལ་གྱི་གལ་ཆེའི་ཞིང་ལས་ཐོན་རྫས་ཕལ་ཆེ་བའི་མཁོ་སྤྲོད་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་ལ་ཁག་ཐེག་བྱེད་དགོས།གལ་ཆེའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་པར་ཐོན་སྐྱེད་ཀྱི་ཆ་རྐྱེན་མུ་མཐུད་དུ་འཐུས་ཚང་དང་ཞིང་བ་མང་ཚོགས་ཀྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་ཡིན།ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱད་ལྡན་ཁུལ་བཞེངས་སྐྲུན་བྱེད་པ་ནི་ཚོང་ར་སྣ་མང་ཅན་གྱི་དགོས་མཁོ་ཡིན་པ་མ་ཟད།ཞིང་ལས་ཕན་འབྲས་དང་འགྲན་རྩོད་ཇེ་མཐོར་གཏོང་བའི་ཐབས་ལམ་གཙོ་བོ་ཡང་ཡིན།ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱད་ལྡན་ཁུལ་བཞེངས་སྐྲུན་བྱེད་པ་དེ་གཞི་ཁྱོན་བདག་གཉེར་དང་ཐོན་ལས་གཅིག་བསྡུས།ཞིང་བའི་ཡོང་སྒོ་ཇེ་མཐོར་གཏོང་བ། ཁྱད་ལྡན་ཐོན་རྫས་ཕྱོགས་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་དར་སྤེལ་གཏོང་བ།ཞིང་ལས་ཐོན་རྫས་གསོ་སྐྱོང་དང་ས་ཁོངས་ཀྱི་ཚོང་རྟགས་བཞེངས་སྐྲུན་བྱེད་པ་སོགས་ཕྱོགས་ལ་ནུས་པ་གལ་ཆེན་ཐོན།མགྱོགས་མྱུར་སྒོས་ཁྱད་ལྡན་ཐོན་རྫས་ཁྱད་ལྡན་ཁུལ་འཛུགས་སྐྲུན་འཆར་འགོད་གཏན་འབེབས་བྱེད་དགོས།གདེང་འཇོག་ཚད་གཞི་འཛུགས་པ་ལག་རྩལ་མ་ལག་གསར་སྐྲུན་བྱེད་པ།འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱེད་པ།ནུས་ཤུགས་ཡོད་རྒུས་ས་གནས་ཀྱིས་ཁྱད་ལྡན་ཐོན་རྫས་ཕྱུགས་ལས་ཐོན་རྫས་དང་ཆུའི་ཐོན་རྫས་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྱད་ལྡན་ཁུལ་གསར་བསྐྲུན་བྱེད་པ། ཐོན་རྫས་གཅིག་བསྡུས་དང་ཞབས་ཞུ་མ་ལག་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ།དོན་དངོས་ཀྱིས་ས་ཁོངས་ཐོན་ཁུངས་ཀྱི་ལེགས་ཆ།ཐོན་རྫས་ལེགས་ཆ་དང་ཐོན་ལས་ལེགས་ཆ། འགྲན་རྩོད་ལེགས་ཆ་རུ་གཏོང་བ།
ཞེ་གཅིག ཞིང་སྡེའི་ཐོན་ལས་གྲུབ་ཚུལ་ལེགས་བཅོས་བྱེད་ན་གླིང་གང་གསུམ་འཛུགས་དགོས་སམ།
ལན། དེང་རབས་ཞིང་ལས་ཀྱི“ཐོན་ལས་གླིང”དང“ཚན་རྩལ་གླིང”“ལས་སྐྲུན་གླིང”བཅས་འཛུགས་དགོས།
ཞེ་གཉིས། ཐོན་ལས་གླིང་འཛུགས་དགོས་དོན་ཅི་ཡིན།
ལན། གཙོ་བོ་ནི་དེང་རབས་ཀྱི་ཐོན་ལས་རྒྱུ་ཆ་འཛོམས་ནས་ལག་རྩལ་གཅིག་བསྡུས་དང་ཐོན་ལས་མཉམ་འདྲེས། ལས་སྐྲུན་སྟེགས་བུ།གཙོ་གནད་འགྱུ་བ་སོགས་ཀྱི་བྱེད་ནུས་འདོན་དགོས་ལ། ཞིང་ལས་ཀྱི་ཐོན་སྐྱེད་དང་ལས་སྣོན། སྐྱེལ་འདྲེན། ཞིབ་འཇུག་གསར་སྤེལ།དཔེ་སྟོན། ཞབས་ཞུ་སོགས་ཕན་ཚུན་མཉམ་འདྲེས་བྱས་ཏེ་དེང་རབས་ཞིང་ལས་ཐོན་ལས་ཀྱི་འདུས་འཛོམས་གྲུབ་དགོས།
ཞེ་གསུམ། ཚན་རྩལ་གླིང་འཛུགས་དགོས་དོན་ཅི་ཡིན།
ལན། གཙོ་བོ་ནི་ཚན་རྩལ་གསར་སྐྲུན་དང་ཞིང་འཇུག་གསར་སྤེལ་གྱི་བཀོལ་སྤྱོད།ཚོད་ལྟའི་དཔེ་སྟོན།ཚན་རྩལ་ཞབས་ཞུ་དང་གསོ་སྦྱོང་སོགས་ཀྱི་བྱེད་ནུས་འབུར་དུ་ཐོན་དགོས་ལ། ཞིང་ལས་ཚན་རྩལ་གྲུབ་འབྲས་བསྒྱུར་བཅོས་ལྟེ་གནས་དང་ཚན་རྩལ་མི་སྣའི་ལས་སྐྲུན་སྟེགས་བུ། ཞིང་ལས་ལག་རྩལ་རྒྱ་ཁྱབ་ཏུ་སྤེལ་བའི་དཔེ་མཚོན། ཚད་མཐོའི་ལག་རྩལ་ཐོན་ལས་གསོ་སྤེལ་གྱི་གནས་གཞི་སོགས་བཙུགས་ཏེ།དེང་རབས་ཞིང་ལས་གསར་སྐྲུན་གྱི་ཞིང་ས་ལེགས་པོ་བསྐྲུན་དགོས།
ཞེ་བཞི། ལས་སྐྲུན་གླིང་འཛུགས་དགོས་དོན་ཅི་ཡིན།
ལན། གཙོ་བོ་ནི་ལས་རིགས་སོ་སོའི་འཇོན་ཐང་མི་སྣས་ཞིང་སྡེ་རུ་ལས་རིགས་གསར་སྐྲུན་བྱེད་པ་དང་སྲིད་ཇུས་ཀྱིས་རོགས་སྐྱོར་དང་ཞབས་ཞུ་མཁོ་འདོན་བྱེད་དགོས།
ཞེ་ལྔ། རང་ཞིང་གི་ཞིང་ཕྱུགས་ལས་ས་ཁུལ་གྱི་ས་ཁོངས་བཀོད་སྒྲིག་བྱེད་ཚུལ་ལེགས་བཅོས་ལ་བྱ་བ་གང་དག་ལས་དགོས་སམ།
ལན། ཤུགས་བཏོན་ནས“ཁུལ་གསུམ་དང་རྒྱུད་གཅིག”གི་གནས་བབ་འགྲུབ་དགོས་ལ།ཟི་ལིང་དང་མཚོ་ཤར་ཏེ་གྲོང་ཁྱེར་གཉིས་གཙོ་བྱས་པའི་ཤར་ཁུལ་གྱི་ཁྱད་ཐོན་གསོ་འཛུགས་ཚད་མཐོའི་དཔེ་སྟོན་ཁུལ་བསྐྲུན་དགོས་ལ། མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ་སྟེ་ཁུལ་གསུམ་གཙོ་བྱས་པའི་མཚོ་སྐོར་གྱི་ཞིང་ཕྱུགས་སྣོལ་འདྲེས་རེས་འཁོར་འཕེལ་རྒྱས་ཀྱིས་སྔོན་བྱོན་ཁུལ་བསྐྲུན་དགོས།མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁུལ་གསུམ་གཙོ་བྱས་པའི་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ་འཛུགས་དགོས་པ་མ་ཟད། རྨ་ཆུའི་འགྲམ་རྒྱུད་དུ་ཆུ་འཁྱག་གསོ་སྤེལ་གྱི་འོས་འཚམ་གསར་སྤེལ་ས་རྒྱུད་བསྐྲུན་དགོས།གང་ལེགས་སྒོས་ས་ཁོངས་ཀྱི་གནས་བབ་ཅུང་ལེགས་པ་འདོན་སྤེལ་བྱས་ཏེ་མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་ལྷག་ཏུ་འབུར་ཐོན་ཡོང་པ་དང་གཙོ་བོ་ཞོག་ཁོག་དང་སྐེ་ཚེ།ནས། རྒྱ་སྲན། སྔོ་ཚོད། ཟོག་སྐམ། ལུག་སྐམ། བཞོན་མ། ཆུ་འཁྱག་ཉ་དང་གཟན་རྩྭ་སྟེ་ཁྱད་ཐོན་ཆེན་པོ་བཅུ་ཡི་ཐོན་ལས་ས་རྒྱུད་འཛུགས་དགོས་ལ།སྐྱེ་ལྡན་དང་ལྗང་མདོག སྤྱི་ལ་གནོད་པ་མེད་པའི་ཐོན་སྐྱེད་གནས་གཞི་འཛུགས་སྐྲུན་སྐུལ་སྤེལ་བྱེད་དགོས།ས་ཆ་སོ་སོའི་ལྡུམ་རའི་ལག་རྩལ་ཐོན་རྫས་དང་ཕྱུགས་ལས་ཐོན་རྫས། ཆུ་ལས་ཐོན་རྫས། ནགས་ལས་ཁྱད་ཐོན་སོགས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་གནས་བབ་ཡག་པོའི་ཁུལ་སྔོན་གཏོད་ལེགས་བརྩོན་བྱེད་པར་སྐུལ་འདེབས་བཏང་སྟེ།ནས་སྲན་སོགས་འབྲུ་རིགས་དཀྱུས་མ་དང་སྔོ་ཚོད་སིལ་ཏོག མེ་ཏོག་དང་སྡོང་ཕྲུག བཟའ་བྱའི་ཤྭ་མོའི་རིགས། རྩྭ་སྨན་དང་ཁྱད་ཆོས་ལྡན་པའི་གསོ་སྤེལ་སོགས་ཐོན་ལས་ཀྱི་ཚད་རིམ་འཕེར་དགོས་ལ།ས་གནས་ཀྱི་དམིགས་བསལ་ཐོན་རྫས་དང་ཐོན་རྫས་ཆུང་ངུ་ནི་ཞིང་འབྲོག་མི་དམངས་ཀྱི་ཡོངས་སྒོ་ཇེ་མང་དུ་གཏོང་བའི་ཐོན་ལས་ཆེན་པོ་ཞིག་ཏུ་བསྐུན་དགོས།
ཞེ་དྲུག རང་ཞིང་གིས་ཇི་ལྟར་གསོ་འདེབས་གྲུབ་ཚུལ་གཅིག་གྱུར་ལེགས་སྒྲིག་བྱ་དགོས་སམ།
ལན། ནུས་ཤུགས་ཡོད་ཚད་ཀྱིས་འབྲུ་རིགས་དང་བཟའ་སྣུམ། ཕྱུགས་ཟོག་གསོ་སྤེལ། སྔོ་ཚལ་སིལ་ཏོག འཕང་འབྲས་དང་སྟར་བུ་བཞི་ཡི“སྒོར་དུང་ཕྱུར་བརྒྱའི”ཐོན་ལས་བསྐྲུན་དགོས། “འབྲུ་རིགས་དང་དཔལ་འབྱོར། གཟན་རྩྭ”སྟེ་རྒྱུ་གསུམ་གྱི་གྲུབ་ཚུལ་གཏན་འཇགས་བྱས་ཏེ། གསོ་བའི་ཆེད་དུ་འདེབས་པ་དང་འདེབས་གསོ་ཟུང་འབྲེལ་བྱེད་དགོས།འདེབས་འཛུགས་ལས་རིགས་ལས་སྐེ་ཚེ་དང་། ཞོག་ཁོག་ཐོན་སྐྱེད་བརྟན་པོ་ཡོང་དགོས་ལ། འོས་འཚམ་གྱི་འབྲུ་གཟན་རིགས་གཉིས་མཉམ་སྤྱོད་རང་བཞིན་གྱི་ནས་དང་མ་རྨོས་ལོ་ཏོག་འདེབས་འཛུགས་ལ་ཤུགས་སྣོན་དང་། རྩྭའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨ་ཆུ་འབབ་རྒྱུད་དང་མཚོ་ནུབ་སོགས་ས་ཁུལ་གྱི་སྔོ་ཚལ་གནས་གཞིའི་ཐོན་ནུས་མཐོར་འདེགས་བཏང་སྟེ། “སྔོ་ཚལ་ལག་གཟེབ”ཀྱིས་ལས་གཞིའི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་མ་ཟད། ཁྱད་ཆོས་ལྡན་པའི་ཤིང་འབྲས་ཐོན་སྐྱེད་རྒྱ་ཆེ་རུ་གཏོང་བ་དང་། གཏིང་ཟབ་པའི་སྒོ་ནས་ཚྭ་འདམ་གཞོང་གི་འཕང་འབྲས་སོགས་ཀྲུང་ལུགས་དང་བོད་ལུགས་སྨན་རྩྭ་་གསར་སྤེལ་བྱེད་དགོས་ལ།ཕྱུགས་ལས་ལ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་།ཚད་ལྡན་ཅན་གྱི་གསོ་སྤེལ།ལྗང་མདོག་ཅན་གྱི་འཕེལ་རྒྱས།ཞིབ་ཚགས་ཅན་གྱི་དོ་དམ་ནི་ཕྱོགས་སྟོན་དུ་བཟུང་སྟེ།འབྲོག་ཁུལ་དུ་མུ་མཐུད་དུ་རྒྱལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་འབྲོག་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་པ་ལ་བརྟེན་ནས་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་།རྩྭ་གཟན་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བྱ་དགོས། ཞིང་ཁུལ་ཚད་ལྡན་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལ་བརྟེན་པ་གཙོ་གནད་དུ་བཟུང་སྟེ། “འགྲིབ་པ་གསུམ་དང་སླེབས་པ་གསུམ། ཟུང་འབྲེལ་གསུམ” ལ་སྐུལ་འདེད། སྒོང་བ་ཐོན་ཚད་དང་ཕག་ཕྲུག་ཐོན་སྐྱེད་མགྱོགས་སུ་གཏོང་བ་དང་། གཟན་རྩྭ་ཇེ་མང་དང་འབྲུ་གཟན་ཇེ་ཉུང་གི་འཆར་གཞི་ལག་བསྟར་བྱས་ཏེ།སྐམ་ལུག་གི་རང་སྟོབས་རང་སྤེལ་ནུས་ཚད་ཆེ་རུ་གཏོང་བ་དང་།བཞོན་མ་རྒྱུད་བཟང་ཅན་དུ་འགྱུར་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་།འོས་འཚམ་གྱིས་དམིགས་བསལ་གསོ་སྤེལ་འཕེལ་རྒྱས་གཏང་དགོས།ཤུགས་བཏོན་ནས་རྨ་ཆུའི་འགྲམ་རྒྱུད་དུ་ཆུ་འཁྱག་གསོ་སྤེལ་གྱི་འོས་འཚམ་གསར་སྤེལ་ས་རྒྱུད་བསྐྲུན་དགོས་ལ།ཆུ་འཁྱག་ཉ་བདེ་ཐང་གི་གསོ་སྤེལ་གནས་གཞི་རྒྱ་ཆེ་རུ་གཏོང་བར་རོགས་སྐྱོར་བྱེད་དགོས།ཞིང་འབྲོག་ཟུང་འབྲེལ་དང་ཕན་ཚུན་སྐུལ་འདེད་ཀྱི་འདེབས་གསོའི་གྲུབ་ཚུལ་གྲུབ་ནས།ཞིང་འབྲོག་ལས་རིགས་ཀྱི་རེས་འཁོར་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།
ཞེ་བདུན། རང་ཞིང་གིས་རྣམ་པ་གསར་བའི་བདག་གཉེར་གཙོ་ཕུང་ཇི་ལྟར་གསོ་སྐྱོང་བྱ་དགོས་སམ།
ལན། ལས་རིགས་གསར་བར་དམིགས་ནས་ཞིང་འབྲོག་མང་ཚོགས་སྐྱེད་སྲིང་བྱེད་པ་དང་།ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བ་དང་།ཐབས་ལམ་ཁག་གི་གསོ་སྦྱོང་མ་དངུལ་ཐོན་ཁུངས་བསྡུ་སྒྲིག་བྱས་ཏེ།སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་།སྡེ་ཁག་བར་གཞོགས་འདེགས། གཅིག་གྱུར་གྱིས་བཀོད་སྒྲིགཐོན་ལས་སྐུལ་ཁྲིད་ཀྱི་གསོ་སྦྱོང་ནང་རྐྱེན་འཛུགས་དགོས།ཞིང་འབྲོག་ལས་ཀྱི་ལས་གཉེར་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ།གཏིང་ཟབ་པའི་སྒོ་ནས་ཞིང་རའི་བདག་པོ་གསོ་སྐྱོང་འཆར་གཞི་དང་རྣམ་པ་གསར་བའི་ཞིང་འབྲོག་བདག་གཉེར་གཙོ་ཕུང་གིས་སྣེ་འཁྲིད་པའི་རེས་སྐོར་སྦྱོང་བརྡར་འཆར་གཞི་ལ་སྐུལ་འདེད་གཏོང་དགོས།འཚོལ་ཞིབ་བྱས་ཏེ་ཞིང་འབྲོག་ལས་རིགས་ཀྱི་སྤྱི་གཉེར་བ་སྐྱེད་སྲིང་བྱེད་དགོས་ལ།དེང་རབས་ཀྱི་ཞིང་འབྲོག་ལས་གོང་འཕེལ་གཏོང་བའི་དགོས་མཁོ་དང་འཚམ་པའི་ཞིང་པ་གསར་པ་ཞིག་གསོ་སྐྱོང་བྱ་དགོས། ཆེད་ལས་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་དང་། གྲོང་གསེབ་ཀྱི་ལག་ཤེས་མི་སྣ་ཁག་གཅིག་ལ་རོགས་སྐྱོར་བྱ་དགོས།རྣམ་པ་གསར་བའི་བདག་གཉེར་གཙོ་ཕུང་སྐྱེད་སྲིང་དང་རྒྱ་བསྐྱེད་པའི་སྲིད་ཇུས་མ་ལག་གཏན་འབེབ་དང་འཐུས་ཚང་དུ་བཏང་སྟེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར།འདེབས་གསོ་དུད་ཚང་ཆེ་གྲས།ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་དགོས།རྒྱལ་ཁབ་ཀྱིས་མ་རྐང་འཇོག་པ་ལས་བྱུང་བའི་གཏན་འཇགས་རྒྱུ་ནོར་ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་ལ་སྤྲད་ནས་བདག་བཟུང་དང་ལྟ་སྐྱོང་གི་སྲིད་ཇུས་དོན་ཐོག་འཁྱོལ་དགོས།རྣམ་པ་གསར་བའི་བདག་གཉེར་གཙོ་ཕུང་གི་ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གསར་སྤེལ་བྱེད་པར་སྐུལ་འདེབས་དང་རྒྱབ་སྐྱོར་བྱ་དགོས་ལ།སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་སློབ་ཆེན་སློབ་མའི་སྡེ་དཔོན།གཞི་རིམ་ཞིང་ལས་ལག་རྩལ་མི་སྣ་བཅས་ཀྱིས་ལས་སྒྲུབ་མགོ་ཁྲིད་དམ་ཞིང་འབྲོག་པའི་མཉམ་ལས་ཁང་གསར་སྒྲུབ་བྱེད་པར་སྐུལ་འདེབས་བྱེད་པ་དང་།ཤུགས་ཆེན་པོས་དཔེ་སྟོན་ཁེ་ལས་དང་།དཔེ་སྟོན་མཉམ་ལས་ཁང་།དཔེ་སྟོན་ཁྱིམ་ཚང་གི་ཞིང་ཕྱུགས་ར་གསར་འཛུགས་ཀྱི་བྱེད་སྒོ་དར་སྤེལ་གཏང་དགོས།
ཞེ་བརྒྱད། རང་ཞིང་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཆུ་ཚད་ཇི་ལྟར་མཐོ་རུ་གཏང་རྒྱུ།
