ཏང་སྲིད་ཡིག་ཆ།
 

མཚོ་ནུབ་ཁུལ་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ།

ཡོང་ཁུངས།:  སྤེལ་དུས།:2018-03-02  རྩོམ་པ་པོ།:  རྩོམ་སྒྲིག་པ།:完么仁增    ཀློགས་གྲངས།:

མཚོ་ནུབ་ཁུལ་སྐབས་བཅུ་བཞི་པའི་དམངས་ཆེན་

གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆ།

མཚོ་ནུབ་ཁུལ་གྱི2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ།

    2018ལོའི་ཟླ3པའི་ཚེས26ཉིན་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་།

མཚོ་ནུབ་ཁུལ་ནོར་སྲིད་ཅུའུ།

འཐུས་མི་རྣམ་པ།  

ཁུལ་མི་དམངས་སྲིད་གཞུང་གི་མངག་བཅོལ་དང་དུ་བླངས་ནས།ད་ལྟ2017ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2018ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་འབུལ་རྒྱུ་ཡིན་པས།གྲོས་ཞིབ་གནང་བར་མ་ཟད། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་བྱས་པའི་བློ་མཐུན་རྣམས་ཀྱིས་བསམ་འཆར་འདོན་པར་འཚལ།

གཅིག   2017ལོའི་ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ།

2017ལོར།  ཛ་དྲག་དང་རྙོག་འཛིང་ཆེ་བའི་དཔལ་འབྱོར་གནས་བབ་དང་རྒྱུན་འགལ་གྱི་གཏོང་ཡོང་འགལ་བ། དེ་མིན་དཀའ་ཚེགས་ཆེ་ཞིང་ལྗིད་པའི་བཅོས་བསྒྱུར་གྱི་འགན་ཁུར་ལ་ཁ་གཏད་དེ།  ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱིས་མགོ་ཁྲིད་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་རྒྱབ་སྐྱོར་འོག  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུངས་བཤད་རབ་དང་རིམ་པ། ལྷག་པར་དུ་མཚོ་སྔོན་ལ་ལྟ་ཞིབ་བྱེད་པའི་སྐབས་ཀྱི་གསུངས་བཤད་གལ་ཆེན་དང་། ཞིང་ཆེན་དང་ཁུལ་གྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། འཕེལ་རྒྱས་ཆེན་པོ་བཞིའི་འདུ་ཤེས་སྲ་བརྟན་དང་། ༼ཏན་ཏན་ཏིག་ཏིག་བཞི༽དང༼བསྒྱུར་བ་བཞི༽འི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་བ།  མཚོ་ནུབ་ཀྱི༼ཞིང་ཆེན་ཡོངས་ཀྱི་སྔོན་དུ་བསྐྱོད་པ་བཞི༽དང་ཁུལ་ཨུའི2456དམིགས་འབེན་བླང་བྱ་གཏིང་ཟབ་སྒོས་ལག་བསྟར་བྱས་ནས།  ནོར་སྲིད་འགན་ནུས་ཧུར་བརྩོན་སྒོས་རྒྱ་བསྐྱེད་དང་། མ་རྩའི་འགག་སྒོ་སེལ་བ།  ནོར་སྲིད་ཁྲལ་དོན་བཅོས་བསྒྱུར་གཏིང་ཟབ་སྒོས་སྤེལ་ནས་ནོར་སྲིད་སྲིད་ཇུས་འཐུས་ཚང་དང་།མ་དངུལ་སྒྲིག་བཀོད་ལེགས་བཅོས།  ལག་བསྟར་དོ་དམ་ལ་ཤུགས་སྣོན།  རང་འགུལ་སྒོས་གནོན་ཤུགས་བྱིན་ནས་འབད་བརྩོན་ཧུར་ལེན་བྱས་པ་དང་།བདེ་བླག་ངང་ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གཏན་ཁེལ་བྱས་པའི་དམིགས་འབེན་འགན་ཁུར་ལེགས་འགྲུབ་བྱས་ཐོག ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐོབ།  

༼གཅིག༽  2017ལོའི་སྤྱི་བའི་སྔོན་རྩིས་ཀྱི་གཏོང་ཡོང་གནས་ཚུལ།

1.སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས།

ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ།ས་གནས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་ཁྲི501209ལེགས་འགྲུབ་བྱུང་བ་དང་། སྔོན་རྩིས་གྱི་བརྒྱ་ཆའི102.1ལེགས་འགྲུབ་བྱུང་ལ།  བརྒྱ་ཆའི11.1འཕར།

སྤྱིར་བཏང་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར1258264ལེགས་འགྲུབ་བྱུང་བ་དང་། སྔོན་རྩིས་ཀྱི་བརྒྱ་ཆའི99.9ལེགས་འགྲུབ་བྱུང་ལ། བརྒྱ་ཆའི0.1འཕར།  དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱིའི་འགྲོ་སོང་སྒོར145334བཏང་བ་དང་། བརྒྱ་ཆའི2.4འཕར།  རྒྱལ་སྲུང་དང་སྤྱི་པའི་བདེ་འཇགས་ཕྱོགས་ལ་འགྲོ་སོང་སྒོར་ཁྲི69177བཏང་། བརྒྱ་ཆའི26.7འཕར།  སློབ་གསོར་འགྲོ་སོང་སྒོར་ཁྲི147549བཏང་། བརྒྱ་ཆའི17.1འཕར།  ཚན་རི་ལག་རྩལ་ཐད་འགྲོ་སོང་སྒོར་ཁྲི5525བཏང་། བརྒྱ་ཆའི44.9འཕར།  རིག་གནས་ལུས་རྩལ་དང་སྨྱད་བྱད་ཐད་འགྲོ་སོང་སྒོར་ཁྲི34657བཏང་། བརྒྱ་ཆའི18.2ཡིན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་འགྲོ་སོང་སྒོར་ཁྲི143985བཏང་ལ། བརྒྱ་ཆའི14.5མར་བབས། སྨན་བཅོས་འཕྲོད་བསྟེན་དང་འཆར་སྐྱེས་ལ་འགྲོ་སོང་སྒོར་ཁྲི104530བཏང་། བརྒྱ་ཆའི34.9འཕར། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་འགྲོ་སོང་སྒོར་ཁྲི52238བཏང་། བརྒྱ་ཆའི24.7མར་བབས།  མཁར་ཞང་གཞིས་ཁུལ་ལ་འགྲོ་སོང་སྒོར་ཁྲི152525བཏང་།  བརྒྱ་ཆའི18.6འཕར།  ཞིང་ནགས་དང་ཆུ་བེད་ལས་དོན་ལ་འགྲོ་སོང་སྒོར་ཁྲི231000བཏང་།  བརྒྱ་ཆའི6.2མར་བབས།  འགྲིམ་འགྲུལ་སྐྱེལ་འདྲེན་ཐད་འགྲོ་སོང་སྒོར13499བཏང་། བརྒྱ་ཆའི3.3འཕར།  ཐོན་ཁུངས་རྩད་ཞིབ་དང་གློག་ཤུགས་བརྡ་འཕྲིན་སོགས་ལ་འགྲོ་སོང་སྒོར་ཁྲི40534བཏང་།བརྒྱ་ཆའི2.1འཕར།  བཟོ་ལས་ཞབས་ཕྱིའི་ལས་རིགས་སོགས་ལ་འགྲོ་སོང་སྒོར་ཁྲི20325 བཏང་། བརྒྱ་ཆའི39.4འཕར།  དངུལ་རྩར་འགྲོ་སོང་སྒོ་ཁྲི44བཏང་། བརྒྱ་ཆའི99.6མར་བབས།  རྒྱལ་ཁབ་ས་ཁོངས་ཐོན་ཁུངས་དང་གནམ་གཤིས་སོགས་ལ་འགྲོ་སོང་སྒོར་ཁྲི34395བཏང་། བརྒྱ་ཆའི137.5འཕར། སྡོད་ཁང་དང་འགན་སྲུང་ལ་འགྲོ་སོང་སྒོར་ཁྲི40413བཏང་། བརྒྱ་ཆའི11.9མར་ཆག  བུ་ལོན་སྐྱེད་སྤྲོད་ཐད་འགྲོ་སོང་སྒོར་ཁྲི19598བཏང་།  འབྲུ་རིགས་དངོས་རྫས་གསོག་འཇོག་གྲ་སྒྲིག་དང་དེའི་ཕྱོགས་ལ་འགྲོ་སོང་སྒོར་ཁྲི2935བཏང་། བརྒྱ་ཆའི552.2འཕར།