ལན། ཞིང་ལས་ཚད་ལྡན་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ལ།ཤིང་ཏོག་དང་སྔོ་ཚལ་ཐོན་སྐྱེད་གླིང་དང་།སྒོ་ཕྱུགས་དང་ཁྱིམ་བྱ།ཆུ་ཐོན་གསོ་སྤེལ་ར་བ། གནས་ས་གཏན་ཁེལ་གྱི་བཤའ་ར།འོ་མའི་ས་ཚིགས། ཁྱད་ལྡན་ཤིང་ཏོག་ཐོན་རྫས་སོགས་ཐོན་སྐྱེད་ཁེ་ལས་དང་ཞིང་འབྲོག་པའི་མཉམ་ལས་ཁང་ལ་ཁ་གསབ་དངུལ་སྟེར་བ་དང་། ཞིང་འབྲོག་ལས་ཚད་ལྡན་ཐོན་སྐྱེད་བྱེད་རྒྱུར་སྐུལ་འདེད་གཏང་དགོས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལྟ་ཞིབ་ཚད་ལེན་སྒྲིག་གཞི་འཐུས་ཚང་དང་།ཞིབ་དཔྱད་ཚད་ལེན་ནུས་པ་འཛུགས་སྐྲུན་ཤུགས་ཆེ་རུ་བཏང་སྟེ།ཞིང་འབྲོག་ལས་ཀྱི་གཏོང་རྫས་འབྱུང་ཁུངས་དོ་དམ་ལ་ཤུགས་སྣོན་པ་མ་ཟད། སྲོག་ཆགས་དང་རྩི་ཤིང་ལ་ནད་འབུས་གནོད་འཚེ་ཐེབས་པར་ཆེད་ལས་ཀྱིས་གཅིག་འགོག་དང་གཅིག་བཅོས་བྱེད་པའི་ལས་ཀ་ཤུགས་ཆེ་རུ་གཏང་དགོས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཡིན་པའི་རྫོང་བསྐྲུན་པའི་བྱེད་སྒོ་སྤེལ་དགོས་ལ།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཁུངས་འདེད་སྟེགས་བུ་འཛུགས་པ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་ཤ་ཚལ་གྱི་འགྲོ་རྒྱུག་ཁུངས་འདེད་མ་ལག་ཕན་ཚུན་འབྲེལ་མཐུད་བྱ་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་དགོས་ལ།སྒོ་ཕྱུགས་དང་ཁྱིམ་བྱ་བདེ་ཐང་ངང་གསོ་སྤེལ་བྱེད་སྟངས་ཁྱབ་གདལ་དང་།བཙན་ཤེད་ཀྱིས་འགོག་ཁབ་རྒྱག་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས་པ་མ་ཟད།རིམས་ནད་བྱུང་ཚུལ་སྙན་ཞུའི་ལམ་ལུགས་གཟབ་ནན་དང་།བབ་བསྟུན་ཐག་གཅོད་དང་གནོད་མེད་ཅན་གྱི་ཐག་གཅོད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བྱ་དགོས་ལ།ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱ་དགོས།
ཞེ་དགུ རང་ཞིང་གིས་དེང་རབས་ཅན་གྱི་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ལ་ཇི་ལྟར་སྐུལ་འདེད་གཏང་དགོས་སམ།
ལན། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་ཆེན་པོ་སྣོན་པ་དང་།འབད་བརྩོན་སྒོས་རྒྱལ་ཁབ་ཕྱི་ནང་གི་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་ནང་འདྲེན་དང་། འདུས་གྲུབ་དང་ཁྱབ་སྤེལ་བྱ་དགོས་ལ། སྔོན་ཐོན་འཕེལ་རྒྱས་དང་གསར་གཏོད་གསོན་ཉམས་ལྡན་པ། འདྲ་བཟོ་རུང་བ་དང་ཁྱབ་གདལ་དུ་གཏོང་རུང་བའི་དཔེ་མཚོན་མ་དཔེ་བསྐྲུན་དགོས། ཐོན་ལས་འགྲེམ་ཚུལ་ལུགས་མཐུན་དང་།སྒྲིག་འཛུགས་བྱེད་སྟངས་སྔོན་ཐོན། ཐོན་ཁུངས་བེད་སྤྱོད་ནུས་ཆེ། མཁོ་སྤྲོད་འགན་སྲུང་བདེ་འཇགས།ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པའི་ས་ཁོངས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་སྣེ་གྲུབ་སྟེ། རིགས་ཁག་གི་ཞིང་ལས་གླིང་ཁུལ་ནི་ཞིང་འབྲོག་ལས་རིགས་ཀྱི་ལག་རྩལ་གསར་བ་དང་། ཐོན་རྫས་གསར་བ། མ་དཔེ་གསར་པ་ནང་འདྲེན།ཁྱབ་གདལ་གནས་གཞི་དང་རིག་པའི་ཞིང་ལས་སྟོན་པ། གནད་ཁེལ་ཞིང་ལས་ཀྱི་དཔེ་སྟོན་གནས་གཞི་སོགས་སུ་འགྱུར་དགོས།འབྲོག་ལས་དཔེ་སྟོན་གླིང་ཁུལ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས་ལ། ས་རྒོད་གསར་སློག་གི་ཁེ་ལས་དེ་དེང་རབས་ཀྱི་ཞིང་འབྲོག་ལས་དཔེ་སྟོན་ཁུལ་དུ་རྣམ་སྒྱུར་བྱེད་པར་ཁྲིད་སྟོན་བྱ་དགོས།སྣེ་འདྲེན་ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་འདྲེན་འགུག་བྱེད་པར་སྐུལ་འདེབས་བྱེད་པ་དང་འཁོར་སྐྱོད་ཚོང་གཉེར་ཐོན་ལས་གླིང་འཛུགས་དགོས་པ་དང་། སྒྲིག་བཀོད་ཞིང་འབྲོག་ལས་དང་།གནད་ཁེལ་ཞིང་འབྲོག་ལས།ཞིབ་ཅིང་ཚགས་པའི་ལས་སྣོན། དེང་རབས་ཀྱི་ཚོང་གཉེར་སོགས་འཕེལ་རྒྱས་གཏང་དགོས་པ་མ་ཟད།རྣམ་པ་གསར་བའི་ཞིང་འབྲོག་ལས་ཀྱི་བདག་གཉེར་གཙོ་ཕུང་དང་ཞིང་འབྲོག་ཁྱིམ་ཆེད་ལས་ཅན་དང་། གནད་ཁེལ་ཅན། ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་སྐུལ་ཁྲིད་བྱ་དགོས། ཞིང་འབྲོག་ལས་ཀྱི་སྐོར་ཁག་ཡོངས་ཀྱི་རིམ་སྤོར་དང་།སྦྲེལ་ཐག་ཧྲིལ་པོའི་གནས་ཐང་འཕར་བར་སྐུལ་འདེད་གཏང་དགོས་ལ།མཚོན་བྱེད་རང་བཞིན་ཆེ་བ་དང་རིགས་མང་བ། ཐབས་ལམ་གསལ་བའི་འཛུགས་སྐྲུན་བྱེད་སྟངས་ཁག་གཅིག་གྲུབ་དགོས་པ་དང་།ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་འབྲོག་འཕེལ་རྒྱས་ཀྱི་སྣེ་ཁྲིད་དགོས།
ལྔ་བཅུ། 2017ལོར་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་འཛུགས་སྐྲུན་གལ་ཆེན་གང་དག་སྐུལ་འདེད་གཏང་དགོས་སམ།
ལན། “རི་ཆུ་ལ་ཤུགས་སྣོན་བརྒྱབ་སྟེ་རྩྭ་ནགས་དང་ཞིང་མཚེའུ”ཡི་རང་བྱུང་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་སྣོན་དགོས།“སྐྱེ་ཁམས་ཁག་ཆེན་པོ་ལྔ”གཙོ་གནད་དུ་བཟུང་སྟེ་གོ་རིམ་ལྡན་པའི་ངང་གཙང་གསུམ་འབྱུང་ཁུངས་དང་། མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱ་དགོས། ཚྭ་འདམ་གཞོང་དང་། མཚོ་སྔོན་པོ། ཙོང་ཆུའི་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ལས་ཚད་ཇེ་མགྱོགས་སུ་གཏོང་བ་དང་།མུ་མཐུད་དུ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན།ཕྱུགས་བསྐྱུར་རྩྭ་གསོ། རྨོ་བསྐྱུར་ནགས་གསོ(རྩྭ་འདེབས)དང་།ས་ཆུ་སྲུང་འཛིན། བརླན་ས་སུང་སྐྱོབ་དང་སླར་གསོ་སོགས་ཀྱི་ལས་གཞི་ཡལག་བསྟར་བྱ་དགོས། རྒྱལ་ཁོངས་ས་ཆ་ལྗང་སྒྱུར་དང་།རྩྭ་ར་གཞན་འགྱུར་བཅོས་སྐྱོང་། ས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱུན་འཁྱོངས་བྱེད་དགོས། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་དང་སླར་གསོ་བྱེད་པའི་ནུས་པ་མཐོ་རུ་གཏང་དགོས་ལ།མགྱོགས་མྱུར་ངང་གཙོ་གནད་ས་ཁོངས་དང་རི་ལྡེབས་རྨོ་ཞིང་།བསླད་སྐྱོན་གྲོག་ཤུར་སོགས་ཀྱི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས།མགྱོགས་མྱུར་ངང་གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལམ་སྲོལ་གྱི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས་པ་མཟད།ཟི་ལིང་དང་།ཡུལ་ཤུལ། མཚོ་བྱང་སོགས་ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ཙོང་ཆུའི་སོགས་གཙོ་གནད་འབབ་རྒྱུད་དང་ཆུ་ཁོངས་ཕྱོགས་བསྡུས་བཅོས་སྐྱོང་དམ་པོར་བཟུང་དགོས།
ང་གཅིག རང་ཞིང་གི་ཇི་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་འཐུས་ཚང་དུ་གཏང་ངམ།
ལན། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་དང་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ།བརླན་སའི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་སོགས་འཐུས་ཚང་དུ་གཏང་དགོས་ལ།ཁྱོན་ཡོངས་ནས་རེས་སྐོར་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་དང་།རྩྭ་ཐང་གི་ཁ་གསབ་བྱ་དགའི་གྲུབ་འབྲས་དོ་དམ་ཁྱབ་སྤེལ་བྱེད་དགོས་པ་དང་།རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་རྩྭ་འདེབས་འབྲོག་ལས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། འདེབས་གསོའི་གྲུབ་ཚུལ་ལེགས་སྒྲིག་སྐུལ་སྤེལ་བྱེད་དགོས། སྐྱེ་ཁམས་ཁ་གསབ་བྱ་དགའི་ལག་བསྟར་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་།སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཁེ་ཕན་ནང་རྐྱེན་གྱིས་ཕྱུགས་འགོག་དང་། ཕྱུགས་ལས་ངལ་གསོ། ཕྱུགས་སྤོར་བཅས་རྩྭ་ཕྱུགས་དོ་སྙོམས་བྱེད་པའི་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས་ལ།རྩྭར་བརྟེན་ནས་ཕྱུགས་ཟོག་གསོ་ཚད་གཏན་འཁེལ་དང་ཕྱུགས་འགོག་དང་ཕྱུགས་རིགས་ཉུང་གཏོང་བྱེད་པ་མངོན་འགྱུར་བྱ་དགོས།ཕྱུགས་ལས་ཐོན་སྐྱེད་བདག་གཉེར་བྱེད་སྟངས་བསྒྱུར་བ་དང་།མགྱོགས་མྱུར་ངང་ལག་གསོ་དང་ལག་གསོ་ཕྱེད་ཀའི་གསོ་སྤེལ་འཕེལ་རྒྱས་བཏང་ནས་རང་བྱུང་རྩྭ་རའི་གནོན་ཤུགས་ཆུང་རུ་གཏང་དགོས།རེས་སྐོར་གསར་བའི་ཞིང་དོར་ནགས་གསོ་དང་རྩྭ་འདེབས་ལས་གཞིའི་ལག་བསྟར་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་།རེས་སྐོར་གོང་མའི་རྨོ་བསྐྱུར་ནགས་གསོའི་ཁ་གསབ་སྲིད་ཇུས་ཀྱི་དུས་ཡུན་ལོངས་བ་དང་ཆ་རྐྱེན་དང་མཐུན་པའི་རྨོ་བསྐྱུར་སྐྱེ་ཁམས་ནགས་ཚལ་དུ་བསྒྱུར་བ། རེ་རེ་བཞིན་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་བྱེད་ཁོངས་སུ་ལེན་དགོས།ནགས་ལས་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ལག་བསྟར་བྱེད་ཁོངས་རྒྱ་བསྐྱེད་དགོས།
ང་གཉིས། རང་ཞིང་གིས་ཇི་ལྟར་ཞིང་འབྲོག་ལས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས་སམ།
ལན། ཞིང་འབྲོག་ལས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་།སྐྱེ་ཁམས་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ཤུགས་ཆེ་རུ་གཏང་དགོས་ལ།རྩྭ་ཐང་དང་ཞིང་ས་སོགས་སྐྱེ་ཁམས་དང་ཐོན་ཁུངས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་འགན་འཁྲི་རྩད་གཅོད་ཆེ་རུ་གཏང་དགོས་པ་མ་ཟད།བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་དགོས།རྩྭ་ཐང་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་།རྩྭ་ཐང་གི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས།རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་།ཞིང་འབྲོག་ལས་སྐྱེ་ཁམས་སྲུང་སྐྱོང་གི་ལྟ་སྐུལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལེགས་བསྡུས་ཞིང་སྤྱོད་ལ་གྲོན་ཆུང་དང་ཆུའི་ཐོན་ཁུངས་དོ་དམ།ཁོར་ཡུག་སྲུང་སྐྱོང་དང་འགན་འཁྲི་རྩད་གཅོད་སོགས་ཀྱི་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱ་དགོས་ལ།འགན་འཁྲི་རྩད་གཅོད་ལྟ་སྐུལ་དོ་དམ་དང་གྲུབ་འབྲས་དཔྱད་ཞིབ་ལ་ཤུགས་སྣོན་དགོས།
ང་གསུམ། རང་ཞིང་གིས་ཞིང་འབྲོག་ལས་ཀྱི་དོར་བའི་དངོས་པོ་རྣམས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་བྱ་བ་གང་དག་བསྒྲུབ་དགོས་སམ།
ལན། གཏིང་ཟབ་པའི་སྒོ་ནས་རྫས་ལུད་ཀྱི་ཞིང་སྨན་མི་བཀོལ་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་།སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་ཚོད་ལྟ་ཁུལ་སྤེལ་ནས་ཞིང་འབྲོག་ལས་གནད་བསྡུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་ཡར་སྐུལ་བྱ་དགོས།ཞིང་འབྲོག་ལས་ཀྱི་རང་བཞིན་དང་འབྱུང་ཁུངས་ཀྱི་བཙོག་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་དགོས།རྨོ་ཞིང་རེས་འདེབས་ཀྱི་ཚོད་ལྟ་ཁུལ་འཛུགས་པར་སྐུལ་འདེད་གཏོང་བ་དང་།འོས་འཚམ་གྱི་ཁ་གསབ་ཚད་གཞི་སྒྲིག་འཛུགས་བྱ་དགོས་ལ།སྙིགས་མའི་འགྱིག་ཤོག་ཕྱིར་བསྡུ་བྱེད་པའི་ཤུགས་ཆེ་རུ་བཏང་སྟེ་ཞིང་སྤྱོད་འགྱིག་ཤོག་སྙིགས་རོ་ཚུར་བསྡུ་ལས་སྣོན་ས་ཚིགས་ལ་རོགས་སྐྱོར་བྱ་དགོས།སོག་མ་བསྡུས་གསོག་སྐྱེལ་འདྲེན་བྱེད་པའི་མ་ལག་འཛུགས་པ་དང་།སོག་མ་ཞིང་སར་འཇོག་པ་སོགས་ཀྱི་ཕྱོགས་བསྡུས་བཀོལ་སྤྱོད་ལས་གཞི་ལག་བསྟར་བྱས་ཏེ།སོག་མ་སྣ་མང་ཅན་དུ་བཀོལ་སྤྱོད་བྱེད་པར་ཁ་གསབ་དངུལ་སྟེར་བའི་ཚོད་ལྟ་ཁུལ་དར་སྤེལ་གཏང་དགོས།སྒོ་ཕྱུགས་ཀྱི་ལུད་དང་བྱ་བྲུན་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་དང་།ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གནོད་མེད་ཅན་གྱི་ཐག་གཅོད་བྱ་རྒྱུ་གནད་དོན་གཙོ་བོར་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་གཏོང་བའི་དཔེ་སྟོན་རྫོང་འཛུགས་པའི་བྱེད་སྒོ་སྤེལ་བ་ཁྱབ་གདལ་དུ་གཏང་དགོས།རྫོང་ཧྲིལ་པོས་ཞིང་འབྲོག་ལས་ཀྱི་གད་སྙིགས་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་།ཞིང་འབྲོག་ལས་ཀྱི་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་གནོད་མེད་ཅན་གྱི་ཐག་གཅོད་བྱེད་པ་མངོན་འགྱུར་བྱ་དགོས།
ང་བཞི། རང་ཞིང་གིས་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་དང་ས་མཐོའི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་གྱི་ལས་འགན་གང་དག་ཡོད་།
ལན། ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་།ཚན་རིག་གི་སྒོ་ནས་རྫོང(གྲོང་ཁྱེར) ཁོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་གཞི་དང་།གྲོང་ཚོ་འཛུགས་སྐྲུན་གྱི་འཆར་གཞི་བཟོ་འགོད་དང་རྩ་འཛུགས་ལག་བསྟར་བྱ་དགོས།མུ་མཐུད་དུ “བྱ་དགས་སྐུལ་མའི་ཚབ་བྱེད” སྲིད་ཇུས་ལག་བསྟར་དང་།ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱེད་དགོས།ཞིང་འབྲོག་མང་ཚོགས་ཀྱི་ཁང་པ་རྙིང་པ་དང་ཉེན་ཅན་ཁང་པ་བསྒྱུར་བཀོད་བྱ་དགོས།གྲོང་ཚོ་སྔོ་འགྱུར་ལས་གཞི་མུ་མཐུད་དུ་ལེགས་པར་བསྒྲུབ་རྒྱུ་དང་།སྐྱེ་ཁམས་གྲོང་གསེབ་འཛུགས་སྐྲུན་དར་སྤེལ། ཞིང་སྡེའི་ནུས་རྒྱུ་གསར་པའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཞིང་སྡེའི་གློག་ནུས་ཀྱིས་ཚབ་བྱེད་དང་ཉི་འོད་གློག་འདོན་ལ་སྐུལ་འདེད་གཏང་དགོས་ལ།རིམ་བཞིན་ཞིང་སྡེའི་གློག་ཤུགས་དང་། འབར་རླངས་དང་གཙང་དག་ཅན་གྱི་རྡོ་སོལ་མཁོ་སྤྲོད་བྱེད་ཚད་རྒྱ་བསྐྱེད་དགོས།གནོད་མེད་འཛུགས་སྐྲུན་རྒྱུ་ཆ་ཁྱབ་གདལ་གཏོང་བ་དང་ནུས་ཁུངས་གྲོན་ཆུང་ཐུབ་པའི་སྡོད་ཁང་འཛུགས་སྐྲུན་བྱ་དགོས།ཤུགས་བཏོན་ནས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་གྱི་ལས་གཞི་མཐོར་འདེགས་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཆུའི་མགོ་ཁུངས་དང་ཆུའི་འབབ་རྒྱུད་ཀྱི་སྲུང་སྐྱོང་ལ་ཤུགས་སྣོན་དགོས།གཏིང་ཟབ་པའི་སྒོ་ནས་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲའི་འགུལ་སྐྱོད་སྤེལ་བ་དང་།ཞིང་སྡེའི་འཚོ་བའི་གད་སྙིགས་དབྱེ་འབྱེད་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་དར་སྤེལ་གཏང་དགོས་ལ།ཡོངས་ཁྱབ་ཏུ་གྲོང་ཚོའི་གཙང་སྦྲའི་ལམ་ལུགས་འཛུགས་པ་དང་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་དུ་གསང་སྤྱོད་ཁང་འཛུགས་པར་སྐུལ་འདེད་གཏང་དགོས་པ་མ་ཟད།མགྱོགས་མྱུར་ངང་གནོད་མེད་ཅན་གྱི་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁང་སྒྲིག་འཛུགས་བྱ་དགོས།གཅིག་གྱུར་འཆར་འགོད་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱ་དགོས།མགྱོགས་མྱུར་ངང་སྐྱེ་ཁམས་གཙང་དག་གི་འབབ་རྒྱུད་ཆུང་བ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།འབད་བརྩོན་སྒོས་ཞིང་འབྲོག་ཁུལ་གྱི་ཆུ་ལམ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་ལ་སྐུལ་འདེད་བྱ་དགོས།གཏིང་ཟབ་སྒོས་ཞིང་སྡེའི་གཞུང་ལམ་བདག་སྐྱོང་དོ་དམ་ལམ་ལུགས་བཅོས་བསྒྱུར་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་དུ་སྐུལ་འདེད་ལེགས་པོ་གཏང་དགོས།རེས་སྐོར་གསར་པའི་ཞིང་སྡེའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གཞི་ལག་བསྟར་བྱ་དགོས་ལ། འོད་འབྱེད་ཚི་སྐུད་ཞིང་སྡེར་ཐོན་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་སྒོས4Gདྲ་རྒྱ་ཞིང་སྡེའི་ཡོངས་སུ་ཁྱབ་པར་བྱ་དགོས།སྒྲིག་གཞི་ཚང་བའི་སྡེ་བ་རུ་ཐད་ཀར་འཕྲིན་ཡིག་གཏོང་ཆོག་པར་སྐུལ་འདེད་བྱ་དགོས།རིག་གནས་དམངས་ཕན་གྱི་གཙོ་གནད་རྣམ་གྲངས་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱེད་པ་དང་།གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས།སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གསར་འཛུགས་བྱེད་པ་དར་སྤེལ་དང་།ཁྱད་ཆོས་སྣ་ཚོགས་ལྡན་པའི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱ་དགོས་ལ།སྲོལ་རྒྱུན་ཡུལ་ཚོ་དང་རིག་གནས་མིང་གྲགས་ཅན་གྱི་སྡེ་བ། མིང་གྲགས་ཅན་གྱི་གྲོང་རྡལ་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་དགོས།ཞིང་འབྲོག་ལས་ཀྱི་རིག་གནས་ཤུལ་བཞག་གལ་ཆེན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་དགོས་ལ། “མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ” ༣༠༠བསྐྲུན་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་དཔེ་སྟོན་སྡེ་བ་གསར་འཛུགས་བྱ་དགོས།
ང་ལྔ། རང་ཞིང་གིས་ཞིང་འབྲོག་ཁུལ་གྱི་ཐོན་ལས་གཅིག་གཉིས་གསུམ་མཉམ་འདྲེས་འཕེལ་རྒྱས་ལ་ཇི་ལྟར་སྐུལ་འདེད་གཏང་དགོས་སམ།
ལན། “ཁུལ་གསུམ་རྒྱུད་གཅིག”གི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་རྣམ་པ་དམ་པོར་བཟུང་བ་དང་།ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་ཆེ་རུ་གཏང་དགོས་ལ།ཐོན་ལས་དང་པོའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ།ཐོན་ལས་གཉིས་པར་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆ་འདོན་སྤྲོད་བྱེད་པར་འགན་སྲུང་དང་།ཐོན་ལས་གསུམ་པའི་ལས་རིགས་གསར་གཏོད་ལ་འཕེལ་རྒྱས་ཀྱི་མདུན་ལམ་དང་ལས་བརྩོན་གྱི་གོ་སྐབས་འདོན་སྤྲོད་བྱ་དགོས།ཤུགས་ཆེན་པོས་ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣ་མང་གཙོ་གཟུགས་གསོ་སྐྱོང་དང་།ཞིང་འབྲོག་མང་ཚོགས་འཁྲིད་ནས་ཐོན་ལས་གཉིས་པ་དང་གསུམ་པ་གནས་ཐང་འཕར་བའི་ཕན་འབྲས་མཉམ་སྤྱོད་ཀྱི་རྣམ་པ་གསར་བའི་བདག་གཉེར་གཙོ་ཕུང་ལ་རྒྱབ་སྐྱོར་བྱེད་པ་གཙོ་གནད་དུ་བཟུང་དགོས།ཐོན་ལས་མཉམ་འདྲེས་ཀྱི་ཚོད་ལྟའི་དཔེ་སྟོན་ས་ཚིགས་དར་སྤེལ་གཏང་དགོས་ལ།ཞིང་འབྲོག་ཁུལ་གྱི་ཐོན་ལས་གཉིས་པ་དང་གསུམ་པ་རྫོང་དང་།གཙོ་གནད་ཞང་གྲོང་དང་ཐོན་ལས་གླིང་ཁུལ་དུ་གཅིག་འདུས་བྱེད་པར་ཁྲིད་སྟོན་བྱ་དགོས།ཐོན་ལས་ཐེངས་གསུམ་མཉམ་འདྲེས་ངང་འཕེལ་རྒྱས་ཀྱི་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱ་དགོས།ཁྱད་ཆོས་ལྡན་པའི་ཐོན་ལས་ཆེན་པོ་བཅུ་ལ་དམིགས་ནས།ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་སྣེ་ཁྲིད་ཁེ་ལས་ཁག་གཅིག་གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་དང་།དམ་ཟབ་ཀྱི་ཁེ་ཕན་ཟུང་སྦྲེལ་ལམ་སྲོལ་འཛུགས་དགོས་ལ།ཞིང་འབྲོག་མང་ཚོགས་ལ་གནས་ཐང་འཕར་བའི་ཁེ་འབབ་ལོངས་སྤྱོད་བྱེད་དུ་འཇུག་དགོས།
ང་དྲུག རང་ཞིང་གིས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གང་དག་ཡོད་དམ།
ལན། སྣེ་ཁྲིད་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་རྣམས་ཐོན་ཁུལ་གཙོ་བོ་དང་།ལེགས་ཆ་འཛོམས་པའི་ཐོན་ཁུལ།ཐོན་ལས་གླིང་ཁུལ་སོགས་སུ་གཅིག་སྡུད་དང་། ལེགས་ཆ་འཛོམས་པའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ས་ཁུལ་དུ་ཐོན་ལས་ལས་སྣོན་འདུས་འཛོམས་བསྐྲུན་དགོས།ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་དང་།མགྱོགས་མྱུར་ངང་གཡག་ལུག་གི་ཤ་བགོ་བྱའི་ཚད་གཞི་གཏན་འབེབས་བྱས་ཏེ་ཚན་རྩལ་འདུས་ཚད་དང་རང་བདག་གིས་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏང་དགོས་ལ། མགྱོགས་མྱུར་ངང་རྣམ་སྒྱུར་རིམ་སྤར་བྱ་དགོས།གསར་སྐྲུན་གྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་།ཞིང་ཕྱུགས་ཐོན་རྫས་ཐོག་མའི་ལས་སྣོན་དང་ཞིབ་ཚགས་ལས་སྣོན།དེ་བཞིན་ཕྱོགས་བསྡུས་བཀོལ་སྤྱོད་ལས་སྣོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱ་དགོས་ལ།ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་གཞན་སྒྱུར་ཚད་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏང་དགོས།ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལས་ཁུངས་འཛུགས་པར་སྐུལ་འདེབས་དང་།ཁྱད་ལྡན་ལེགས་ཤོས་ཐོན་ལས་ལ་དམིགས་ཏེ་ཁྲོམ་རའི་ཚོང་ཟོག་བྲིན་ཁ་མཐུན་པའི་ཐོན་རྫས་གསར་པ་གསར་སྤེལ་བྱ་དགོས།རྒྱུན་ཆད་མེད་པར་ཐོན་རྫས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་།ཁྲོམ་རའི་འགྲན་རྩོད་མཐོ་རུ་གཏང་དགོས།ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཀྱི་བསམ་འཆར་གཏན་འབེབས་བྱས་ཏེ་དངོས་སུ་འདོན་དགོས།ཁྲིད་སྟོན་བྱས་ཏེ་ཞིང་འབྲོག་པའི་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་འཕེལ་རྒྱས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་ལ་རྒྱབ་སྐྱོར་དང་།ཐོན་ཡུལ་དུ་གསོག་ཉར་དང་གསོས་ཉར།རིམ་པ་བཀར་ནས་རིམ་དབྱེ། ཐུམ་རྒྱག འདྲེན་ཚོང་འཕེལ་རྒྱས་སོགས་ལ་སྐུལ་འདེད་བྱ་དགོས།ཞིང་འབྲོག་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་བྱེད་པར་གསབ་དངུལ་སྤྲོད་པའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས།
ང་བདུན། རང་ཞིང་གིས་ཇི་ལྟར་སྤྲོ་གསེང་གི་ཞིང་འབྲོག་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏང་དགོས་སམ།
ལན། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཚོང་རྟགས་དང་ཡུལ་སྐོར་གྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་རེ་བ་བཅོལ་ནས། གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་དང་ཐོན་རྫས་ཕུན་སུམ་ཚོགས་པར་གཏང་དགོས།གྲོང་གསེབ་ཀྱི་སྐྱེ་ཁམས་སྤྲོ་གསེང་དང་།ལྗོངས་རྒྱུ་ལྟ་སྐོར། རིག་གནས་སློབ་གསོའི་རིན་ཐང་སོགས་སྔོག་འདོན་བྱ་དགོས་ལ། ཞིང་འབྲོག་ལས་ཀྱི་བརྗོད་བྱ་གཙོ་བོའི་གླིང་དང་གྲོང་ཁྱེར་གྱི་སྤྲོ་གསེང་ལྟ་སྐོར་གྱི་ཞིང་ལས།དེང་རབས་ཀྱི་ཞིང་གྲོང་སོགས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས། ཐབས་ལམ་མང་པོར་བརྟེན་ནས་འཛུགས་སྐྲུན་མ་དངུལ་གྲབས་གསོག་བྱས་ཏེ་ཤུགས་ཆེན་པོས་སྤྲོ་གསེང་ཞིང་ལས་དང་།གྲོང་གསེབ་ཀྱི་ཡུལ་སྐོར།ནགས་ཚལ་བདེ་སྲུང་སོགས་ཀྱི་ཐུན་མོང་གི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཆ་རྐྱེན་བཅོས་བསྒྱུར་དང་།གཙོ་གནད་སྡེ་བ་རུ་སྔོན་ལ་དྲ་རྒྱ་མངོན་འགྱུར་བྱུང་བ་ཡོངས་ཁྱབ་ཏུ་གཏང་དགོས།གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་གསེང་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་།རོགས་སྐྱོར་བྱས་ཏེ་ལོ་རྒྱུས་དང་ས་ཁུལ། མི་རིགས་སོགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཡུལ་སྐོར་ཀྱི་ཞང་གྲོང་ཁག་གཅིག་འཛུགས་སྐྲུན་བྱ་དགོས་ལ། “ ཞིང་ཁྱིམ་སྤྲོ་ཁང” དང་། “འབྲོག་ཁྱིམ་སྤྲོ་སྐྱིད་ཁང་།” “ནགས་ཁྱིམ་སྤྲོ་སྐྱིད་ཁང་།”སྒེར་འཁོར་བཏང་ནས་ཡུལ་སྐོར་སོགས་ཁྱད་ལྡན་འབུར་ཐོན་ཡིན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་གསེང་ཐོན་རྫས་གསར་སྐྲུན་བྱ་དགོས།སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དང་།ཟས་རིགས་བདེ་འཇགས་དང་།མེ་འགོག་བདེ་འཇགས།ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་འཛུགས་པ་འཐུས་ཚང་དུ་གཏང་དགོས། ཤུགས་ཆེན་པོས་གྲོང་གསེབ་ཀྱི་ཡུལ་སྐོར་བགྲོད་ལམ་དང་དྲ་རྒྱ། རླངས་འཁོར་འདུག་གནས། གསང་སྤྱོད་ཁང་། གད་སྙིགས་དང་བཙོག་ཆུ་ཐག་གཅོད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱ་དགོས།སྤྲོ་གསེང་གི་ཞིང་འབྲོག་ལས་དཔེ་སྟོན་སྡེ་བ་གསར་སྐྲུན་དང་།“སྡེ་བ་རེ་ལ་ཐོན་རྫས་རེའི”ཁྱད་ཐོན་ཡུལ་སྐོར་དང་དབྱར་དུས་ཀྱི་སྤྲོ་གསེང་ཡུལ་སྐོར་བྱེད་སྒོ་སྤེལ་དགོས་ལ།རྩྭ་ཐང་ཆེན་མོའི་དཔལ་འབྱོར་གྱི་ཡུལ་སྐོར་ཚོམ་འཛུགས་སྐྲུན་བྱ་དགོས།གྲོང་གསེབ་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཡུལ་མིའི་སྡོད་ཁང་དང་ལུས་གསོ་དང་རྒན་གསོའི་གནས་གཞི་འཕེལ་རྒྱས་གཏང་དགོས།