ཁུལ་ཡོངས་ཀྱི་སྔོན་རྩིས་ལག་བསྟར་མཇུག་འབྲས། ཁུལ་ཡོངས་ཀྱི་སྤྱིའི་ནོར་ཤུགས་ལ་འགྲོ་སོང་སྒོར་ཁྲི1619027བཏང་། དེའི་ནང་དུ་ས་གནས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི501209ཡིན། ཞིང་ཆེན་གྱིས་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི756592ཡིན་ལ། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་དངུལ་བུན་ལ་བསྒྱུར་བའི་ཡོང་སྒོ་སྒོར་ཁྲི311044ཡིན།  སྔོན་རྩིས་གཏན་ཁེལ་འཚམ་སྒྲིག་ནང་འཇུག་མ་དངུལ་སྒོར་ཁྲི26774ཡིན། མ་དངུལ་སྒོར་ཁྲི22180ནང་འདྲེན་བྱས། ལོ་སྔོན་མར་སྒོར་ཁྲི1228ལྷག སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་འགྲོ་སོང་སྒོར1258264ཡིན། ས་གནས་སྲིད་གཞུང་གི་དངུལ་འཛིན་གྱི་མ་རྩ་ཕྱིར་སྤྲོད་འགྲོ་སོང་སྒོར་ཁྲི319194ཡིན།  སྔོན་རྩིས་བརྟན་བརླིང་འཚམ་སྒྲིག་དངུལ་རྩ་སྒོར་ཁྲི39893བཀོད་སྒྲིག་བྱས། ལོ་མཇུག་ལ་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི1676ཡིན། དེའི་ནང་ལོ་རྗེས་མའི་འགྲོ་སོང་ལ་སྒོར་ཁྲི1676འཕྲོ་སྒྱུར་བྱས་པས། ལོ་མཇུག་ལ་ལྷག་དངུལ་མེད།

ཁུལ་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་གནས་ཚུལ། ས་གནས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་ཁྲི234418ལེགས་འགྲུབ་བྱུང་བ་དང། སྔོན་རྩིས་ཀྱི་བརྒྱ་ཆའི112.1ལེགས་འགྲུབ་བྱུང་ལ་བརྒྱ་ཆའི31.6འཕར།

སྤྱིར་བཏང་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར་ཁྲི230420ལེགས་འགྲུབ་བྱུང་། སྔོན་རྩིས་ཀྱི་བརྒྱ་ཆའི99.7ཡིན་ལ།  བརྒྱ་ཆའི19.4མར་ཆག དེའི་ནང་། སྤྱིར་བཏང་གི་སྤྱི་བའི་ཞབས་ཕྱི་ལ་འགྲོ་སོང་སྒོར་ཁྲི42856བཏང་། བརྒྱ་ཆའི34.8འཕར།  རྒྱལ་སྲུང་དང་སྤྱི་བའི་བདེ་འཇགས་ཕྱོགས་ལ་འགྲོ་སོང་སྒོར་ཁྲི13406བཏང་ལ། བརྒྱ་ཆའི6.4འཕར།  སློབ་གསོའི་འགྲོ་སོང་ལ་སྒོར་ཁྲི17629བཏང་ལ། བརྒྱ་ཆའི29.5འཕར།  ཚན་རྩལ་ལག་རྩལ་ལ་འགྲོ་སོང་སྒོར་ཁྲི2293བཏང་། བརྒྱ་ཆའི98.4འཕར།  རིག་གནས་ལུས་རྩལ་དང་སྨྱད་བྱད་ལ་འགྲོ་སོང་སྒོར་ཁྲི14086བཏང་ལ། བརྒྱ་ཆའི9.1འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་འགྲོ་སོང་སྒོར་ཁྲི28793བཏང་། བརྒྱ་ཆའི20.7མར་ཆག སྨན་བཅོས་འཕྲོད་བསྟེན་དང་འཆར་གཞི་འཆར་སྐྱེས་ལ་འགྲོ་སོང་སྒོར་ཁྲི22855བཏང་། བརྒྱ་ཆའི2.7འཕར། ནུས་ཁུངས་གྲོན་ཆུང་དང་ཁོར་སྲུང་ལ་འགྲོ་སོང་སྒོར་ཁྲི16695བཏང་། བརྒྱ་ཆའི394.7འཕར།  མཁར་ཞང་གཞིས་ཁུལ་གྱི་འགྲོ་སོང་སྒོར་ཁྲི13441ཡིན།  བརྒྱ་ཆའི273.2འཕར།  ཞིང་ནགས་དང་ཆུ་བེད་ལས་དོན་ལ་འགྲོ་སོང་སྒོར་ཁྲི16772བཏང་།  བརྒྱ་ཆའི67.3མར་བབས།  འགྲིམ་འགྲུལ་སྐྱེལ་འདྲེན་ལ་འགྲོ་སོང་སྒོར་ཁྲི4085བཏང་། བརྒྱ་ཆའི35.7འཕར།  ཐོན་ཁུངས་རྩད་ཞིབ་དང་གློག་ཤུགས་བརྡ་འཕྲིན་སོགས་ལ་འགྲོ་སོང་སྒོར་ཁྲི20838བཏང་། བརྒྱ་ཆའི32.5འཕར།  བཟོ་ལས་ཞབས་ཕྱིའི་ལས་རིགས་སོགས་ལ་འགྲོ་སོང་སྒོར་ཁྲི5118བཏང་། བརྒྱ་ཆའི0.7འཕར།  རྒྱལ་ཁབ་ས་ཁོངས་ཐོན་ཁུངས་དང་གནམ་གཤིས་སོགས་ལ་འགྲོ་སོང་སྒོར་ཁྲི5149བཏང་། བརྒྱ་ཆའི17.9མར་བབས། སྡོད་ཁང་དང་འགན་སྲུང་ལ་འགྲོ་སོང་སྒོར་ཁྲི4119བཏང་། བརྒྱ་ཆའི29.9འཕར།  བུ་ལོན་སྐྱེད་སྤྲོད་ལ་འགྲོ་སོང་སྒོར་ཁྲི2087བཏང་།  འབྲུ་རིགས་དངོས་རྫས་གསོག་འཇོག་གྲ་སྒྲིག་དང་དེའི་ཕྱོགས་གཞན་ལ་འགྲོ་སོང་སྒོར་ཁྲི198བཏང་། བརྒྱ་ཆའི76.7མར་ཆག

ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་མཇུག་འབྲས།ཁུལ་རིམ་པའི་སྤྱིའི་ནོར་ཤུགས་ལ་འགྲོ་སོང་སྒོར་ཁྲི393625བཏང་། དེའི་ནང་དུ་ས་གནས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི234418ཡིན། ཞིང་ཆེན་གྱིས་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི17888ཡིན་ལ། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་དངུལ་བུན་ལ་བསྒྱུར་བའི་ཡོང་སྒོ་སྒོར་ཁྲི130015ཡིན།  སྔོན་རྩིས་གཏན་ཁེལ་འཚམ་སྒྲིག་ནང་འཇུག་མ་དངུལ་སྒོར་ཁྲི10030ཡིན། མ་དངུལ་སྒོར་ཁྲི306ནང་འདྲེན་བྱས། ལོ་སྔོན་མར་སྒོར་ཁྲི968ལྷག   སྤྱི་བཏང་གི་སྤྱི་བའི་སྔོན་རྩིས་ཀྱི་འགྲོ་སོང་སྒོར་ཁྲི230420ཡིན། ས་གནས་སྲིད་གཞུང་གི་དངུལ་འཛིན་གྱི་མ་རྩ་ཕྱིར་སྤྲོད་འགྲོ་སོང་སྒོར་ཁྲི130070བཏང་།  སྔོན་རྩིས་བརྟན་བརླིང་འཚམ་སྒྲིག་དངུལ་རྩ་སྒོར་ཁྲི31459བཀོད་སྒྲིག་བྱས། ལོ་མཇུག་ལ་འགྲིལ་བསགས་ལྷག་དངུལ་སྒོར་ཁྲི1676ཡིན། དེའི་ནང་ལོ་རྗེས་མའི་འགྲོ་སོང་ལ་སྒོར་ཁྲི1676འཕྲོ་སྒྱུར་བྱས་པས། ལོ་མཇུག་ལ་ལྷག་དངུལ་མེད།

བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྔོན་རྩིས་ལག་བསྟར་གནས་ཚུལ།ས་གནས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་ཁྲི47189ལེགས་འགྲུབ་བྱུང་བ་དང་།བརྒྱ་ཆའི9.6འཕར། སྤྱིར་བཏང་གི་སྔོན་རྩིས་འགྲོ་སོང་སྒོར་ཁྲི104970ལེགས་འགྲུབ་བྱུང་ལ། བརྒྱ་ཆའི8.7འཕར།  

བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྔོན་རྩིས་ལག་བསྟར་མཇུག་འབྲས།སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་སྤྱིའི་ནོར་ཤུགས་སྒོར་ཁྲི106841ཡིན། དེའི་ནང་དུ་ས་གནས་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་ཁྲི47189ཡིན། ཞིང་ཆེན་དང་ཁུལ་རིམ་པའི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི57697ཡིན། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་དངུལ་བུན་ལ་བསྒྱུར་བའི་ཡོང་སྒོ་སྒོར་ཁྲི640ཡིན།  སྔོན་རྩིས་གཏན་ཁེལ་འཚམ་སྒྲིག་ནང་འཇུག་མ་དངུལ་སྒོར་ཁྲི506ཡིན། མ་དངུལ་སྒོར་ཁྲི809ནང་འདྲེན་བྱས།  སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་འགྲོ་སོང་སྒོར་ཁྲི104970བཏང་། ས་གནས་སྲིད་གཞུང་གི་དངུལ་འཛིན་གྱི་མ་རྩ་ཕྱིར་སྤྲོད་ལ་འགྲོ་སོང་སྒོར་ཁྲི642བཏང་།  སྔོན་རྩིས་བརྟན་བརླིང་འཚམ་སྒྲིག་དངུལ་རྩ་སྒོར་ཁྲི1229བཀོད་སྒྲིག་བྱས། འགྲོ་སོང་དང་ཡོང་སྒོ་དོ་མཉམ་པས་ལྷག་དངུལ་མེད།

2.སྲིད་གཞུང་རང་བཞིན་གྱི་དངུལ་རྩའི་སྔོན་རྩིས།

ཁུལ་ཡོངས་ཀྱི་དངུལ་རྩའི་སྤྱིའི་ཡོང་སྒོ་སྒོར་ཁྲི102275ཡིན། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་ཁྲི42949ཡིན། ཞིང་ཆེན་གྱིས་རོགས་དངུལ་ཁ་གསབ་ཡོང་སྒོ་སྒོར་ཁྲི8911ཡིན་ལ། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་དངུལ་བུན་ལ་བསྒྱུར་བའི་ཡོང་སྒོ་སྒོར་ཁྲི50000ཡིན།  ལོ་སྔོན་མར་སྒོར་ཁྲི415ལྷག   ལོ་དེའི་དངུལ་རྩའི་འགྲོ་སོང་སྒོར་ཁྲི80095ཡིན་ལ། ཕྱིར་འདྲེན་མ་དངུལ་སྒོར་ཁྲི22180ཡིན། ཡོང་སྒོ་དང་འགྲོ་སོང་དོ་མཉམ་ཡིན་པས་ལོ་མཇུག་ལ་ལྷག་དངུལ་མེད།

ཁུལ་ཡོངས་ཀྱི་དངུལ་རྩའི་སྤྱིའི་ཡོང་སྒོ་སྒོར་ཁྲི1323ཡིན། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་ཁྲི140ཡིན། ཞིང་ཆེན་གྱིས་རོགས་དངུལ་ཁ་གསབ་ཡོང་སྒོ་སྒོར་ཁྲི1017ཡིན་ལ། ལོ་སྔོན་མར་སྒོར་ཁྲི166ལྷག   ལོ་དེའི་འགྲོ་སོང་སྒོར་ཁྲི1017ཡིན་ལ། ཕྱིར་འདྲེན་མ་དངུལ་སྒོར306ཡིན། ཡོང་སྒོ་དང་འགྲོ་སོང་དོ་མཉམ་ཡིན་པས་ལོ་མཇུག་ལ་ལྷག་དངུལ་མེད།སྲིད་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གསུམ་གྱི་སྤྱིའི་ཡོང་སྒོ་སྒོར་ཁྲི6631ཡིན། དེའི་ནང་དུ་ལོ་དེའི་ཡོང་སྒོ་སྒོར་ཁྲི810ཡིན། ཞིང་ཆེན་དང་ཁུལ་རིམ་པའི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི587ཡིན།ལོ་སྔོན་མའི་ལྷག་དངུལ་སྒོར་ཁྲི234ཡིན། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་དངུལ་བུན་ལ་བསྒྱུར་བའི་ཡོང་སྒོ་སྒོར་ཁྲི5000ཡིན། ལོ་དེའི་འགྲོ་སྒོ་སྒོར་ཁྲི5822ཡིན། མ་དངུལ་སྒོར་ཁྲི809ནང་འདྲེན་བྱས། ཡོང་སྒོ་དང་འགྲོ་སོང་དོ་མཉམ་ཡིན་པས་ལོ་མཇུག་ལ་ལྷག་དངུལ་མེད།

3.རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས།

ཁུལ་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་ཁྲི1246ཡིན། དེའི་ནང་། ལོ་དེའི་ཡོང་སྒོ་སྒོར་ཁྲི665ཡིན་ལ། གོང་རིམ་པའི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི300ཡིན། ལོ་སྔོན་མར་སྒོར་ཁྲི281འཕྲོ་སྒྱུར་བྱས། རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་འགྲོ་སོང་སྒོར་ཁྲི1246ཡིན་ལ། ཡོང་སྒོ་དང་འགྲོ་སོང་དོ་མཉམ་ཡིན་པས་ལོ་མཇུག་ལ་ལྷག་དངུལ་མེད།

ཁུལ་རིམ་པ་དེ་གའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་ཁྲི852ཡིན། དེའི་ནང་། ལོ་དེའི་ཡོང་སྒོ་སྒོར་ཁྲི375ཡིན་ལ། གོང་རིམ་གྱིས་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི196ཡིན། ལོ་སྔོན་མར་སྒོར་ཁྲི281འཕྲོ་སྒྱུར་བྱས། རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་ཀྱི་འགྲོ་སོང་སྒོར་ཁྲི852བཏང་ལ། ཡོང་སྒོ་དང་འགྲོ་སོང་དོ་མཉམ་ཡིན་པས་ལོ་མཇུག་ལ་ལྷག་དངུལ་མེད།