ང་བརྒྱད། རང་ཞིང་གིས་ཚོང་རྟགས་མཐོར་འདེགས་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པར་བླང་བྱ་གང་དག་ཡོད་དམ།
ལན། ཤུགས་ཆེན་པོས་མིང་དུ་གྲགས་པ་དང་ཁྱད་ཐོན་ཞིང་ཕྱུགས་ཐོན་རྫས་གསར་བ་འཕེལ་རྒྱས་གཏོང་བ་དང་།ཚོང་རྟགས་གྲགས་ཅན་སྐྱེད་སྲིང་བྱ་དགོས།ནུས་ཤུགས་ཡོད་རྒུས“ འབྲི་གཡག་ཐོན་ཡུལ་དང་བོད་ལུག་ཐོན་ཁུལ”“ སྐྱེ་ལྡན་འཕང་འབྲས་ཀྱི་ཕ་ས”“ཞིས་ཀྱི་ཕྱུག་པའི་ཕ་ས”སོགས་བསྐྲུན་དགོས། སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཀྱི་གནས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་།ཧུར་བརྩོན་གྱིས་སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཀྱི་སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱས་ཏེ།སྐྱེ་ལྡན་འབྲོག་ལས་ཐོན་རྫས་ཀྱི་ཚོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་བེད་སྤྱོད་གང་ལེགས་བྱས་ཏེ།ནུས་ལྡན་ངང“ རྒྱུད་གཅིག་ལམ་གཅིག” གི་འཐབ་ཇུས་སུ་འདྲེས་དགོས་ལ། “ གྲགས་ཁྱད” ལེགས་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་རྒྱལ་སྤྱིའི་ཚོང་རར་སྐྱོད་པ་ལ་སྐུལ་འདེད་བྱེད་པ་དང་།ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱི“ཕྱིར་སྐྱོད”འཐབ་ཇུས་ལ་སྐུལ་འདེབས་བྱ་དགོས།ཞིང་ལས་ཀྱི་འགྲེམས་ཚོགས་དང་ལྗང་འགྲེམས་ཚོགས་འདུ།མཚོ་སྔོན་གྱི་གྲུབ་ཚུལ་ལེགས་སྒྲིག་དང་མ་འཇོག་ཉོ་ཚོང་གྲོས་མོལ་ཚོགས་འདུ།དབྱི་སི་ལན་ཟས་རིགས་འགྲེམ་ཚོགས།བོད་ལུགས་ས་གདན་འགྲེམས་སྟོན་སོགས་ཀྱི་མཉམ་ལས་སྤེལ་རེས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ།མཚོ་སྔོན་གྱི་ཁྱད་ལྡན་ལེགས་ཤོས་ཀྱི་ཞིང་ལས་ཐོན་རྫས་འགྲེམས་སྟོན་དང་འགྲེམས་ཚོང་བྱ་དགོས་ལ།སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་ཕྱིར་ཚོང་གི་གཞི་ཁྱོན་རྒྱ་ཆེ་རུ་གཏང་དགོས།
ང་དགུ རང་ཞིང་གིས་ཞིང་འབྲོག་ལས་ཀྱི་ཆ་འཕྲིན་བཀོལ་སྤྱོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་བྱེ་བྲག་གི་བྱེད་ཐབས་གང་དག་ཡོད་དམ།
ལན། “མཉམ་སྦྲེལ་དྲ+” དེང་རབས་ཞིང་འབྲོག་ལས་འགུལ་སྐྱོད་མྱུར་མོར་ལག་བསྟར་བྱ་དགོས་ལ།ཆ་འཕྲིན་གྱི་ཐོན་ཁུངས་བསྡུ་སྒྲིག་དང་།མཚོ་སྔོན་གྱི་ཞིང་འབྲོག་ལས་ཀྱི་གཞི་འཛིན་གྲངས་ཀ་ཆེན་མོའི་སྟེགས་བུ་འཛུགས་དགོས་པ་མཟད།བློ་རིག་ལྡན་པའི་ཞིང་འབྲོག་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏང་དགོས། ཟོག་འབྲེལ་དྲ་རྒྱ་དང་རིག་ནུས་སྒྲིག་ཆས་ཀྱི་བཀོལ་སྤྱོད་ཁྱབ་གདལ་ལ་ཤུགས་སྣོན་དང་།ཁྱད་ལྡན་ཐོན་ལས་ལ་དམིགས་ནས་བློ་རིག་ལྡན་པའི་ཞིང་འབྲོག་ལས་དཔེ་སྟོན་གླིང་ཁུལ་ཁག་གཅིག་འཛུགས་སྐྲུན་བྱ་དགོས་ལ།ཞིབ་ཚགས་ཅན་གྱི་དོ་དམ་དར་སྤེལ་བྱ་དགོས། ཁྱོན་ཡོངས་ནས་ཆ་འཕྲིན་སྡེ་བ་དང་དུད་ཚང་དུ་འཛུལ་བའི་ལས་གཞི་ལག་བསྟར་དང་།12316སྟེགས་བུ་འཛུགས་སྐྲུན་འཐུས་ཚང་དུ་གཏང་དགོས་ལ།ལག་ཐོག་ནས་ཞིང་ཕྱུགས་ལས་ལ་ཞབས་ཞུ་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་འབྲོག་ལས་ཀྱི་རྒྱང་ཚོར་ལྟེ་གནས་འཛུགས་སྐྲུན་དང་མཐོང་སྣང་ཅན་གྱི་དོ་དམལ་སྐུལ་འདེད་བྱ་དགོས།རྣམ་པ་གསར་བའི་ཞིང་འབྲོག་ལས་ཀྱི་བདག་གཉེར་གཙོ་ཕུང་ལ་ཡར་སྐུལ་དང་།ལས་སྣོན་འཁོར་རྒྱུག་ཁེ་ལས་དང་གློག་རྡུལ་ཚོང་དོན་གྱི་ཁེ་ལས་ཕྱོགས་ཡོངས་ནས་སྦྲེལ་མཐུད་མཉམ་འདྲེས་བྱ་དགོས་ལ།དྲ་ཐོག་དང་ངོ་འཕྲད་ཟུང་འཇུག་འཕེལ་རྒྱས་ཡོང་བར་བྱ་དགོས།རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་དོན་ཞིང་སྡེ་རུ་ཡོང་ནས་ཕྱོགས་བསྡུས་དཔེ་སྟོན་རྫོང་གསར་སྐྲུན་བྱེད་པའི་ལས་དོན་དེ་གོ་སྐབས་སུ་བཟུང་སྟེ།རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུ་དང་དེ་བཞིན་ཟོག་འགྲེམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཏེ།གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་།དེར་བརྟེན་ནས་མྱུར་སྐྱེལ་གྲོང་གསེབ་ཏུ་ཁྱབ་པའི་ལས་གཞི་ལག་བསྟར་བྱ་དགོས།གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལག་བསྟར་བྱ་དགོས་ལ།ས་གནས་ཁག་ལ་སྐུལ་སློང་བྱས་ཏེ་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བ་དང་།ཚོང་རྟགས་ཁྱབ་གདལ་དང་།དངོས་ཟོག་འདུ་འགྲེམས།ཤེས་ལྡན་པ་གསོ་སྐྱོང། ལག་རྩལ་གྱི་རོགས་སྐྱོར། སྤུས་ཚད་བདེ་འཇགས་སོགས་ཀྱི་བྱེད་ནུས་ཀྱིས་ཞབས་འདེགས་འདུ་འཛོམས་བྱ་དགོས།ཞིང་ཕྱུགས་ཐོན་རྫས་གསོས་ཉར་ཅན་ཐད་ཀར་མཁོ་འདོན་དང་བྲིན་ཚོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏང་དགོས།
དྲུག་ཅུ། རང་ཞིང་གིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་བྱེད་ཐབས་གང་དག་ཡོད།
ལན། གཞི་རྩའི་ཞིང་ས་ཡུན་རིང་ལ་དབྱེ་འབྱེད་གཏན་འབེབས་བྱེད་པའི་གོམ་སྟབས་ཇེ་མགྱོགས་དང་གཟབ་ནན་གྱིས་གཞི་རྩའི་ཞིང་སར་སྲུང་སྐྱོབ་བྱེད་པ་ལག་བསྟར།ཤུགས་ཆེན་པོས་ས་ཞིང་ཆུང་འབྲིང་ལེགས་བཅོས། མགྱོགས་མྱུར་སྒོས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་།ཞིང་ཆས་ཀྱིས་ལས་ཀ་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་ལ། ས་ཞིང་རྨོ་བའི་སྤུས་ཚད་ཀྱི་སྲུང་སྐྱོབ་དང་འགུལ་སྐྱོད་མཐོར་འདེགས་སུ་གཏོང་བ་དངོས་འབེབས་དང་། བཟོ་སྐྲུན་གྱི་བྱེད་ཐབས་དང་སྐྱེ་དངོས་ཀྱི་བྱེད་ཐབས་ཟུང་འབྲེལ་བྱེད་པའི་ཐབས་བཀོལ་སྤྱད་དེ་ཞིང་སའི་རྒྱུ་སྤུས་མཐོར་འདེགས་སུ་གཏང་དགོས། མགྱོགས་མྱུར་སྒོས་ཞིང་སའི་ཆུ་བེད་ཀྱི་སྣ་མང་དངུལ་གཏོང་ལམ་ལུགས་གསར་སྐྲུན་བྱས་ཏེ།ཞིང་སའི་ཆུ་བེད་བཟོ་སྐྲུན་གྱི་ཁྱད་ཆོས་དང་འཚམ་པའི་འཛུགས་སྐྲུན་རྣམ་པར་མུ་མཐུད་དུ་སྐུལ་སྤེལ་བྱ་དགོས་ལ། ཧུར་བརྩོན་སྒོས་རོགས་དངུལ་བྱ་དགར་བསྒྱུར་བ་དང་སྔོན་ན་འཛུགས་སྐྲུན་དང་རྗེས་ནས་རོགས་དངུལ་སྟེར་བ།དམངས་ཀྱིས་སྒྲུབ་ན་གཞུང་གིས་རོགས་འདེགས་བྱེད་པའི་ནུས་ཆོད་ཀྱི་ཐབས་བཀོད་ཁྱབ་གདལ་བྱ་དགོས། རོང་ཁྱིམ་དང་ཞིང་ལས་བདག་གཉེར་གསར་བ་ཅན་སོགས་ཞིང་ས་ཆུ་བེད་འཛུགས་སྐྲུན་གྱི་བརྩོན་སེམས་རང་བཞིན་སློང་བར་བྱ་དགོས་པ་དང་། ཆུ་མཛོད་སོ་སོ་དང་ཆུ་རྐ། ཞིང་ཆུ་གཏོང་ཡུལ་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།ཆུ་འདྲེན་གྱི་མ་ལག་དང་ཆུ་བེད་གྲོན་ཆུང་། ཆུ་བེད་ཀྱི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གཙོར་འཛིན་དགོས།ཆུས་གཏོར་བརླག་ཐེབས་པའི་ཆུ་བེད་བཟོ་སྐྲུན་བསྐྱར་གསོ་བྱེད་པ་དང་སྟོབས་ཤུགས་མཉམ་འདུས་ཀྱིས་གནོད་སྐྱོན་རྗེས་ཀྱི་ཆུ་བེད་ཕྱོགས་ཀྱི་མི་འདང་སར་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་པ་དང་། ཞིང་སའི་ཆུ་རྐ་ཡི་མ་ལག་འཐུས་ཚང་དང“ཆུ་བེད་ཆུང་ལྔའི”བཟོ་སྐྲུན་འཛུགས་སྐྲུན་དམ་པོར་བཟུང་ནས།ཞིང་སའི་ཆུ་བེད་ལ་རྨང་བརྟན་པོ་ཞིག་འདིང་དགོས། ཞིང་ལས་ཀྱིས་ཆུ་བེད་སྤྱོད་བྱེད་པའི་ཚད་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས།ནུས་ཆོད་དང་ཆུ་བེད་གྲོན་ཆུང་གི་ཆུ་འདྲེན་བཟོ་སྐྲུན་གྱི་སྒྲིག་གཞི་ལེགས་པོར་བཏང་ནས་ཤུགས་ཆེན་པོས་ཁྱབ་ཁོངས་གཞི་རྒྱ་ཅན་གྱི་ནུས་ཆོད་ལྡན་པ་དང་ཆུ་བེད་གྲོན་ཆུང་གི་ཆུ་འདྲེན་འཕེལ་རྒྱས་སུ་གཏང་དགོས་པ་སོགས་ཡོད།
རེ་གཅིག རང་ཞིང་གིས་གྲོང་གསེབ་ཏུ་ཡོང་ནས་ལས་ལམ་གསར་སྐྲུན་བྱེད་པའི་མི་སྣར་སྐུལ་མ་གཏོང་བའི་སྲིད་ཇུས་གང་དག་ཡོད།
ལན། ཞིང་ལས་ངལ་རྩོལ་བ་དང་སློབ་གྲྭ་མཐོ་འབྲིང་གི་མཐར་ཕྱིན་སློབ་མ།དམག་ཁོངས་ནས་ཕྱིར་ཡོང་བའི་དམག་མི། ཚན་རྩལ་མི་སྣ་སོགས་ཕྱིར་གྲོང་གསེབ་ཏུ་ལོག་པའི་མི་སྣ་རོང་འབྲོག་ཁུལ་དུ་ཡོང་ནས་ལས་ལམ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།གཟབ་ནན་གྱིས་གྲོང་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་འདྲ་མཉམ་གྱི་ལས་ཞུགས་ལམ་ལུགས་ལག་བསྟར་བྱས་ཏེ།ཞིང་ལས་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་བྱས་ནས་ལས་ཞུགས་ཞབས་ཕྱི་མ་ལག་འཐུས་ཚང་དུ་གཏང་དགོས་ལ། ཐབས་ལམ་མང་བའི་སྒོ་ནས་ལས་ཞུགས་བྱེད་པར་སྐུལ་མ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གསར་ཐོན་དུས་རབས་དང་ལས་རིགས་ནད་སོགས་ཡོད་པའི་ཞིང་ལས་ངལ་རྩོལ་པ་སོགས་ལ་འཕྲད་ཡོད་པའི་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱ་དགོས་པ་མ་ཟད། ངེས་པ་དོན་གྱིས་ཞིང་ལས་ངལ་རྩོལ་བའི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་སྲུང་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ལས་ལམ་གསར་སྐྲུན་གྱི་ཚོང་རར་འཇུག་པ་དང་ནོར་སྲིད་ཀྱི་ཁྲལ་བསྡུ།དངུལ་རྩའི་ཞབས་ཕྱི། ས་དང་གློག་སྤྱོད་པ། ལས་ལམ་གསར་འབྱེད་ཀྱི་གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་མཉམ་གཅིག་ཏུ་བསྡུས་ནས་དངོས་འབེབས་བྱེད་པར་རྒྱབ་སྐྱོར་ཡོད་པ།ས་གནས་སོ་སོས་ལས་ལམ་གསར་སྐྲུན་གླིང་དང་ལས་སྐྲུན་གསར་འབྱེད་རྟེན་གཞི། གསར་སྐྲུན་ཞབས་ཕྱི་སྟེགས་བུ་འཛུགས་པར་སྐུལ་འདེད་བྱས་ཏེ།སྒོ་འབྱེད་རང་བཞིན་གྱི་ཞབས་ཕྱི་སྒེའུ་ཁུང་བཙུགས་ནས་ས་ཚིགས་གཅིག་ཅན་གྱི་ཞབས་ཕྱི་མཁོ་འདོན་བྱ་དགོས། ཤུགས་ཆེན་པོས་ངལ་ལས་དཔལ་འབྱོར་གོང་འཕེལ་དང“མཚོ་སྔོན་འཐེན་ཐུག”སོགས་ངལ་ལས་ཚོང་རྟགས་མུ་མཐུད་དུ་གསོ་སྐྱོང་དང་རྒྱ་ཆེ་རུ་གཏང་དགོས། གྲོང་ཁྱེར་དུ་ཡོང་ནས་གཞིས་ཆགས་པའི་རོང་འབྲོག་མང་ཚོགས་ཀྱི་ས་ཞིང་འགན་གཙང་ལེན་གྱི་ཁེ་དབང་དང་ཁང་སའི་སྤྱོད་དབང་།ཐུན་མོང་གི་ཡོང་སྒོ་བགོ་བའི་དབང་ཆ་སོགས་ལ་སྲུང་སྐྱོང་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱིས་ལས་ཞུགས་གསར་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས་པ་སོགས་ཡོད།
རེ་གཉིས། རང་ཞིང་གིས་ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་སྒུལ་ཤུགས་གསར་བར་ཤུགས་སྣོན་བྱེད་པར་བྱེད་ཐབས་གཙོ་བོ་གང་དག་ཡོད།
ལན། ཞིང་ལས་ཚན་རྩལ་གླིང་ཁུལ་དང་རྒྱལ་ཁབ་ཞིང་སྡེའི་ཆ་འཕྲིན་ཅན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས།གཏིང་ཟབ་སྒོས“1020”སྐྱེ་ཁམས་ཞིང་ཕྱུགས་ལས་ཚན་རྩལ་འདེགས་སྐྱོར་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱ་དགོས་ལ། སྲིད་གཞུང་གིས་ཚན་རྩལ་ཞབས་ཕྱི་སྒྲིག་གཞི་ཉོ་བར་འཚོལ་ཞིབ་བྱས་ཏེ་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་ཁེ་དབང་མཉལ་རོལ་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་གཏང་དགོས་པ་དང་། ཞིང་ཕྱུགས་ལས་ཚན་རྩལ་ཁྲོད་ཀྱི་མི་འདང་ས་དུས་སྔོན་ལ་ཁ་གསབ་བྱ་དགོས།ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་རིམ་གསུམ་སྟེགས་བུའི་སྣེ་ཁྲིད་དང་ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ།ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་བཟོ་སྐྲུན་དངོས་འབེབས་བྱ་དགོས། ཞིང་ཕྱུགས་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་བླང་བྱར་འཚམ་པ་དང་།ཐོན་སྐྱེད་དང་རིག་གཞུང་། ཞིབ་འཇུག་གསུམ་གྱི་ཟུང་འབྲེལ་ལ་གཞི་ཚུགས་པ། ཞིབ་འཇུག་དང་སྐུལ་འདེད།བེད་སྤྱོད་དེ་གཞི་གཅིག་ཅན་ཡིན་པར་རྐང་བཙུགས་ཏེ། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཁ་ཕྱོགས་དང་གཙོ་གནད་ལེགས་སྒྲིག དེང་རབས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་གསར་སྐྲུན་བྱ་དགོས།སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་དམ་འཛིན་ཡག་པོ་བྱ་དགོས། བོད་ལུག་ཕན་འབྲས་ཆེན་པོས་གསོ་སྤེལ་ཤུགས་ཆེན་པོར་སྤེལ་བ་དང་།འབྲི་གཡག་ལེགས་འདེམས་སོར་ཆུད། ཚད་ལྡན་ཅན་གྱི་ནོར་ལུག་གསོ་བ། གཟན་རྩྭའི་ལས་སྣོན་། གསོག་ཉར་།བེད་སྤྱོད། སྲོག་ཆགས་དང་རྩི་ཤིང་གི་གནོད་འབུ་སྔོན་འགོག་དང་ཚོད་འཛིན། མཐོ་རིམ་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་གསར་སྤེལ་དང་།དམའ་འབྲིང་གི་ཞིང་ས་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཞིང་འཕྲུལ་སྒྲིག་ཆས་དང་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཁུངས་གསོ་སྐྱོང་།མཛོད་ཉར་ཟོག་འགྲེམས་སོགས་གོ་ཆོད་པའི་ལག་རྩལ་ཁག་གཅིག་ཞིབ་འཇུག་གསར་སྤེལ་དང་དཔེ་སྟོན།ཁྱབ་གདལ་དུ་གཏང་དགོས། ལྗང་མདོག་གི་ཐོན་རྫས་གསར་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།སྤུས་ཀ་ལེགས་ཤིང་ཆེད་དུ་སྤྱོད་པའི་ས་བོན་གཙོ་བོ་བྱས་ཏེ་ཁྱབ་གདལ་གཏོང་རྒྱུ་དང་མ་དངུལ་གྲོན་ཆུང་དང་ཟད་གྲོན་ཆུང་དུ་གཏོང་བ།འཁོར་སྐྱོད་བཀོལ་སྤྱོད་བཅས་ཀྱི་ལག་རྩལ་དཔེ་དབྱིབས་ཁྱབ་གདལ་གཏང་དགོས་པ་སོགས་ཡོད།