     སྲིད་འཛིན་བྱ་བའི་ཨུ་ཡོན་ལྷག་ཁང་གི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་ཁྲི100ཡིན། དེའི་ནང་། གོང་རིམ་གྱིས་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་ཁྲི100ཡིན། རྒྱལ་དབང་མ་རྩ་བདག་གཉེར་སྔོན་རྩིས་འགྲོ་སོང་སྒོར་ཁྲི100ཡིན་ལ། ཡོང་སྒོ་དང་འགྲོ་སོང་དོ་མཉམ་ཡིན་པས་ལོ་མཇུག་ལ་ལྷག་དངུལ་མེད།

4.སྤྱི་ཚོགས་ཉེན་སྲུང་དངུལ་རྩའི་སྔོན་རྩིས།

ཁུལ་ཡོངས་ཀྱི་སྤྱི་ཚོགས་ཉེན་སྲུང་དངུལ་རྩའི་ཡོང་སྒོ་སྒོར་ཁྲི84006ལེགས་འགྲུབ་བྱུང་བ་དང་། སྒོར་ཁྲི14375ཁ་སྣོན་བྱས།  སྤྱི་ཚོགས་ཉེན་སྲུང་དངུལ་རྩའི་འགྲོ་སོང་སྒོར་ཁྲི59698ལེགས་འགྲུབ་བྱུང་། སྒོར་ཁྲི7116ཁ་སྣོན་བྱས།

5.ཁུལ་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་གནས་ཚུལ།

2017ལོར་ཞིང་ཆེན་རིམ་པའི་རང་ཁུལ་ལ་བུན་སྒྱུར་གསར་དུ་ཁ་སྣོན་བྱས་པའི་ས་གནས་སྲིད་གཞུང་དངུལ་འཛིན་སྒོར་དུང་ཕྱིར5ཡིན། ཡོངས་རྫོགས་ཆེད་དོན་དངུལ་འཛིན་བྱས། གཏན་ཁེལ་ལྟར།  སྲིད་གཞུང་རང་བཞིན་གྱི་དངུལ་རྩའི་སྔོན་རྩིས་ཁྲོད་ཕྱིར་བདག་བྱས།

ཞིང་ཆེན་ནོར་སྲིད་ཐིན་གིས་རང་རེའི་ཁུལ་གྱི2017ལོའི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ལྷག་དངུལ་ཞིབ་བཤེར་གཏན་འབེབས་བྱས་པ་སྒོར་དུང་ཕྱུར118.9དང་། 2017ལོའི་ལོ་མཇུག་ཏུ་ཁུལ་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ལྷག་དངུལ་སྒོར་དུང་ཕྱུར97.1དང་།དེའི་ནང་སྤྱིར་བཏང་བུ་ལོན་གྱི་ལྷག་དངུལ་སྒོར་དུང་ཕྱུར86.2དང་ཆེད་དོན་བུ་ལོན་གྱི་ལྷག་དངུལ་དུང་ཕྱུར10.9བཏང་ནས།ཁུལ་རིམ་པའི་བུ་ལོན་ལྷག་དངུལ་དུང་ཕྱུར་28.8 ལོན་པ་ཚང་མ་སྤྱིར་བཏང་གི་བུ་ལོན་ཡིན་པས།ཁུལ་ཡོངས་དང་དེ་བཞིན་ཁུལ་རིམ་པའི་བུན་འཇལ་ཉེན་ཁ་ལ་ཚོད་འཛིན་ཐུབ་ཡོད།

༼ གཉིས ༽ ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྔོན་རྩིས་གྲོས་ཆོད་དོན་འཁྱོལ་བྱས་ཚུལ།

ལོ་ངོ་གཅིག་གི་རིང་ལ་ང་ཚོས་སྐབས་བཅུ་བཞི་པའི་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་གྲོས་ཆོད་ལྟར་ཁུལ་དང་དེ་བཞིན་ཁུལ་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་དང་དམིགས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་བླང་བྱ་དང་།འབྲེལ་ཡོད་ནོར་སྲིད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། ནོར་སྲིད་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་རྒྱུའི་ནུས་པ་འདོན་སྤེལ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་གང་ཐུབ་བྱས། རྒྱུན་ཆད་མེད་པར་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་ཀྱི་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན།ནོར་སྲིད་ཀྱི་ཉེན་ཁར་འགོག་ཟོན་ནུས་ལྡན་དང་། ནོར་སྲིད་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།གཙོ་བོ་གཤམ་གསལ་ལས་དོན་ཁག་བསྒྲུབས་བྱས་ཡོད།

1 ཁྲལ་འབབ་བསྡུ་ལེན་དོ་དམ་ལ་ཤུགས་སྣོན་དང་མ་དངུལ་གྲབས་གསོག་རྒྱ་བསྐྱེད་དེ།ནུས་ཤུགས་ཡོད་རྒུས་འཕར་སྣོན་ཡོང་བར་སྐུལ་འདེད་བྱས། ཁྱད་བསད་གང་ཐུབ་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་ཁག་ནོར་ཁྲལ་སྡེ་ཚན་གྱིས་དཔྱ་ཁྲལ་ལམ་ལུགས་བརྗེ་སྒྱུར་ཐུབ་པ་དང་།སྒྲིག་གཞི་ལེགས་སྒྲིག  ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་ཀྱི་ཤུགས་རྐྱེན། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་དང་།ཁ་གཏད་ཧུར་ཐག་འཇལ་བ་དང་། ཁྲལ་གྲོན་བསྡུ་ལེན་དོ་དམ་ལ་ཤུགས་སྣོན་། ཁྲིམས་ལྟར་ཁྲལ་བསྡུའི་ཞབས་ཞུ་ལེགས་སུ་དང་ཁྲལ་དོན་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།སྲིད་ཇུས་དོན་འཁྱོལ་ཆེད་དོན་ཞིབ་བཤེར་སྤེལ་བ་དང་ཁྲལ་བསྡུའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་།ཁུལ་ཡོངས་ཀྱི་ནོར་ཤུགས་བརྟན་པོའི་ངང་འཕར་ཡོད་པ་རེད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར50ཡི་འགག་སྒོ་ཆེན་པོ་དང་།འཕར་ཚད་བརྒྱ་ཆ11.1ཡིན་པ་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གནས1.8མཐོ་བའི་ཆེད་དངུལ་བཟོས་ཅིང་།ཞིང་ཆེན་ཡོངས་ཀྱི་ལེགས་སྐྱེས་འབུལ་ཚད24% རེད། ཡོང་འབབ་གནས་བབ་ལ་ཞིབ་འཇུག་དང་རྡར་ཤ་ཧུར་ཐག་དང་།དུས་ཚིགས་ལྟར་དམིགས་ཚད་ལས་འགན་ཆ་གསེས། ཆེད་དོན་ཞིབ་བཤེར་ཏན་ཏིག་སྤེལ་བ་དང་། མུ་མཐུད་ནས་མཐོ་རུ་གཏོང་བ།ཆད་ཁྲལ་གཙང་འཇལ་དང་། ཁྲལ་རིགས་གཙོ་བོ་ཆགས་པ་དང་ཁྲལ་རིགས་ཆུང་བར་མཉམ་སྒྲུབ་མཉམ་སྐྱོད་དང་།ནོར་སྲིད་ཡོང་འབབ་གྲངས་གནས་གཉིས་འཕར་ཡོད། ཁྲལ་མིན་ཡོང་འབབ་བསྡུ་འདོམས་ཚད་ལྡན་དུ་གཏོང་བ་དང་།ཁྲལ་མིན་ཡོང་འབབ་དངུལ་སྒོར་དུང་ཕྱུར8.8བཏང་ནས་ལེགས་གྲུབ་དེ་དུས་མཚུངས་ལས8.2%ཆག་པ་རེད།རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་དང་། འབྲེལ་མཐུད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འགྲན་རྩོད་རང་བཞིན་གྱི་སྒྱུར་བཅོས་ཧུར་ཐག་གིས་འཚམ་པར། ལོ་ཧྲིལ་བོར་ཀྲུང་དབྱང་དང་ཞིང་ཆེན་ཆེད་དམིགས་སྤོ་སྤྲོད་མ་དངུལ་སྒོར་དུང་ཕྱུར40.5དང་དེ་དུས་མཚུངས་ལས6.9%མར་ཆག་ཡོད་པ་རེད་།ཞིང་ཆེན་རིམ་པའི་ས་གནས་སྲིད་གཞུང་གི་བུན་འཛིན་རང་རེའི་ཁུལ་གྱི་དངུལ་བུན་བརྒྱུད་གཏོང་སྒོར་དུང་ཕྱུར36.1བརྩོན་ལེན་བྱས།0.2%འཕར། དེའི་ནང་གསར་དུ་བསྣན་པའི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར5དང་སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར31.1ཡིན།ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.1དོན་འཁྱོལ་བྱས། དུས་མཚུངས་ལས་བརྒྱ་ཆའི8འཕར་ཡོད།

2 གཏོང་སྒོའི་འགན་འཁྲི་དོན་འཁྱོལ་དང་།མཁོ་སྤྲོད་ལེགས་སུ་བཏང་ནས་མཐའ་འཁྱོངས་དང་། འཕེལ་རྒྱས་ལ་ཞབས་ཞུ་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པ།ཁྱོན་ཡོངས་ནས་གཏོང་སྒོའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱག་པ་དང་།སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་སྔོན་རྩིས་ལ་མཆན་འགོད་བཀའ་ལན་འདེབས་ཏེ།བརྒྱུད་རིམ་ལེགས་སྒྱུར་དང་མ་དངུལ་གཏོང་སྤྲོད། དུས་བཀག་གྱོད་དོན་གཅོད་པའི་ལམ་ལུགས་དོན་འཁྱོལ་དང་།རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། བཀོད་གཏོང་། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཟླ་འཁོར།དུས་ཚིགས་ཀྱི་གཏོང་སྒོ་དོ་མཉམ་རང་བཞིན། བརྟན་བརླིང་རང་བཞིན་མངོན་གསལ་མཐོ་རུ་སོང་ཡོད།ཁུལ་ཡོངས་ཀྱི་སྤྱིར་བཏང་བའི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་ལག་བསྟར་མྱུར་ཚད99.9%ལ་སླེབས།དེ་དུས་མཚུངས་ལས0.1%འཕར་བ་དང་། ནོར་སྲིད་ཀྱི་གཏོང་སྒོ་གིས་བརྟན་པོའི་ངང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས།སྒོར་གཞི་རྩའི་འཛུགས་སྐྲུན་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར20.8གཤམ་སྤྲོད་དང་། སྲིད་གཞུང་གི་སྤྱི་པའི་མ་དངུལ་འཇོག་པའི་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་སྐྱེད་དང་།ནོར་སྲིད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་མཐུད་ནས་ཆེ་རུ་ཕྱི་།ཤུགས་ཆེའི་རྒྱབ་སྐྱོར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། ཆེད་དོན་མ་དངུལ་སྒོར་དུང་ཕྱུར1.3བཀོད་སྒྲིག་བརྟན་པོའི་ངང་ཐོན་འཕར་ཡོང་བ་འགན་ལེན་དང་།ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་གཙོ་གནད་དུ་སྤྱོད་རྒྱུ་དང་། ཁེ་ལས་ཚོད་ལྟ། བྱ་དགའ་དང་ཁ་གསབ།ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་གཏོང་དགོས། སོལ་རླངས་རིན་གོང་གི་ཁ་གསབ་། མ་གནས་དམའ་རུ་གཏོང་བ།ཁེ་ལས་སོགས་ཀྱི་གཏོང་སྒོ། མ་དངུལ་གྲབས་གསོག་སྒོར་དུང་ཕྱུར10.4ཁུལ་ལ་རྒྱབ་སྐྱོར་མ་དངུལ་བསྡུ་སྒྲིལ་གྱི་ལས་སྟེགས་དང་།ཁུལ་ཡི་ནུས་རྒྱུ་གསར་པའི་ཐོན་ལས་དང་། ཐཱན་སྐྱུར་ལིས་ཀྱི་ཁེ་ལས་སོགས་གཙོ་གནད་ཐོན་ལས་ལ་བརྟེན་ནས་ཐེབས་རྩའི་མ་དངུལ་གཏོང་བ་དང་།ཁག་ཅིག་ཐག་གཅོད་རང་བཞིན་ཆེ་བས་མ་ཟད་། ཚོང་རའི་མདུན་ལྗོངས་བཟང་བའི་ཁེ་ལས་འབྲིང་ཆུང་འཚར་ལོངས་དང་རིགས་སྒྱུར་འཕེལ་རྒྱས་བརྒྱུད་རིམ་ཁྲོད་འཕྲད་པའི་མ་དངུལ་ཚོང་རར་འདོན་མཁན་ཀུང་སིས་འཇུར་མིག་གི་གནད་དོན་ཞིག་ཡིན༼མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་༽དང་།སྒོར་དུང་ཕྱུར2.5བར་གྱི་ཁེ་ལས་འབྲིང་ཆུང་རྐང་དབང་གི་མ་རྩ་འཇོག་པའི་རྣམ་གྲངས་དང་། ཁེ་ལས།མ་དངུལ་སྡུད་དཀའ་བ་ཐག་གཅོད་ནུས་ལྡན། མཚོ་ནུབ་ཀྱི་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དགོས།ཡོངས་ཕན་དངུལ་རྩའི་འཕེལ་རྒྱས་བྱེད་པར་བསྔགས་སྐུལ་དང་། ཁུལ་ཡོངས་ཀྱི་རྨང་གཞིའི་དངུལ་རྩའི་རྒྱབ་སྐྱོར་ཞན་པའི་ས་ཁུལ་དུ་གཏན་འཇགས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཞབས་ཞུའི་སྒྲིག་གཞི2དང་།ཞིང་ཕན་དངུལ་རྩའི་ཞབས་ཞུའི་ས་ཚིགས2། གཏོང་སྤྲོད། རྫོང་ཁོངས་གཏོགས་ཀྱི་དངུལ་རྩའི་ཚན་པའི་ཞིང་འབྲེལ་དངུལ་བུན་འཕར་གྲངས་བྱ་དགའི་མ་དངུལ་སྒོར་ཁྲི108.4།ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི5500བཀོད་སྒྲིག་དང་།བཟོ་ལས་སྡེ་ཁུལ་གྱི་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཁྲག་བཟོ་གླིང་གི་ཐེག་ནུས་ཆེ་རུ་ནུས་ལྡན་བཏང་བ་དང་།ཁྱབ་འགྱེད་བྱེད་ནུས་ཁེ་ལས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2.1གཤམ་སྤྲོད་དང་། གཙོ་གནད་དུ་ཆེ་རུ་བཏང་བ།སྲོལ་རྒྱུན་ཐོན་ལས་དང་། གླིང་ཁུལ་སྒྱུར་བཀོད་དང་ནུས་རྒྱུ་གྲོན་ཆུང་དང་། རྗེས་ལུས་ཐོན་ནུས་འདོར་བའི་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁེ་ལས་ཀྱིས་ཐོན་ལས་གྲུབ་ཚུལ་ལེགས་འགྱུར་དང་། ཀྲོའུ་ཡོངས་ཀྱི་བཟོ་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ།ཁེ་ལས་ཟླ་སྒྲིལ་དང་། ཚན་རྩལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི5000བཀོད་སྒྲིག་བྱས་ཏེ་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་།ལག་རྩལ་ཞིབ་འཇུག་དང་གསར་སྤེལ་དང་། ཁེ་ལས་ཀྱི་ཚན་རྩལ་ཐོན་ལས་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།བཀོད་སྒྲིག་མ་དངུལ་སྒོར་ཁྲི1900རག་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་བེད་སྤྱོད་ཀྱི་ཉོ་སྒྲུབ་ཁ་གསབ་ལ་སྤྱོད།རྒྱལ་ཁབ་ཀྱི་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་གཅོག་པ་དང་འགྲོ་གྲོན་ཡོངས་ཁྱབ་ཏུ་གཅོག་སྲིད་ཇུས་དོན་འཁྱོལ་ནན་པོ་དང་།ཁྲལ་འབབ་སྣ་ཚོགས་སྒོར་དུང་ཕྱུར18མི་དགོས་པར་བཟོ་བ།  བསྡུ་མཚམས་འཇོག་པ།  དམག་སྐུལ་ཕྱི་ནུར།རྩ་ཆག་གཏོང་རྒྱུ་དང་། རིན་དངུལ་ལེན་པའི་ཚད་གཞི་དམའ་རུ་གཏོང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་ཁྲལ་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་རྣམ་གྲངས་ཁག41ཡོད།ཁུལ་ཡོངས་ཀྱི་ཐོན་ལས་གསུམ་པ་ནོར་སྲིད་ཀྱི་རྒྱབ་སྐྱོར་དོན་ཚན་བརྒྱད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར82ལེགས་འགྲུབ་དང་། 6.7% འཕར་ཡོད་པ་རེད།