རེ་གསུམ། རང་ཞིང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བར་སྐུལ་འདེད་བྱེད་པའི་བྱེད་ཐབས་གཙོ་བོ་གང་དག་ཡིན།
ལན། ཞིང་ཕྱུགས་ལས་ཀྱི་སྲིད་ཇུས་དོན་འཁྱོལ་དང་།ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་དང་།ཚོང་གཉེར་རང་བཞིན་གྱི་ཡོང་འབབ་འཕར་བའི་སྦས་ཤུགས་སྔོག་འདོན་གང་ཐུབ་བྱས་ཏེ། ཁྱིམ་ཚང་གི་ལས་གཉེར་ཡོང་སྒོ་འཕར་སྣོན་གཏང་དགོས།ལས་ཞུགས་ལས་སྐྲུན་རོགས་སྐྱོར་སྲིད་ཇུས་ཤུགས་ཆེ་རུ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བའི་ཐབས་ལམ་རྒྱ་ཆེ་རུ་བཏང་ནས་ལས་ཞུགས་ལས་གནས་དང་ལས་སྒོ་གསར་གཏོད་ཀྱི་གོ་སྐབས་མང་དུ་གཏོང་གང་ཐུབ་བྱ་དགོས་པ་དང་།ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་གསར་གཏོད་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ་བརྟན་བརླིང་ངང་འཕར་བར་བྱ་དགོས།བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྲོད་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།གཞི་གཅིག་ཅན་གོང་འཕེལ་གྱི་ཡུན་རིང་གི་ནང་རྐྱེན་འཛུགས་པ་དང་། རོང་འབྲོག་ཁུལ་གྱི་རྒྱུ་ནོར་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་སློང་བ།ནོར་སྲིད་མ་དངུལ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་ལ་བཏང་བའི་ཚོང་གཉེར་རང་བཞིན་གྱི་རྒྱུ་ནོར་དེ།ས་གནས་སོ་སོས་འཚོལ་ཞིབ་བྱས་ཏེ་མ་རྐང་དབང་ཆ་གྲངས་ཚད་དུ་བསྒྱུར་ནས་སྡེ་བ་དང་ཁྱིམ་ཚང་།སྡེ་བའི་ཐུན་མོང་ངམ་རོང་འབྲོག་དུད་ཚང་ལ་དབང་བར་སྐུལ་འདེད་བྱེད་པ་དང་། རོང་འབྲོག་མང་ཚོགས་རྣམས་ལ་ཡུན་རིང་བོར་ཕན་ཁེ་ཐོབ་པར་བྱ་དགོས། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ཀྱི་བར་སྟོང་རྒྱ་ཆེ་རུ་སྐྱེད་པ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཁེ་སྤོགས་གློད་འགྲོལ་གཏོང་དགས་པ་དང་།རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕར་བར་བྱ་དགོས་པ་སོགས་ཡོད།
རེ་བཞི། རང་ཞིང་གིས་དེང་རབས་ཅན་གྱི་ས་བོན་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་བྱེད་ཐབས་གང་དག་ཡོད།
ལན། “གསོ་འཕེལ་སྤེལ ”འདེབས་རིགས་ཁེ་ལས་ཀྱི་གཞི་གཅིག་ཅན་གསོ་སྐྱོང་དང་།འདེབས་གསོ་གསར་གཏོད་དང་རྒྱུད་བཟང་སོན་མཁོ་འདོན་གྱི་བྱེད་ནུས་ཆེ་རུ་གཏོང་བ། ས་བོན་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་དགོས་པ་དང་དུག་མེད་ཞོག་ཁོག་དང་།ནས། དཔྱིད་འདེབས་པད་ཁ་འདེབས་གསོའི(གསོ་སྤེལ)ལམ་ལུགས་དང་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད།ཞིང་ལས་སྐྱེ་དངོས་ཀྱི་སོན་གསོ་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཤུགས་ཆེ་རུ་བཏང་ནས་མཐོ་སྒང་ཁོ་ནར་ཡོད་པའི་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་ཁག་ཅིག་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྤུས་ལེགས་གཟན་རྩྭའི་ས་བོན་གསོ་སྐྱོང་བྱེད་དགོས་པ་དང་།ཁྱད་ལྡན་དཔལ་འབྱོར་ནགས་ཀྱི་རིགས་སྣ་འདེམས་གསོ་བྱ་དགོས། མཐོ་སྒང་དུ་ཡོད་པའི་དམིགས་བསལ་ཅན་གྱི་ཕྱུགས་ཟོག་བྱ་རིགས་དང་།ཉ་ཕྲུག་སོགས་གསོ་སྤེལ་ཁྱབ་སྤེལ་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏང་དགོས། ཁྱོན་ཡོངས་ནས་སོན་བཟང་ཚན་ཞིབ་གལ་ཆེན་གྱི་མཉམ་འབྲེལ་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།མགྱོགས་མྱུར་སྒོས་འབྲུ་རིགས་སྐྱེ་དངོས་གཙོ་བོའི་ས་བོན་གསར་སྒྱུར་བྱེད་པ། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དང་འཚམ་པ་དང་སྤུས་ལེགས་ཐོན་མཐོ།མང་འགོག་ཀུན་འཕྲོད་ཀྱི་རིགས་སྣ་གསར་བ་འདེབས་གསོ་དང་ཁྱབ་གདལ་གཏང་དགོས། དེང་རབས་ས་བོན་ལས་རིགས་ཀྱི་འཛུགས་སྐྲུན་ལས་གཞི་དང་ས་བོན་ལས་རིགས་རང་བརྟེན་གསར་གཏོད་ཀྱི་ལས་གཞི་ཆེན་པོ་ལག་བསྟར་བྱ་དགོས།ཁེ་ལས་ཀྱི་ས་བོན་གསོ་སྐྱོང་གསར་གཏོད་གཙོ་ཤུགས་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ནང་དུ་སྐད་གྲགས་ངེས་ཅན་ལྡན་པའི་དེང་རབས་ས་བོན་ལས་རིགས་ཀྱི་ཁེ་ལས་ཤིག་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱ་དགོས་པ་སོགས་ཡོད།
རེ་ལྔ། རང་ཞིང་གིས་རོང་འབྲོག་ཁུལ་སྤྱི་ཚོགས་ཅན་གྱི་ཞབས་ཕྱི་མ་ལག་འཐུས་ཚང་དུ་གཏང་བར་བླང་བྱ་གང་དག་ལྡན།
ལན། སྲིད་གཞུང་གིས་གཙོ་ཁྲིད་དང་ཚོང་ར་ཅན་གྱི་གཉེར་སྐྱོང་བྱེད་པ།སྤྱི་ཚོགས་སྟོབས་ཤུགས་མང་བོ་ཞུགས་པ། གོ་རིམ་དང་ལྡན་པའི་སྦྲེལ་མཐུད་བྱེད་པའི་སྣ་མང་ཅན་གྱི་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་དགོས་པ་དང་།ཁེ་ཕན་འབྲེལ་མཐུད་དང་མཉམ་སྤྱོད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས་ལ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏང་དགོས།ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྒྲིག་གཞི་གསར་གཏོད་བྱེད་པ་དམ་འཛིན་བྱས་ཏེ།རོང་འབྲོག་ཁྱིམ་ཚང་ལ་ཚབ་རྨོ་དང་མཉམ་དུ་འགོག་བཅོས། གསོག་འཇོག་འཁོར་རྒྱུག་སོགས་ཀྱི་ཞབས་འདེགས་མཁོ་འདོན་ལ་རྒྱབ་སྐྱོར་བྱ་དགོས།གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ལས་ཁུངས་ཀྱི་གཏན་འཇགས་ལ་ཤུགས་སྣོན་རྒྱག་པ་དང་།འགྲོ་གྲོན་འགན་ལེན་དང་བརྩོན་སྐུལ་རྐྱེན་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་མིའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏང་དགོས།ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་འདེགས་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ་རྩ་འཛུགས་སྐྱེད་སྲིང་རྒྱ་བསྐྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་དོ་དམ་གྱི་བརྒྱུད་རིམ་ཡོངས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གསར་གཏོད་ཚོད་ལྟ་གནས་དང་།སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་སྒྲིག་གཞི་གསར་གཏོད་ཚོད་ལྟ་བྱེད་ཁོངས་ཀྱི་རྒྱ་ཆེ་རུ་གཏོང་བར་བྱས་ཏེ།རྣམ་པ་སྣ་ཚོགས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་སྤེལ་དགོས། ཞབས་ཞུའི་བྱེད་ཐབས་གསར་གཏོད་དང་ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་སྟེ།ཧུར་ཐག་གིས་དྲ་སྦྲེལ་ལག་རྩལ་བེད་སྤྱོད་དང་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་སྤེལ་དགོས།གནམ་གཤིས་ཀྱིས་ཞིང་ལས་ཞབས་ཕྱིའི་ནུས་པ་དང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་སོགས་ཡོད།
རེ་དྲུག རང་ཞིང་གིས་ཇི་ལྟར་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་གཏང་དགོས་སམ།
ལན། “ཚད་གཞི་གཉིས་ཟླ་སྒྲིལ”གྱི་བྱ་བ་གཏིང་ཟབ་ཏུ་གཏོང་བ་དང་།དབུལ་སྐྱོར་དང་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་གཉིས་སྲུབས་མེད་འབྲེལ་མཐུད་མངོན་འགྱུར་བྱ་དགོས།ཐབས་མང་མཉམ་སྤྱོད་དང་དབུལ་པོའི་མི་འབོར་གྱི་ཁྲིད་སྟོན་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་དང་།དབུལ་ཐར་ཕྱུག་འགྱུར་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་། བརྟན་བརླིང་ངང་དབུལ་ཐར་གྱི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཐོན་ལས་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་སྲིད་ཇུས་བཟོ་བཅོས་བྱ་དགོས། ཉེན་འགོག་ལས་རིགས་ཀྱིས་གནད་འཁེལ་དབུལ་སྐྱོར་ལ་མཛུབ་ཁྲིད་བསམ་འཆར་བཏོན་ཏེ། དབུལ་ཕོངས་རྫོང་གི་དབུལ་པོའི་ཞྭ་མོ་ཕུད་དང་སྡེ་བ་དབུལ་ཕོངས་ལས་ཐར་བར་བྱེད་པ།དབུལ་ཕོངས་ལས་ཐར་བའི་ཁྱིམ་ཚང་གི་རྗེས་ཕྱོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས།
རེ་བདུན། རང་ཞིང་གིས་གནད་འཁེལ་དབུལ་སྐྱོར་གྱི་སྒྲིག་གཞི་འགན་སྲུང་ལ་ཤུགས་སྣོན་ཇི་ལྟར་བྱ་དགོས་སམ།
ལན། དབུལ་ཕོངས་ཀྱི་འགུལ་རྣམ་དོ་དམ་གྱི་སྒྲིག་གཞི་འཐུས་ཚང་དུ་གཏང་དགོས་ལ། དབུལ་ཕོངས་མི་གྲངས་ཀྱི་འགུལ་ཚུལ་དོ་དམ་གྱི་ཡིག་ཚགས་འཛུགས་པ་ལག་བསྟར་དང་།མ་མཐའི་འཚོ་བའི་འགན་སྲུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནང་འདྲེན་དང་ཕྱིར་གཏོང་ཡོད་པ།འགན་ལེན་བྱ་དགོས་རིགས་འགན་ལེན་བྱེད་པ། ཚད་ལྡན་དང་གོ་རིམ་ལྡན་པ་མངོན་འགྱུར་འབྱུང་དགོས། རྫོང་རིམ་པའི་དབུལ་ཐར་མཁྲེགས་གཏོར་ལས་གཞི་མཛོད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་། ཁུལ། རྫོང་།ཞང་དང་གྲོང་རྡལ། སྡེ་བའི་ཧྲུའུ་ཅིས་དབུལ་སྐྱོར་བྱ་བའི་འགན་འཁྲི་གཙོ་བོར་ཤུགས་སྣོན་བྱས་ཏེ།བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་བྱེད་པའི་ལམ་ལུགས་ནན་གྱིས་བཟུང་བ་དང་། ཁྱོན་ཡོངས་ནས་དབུལ་སྐྱོར་སྡེ་སྡོད་“123” གྱི་རོགས་སྐྱོར་བྱ་བའི་སྒྲིག་གཞི་དངོས་འབེབས་བྱ་དགོས་ལ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།“ གཅིག་འབྲེལ་” འགན་འཁྲི་ཏན་ཏིག་གིས་བསྒྲུབ་པ། “ རོགས་རེས་གཉིས་ཀྱི་”སྤུས་ཚད་མཐོར་འདེགས་གཏོང་བ།“ སྐྱོང་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱ་དགོས་པ་དང་། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་དོ་དམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས།རྒྱལ་ཁབ་ཀྱིས་དུས་ཐུང་ལས་རིགས་རྩལ་ནུས་གསོ་སྦྱོང་སྲིད་ཇུས་དོན་འཁྱོལ་དང“ ལང་ཚོའི་ལས་སྐྲུན་དབུལ་སྐྱོར་བྱ་འགུལ”མུ་མཐུད་ལག་བསྟར་དང་། དབུལ་ཕོངས་སློབ་ཆེན་སློབ་མའི་ལས་བསྐྲུན་དང་ལས་ཞུགས་ལ་རོགས་སྐྱོར།དབུལ་ཕོངས་མི་གྲངས་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནས་སྤོ་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།རྗེས་ཕྱོགས་ཀྱི་ཐོན་ལས་གོང་འཕེལ་གཏང་དགོས། གནད་འཁེལ་དབུལ་ཐར་རོགས་སྐྱོར་གྱི་བྱེད་སྟངས་གསར་གཏོད་བྱས་ཏེ།ཁ་གཏད་སློབ་སྐྱོར་དང“གྲོང་ཚོ་བརྒྱར་ཁེ་ལས་100ཡིས་རོགས་སྐྱོར་དང་། ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱར་རོགས་སྐྱོར”བྱེད་པའི་བྱ་འགུལ་སོགས་སྤེལ་དགོས།