3 གཙོ་གནད་འགན་སྲུང་མངོན་གསལ་དང་།ཚད་གཞི་མཐོ་རུ་མཐའ་སྐྱོང་ནན་མོ་དང་གནད་ཕིགས་ལ་ཤུགས་བསྣན། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་མཐའ་འཁྱོངས་དང་།གཞི་རྩ་འགན་སྲུང་གང་ཐུབ་དང་། ཐ་གྲས་སྐྱོང་། ཞན་ཆར་ཁ་གསབ།  ཆུ་ཚད་མཐོར་འདེགས། ཕྱོགས་ཡོངས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་། ཁུལ་ཡོངས་ཀྱི་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར95.6ཡིན།  དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ76ལ་སླེབས་ཏེ། ཞིང་ཆེན་དང་ཁུལ་ཡི་དམངས་འཚོའི་དོན་དངོས་ནོར་ཤུགས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།མདོ་འདུ་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པའི་དང་། གཤམ་སྤྲོད། དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར2དང་།དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཡོད། སྒོར་དབུལ་སྐྱོར་དངུལ་བུན་དོན་འཁྱོལ་བྱེད་པ་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་སྒོར་དུང་ཕྱུར71.7དང་མཛེས་པའི་གྲོང་གསེབ་སོགས་གཙོ་གནད་ཁྱབ་ཁོངས་ཡིན།མ་དངུལ་སྒོར་ཁྲི3847.3བཀོད་སྒྲིག་འགན་ལེན་བྱེད་དགོས། རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གྲབས་གསོག་དང་དོན་འཁྱོལ་བྱས་ཏེ་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར7བཏང་ནས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་།སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད་སློབ་གསོ་དོ་མཉམ་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་རྒྱུ་དང་།མ་དངུལ་སྒོར་དུང་ཕྱུར3.2དང་བཀོད་སྒྲིག་བྱས། འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་དང་།སློབ་གསོའི་ཁྱབ་ཚུལ་གྲུབ་ཆ་ལེགས་སྒྲིག་དང་། ཚད་གཞི་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་དང་དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་དང་།རིགས་ཁག་གི་སློབ་གསོ་མཐུན་སྦྱོར་ངང་སྐུལ་འདེད་། སྤུས་ལེགས་གོང་འཕེལ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་མ་དངུལ་སྒོར་དུང་ཕྱུར5.4དོན་འཁྱོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་སྨིན་རོགས་སྐྱོར་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་བྱེད་པར་རྒྱབ་སྐྱོར་དང་། ལས་ཞུགས་ལས་གཏོད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་རྒྱ་སྐྱེད་དང་། གཟིགས་སྐྱོང་བཀོད་སྒྲིག་དང་དམག་དཔུང་གི་ལས་སྒྱུར་ལས་བྱེད་པའི་ལས་ཀ་ལེགས་པར་བསྒྲུབ་པ་དང་མ་མཐའི་འཚོ་བ་འགན་ལེན་སོགས་དམངས་འཚོའི་འགན་སྲུང་གི་ཚད་གཞི་ལེགས་སྒྲུབ་ཚད་གཞི་རྒྱ་བསྐྱེད་བྱས་དང་བརྟན་པོར་བསྐྲུན་སྤྱི་ཚོགས་འགན་སྲུང་དྲ་རྒྱ་དམ་པོ་ཡོད།སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར1.7གཤམ་སྤྲོད་དང་།གཞུང་བཙུགས་སྨན་ཁང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་དང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་།གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཧྲིལ་པོའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། དངུལ་རྒྱབ་སྐྱོར་སྒོར་དུང་ཕྱུར3.9གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་།ཞིང་འབྲོག་ཁུལ་གྱི་ཉེན་ཆེའི་སྡོད་ཁང་རྙིང་པ་སྒྱུར་བཀོད་བྱས་པ་དང་།  ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་།མཛེས་སྡུག་ལྡན་པའི་གྲོང་རྡལ་འཛུགས་སྐྲུན་རྣམ་གྲངས་དེ་བས་མང་བ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས།ཆེད་དོན་མ་དངུལ་སྒོར་ཁྲི2113ཚན་རྩལ་གསར་གཏོད་དང་། ཤེས་ལྡན་པ་ནང་འདྲེན་བྱེད་པ།གསར་གཏོད་།ཤེས་ལྡན་མི་སྣར་བྱ་དགའ་སྤྲོད་པ་དང་སྒྲིག་འཛུགས་བྱེད་པར་རྒྱབ་སྐྱོར་། ཚན་ཞིབ་ཁང་། རིག་གནས་དང་ལུས་རྩལ་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་།སྐུལ་འདེད་། དངོས་མང་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་ནས་རིན་མི་དགོས་པར་སྒོ་འབྱེད་དང་སྤྱི་པའི་ལུས་རྩལ་ཐང་དང་ཁང་རིན་མི་ཡང་ན་ལྟ་ཡོན་དམའ་བའི་སྒོ་འབྱེད་།མ་དངུལ་སྒོར་ཁྲི2671བཀོད་སྒྲིག་དང་། ཚོང་ཟོག་གལ་ཆེའི་རིགས་གྲབས་གསོག་བྱེད་པར་རྒྱབ་སྐྱོར་དང་།སྣུམ་གྲུབ་མའི་རིན་གོང་གསབ་སྣོན་སོགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་དང་། ཟོག་གོང་བརྟན་པོ་འགན་ལེན་ཏན་ཏིག་བྱ་དགོས།༼ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། སྐབས་གསུམ་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་ཡིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ༽དང་།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། ༼མཚོ་ནུབ༽ཀྱི་དུས་དེབ།མཚོ་ནུབ་ཀྱི༼ཁྲིམས་སྐྱོང་༽དང་། རྒྱ་གྲམ་དམར་པོ། བུད་མེད་དང་བྱིས་པ། མི་རིགས་སྐད་ཡིག་སོགས་ཀྱི་བྱ་གཞག་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱ་དགོས།