རེ་བརྒྱད། རང་ཞིང་གིས་ཐོན་ལས་རོགས་སྐྱོར་གྱི་ལག་བསྟར་བྱེད་པའི་ཤུགས་ཚད་ཇི་ལྟར་ཇེ་ཆེར་གཏང་དགོས་སམ།
ལན། དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བའི་འཆར་འགོད་ལག་བསྟར་དང་། དབུལ་སྐྱོར་གྱི་ཐོན་ལས་གླིང་། གྲོང་གསེབ་ཀྱི་ཡུལ་སྐོར། འོད་ཧྥུའུ་བཟོ་སྐྲུན་སོགས་དབུལ་སྐྱོར་རྣམ་གྲངས་དང་དབུལ་ཕོངས་ས་ཁུལ་གྱི་ཆུ་གློག གཏེར་རྫས་སོགས་ཐོན་ཁུངས་གསར་སྤེལ་བྱེད་པ་གཙོར་བཟུང་སྟེ། རྒྱུ་ནོར་ཀྱི་ཕན་ཁེ་ལེན་པའི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱ་དགོས། དབུལ་ཕོངས་ཁྱིམ་ཚང་དེང་རབས་ཀྱི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གོང་སྤེལ་མ་ལག་ནང་ཚུད་པར་བྱས་ཏེ“དུད་ཚང་རེར་བྱེད་ཐབས་རེ” དང“ གྲོང་གཅིག་ཇུས་གཅིག” ཅེས་པ་ལག་བསྟར་བྱ་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་འགོ་འདྲེན་ཁེ་ལས་འཕེལ་རྒྱས་གྱི་ཁྱད་ཆོས་ལྡན་པའི་གསོ་སྤེལ་དང་། མི་རིགས་ལག་ཤེས་བཟོ་རྩལ། གྲོང་གསེབ་ཀྱི་ཡུལ་སྐོར། ཁྱད་ཆོས་ལྡན་པའི་རིག་གནས་སོགས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་ལ་རྒྱབ་སྐྱོར་བྱས་ཏེ། དབུལ་པོའི་ཁྱིམ་ཚང་གི་ཁེ་ཕན་མཉམ་འབྲེལ་ནང་རྐྱེན་འཛུགས་པའི་ཤུགས་ཆེ་རུ་གཏང་དགོས། ངལ་རྩོལ་ཕྱིར་གཏོང་བྱེད་ས་དང་ནང་འདྲེན་བྱེད་སའི་སྦྲེལ་མཐུད་བྱ་བ་འཐུས་ཚང་དུ་བཏང་སྟེ། དབུལ་ཕོངས་མི་གྲངས་བརྟན་བརླིང་ངང་ལས་ཞུགས་ཐུབ་པ་མངོན་འགྱུར་འབྱུང་དགོས། དབུལ་ཕོངས་ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་འོས་སྦྱོར་གཉེར་ཚོང་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཆེ་རུ་གཏང་དགོས། ཆ་རྐྱེན་ཡོད་པའི་རྫོང་གིས་དབུལ་སྐྱོར་ཐོན་ལས་གླིང་ཧུར་ཐག་སྒོས་འཛུགས་སྐྲུན་བྱ་དགོས་པ་དང་། དབུལ་ཕོངས་མི་གྲངས་ཞུགས་ཚད་མང་བའི་ཁྱད་ཆོས་ལྡན་པའི་ཞིང་ལས་དང་། ནགས་ལས། འབྲོག་ལས་ཐོན་སྐྱེད་རྟེན་གཞི་སྐོར་ཞིག་འཛུགས་པར་རྒྱབ་སྐྱོར་བྱ་དགོས། ཧུར་ཐག་གིས་དབུལ་སྐྱོར་ཐོན་ལས་ས་ཁུལ་ལས་བརྒལ་ཏེ་གསར་འཛུགས་བྱེད་པར་འཚོལ་ཞིབ་བྱ་དགོས། དབུལ་ཕོངས་རྫོང་སོ་སོས་དོན་དངོས་ལ་ཟུང་འབྲེལ་བྱས་ནས་རང་བརྟེན་གསར་སྤེལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་དབུལ་ཕོངས་མི་གྲངས་ལ་མཁོ་འདོན་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་གསར་བའི་དོ་དམ་པ་ཡོངས་དབུལ་ཕོངས་མི་གྲངས་ཁྲོད་ནས་གདན་ཞུས་བྱ་དགོས། དངུལ་རྩའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་རིམ་པའི་དབུལ་སྐྱོར་གསར་སྤེལ་མ་དངུལ་དངུལ་བསྡུ་མཉམ་བསྲེས་སྟེགས་བུའི་འཛུགས་སྐྲུན་ལ་སྐུལ་འདེད་བྱ་དགོས།
རེ་དགུ རང་ཞིང་གིས་སྣ་མང་ཅན་གྱི་དངུལ་གཏོང་གི་ནང་རྐྱེན་འཐུས་ཚང་དུ་གཏོང་བར་བྱེད་ཐབས་གང་དག་ཡོད།
ལན། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་དངུལ་གཏོང་བྱེད་པ་མུ་མཐུད་དུ་འོས་འཚམ་ངང་རྒྱུན་འཁྱོངས་བྱས་ཏེ།ཞིང་ཕྱུགས་ལས་ཀྱི་དངུལ་གཏོང་འཕར་ཚད་དེ་ནོར་སྲིད་ཡོང་འབབ་ཀྱི་འཕར་ཚད་ལས་མཐོ་བ་ཁག་ཐེག་དང་།གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་རོང་འབྲོག་ཁུལ་གྱི་བསྡུར་ཚད་ལོ་སྔོན་མ་ལས་མཐོ་དགོས་ལ། ས་ཞིང་བཤུག་པའི་ཡོང་སྒོ་ཞིང་ཕྱུགས་ལས་འཛུགས་སྐྲུན་ཕྱོགས་ལ་བཀོལ་པའི་འཕར་ཚད་ལོ་སྔོན་མ་ལས་མཐོ་དགོས། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གྱི་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གང་ལེགས་ཀྱིས་རྫོང་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་བསྡུ་སྒྲིལ་མ་དངུལ་བེད་སྤྱོད་གཏོང་བའི་ནུས་པ་ཆེ་རུ་གཏང་དགོས།དམིགས་འབེན་དང་ཉེ་བ་དང་མ་དངུལ་གཏོང་བའི་ཁ་ཕྱོགས་འདྲ་བའི་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་མ་དངུལ་བསྡུ་སྒྲིལ་བྱེད་པའི་ཤུགས་ཆེ་རུ་བཏང་སྟེ།“མར་ལ་འཇོག་ཕོད་པ་དང་།བསྒྲུབ་ཐུབ་པ། བེད་སྤྱོད་ཡག་པོ་ཐུབ་པར”ཁག་ཐེག་བྱ་དགོས། ཁྱོན་ཡོངས་ནས“ཁ་གསབ་གསུམ་དང་མཉམ་བསྡུས་གཅིག” གི་སྲིད་ཇུས་དངོས་འབེབས་བྱས་ཏེ།ཁ་གསབ་རོགས་དངུལ་གྱི་འཕར་ཚད་མཐོ་རུ་གཏོང་བ་དང་། གསར་བསྣན་ཁ་གསབ་རོགས་དངུལ་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་གྲུབ་ཆ་གཙོ་བོར་ཁ་ཕྱོགས་ཏེ།ཧུར་ཐག་གིས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་དང་རོང་ཁྱིམ་གྱི་འགན་འཁྲི་འབྲེལ་མཐུད་ཀྱི་བྱ་ཐབས་འཚོལ་ཞིབ་དང་།ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་གཏང་དགོས། ནོར་སྲིད་མ་དངུལ་གྱིས་ཁྲིད་སྟོན་སྐུལ་སློང་ནུས་པ་འདོན་སྤེལ་དང་།མ་དངུལ་བསྡུ་བའི་བྱེད་སྟངས་གསར་གཏོད་དང་། PPP བྱེད་སྟངས་ཁྱབ་གདལ་དུ་བཏང་སྟེ། ཆེས་མང་པའི་སྤྱི་ཚོགས་ཀྱི་མ་རྩ་འཁྲིད་ནས་མ་དངུལ་གཏོང་བར་བྱས་ནས་མ་དངུལ་གཏོང་བ་སྣ་མང་ཅན་དུ་སྐུལ་འདེད་བྱ་དགོས། མ་དངུལ་སྤྱད་ནས་ནང་དུ་འཇུག་པ་དང་གཞུང་སྒེར་མཉམ་གཉེར།རོགས་དངུལ་ལ་དངུལ་གཏོང་། དངུལ་བུན་སྐྱེད་སྦྱར་སོགས་ཀྱི་བྱེད་སྟངས་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་བྱས་ཏེ།རིགས་སོ་སོའི་གཉེར་སྐྱོང་གྲུབ་ཆ་གསར་པའི་འཕེལ་རྒྱས་ཀྱི་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས།
བདུན་ཅུ། རང་ཞིང་གིས་ཞིང་སྡེའི་ཐུན་མོང་གི་རྒྱུ་ནོར་བདག་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་བླང་བྱ།
ལན། རོང་འབྲོག་ཁུལ་གྱི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་སྲུང་དང་ཐུན་མོང་གི་བདག་དབང་དོན་འཁྱོལ།ས་ཞིང་བདག་གཉེར་གྱི་དབང་ཆ་འཁྲུག་པོ་ཡོང་བར་བྱེད་པ། “ དབང་གསུམ་ཆ་བགོས” ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བར་བྱས་ཏེ།བྱ་བའི་བྱེད་ཐབས་དོན་འཁྱོལ་ཡོང་བ་བྱ་དགོས། ཕྱོགས་ཡོངས་ནས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་གཉེར་སྐྱོང་དབང་ཆའི་གཏན་འཁེལ་ཐོ་འགོད་ཀྱི་ཚོད་ལྟའི་བྱ་བ་ཞིང་ཆེན་ཡོངས་སུ་རྒྱ་ཆེ་རུ་གཏོང་བ་དང་།འབྲོག་ཁུལ་གྱི་རྩྭ་ར་འགན་གཙང་དབང་ཆའི་ཐོ་འགོད་དཔང་ཡིག་སྤྲོད་པའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དང་།རོང་འབྲོག་ཁུལ་གྱི་ཁང་ས་དང་ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་སའི་དབང་ཆ་གཏན་འཁེལ་གྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་ཇེ་མགྱོགས་སུ་གཏང་དགོས།ཞིང་སྡེའི་ས་ཞིང་བསྡུ་ལེན་དང་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་དང་ཚོད་ལྟའི་གནས་ཀྱི་གཅིག་གྱུར་མཐུན་སྦྱོར་ལ་སྐུལ་འདེད་བྱ་དགོས།ཁྱོན་ཡོངས་ནས་ “ཁང་ས་གཞི་གཅིག་ཅན”གྱི་ ཞིང་སྡེའི་ཁང་ས་དང་ཐུན་མོང་འཛུགས་སྐྲུན་ས་ཆའི་བདག་དབང་ཐོ་འགོད་དང་འཛིན་བྱང་སྤྲོད་པའི་ལས་དོན་མགྱོགས་མྱུར་སྒོས་སྤེལ་དགོས།ནགས་ཚལ་གྱི་འགན་གཙང་ལེན་གཉེར་སྐྱོང་བྱེད་དབང་བརྟན་བརླིང་བྱས་ཏེ། ས་ཞིང་འགན་གཙང་ལེན་དང་།ཁང་ས་དང་ཐུན་མོང་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་ཐུན་མོང་གི་བདག་དབང་དངོས་འབེབས། ཞིང་ཁྱིམ་གྱིས་ཁྲིམས་ལྟར་རྨོ་ཞིང་འགན་གཙང་ལེན་དང་།རྩྭ་ར། ཁང་ས། ནགས་ས་སོགས་ཀྱི་བདག་བཟུང་དང་བཀོལ་སྤྱོད་བྱེད་དབང་ལ་འགན་སྲུང་བྱ་དགོས་པ་དང་།རོང་འབྲོག་མང་ཚོགས་ལ་དེ་ལས་མང་བའི་རྒྱུ་ནོར་གྱི་དབང་ཆ་བསྩལ་ནས། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་གཏང་དགོས།ཞིང་སྡེའི་ཐུན་མོང་རྒྱུ་ནོར་གྱི་མ་རྐང་དབང་ནུས་སྒྱུར་བཅོས་ཚོད་ལྟའི་ཁྱབ་ཁོངས་སུ་བརྟན་བརླིང་ངང་རྒྱ་བསྐྱེད་བྱས་ཏེ།ནན་ཏན་སྒོས་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་དབྱེ་འབྱེད་དང་།རྒྱུ་རྫས་གཙང་བཤེར། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་ལ་ཕབ་ནས། ཞིང་པའི་ཐུན་མོང་གི་རྒྱུ་ནོར་དབང་ཆ་ལ་འགན་སྲུང་ཡོད་པར་བྱ་དགོས།ཧུར་བརྩོན་སྒོས་ཞིང་བའི་མ་རྐང་མཉམ་འབྲེལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྣེ་འདྲེན་དང་རོང་འབྲོག་ཁུལ་གྱི་ཐོན་ཁུངས་མཉམ་གསོ་བྱས་ཏེ།ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། རྒྱུ་ནོར་རྐང་དངུལ་དུ་བསྒྱུར་བ།ཞིང་བ་མ་རྐང་འཇོག་མཁན་དུ་བསྒྱུར་བཅོས་བྱས་ཏེ་མུ་མཐུད་དུ་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྒྱ་ཇེ་ཆེར་གཏང་དགོས།རོང་འབྲོག་ཁུལ་གྱི་“མ་རྩ་གསུམ”གྱི་ལྟ་སྐུལ་དོ་དམ་སྟེགས་བུ་མགྱོགས་མྱུར་སྒོས་འཛུགས་དགོས།ཞིང་སྡེའི་ཐོན་དབང་སྤོ་སྒྱུར་གྱི་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་ཀྱིས་སྤེལ་དགོས།རོང་འབྲོག་ཁུལ་གྱི་ས་ཞིང་དང་རྩྭ་རའི་གཉེར་སྐྱོང་དབང་ཆ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་བྱེད་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས་པ་དང་།བཟོ་ཚོང་མ་རྩའི་ས་ཞིང་བོགས་གཏོང་གི་ལྟ་སྐུལ་དོ་དམ་དང་ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་།ཐོབ་ཐང་ལ་ཞིབ་བཤེར་བྱེད་པ། རྣམ་གྲངས་ཞིབ་བཤེར་གཏན་འབེབས། རིམ་པ་ཕྱེ་ནས་ཐོ་འགོད། ཉེན་ཁའི་འགན་སྲུང་མ་དངུལ་ལམ་ལུགས་བཙུགས་ཏེ།རོང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་ནས་འགན་སྲུང་བྱ་དགོས།
དོན་གཅིག རང་ཞིང་གིས་རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཕྱི་ཐད་ལ་ཤུགས་སྣོན་པའི་བྱེད་ཐབས་གང་དག་ཡོད་དམ།
ལན། ཞིང་ཕྱུགས་ཁུལ་གྱི་དངུལ་རྩའི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་སྡེ་ཀུན་ཕན་དངུལ་རྩ་འཕེལ་རྒྱས་སུ་བཏང་ནས་དམངས་ཕན་དངུལ་རྩའི་གཅིག་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཀྱི་ཞིང་ལས་དངུལ་རྩའི་ལས་ཁུངས་གསོ་སྤེལ་དང་ནང་འདྲེན་བྱས་ཏེ། ཞིང་ལས་ཡིན་རྟོན་དངུལ་ཁང་གི་མ་རྐང་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་དགོས། གཏིང་ཟབ་སྒོས་རྨང་གཞི་གཉིས་མཉམ་འགུལ་གྱི་དངུལ་རྩ་ཞབས་ཞུའི་ནང་རྐྱེན་དར་སྤེལ་བྱེད་དགོས། བརྟན་བརླིང་ངང་ནས་ཞིང་སྡེའི་ས་ཞིང་གི་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ཞིང་བའི་སྡོད་ཁང་གི་རྒྱུ་ནོར་དབང་ཆའི་གཏའ་འཇོག་དངུལ་བུན་ཚོད་ལྟའི་གནས་བསྐྲུན་པར་སྐུལ་འདེད་བྱས་ཏེ། ཞིང་ཕྱུགས་ལས་རིགས་ཀྱི་མ་དངུལ་སྡུད་པའི་འགན་ལེན་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། ཡིན་རྟོན་ཡོངས་སུ་ཁེབས་པར་རྒྱ་བསྐྱེད་དེ། “530”ཡིད་རྟོན་དངུལ་བུན་བཟོ་སྐྲུན་དོན་འཁྱོལ་བྱས་ནས་སྐུལ་འདེད་བྱ་དགོས།