4 ནོར་སྲིད་བསྒྱུར་བཅོས་གཏིང་ཟབ་དང་།སྒྲིག་སྲོལ་དང་ནང་རྐྱེན་གསར་གཏོད། རང་འགུལ་ངང་རྨང་གཞི་བརྟན་པོར་བཏིངས་པ། མདུན་གྲལ་དུ་སྐྱོད་པའི་རྒྱུན་འཁྱོངས་དམ་འཛིན་ལྷོད་མེད་བྱེད་པ་དང་།བསྒྱུར་བཅོས་དང་གསར་གཏོད་སྐུལ་འདེད་གང་ཐུབ་གཏོང་དགོས་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་བསྒྱུར་བཅོས་ཐོག་མདོ་འདུ་ཤུགས་འདོན་བྱེད་དགོས།ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་བ། ཁྲལ་བསྡུའི་གཏན་འབེབས་པར་འགྲེམས་བྱས་པའིམཚོ་ནུབ་ཁུལ་གྱི་འགན་སྲུང་ལག་བསྟར་བྱེད་ཐབས༼མཚོ་ནུབ་ཁུལ་གྱི་ནོར་སྲིད་མ་འཇོག་ཞིབ་དཔྱད་དོ་དམ་བྱེད་ཐབསདང་།མཚོ་ནུབ་ཁུལ་གྱི་ཁུལ་རིམ་པའི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་དོ་དམ་བྱེད་ཐབསདང་།མཚོ་ནུབ་ཁུལ་ཡིས་ཁུལ་རིམ་པའི་ཁེ་ལས་ཀྱི་རྒྱལ་ཁབ་ལ་དབང་བའི་མ་རྩའི་གཉེར་སྐྱོང་ཁེ་བཟང་བསྡུ་ལེན་དོ་དམ་བྱེད་ཐབསསོགས་སྒྲིག་སྲོལ་ལམ་ལུགས་དང་།ལོ་འགོར་གཏན་ཁེལ་བྱས་པའི་གཙོ་གནད་སྒྱུར་བཅོས་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། ནོར་སྲིད་བསྒྱུར་བཅོས་ལ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་།ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་བསྒྱུར་བཅོས་ཀྱི་རིགས་ཁག་གི་བརྟག་ཞིབ་ལས་དོན་ལེགས་སྒྲུབ་དང་།ཀྲུང་དབྱང་དང་ཞིང་ཆེན་འབྲེལ་ཡོད་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་ཞིབ་ཅིང་ཕྲ་བའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་།སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་ཀླད་ཀོར་རྨང་སྔོན་རྩིས་བསྒྱུར་བཅོས་སྐུལ་འདེད་གཏོང་བ་དང་།ནོར་སྲིད་ཀྱི་མ་དངུལ་གཅིག་གྱུར་བཀོལ་སྤྱོད་བྱེད་ཤུགས་དང་། ནོར་སྲིད་འགྲིལ་རྣམ་གྲངས་མཛོད་དང་།འགྲིལ་འགུལ་ལག་བསྟར་དུས་འབྲིང་འཆར་འགོད་དོ་དམ་། སྔོན་རྩིས་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁུལ། རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་སྔོན་རྩིས་དང་ངེས་རྩིས་དང་། སྡེ་ཁག་གི་སྔོན་རྩིས་དང་ངེས་རྩིས་དང༼གཞུང་གྲོན་གསུམ་༽གྱི་འགྲོ་གྲོན་ཆ་འཕྲིན་དྲ་རྒྱའི་ཡོངས་བསྒྲགས་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས་།གསོག་འཇོག་མ་དངུལ་དུས་བཀག་ནང་གཙང་བཤེར་བྱེད་པའི་ལམ་སྲོལ་ནན་པོ་དང་། གསོག་ཐེབས་ཕན་སྒྱུར་མ་དངུལ་སྒོར་དུང་ཕྱུར49.8དང་།གང་འགབ་ཅི་སྤྱོད་བྱེད་ཚད92.9%ཟིན་པ་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལ་སྤྱོད་གཅིག་གྱུར་འཆར་འགོད་དང་།གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས། ལག་བསྟར་ནན་པོ་ཕྱོགས་ཡོངས་ནས་གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བའི་ཚོད་ལྟ་བྱས་རྗེས་ཁུལ་དང་མཚོ་ནུབ་ཁུལ་ཡི་གྲོང་ཁྱེར་དང་རྫོང་སྲིད་འཛིན་ཨུ་ལྷན་ཁང་ཡོང་འབབ་མཉམ་སྤྱོད་དང་ལེ་ལག་ཚང་བའི་སྒྱུར་བཅོས་ཇུས་གཞི་དང་ཁ་གསལ་ཁུལ་དང་གྲོང་ཁྱེར་རྫོང་ཁྱབ་ཁོངས་དང་མཉམ་སྤྱོད་ཀྱི་གནས་ཐང་འཕར་ཁྲལ་གྱི་ཡོང་འབབ་བསྡུར་ཚད་དང་།ཁུལ་དང་གྲོང་ཁྱེར་རྫོང་རིམ་པ་གཉིས་ཀྱི་ཧུར་སེམས་སྐུལ་སློང་བྱས་ཡོད། འཆར་འགོད་གཅིག་གྱུར་དང་།ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་། 2017ལོའི་ཤར་ནུབ་རྒྱུད་ཀྱི་དཀའ་ངལ་ཡོད་པའི་རྫོང་དང་གྲོང་ཁྱེར་གྱི་ནོར་སྲིད་ཁ་གསབ་ཀྱི་ཆེད་མ་དངུལ་སྒོར་ཁྲི5000བཏང་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས PPP བྱེད་སྟངས་སྐུལ་འདེད་བྱས་ཏེ་ཇེ་མགྱོགས་སུ་གཏོང་བ་དང་།ཁུལ་ཡོངས་སུ་རིམ་རྩིས་བྱས་ན་མཛོད་འཇུག་བྱས་པ། PPPརྣམ་གྲངས57ལ་ཟིན།རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར204.9བཏང་བ་དང་།ན་གོར་མོ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་རྣམ་གྲངས་དང་།གཏེར་ལེན་ཁ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོ་དང་མཐུད་སྐྲུན་བྱེད་པའི་རྣམ་གྲངས། ལིན་ཧུའུ་སྲིད་འཛིན་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་ཡཱ་ཏིན་ས་དབྱིབས་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་བཅས་ལག་བསྟར་བྱེད་ཀྱིན་པའི་སྒང་ཡིན།རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་ཀྱི་ལམ་ལུགས་འཐུས་ཚང་དང་། རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་ཀྱི་མ་ལག་ཇེ་ལེགས་སུ་གཏོང་བ་མངོན་འགྱུར་བྱུང་།  ནོར་སྲིད་སྡེ་ཚན་དང་།ལས་ཚབ་དངུལ་ཁང་།སྔོན་རྩིས་སྡེ་ཚན་བཅས་ཀྱི་དྲ་བའི་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱུང་། སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་བྱ་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ༼མཚོ་ནུབ་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ནས་སྤྱི་པའི་ཞབས་ཞུ་ཉོ་བ་ལག་བསྟར་བྱེད་པའི་འབྲེལ་ཡོད་བསམ་འཆར་༽༼ཚོད་ལྟའི་ལག་བསྟར༽སྒྲིག་བཟོ་བཅོས་འདོན་བྱས་པ་དང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར1.3བཀོད་སྒྲིག་བྱས་ནས། སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་ཉོ་སྒྲུབ་ཀྱི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ་ལ་ཤུགས་སྣོན་བྱེད་པ། ཕྱོགས་ཡོངས་ནས་རྒྱ་བསྐྱེད་གཏོང་བ་དང་ཕྱོགས་ཡོངས་ནས་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་བ། ཡོངས་བསྒྲགས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཧུར་ཐག་གིས་འདྲ་མཉམ་དྲང་གཞག་བཅས་ཀྱི་འགྲན་རྩོད་ལམ་སྲོལ་དང་ཁྲོམ་རའི་ཁོར་ཡུག་གསོ་སྐྱོང་བྱས་ཏེ། རྒྱུན་ཆད་མེད་པར་ཞབས་ཞུའི་འདུ་ཤེས་ཀྱི་ཤུགས་ཇེ་ཆེ་དང་ཡིད་རྟོན་གྱི་འདུ་ཤེས་མཐོར་འདེགས་སུ་བཏང་། ལོ་ཧྲིལ་པོར་ཉོ་སྒྲུབ་མ་དངུལ་བརྒྱ་ཆའི10%གྲོན་ཆུང་བྱས།