དངུལ་ཁང་ལས་རིགས་ལས་ཁུངས་ལ་གཟེངས་བསྟོད་བྱས་ནས“ཞིང་གསུམ”གྱི་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་ཀྱི་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཞིང་ལས་དང་ཞིང་སྡེ་ཁྱིམ་ཚང་གི་ཡིད་རྟོན་དངུལ་བུན་སྐུལ་འདེད་བཏང་ནས་ཡོངས་སུ་ཁེབས་པར་རྒྱ་སྐྱེད་དགོས། དངུལ་རྩའི་སྤོ་འགུལ་སོགས་ལ་ཚན་རིག་གི་བྱེད་ཐབས་ཚུན་སུམ་ཚོགས་པ་བེད་སྤྱོད་བྱས་ཏེ། དངུལ་རྩའི་ལས་ཁུངས་ཞང་སྡེ་ལ་བསྲིང་ནས་ཞབས་ཞུ་བྱེད་པར་ཁྲིད་སྟོན་བྱེད་དགོས། ཞིང་ཕྱུགས་ལས་རིགས་དང་ཞིང་ཕྱུགས་ཁུལ་འཕེལ་རྒྱས་ཀྱི་མ་དངུལ་ཐེབས་རྩ་རིགས་སོ་སོ་འཚོལ་ཞིབ་བྱས་ནས་འཛུགས་སྐྲུན་བྱེད་དགོས། ཧུར་ཐག་གིས་མ་རྩའི་ཚོང་ར་བེད་སྤྱོད་བྱས་ཏེ། ཞིང་ཕྱུགས་ཁེ་ལས་ཀྱི་མ་དངུལ་བསྡུས་པའི་ཐབས་ལམ་རྒྱ་བསྐྱེད་པ་དང། ཞིང་ཕྱུགས་ལས་རིགས་དང་ཞིང་ཕྱུགས་ཁུལ་གྱི་མ་དངུལ་བསྡུས་པའི་མ་རྩ་ཇེ་དམའ་རུ་གཏོང་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ཕྱུགས་ལས་རིགས་འགན་སྲུང་ལག་བསྟར་བྱས་ཏེ། རྨོ་འདེབས་ལས་རིགས་དང་ནགས་ལས་ཀྱི་འགན་གཙང་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ།འབྲོག་ལུག་དང་ནོར་ནག་གི་འགན་སྲུང་ཡོངས་སུ་ཁེབས་པར་སྔར་ལས་རྒྱ་བསྐྱེད་དགོས། ཧུར་ཐག་སྒོས་ཞིང་བ་དང་འབྲོག་པ་རྣམས་ཀྱི་རྒན་གསོ་བདེ་ཐང་འགན་སྲུང་དང་མ་དངུལ་ཉུང་བའི་མི་ལུས་འགན་སྲུང་སོགས་ཀུན་ཕན་གྱི་འགན་སྲུང་ལས་རིགས་འཕེལ་རྒྱས་སུ་གཏང་དགོས། ཞིང་བའི་ཁང་བ་དང་ཞིང་ལས་ཡོ་བྱད།ཞིང་ཕྱུགས་ཁུལ་ཀྱི་ཁྱིམ་ཚང་གི་རྒྱུ་ནོར་འགན་སྲུང་སོགས་ཞིང་འབྲེལ་གྱི་འགན་སྲུང་བྱེད་སྒོ་འཕེལ་རྒྱས་ལ་རྒྱབ་སྐྱོར་དགོས། ཞིང་ཕྱུགས་ཁུལ་གྱི་མ་དངུལ་ཉུང་བའི་ཡིད་རྟོན་དངུལ་བུན་ཁག་ཐེག་འགན་སྲུང་ཚོད་ལྟའི་གནས་སྤེལ་དགོས། གནོད་སྐྱོན་ཚབས་ཆེན་ལ་འགན་སྲུང་བྱེད་པའི་ནང་རྐྱེན་འཛུགས་པར་སྐུལ་འདེད་གཏོང་དགོས། ཡིན་རྟོན་པའི་རྫོང་ཁུལ་དང་ཞང་གྲོང་།སྡེ་བ། ཁྱིམ་ཚང་བཅས་གཏིང་ཟབ་ཀྱིས་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་མ་དངུལ་བསྡུས་པ་དང་དངུལ་རྩའི་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་བྱས་ཏེ། ནན་ཏན་ཀྱིས་དངུལ་རྩའི་མཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། བརྟན་བརླིང་གིས་ཞིང་བ་དང་འབྲོག་པ་རྣམས་ཀྱི་མཉམ་ལས་ཁང་ནང་ཁུལ་གྱི་མ་དངུལ་ཕན་ཚུན་ལ་རོགས་སྐྱོར་བྱེད་པའི་ཚོད་ལྟའི་གནས་སྤེལ་ཏེ། རྣམ་པ་གསར་བའི་ཞིང་སྡེ་མཉམ་ལས་དངུལ་རྩའི་འཕེལ་རྒྱས་ཐབས་ལམ་རྒྱ་བསྐྱེད་དགོས།
དོན་གཉིས། རང་ཞིང་གི་རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་སོ་སོར་གཅིག་གྱུར་ངང་ཇི་ལྟར་སྐུལ་འདེད་གཏོང་དགོས།
ལན།ཁྱོན་ཡོངས་ནས“ཆུའི་ཡུན་བརྟན་ལམ་ལུགས”ཁྱབ་སྤེལ་གཏོང་བ་དང་། 2018ལོའི་ལོ་མཇུག་སྔོན་ལ་ཁག་ཐེག་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར (ཁུལ) རྫོང་།(གྲོང་ཁུལ)ཞིང་གྲོང་བཅས་རིམ་པ་བཞི་ཅན་གྱི་ཆུའི་ཡུན་བརྟན་དོ་དམ་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། ནན་ཏན་གྱིས་ཡན་ལག་ཆུ་རྒྱུན་དོ་དམ་འགན་ཁུར་དོན་འཁྱོལ་བྱེད་དགོས། གཏིང་ཟབ་སྒོས་ཆུ་བེད་མ་དངུལ་བསྡུས་པའི་ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་བྱས་ནས་ཆུ་བེད་མ་དངུལ་ཀུང་ཟིས་ཁྱོན་ཡོངས་ནས་ལས་གཉེར་བྱེད་པར་ཁག་ཐག་བྱེད་དགོས། ནན་ཏན་གྱིས་ཆུང་གྲས་ཆུ་བེད་བཟོ་སྐྲུན་དོ་དམ་ལམ་ལུགས་བཅོས་བསྒྱུར་དང་ཞིང་སའི་ཆུ་བེད་བཅོས་བསྒྱུར། ཞིང་ལས་ཆུ་རིན་གཅིག་བསྡུས་བཅོས་བསྒྱུར་སོགས་བྱ་བ་ལེགས་པོར་སྒྲུབ་དགོས། རྒྱལ་དབང་ནགས་རའི་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་སྟེ། ནགས་དབང་འཁོར་རྒྱུག་དོ་དམ་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་སུ་བཏང་ནས། རྫོང་རིམ་པའི་ཐུན་མོང་གི་ནགས་དབང་འཁོར་རྒྱུག་དོ་དམ་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱ་དགོས། གཏིང་ཟབ་སྒོས་མཁོ་འཚོང་མཉམ་ལས་ཁང་གཅིག་བསྡུས་བཅོས་བསྒྱུར་བྱས་ནས། མཁོ་འཚོང་མཉམ་ལས་ཁང་གི་འཁོར་རྒྱུག་ཞབས་ཞུའི་གོ་རིམ་ཧྲིལ་བོའི་ཞིང་ཕྱུགས་ལས་རིགས་སྤྱི་ཚོགས་ཅན་གྱི་ཞབས་ཞུར་བསྲིང་སྟེ། ཞིང་སྡེ་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་དང་རོང་འབྲོག་རྣམས་ཀྱི་མཉམ་ལས་ཁང་གི་མཉམ་འབྲེལ་འཕེལ་རྒྱས་ལ་ཤུགས་སྣོན་དགོས།ཞིང་ཕྱུགས་ར་ཁེ་ལས་ཅན་དང་རྨོ་འདེབས་ཚོགས་ཁག་ཅན་བཅས་བླང་བྱ་གཙོ་བོ་ཡིན་པའི་ཞིང་འདེབས་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ནས། ཁེ་ལས་ཀྱི་སྤྱི་ཚོགས་འགན་ནུས་སྲིད་གཞུང་ལ་སྤྲད་དེ་དོ་དམ་བྱེད་པའི་གོམ་སྟངས་ཇེ་མགྱོགས་སུ་གཏོང་དགོས། རྨ་འབྲི་རྫ་གསུམ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་ཟུང་འབྲེལ་བྱས་ནས་འཛུགས་སྐྲུན་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་རྒྱུ་ནོར་བདག་དབང་གི་ལམ་ལུགས་ཚོད་ལྟའི་གནས་སྤེལ་དགོས། ཞིང་ལས་ཞིང་ས་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཧུར་ཐག་སྒོས་ཞིང་ལས་ཐོན་རྫས་འཁྱག་ཉར་ཚོང་ཟོག་དང་ཐོག་མའི་ལས་སྣོན། སྤྲོ་གསེང་ངང་བཏོག་པ། གསོག་ཉར་སོགས་སྒྲིག་ཆས་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱ་དགོས།
དོན་གསུམ། རང་ཞིང་ཆེན་གྱི“ཞིང་ལས་གསུམ”བྱ་བ་སྤྱིའི་ཆུ་ཚད་མཐོར་འདེགས་བྱེད་པ་ལ་གང་དག་ཡོད།
ལན། “ཞིང་གསུམ”གྱི་གནད་དོན་ཡང་དག་པའི་ཐག་གཅོད་པ་ནི་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཡིན་པར་འགྱུར་བ་མེད་པའི་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཞིང་ལས་གཙིགས་སུ་འཛིན་པའི་གོམ་སྟབས་མི་འགྱུར་བ་དང་ཤུགས་ཚད་ཡང་ཇེ་དམའ་སུ་མི་འགྲོ་བ། བྱ་བའི་གཙོ་གནས་ཞིང་ཕྱུགས་ལས་རིགས་འདོད་སྤྲོད་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་ཅན་གྱི་བཅོས་བསྒྱུར་སྟེང་འབབ་དགོས། སྲིད་ཇུས་གཏན་འབེབ་བྱེད་པ་དང་བྱ་བ་བཀོད་སྒྲིག་བྱེད་པ། ནོར་སྲིད་གཏོང་བ། ལས་བྱེད་པ་བཀོད་སྒྲིག་བྱེད་པ་བཅས་སོ་སོར་མུ་མཐུད་དུ་ཏང་ཨུའི་གཅིག་གྱུར་གྱིས་མགོ་ཁྲིད་དང་ཏང་སྲིད་ཀྱིས་མཉམ་འཛིན་མཉམ་བདག་བྱེད་པ།སྡེ་ཁག་སོ་སོས་འོས་འགན་དང་ལེན་སྒོས་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་སྒྲིག་གཞི་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྐབས་བརྗེ་རྗེས་ཀྱི་མགོ་ཁྲིད་གསར་བ་རྣམས་ལ་གསོ་སྦྱོང་ཇེ་དྲག་ཏུ་གཏོང་དགོས།
རིམ་པའི་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་གསུམ”གྱི་འཐབ་ཇུས་གོ་གནས་ལ་གདེང་ཚོད་དང་ཞིང་ལས་ཞིང་སྡེའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་བ་ཚོད་འཛིན་ལེགས་པོར་བྱེད་པ་དང་། ཞིང་བའི་རེ་སྒུག་གསར་བ་དང་བསྟུན་པ།མང་ཚོགས་ཀྱི་བསམ་འཆར་ལ་དོ་སྣང་བྱེད་པ། གནད་དོན་གཙོ་བོ་ཐག་གཅོད་པ། “ཞིང་གསུམ”གྱི་བྱ་བའི་ལེགས་སྒྲུབ་བྱེད་པའི་ནུས་པར་མཐོ་འདེགས་སུ་གཏོང་དགོས། “ཞིང་གསུམ”གྱི་མིག་རྒྱང་རང་བཞིན་དང་ཁྱོན་ཡོངས་རང་བཞིན། གསོག་ཉར་རང་བཞིན་བཅས་ཀྱི་སྲིད་ཇུས་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། ཐབས་ཇུས་བློ་འདྲིའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་པའི་ལག་བསྟར་གསར་གཏོད་ལ་བརྩི་བཀུར་བྱེད་པ་དང་གཞི་རིམ་ནས་སྔོན་སྐྱོད་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་འདེད་དང་། སྐུལ་སློང་དང་ནོར་འཁྲུལ་ལ་གུ་ཡངས་ཡོད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་དང་ཞིང་ཕྱུགས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཕྱུགས་ཁུལ་གྱི་བདག་དབང་སྲུང་སྐྱོང་དང་ཞིང་ཕྱུགས་ལས་ཀྱི་ཁྲོམ་ར་ཚད་ལྡན་གྱི་འཁོར་རྒྱུག་བྱེད་པ། ཞིང་ཕྱུགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ཁོར་ཡུག་སོགས་ཕྱོགས་ཀྱི་ཁྲིམས་ལུགས་བཅའ་ཁྲིམས་ཚད་ལྡན་དུ་གཏོང་དགོས། ནན་ཏན་གྱིས་རྒྱལ་ཡོངས་ཐེངས་གསུམ་པའི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ལེགས་པོར་སྒྲུབ་དགོས།
དོན་བཞི། མུ་མཐུད་དུ“ཞིང་གསུམ”བྱ་བའི་ནུས་ཤུགས་ཇི་ལྟར་མཐོར་འདེགས་སུ་གཏོང་དགོས་སམ།
ལན། ཀྲུང་དབྱང་གི་ཞིང་སྡེ་ལས་དོན་གྲོས་ཚོགས་ཐོག་ཏུ་ད་ལོ་དང་ཕྱིན་ཆད་ཀྱི་ཞིང་ལས་ཞིང་སྡེའི་བྱ་བ་བྱེ་བྲག་ཏུ་བཀོད་སྒྲིག་བྱས་ཏེ་བླང་བྱ་གསར་བ་གང་མང་བཏོན་ཡོད། ཀྲུང་དབྱང་གི་སྲིད་ཇུས་འདི་དག་ནན་ཏན་གྱིས་དོན་འཁྱོལ་བྱེད་པར་གཙོ་བོ་མི་ལ་རག་ལས་ཡོད།། གཙོ་བོ་ནི“ཞིང་གསུམ”གྱི་བྱ་བ་གཉེར་བཞིན་པའི་དཔུང་ཁག་འདིའི་ཆབ་སྲིད་ཀྱི་བརྟན་བརླིང་ཡིན་མིན་དང་། རང་ནུས་ལེགས་པོ་ལྡན་མིན། དཀའ་གནད་འཕྲད་ཚེ་མཁྲེགས་གཏོར་ཐུབ་མིན། འགན་ལེན་བྱེད་ཕོད་མིན་བཅས་ལ་རག་ལས་ཡོད།ང་ཚོས་ནན་ཏན་གྱི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། མུ་མཐུད་དུ“ཞིང་གསུམ”བྱ་བའི་ནུས་ཤུགས་ཇེ་མཐོར་གཏོང་དགོས།
མིག་སྔར། ཞིང་ལས་ཞིང་སྡེའི་གཏིང་ཟབ་སྒོས་བཅོས་བསྒྱུར་བྱེད་པའི་སྒང་ཡིན་པ་དང་། ཁྲོམ་ར་ཅན་དང་གྲོང་གསེབ་ཅན། ཆ་འཕྲིན་ཅན། རྒྱལ་སྤྱི་ཅན་བཅས་སུ་མྱུར་བར་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོ་འོག ཞིང་ལས་ཚད་ལྡན་ཅན་དང་བདག་གཉེར་གཞི་ཁྱོན་ཅན། གཞིའི་རྩ་རྒྱུ་མང་ཅན། ནུས་བ་སྣ་མང་ཅན་བཅས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། ཞིང་ལས་ཞིང་སྡེ་དཔལ་འབྱོར་བྱ་བའི་བྱ་ཡུལ་དང་ནང་དོན། ཁྱབ་ཁོངས་བཅས་ཡོངས་རྗོགས་གཏིང་ཟབ་པའི་སྒོ་ནས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་དུ་ཞིང་ལས་འདོད་སྤྲོད་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་གྱི་བླང་བྱར་དམིགས་ཏེ། གནད་དོན་དང་གནས་ཚུལ་གསར་བ་མང་པོ་ང་ཚོས་མདུན་དུ་མངོན་ཡོད། དེས་ང་ཚོ་བྱ་བ་གཙོ་བོར་ཁ་ཕྱོགས་ས་དང་ཤུགས་རྒྱག་སར་འཕྲོད་པ་མཚོན་པར་མ་ཟད། ད་རུང་ང་ཚོའི་སྲོལ་རྒྱུན་གྱི་བྱ་བའི་བསམ་ཕྱོགས་དང་བྱ་བའི་བྱེད་ཐབས་ཡང་མུ་མཐུན་དུ་གསར་གཏོད་བྱེད་དགོས། ང་ཚོ་སྲོལ་རྒྱུན་གྱི་བྱ་བའི་བྱེད་ཐབས་དང་བྱ་བའི་སྟེགས་བུ་མུ་མཐུད་དུ་བཅོས་བསྒྱུར་བྱེད་དགོས། དེ་ལྟར་བྱས་ཚེ་འགྱུར་ལྡོག་ལ་བསྟུན་ཐུབ་པ་དང་དུས་བསྟུན་འཕེལ་རྒྱས།བབ་བསྟུན་ལས་སྒྲུབ་བཅས་བྱེད་ཐུབ།
ཧུར་ཐག་སྒོས་མིག་རྒྱང་རྒྱ་བསྐྱེད་དེ། མུ་མཐུད་དུ་ང་ཚོས་སྤྱི་ཡོངས་ནས་ཚོད་འཛིན་བྱས་ནས་རྙོག་འཛིང་གྱི་གནས་ཚུལ་ཐག་གཅོད་བྱེད་པའི་ནུས་པ་བཅས་ལ་སྐུལ་འདེད་གཏོང་དགོས། “ཞིང་གསུམ”བྱ་བ་ནི་བྱ་བ་ཆེན་པོ་ཞིག་ཡིན་པ་དང་། ཕྲ་ཞིང་ཞིབ་པ་དང་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པ་དང་། ང་ཚོས་གནས་བབ་ཆེན་པོ་དང་མིག་རྒྱང་ཆེན་པོས་ངང་ནས་ཞིབ་ལྟ་བྱེད་དགོས། ལྷག་པར་དུ་འཕེལ་རྒྱས་གསར་བའི་གནས་བབ་འོག “ཞིང་གསུམ”གྱི་བྱ་བའི་ཕྱོགས་སོ་སོ་དང་ཕྱི་རོལ་གྱི་འབྲེལ་གཏུག་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་གཏོང་བ་དང་། ང་ཚོས་ངེར་པར་དུ་“ཞིང་གསུམ”བྱ་བ་གྲོང་གསེབ་གཅིག་གྱུར་ཅན་འཕེལ་རྒྱས་འགྲོས་རིམ་ཁྲོད་བཞག་སྟེ་ཞིབ་ལྟ་བྱེད་དགོས། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཛམ་གླིང་དཔལ་འབྱོར་གཅིག་གྱུར་ཅན་གྱི་གནས་བབ་ཁྲོད་དུ་བསམ་གཞིག་བགྱི་ན། ད་གཟོད་དེང་རབས་ཞིང་ལས་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་དང་འོས་འགན་བཅས་ལ་ཡང་དག་སྒོས་ཞིབ་འཇུག་དང་བརྡར་ཤ་གཅོད་ཐུབ་། གཏིང་ཟབ་པའི་སྒོ་ནས་ཞིང་ལས་འདོད་སྤྲོད་ལ་ཕྱོགས་པའི་སྒྲིག་གཞིའི་བཅོས་བསྒྱུར་གྱི་ནང་དོན་དང་དགོངས་དོན་ལ་གདེང་ཚོད་ཐུབ། ཚན་རིག་སྒོས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་འཆར་འགོད་བྱས་ཚེ། ད་བཟོད་སྔར་ལས་གཏིང་ཟབ་པའི་སྒོ་ནས“ཞིང་གསུམ”བཅོས་བསྒྱུར་འཕེལ་རྒྱས་ཀྱི་དགོས་ངེས་རང་བཞིན་དང་མྱུར་མཁོའི་རང་བཞིན་གྱི་གོ་བ་ལེན་ཐུབ་པ་དང་སྐུལ་འདེད་བྱེད་ཐུབ། ང་ཚོས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ཁ་ཕྱོགས་སྲ་བརྟན་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཚན་རིག་གི་ལམ་དུ“ཞིང་གསུམ”གྱི་བྱ་བར་སྐུལ་འདེད་གཏོང་དགོས།
ནམ་ཡང་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་ང་ཚོས“ཞིང་གསུམ”གྱི་ཞབས་ཞུ་དང་འགན་ཁུར་གྱི་ནུས་པ་ཇེ་མཐོར་གཏོང་དགོས། སློབ་སྦྱོང་བྱེད་ན་དང་ཐོག་གཞུང་ལུགས་ཤེས་བྱ་སློབ་སྦྱོང་བྱེད་དགོས་པ་དང་། ནན་ཏན་གྱིས་ཀྲུང་དབྱང་གི“ཞིང་གསུམ”འཕེལ་རྒྱས་གྱི་ཐབས་ཇུས་བསམ་བློའི་སྐོར་ལ་སློབ་སྦྱོང་བྱས་ཏེ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གཙོ་བོ་དང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཆེད་ལས་ཤེས་བྱ་ལ་སློབ་སྦྱོང་བྱས་ནས། ལྷག་པར་དུ་གནས་བབ་གསར་བའི་འོག་ཏུ་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ། དཔེ་དབྱིབས་གསར་བ། ལག་རྩལ་གསར་བ། ད་རུང“ཞིང་གསུམ”འབྲེལ་ཡོད་ཀྱི་ཁྱབ་ཁོངས་ཤེས་བྱ་གཞན་དག ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས། རིག་གནས་བཅས་ལ་སློབ་སྦྱོང་བྱེད་དགོས། ལྷག་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ལ་གཙིགས་སུ་བཟུང་ནས་སློབ་སྦྱོང་བྱེད་པ་དང་གསུང་རབ་ཀྱི་བཀའ་རྩོམ་ལ་ཞིབ་མོར་བཀླག་དགོས།
སློབ་སྦྱོང་དུ་ད་དུང་གཞི་རིམ་ལ་ཕྱིན་ནས་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱེད་པ་འདུས། དེང་སྐབས་ཞིང་ལས་ཞིང་སྡེའི་གནས་ཚུལ་ལ་འགྱུར་ལྡོག་ཆེ་སྟབས་གནད་དོན་མང་ཤོས་ཤིག་ལ་ང་ཚོས་ལན་ལྡོན་མི་ཐུབ། ཞིང་སྡེའི་འགལ་བའི་གནད་དོན་རྒྱུན་དུ་གཞི་རིམ་གྱིས་སྔོན་དུ་མྱོང་ཚོར་ཐུབ་ལ། གསར་གཏོད་དང་འགྱུར་ལྡོག་ཡང་གཞི་རིམ་ནས་དགོས་གལ་ཆེ་བ། སྒྲུབ་བཀའ་བའི་དོན་དག་མང་པོ་ཞིག་རྒྱུན་དུ་མང་ཚོགས་ཀྱི་ཁྲོད་དུ་ཐག་གཅོད་བྱེད་པའི་ཐབས་ཤེས་རྙེད་ཐུབ། ང་ཚོས་ཕུན་སུམ་ཚོགས་པའི་གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱས་ཏེ། མང་ཚོགས་ལ་སློབ་སྦྱོང་བྱེད་པ་དང་གཞི་རིམ་ལས་བྱེད་པ་རྣམས་ལ་སློབ་སྦྱོང་བྱེད་པར་གོམས་པ། གཞི་རིམ་དུ་བྱེད་ཐབས་དང་དྲི་ལན་འཚོལ་བར་བརྩོན་དགོས།
ཧུར་ཐག་སྒོས་འདུ་ཤེས་གསར་བར་བརྗེ་སྟེ།མུ་མཐུད་དུ་ང་ཚོས་ཁྲོམ་རའི་སྣེ་ཁྲིད་པ་དང་ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཞིང་ལས་འདོན་སྤྲོད་ལ་ཕྱོགས་པའི་སྒྲིག་གཞིའི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་སྟེ། སྲོག་ཤིང་གི་བླང་བྱ་ནི་ཁྲོམ་རའི་སྣེ་ཁྲིད་ལ་རྒྱུན་འཁྱོངས་བྱས་ནས། ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། “ཞིང་གསུམ”གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས།ང་ཚོས་ངེས་པར་དུ་ཁྲོམ་རར་མཐོང་ཆེན་བྱེད་པ་དང་ཁྲོམ་ར་ལ་ཞིབ་འཇུག ཁྲོམ་ར་བེད་སྤྱོད་བཅས་བྱེད་པར་ཡང་དག་གི་ལྟ་བ། ཁྲོམ་རའི་དགོས་མཁོའི་ཕྱོགས་སྟོན་བཅས་བཀོད་སྤྱོད་ལེགས་པོར་བྱེད་དགོས། དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་སྐུལ་འདེད་ཁྲོད།ཁྲིམས་སྐྱོང་གི་བྱ་བ་བྱེད་སྟངས་ལ་སྔར་བས་སྐུལ་འདེད་གཏོང་བར་དོ་སྣང་བྱས་ཏེ། ཁྲིམས་སྐྱོང་གིས་རིམ་ལས་ཁྲོད་གཅིག་མཐུན་དང་རྒྱབ་སྐྱོར་བརྩོན་ལེན། གནད་དོན་ཐག་གཅོད་བཅས་བྱ་དགོས།
ཁྲོམ་རའི་དཔལ་འབྱོར་གྱི་རྩ་བ་ནི་ཁྲིམས་སྐྱོང་དཔལ་འབྱོར་ཡིན་པ་དང་།དྲང་ཕྱོགས་ཀྱི་བླང་བྱའི་བྱ་བ་ཡིན་ནའམ་འདྲ། ལྡོག་ཕྱོགས་བཀག་འགོག་གི་དོན་ཚན་ཡིན་ན་འདྲ་ཚང་མར་ཁྲིམས་སྐྱོང་གི་བསམ་གཞིགས་སྤྱོད་པར་མཁས་དགོས། བྱ་བ་གསར་བ་དང་ལྷག་པར་དུ་ཡུན་རིང་རང་བཞིན་ལྡན་པའི་བྱ་བ་ལ།ཁྲིམས་འཛུགས་དང་ཁྲིམས་བཅོས། ཁྲིམས་ལུགས་ལག་བསྟར་བྱེད་པར་དུས་སྔོན་དུ་སེམས་ལ་འཁོར་དགོས་པ་དང་།དངོས་སུ་ཁྲིམས་སྐྱོང་བེད་སྤྱད་དེ་ཁྲོམ་རའི་གསོན་ཤུགས་ལ་སྐུལ་མ་གཏོང་བ་དང་ཞིང་སྡེ་བཅོས་བསྒྱུར་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།
ཧུར་ཐག་སྒོས་བྱེད་ཐབས་གསར་གཏོད་བྱས་ཏེ། དཔེ་མཚོན་གྱི་སྣེ་ཁྲིད་བྱེད་ཐབས་སྤྱད་དེ་ང་ཚོས་གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། ཞིང་སྡེ་བྱ་བ་ཆེས་དངོས་ཐོག་བདེན་འཚོལ་ཡིན་དགོས། དཔེ་མཚོན་གྱི་དཔེ་སྟོན་ནི་ལོ་གང་མང་ལ་ལག་བསྟར་བདེན་དཔང་བྱེད་པའི་བྱེད་ཐབས་ལེགས་པོ་ཡིན། མིག་སྔར། སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་དང་དཔེ་དབྱིབས་གསར་བ་ནང་འདྲེན་བྱེད་པ།སྲོལ་རྒྱུན་གྱི་གསོ་འདེབས་བྱེད་ཐབས་བཅོས་བསྒྱུར་བྱེད་པ། ཞིང་བ་མང་ཤོས་ཀྱིས་དང་ཐོག་ཧ་མི་གོ་བ་དང་དང་ལེན་བྱེད་མི་ཐུབ་པ། འོན་ཀྱང་དཔེ་མཚོན་སྣེ་ཁྲིད་ཀྱི་བྱེད་ཐབས་བརྒྱུད་ནས་མྱུར་དུ་གནས་ཚུལ་གྱི་སྒོ་འབྱེད་ཐུབ་ཅིང་བྱ་བར་སྐུལ་འདེད་གཏོང་ཐུབ། དེང་སྐབས་ཆ་འཕྲིན་དར་རྒྱས་ཆེ་བ་དང་ཁྱབ་སྤེལ་གྱི་བྱེད་ཐབས་སྣ་མང་ལྡན། ཡིན་ཡང་དཔེ་མཚོན་དཔེ་སྟོན་གྱི་བྱ་བའི་བྱེད་ཐབས་ཀྱིས“ཞིང་གསུམ”གྱི་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་སྔར་བཞིན་ནུས་པ་ལྡན།
གཞི་རིམ་གྱི་གསར་གཏོད་ལ་གཟེངས་བསྟོད་བྱས་ཏེ། གཞི་རིམ་ནས་ཚོད་ལྟའི་གནས་དང་ཚོད་ལྟ་སྤེལ་བར་རྒྱབ་སྐྱོར་བྱས་ནས། ལྟ་ཆོག་པ་དང་སློབ་ཆོག་པ། བསྐྱར་དཔར་བྱས་ཆོག་པ། ཁྱབ་སྤེལ་བྱས་ཆོག་པ་བཅས་ཀྱི་དཔེ་མཚོན་འཛུགས་ཏེ། ལེགས་འགྲུབ་བྱུང་བའི་བྱེད་སྟངས་དང་ཉམས་མྱོང་དུས་ཐོག་ཏུ་སྤྱི་སྡོམ་འཐུས་ཚང་དུ་བཏང་ནས། གནས་ཐིག་ནས་གཞི་ཁྱོན་དང་བབ་བསྟུན་སྒོས་གནས་ལ་སྐུལ་འདེད་གཏོང་དགོས།
དོན་ལྔ། རང་ཞིང་གི་རོང་འབྲོག་ཁུལ་གྱི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་བླང་བྱ་གསར་བ་གང་དག་ཡོད་དམ།
ལན། “སློབ་གཉིས་བྱེད་གཅིག”གི་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་སྒོས་སྤེལ་ཏེ། ཏང་གི་རྩ་འཛུགས་འཚོ་བར་གཟབ་ནན་བྱས་ནས། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱི་སྐྱོང་བའི་ཁ་ཕྱོགས་གཞི་རིམ་དུ་སྐྱེད་དེ། ནན་ཏན་གྱིས་ཏང་འཛུགས་བྱ་བའི་འགན་ཁུར་ལམ་ལུགས་དོན་འཁྱོལ་བྱས་ཤིང་། ཞང་ཡོངས་དར་སྤེལ་དང་རྫོང་ཡོངས་ཡར་འདེགས་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་གྱིས་ཞིང་ཕྱུགས་ལས་ས་ཁུལ་དུ་གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་བྱེད་པར་ཤུགས་སྣོན་བྱེད་དགོས། ཞང་རྡལ“མགོ་གཙོ་གཉིས”ཀྱི་འདེམས་བསྐོའི་བྱ་བ་ལེགས་པོར་སྒྲུབ་ཏེ། འདེམས་བསྐོ་དང་དོ་དམ་བཀོལ་སྤྱོད་ལེགས་པོ་བྱས་ནས་ཞིང་ཕྱུགས་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་གིས་སྣེ་ཁྲིད་བྱས་ཏེ། སྡེ་བའི་ཏང་གི་རྩ་འཛུགས་ཧྲུའུ་ཅི་རྫོང་རིམ་པའི་ཚགས་འགོད་དོ་དམ་ལག་བསྟར་བྱེད་དགོས། “དག་སྒྲིག་རྗེས་སྐྱོད། སྤྱིར་བཏང་གི་སྐུལ་སྤེལ། སྲ་བརྟན་སྔོན་ཐོན”གྱི་རྩ་དོན་གཞིར་བཟུང་སྟེ་གོ་སའི་རིམ་པ་འཕར་དགོས། ཞང་སྡེའི་ཏང་རྩ་འཛུགས་ཀྱི་ནུས་མེད་ལྷོད་གཡེང་གི་བྱ་སྤྱོད་ལ་དག་ཐེར་བྱེད་པ་རྒྱུན་འཁྱོངས་བྱས་དང་རྩིས་ཐོར་དག་ཐེར་བྱེད་པ་གསར་འཛུགས་བྱེད་དགོས། ཞང་སྡེ་རིམ་པའི་ཐུན་མོང་གི་དཔལ་འབྱོར་རྒྱ་ཆེར་གཏོང་བར་ཤུགས་སྣོན་དང་གྲོང་སྡེ་རིམ་པའི་འགྲོ་སོང་མ་དངུལ་འཁོར་སྐྱོད་འཕར་བའི་གནས་ཚུལ་གྱི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། རིམ་པ་བཞིན་གྲོང་སྡེའི་ལས་བྱེད་མི་སྣའི་གླ་ཡོན་དང“རྒན་གསུམ”མི་སྣའི་འཚོ་བའི་ཁ་གསབ་འོས་འཚམ་གྱི་ཚད་གཞི་ཇེ་མཐོར་གཏོང་དགོས། ནུས་ཤུགས་གང་ཡོད་བཏོན་ནས་རོང་འབྲོག་པའི་ཏང་ཡོན“མཚམས་སྦྱོར་གཉིས་དང་འདེམས་བསྐོ་གཉིས”ཀྱི་ལམ་ལུགས་ཁྱབ་སྤེལ་གཏོང་བ་དང་ཕུལ་དུ་བྱུང་བའི་རོང་འབྲོག་པའི་ཁྲོད་ཏང་ཡོན་གསོ་སྐྱོང་བྱེད་པར་ཤུགས་སྣོན་དགོས།
དོན་དྲུག རང་ཞིང་གི་ཞིང་སྡེའི་བཅོས་སྐྱོང་གི་ནང་རྐྱེན་གསར་སྤེལ་དང་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གང་དག་ཡོད་དམ།
ལན། སྡེ་དམངས་ཀྱི་རང་སྐྱོང་ནང་རྐྱེན་གསར་བསྐྲུན་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་ཞང་གྲོང་བདེ་འཇགས་དང་གྲོང་སྡེ་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།སྡེ་དམངས་ཀྱིས་ཞང་སྡེའི་ལས་དོན་ལ་ལྟ་སྐུལ་བྱེད་པར་ནུས་ལྡན་གྱི་ནང་རྐྱེན་ལག་བསྟར་བྱེད་པ་འཐུས་ཚང་དུ་བཏང་སྟེ། གྲོང་སྡེའི་ལས་བྱེད་པའི་འགན་དབང་སྤྱོད་པའི་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས། མང་ཚོགས་ཁྲོད་ཀྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་བྱེད་རྒྱུ། རོང་འབྲོག་པའི་འགན་ཁུར་དོ་དམ་བྱེད་པར་ཤུགས་སྣོན་དགོས། ཞིང་ལས་དང་འབྲེལ་བའི་ཡིག་བསྐུར་ངོ་གཏུག་གི་གནད་དོན་འབུར་ཐོན་ལ་གཏིང་ཟབ་སྒོས་ཆེད་དམིགས་བདག་སྐྱོང་བྱེད་དགོས།ཞིང་ཕྱུགས་ལས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བྱས་ཏེ། རིམ་པ་གསུམ་ཅན་གྱི་རྫོང་དང་ཞང་གྲོང་བཅོས་སྐྱོང་ལྟེ་གནས་འཛུགས་བསྐྲུན་བྱེད་པར་སྐུལ་འདེད་བྱེད་པ་དང་། ཞིང་ཕྱུགས་ལས་ས་ཁུལ་གྱི་བདེ་འཇགས་སྔོན་འགོོག་གི་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་ཕྱུགས་ལས་ས་ཁུལ་གྱི་འབུར་ཐོན་གྱི་བདེ་འཇགས་གནད་དོན་ཆེད་དམིགས་ཀྱིས་དག་ཐེར་བྱེད་པ་དར་སྤེལ་གཏོང་བ་དང་། འཆལ་སྤྱོད་དང་རྒྱན་འཛུགས། དུག་རྫས། ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་སྤེལ་བ་སོགས་འབུར་ཐོན་གྱི་གནད་དོན་ལ་དག་ཐེར་བྱེད་དགོས།ཞིང་ཕྱུགས་ལས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་ཟིང་ཆ་སློང་བ་དང་། རོང་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་བྱུང་བའི་བྱ་འགུལ་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ། ཞིང་ཕྱུགས་ལས་ས་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས།
དོན་བདུན། རང་ཞིང་གི་ཞིང་ཕྱུགས་ལས་ས་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བླང་བྱ་ནི་ཅི་ཞིག་ཡིན་ནམ།
ལན། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། རོང་འབྲོག་པའི་མང་ཚོགས་ཀྱི་རྒྱལ་ཁབ་འདུ་ཤེས་དང་དམངས་གཙོའི་ཁྲིམས་སྐྱོང་གི་འདུ་ཤེས།སྤྱི་ཚོགས་འགན་ལེན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་གྱི་སློབ་གསོར་ཤུགས་བསྣན་ནས། གན་རྒྱ་དང་ཚན་རིག་གི་དགོངས་དོན་དར་སྤེལ་བཏང་སྟེ། རོང་འབྲོག་པའི་དཔལ་ཡོན་གཤིས་ཀ་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་ཡོན་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། གཏིང་ཟབ་པའི་སྒོ་ནས་ཞིང་ཕྱུགས་ཁུལ་གྱི་གོམས་སྲོལ་རྙིང་བ་བསྒྱུར་བ་དང་། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པ། གཉེན་སྟོན་དང་འདས་མཆོད་རྒྱས་གཤོམ་བྱེད་པ་སོགས་སྲོལ་རྙིང་སྤངས་ཏེ་དཔལ་ཡོན་ལྡན་པའི་ཡུལ་སྲོལ་བསྐྲུན་དགོས། རོང་འབྲོག་པའི་དཀའ་སྤྱད་འབད་བརྩོན་དང་ཡར་སྐྱེད་ལྷོད་མེད་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་དང་སྣེ་ཁྲིད་དེ། མཐུན་སྒྲིལ་རོགས་སྐྱོར་དང་དབུལ་སྐྱོར་སེལ་སྐྱོབ། འདྲ་མཉམ་བརྩེ་བྱམས། མཉམ་འདྲེས་འཆམ་མཐུན་བཅས་ཞིང་སྡེ་འབྲོག་ཁུལ་ཀྱི་སྤྱི་ཚོགས་གོམས་སྲོལ་གསར་བ་གྲུབ་པར་སྐུལ་འདེད་གཏང་དགོས། གཏིང་ཟབ་སྒོས་དཔལ་ཡོན་སྡེ་གྲོང་དང“རིམ་ལྔ་ཅན་གྱི་དཔལ་ཡོན་ཁྱིམ་ཚང་།”“ལྔ་བཟང་དཔལ་ཡོན་ཁྱིམ་ཚང”བཅས་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དང་སྦྲེལ་ཏེ་ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་འཚམ་པའི་ཁྱིམ་སྲོལ་ལེགས་པོ་དང་དཔལ་ཡོན་ཞང་སྲོལ་དང་ཞང་གསར་རིག་གནས་བསྐྲུན་དགོས་སོ།།