5 .ཁྲིམས་ལྟར་རྒྱུ་ནོར་བདག་གཉེར་དང་བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ།མུ་མཐུད་དུ་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པར་ཤུགས་བསྣན།

ཁྲིམས་ལྟར་སྲིད་འཛིན་བྱ་བ་བསྒྲུབ་པ་དང་རྒྱུ་ནོར་ལ་དོ་དམ་བྱས་ནས།དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ། དུས་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། ཁུལ་ཡོངས་ཀྱི་ནོར་སྲིད་བརྟན་འཇགས་དང་བདེ་འཇགས་ངང་འཁོར་སྐྱོད་བྱེད་དགོས། གཟབ་ནན་གྱིས་ཁྲིམས་ལྟར་སྲིད་འཛིན་བྱ་བ་ལས་པར་སྐུལ་འདེད་དང་།འགན་དབང་གསལ་ཐོ་ཡོངས་བསྒྲགས་བྱེད་པ། གོམ་གང་མདུན་སྤོས་ཀྱིས་སྲིད་བསྡུ་དབང་གཏོང་བཅས་བྱས་ནས།ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ནོར་སྲིད་སྡེ་ཁག་ནང་ཁུལ་གྱི་ཚོད་འཛིན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དང་ཉེན་ཁ་སྔོན་འགོག་བཀག་སྡོམ་བྱེད་པའི་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ནང་ཁུལ་ཚོད་འཛིན་ཀྱི་བཀོལ་སྤྱོད་བྱེད་སྲོལ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས། གཟབ་ནན་གྱིས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་དོ་དམ་གྱི་སྲིད་ཇུས་དོན་འཁྱོལ་བྱས་ནས། སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་སྔོན་རྩིས་དོ་དམ་སྔར་ལས་འཐུས་ཚང་དུ་གཏོང་བ་དགོས།༼མཚོ་ནུབ་ཁུལ་སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁ་སེལ་བའི་དོ་དམ་ཚོད་འཛིན་ལས་དོན་ཇུས་གཞི༽དང༼མཚོ་ནུབ་ཁུལ་གྱི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁའི་མྱུར་བསྟུན་ཐག་གཅོད་སྔོན་ཇུས༽ལྟར་བུན་འཛིན་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ།རིམ་པ་ཁག་གི་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་ཐུབ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།ལས་རྗེས་དམིགས་ཚད་དོ་དམ་ལ་ཤུགས་སྣོན་དང་།ཁུལ་གོང་འོག་བར་གསུམ་གྱི་ནོར་སྲིད་དོ་དམ་གྱི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གཙོ་གནད་ཆེད་དོན་འགྲོ་སོང་གི་ཕན་འབྲས་དཔྱད་དཔོག་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་བསྐྱེད་དུ་བཏང་ནས།ལས་ཆོད་དམིགས་ཚད་དོ་དམ་རྣམ་གྲངས1263ལག་བསྟར་བྱས་པ་དང་། གཙོ་གནད་ཆེད་དོན་འགྲོ་སོང་གི་ཕན་འབྲས་དཔྱད་དཔོག་བྱས་པའི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར33.7བཏང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། གསོག་དངུལ་ཕན་སྒྱུར་དང་རྩིས་གཉེར་གྱི་ཆ་འཕྲིན་དོ་དམ་ཆེད་དོན་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། རྩིས་ལེན་ལས་འགལ་བའི་མ་དངུལ་སྒོར་ཁྲི4650.4ཕྱིར་བསྡུ་བྱས།  སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ཁག20ལ་དག་ཐེར་དང་ལེགས་བཅོས་བྱས་ཏེ། དུས་ཐོག་ཏུ་རྩིས་འབུལ་ཁྲལ་མིན་ཡོང་འབབ་སྒོར་ཁྲི2699.4ཡར་སྤྲོད་བྱས།ལམ་གྲོན་རྩིས་ཞུ་ཐོ་ཡིག་ཆ་ཚང་མིན་པ་དང་གཞུང་དོན་སྣེ་ལེན་གྱི་ཡིག་ཁ་མི་ཚང་བ། རང་དགར་གྱིས་ཉོ་སྒྲུབ་བྱེད་པ། རླངས་འཁོར་གྱི་འཁོར་སྐྱོད་གྲོན་དངུལ་དོ་དམ་སྒྲིག་སྲོལ་དང་མི་མཐུན་པ་སོགས་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་པའི་གནད་དོན་བདུན་ལ་དམིགས་ནས། ཁུལ་རིམ་པའི་འབྲེལ་ཡོད་སྔོན་རྩིས་སྡེ་ཚན་ལ༼གོམ་གང་མདུན་སྤོས་ཀྱིས་འབྲེལ་ཡོད་ནོར་དོན་དོ་དམ་ཚད་ལྡན་དུ་གཏོང་བའི་འབྲེལ་ཡོད་བརྡ་ཐོ༽དང་།༼མུ་མཐུད་དུ་སྲིད་གཞུང་གི་ཉོ་སྒྲུབ་ལས་དོན་ཚད་ལྡན་དུ་གཏོང་བའི་བརྡ་ཐོ༽འགྲེམ་སྤེལ་བྱས།དུས་བཀག་ལྟར་བཅོས་སྒྲིག་བྱེད་པའི་བསམ་འཆར་བཏོན་ནས།ནོར་སྲིད་དང་དཔལ་འབྱོར་སྒྲིག་སྲོལ་ལ་སྲུང་སྐྱོང་དང་།ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་གཟབ་ནན་དུ་བཏང་།

འཐུས་མི་རྣམ་པ། ལོ་ངོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་ཆགས་པ་དང་དོན་འཁྱོལ་བྱས།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཧུར་ཐག་གིས་གང་བསྟུན་བྱེད་པ་དང་།བརྟན་འཇགས་ངང་ཡར་འཕར་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་དང་།གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདེགས། ཉེན་ཁར་སྔོན་འགོག་བྱེད་པ་བཅས་ལ་གཅིག་གྱུར་འཆར་འགོད་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གང་ལེགས་བྱས་པ་དང་།སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན། དམངས་ཚོས་དམིགས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་པ་དང་།སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་བརླིང་དུ་སོང་། འདས་པའི་ལོ་གཅིག་གི་རིང་ལ། ང་ཚོར་སྔ་ན་མེད་པའི་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ་དང་།སྔར་བྱུང་མྱོང་མེད་པའི་དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་ལ་གདོང་གཏད་ཐུབ་བྱུང་ཡོད་པས། གྲུབ་འབྲས་འདི་ནི་ལས་སླ་མོས་ངང་ཐོབ་པ་ཞིག་མིན་ཏེ།ཁུལ་ཨུའི་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ཚན་རིག་དང་མཐུན་པའི་ཇུས་ཐག་བཅད་པའི་འབྲས་བུ་ཡིན་ལ། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་བཅས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ལྟ་སྐུལ་མཛུབ་སྟོན་དང་།ཁུལ་ཡོངས་ཀྱི་ནོར་སྲིད་ཁྲལ་བསྡུའི་སྡེ་ཁག་དང་སྡེ་ཚན་སོ་སོས་ཐུན་མོང་གི་འབད་བརྩོན་བྱས་པའི་འབྲས་བུའང་ཡིན།

གྲུབ་འབྲས་ཕྱོགས་བསྡོམས་བྱེད་པའི་དུས་མཚུངས་སུ།ང་ཚོས་དཀའ་ངལ་དང་འགྲན་སློང་སྔར་བཞིན་མང་པོ་ཡོད་པ་ངེས་པར་དུ་ཤེས་དགོས། གཙོ་བོར་གཤམ་གསལ་གྱི་ཕྱོགས་འགའ་ཡོད། དཔལ་འབྱོར་གྱི་ཤུགས་རྐྱེན་གྱིས་ས་གནས་ནོར་སྲིད་ཡོང་འབབ་འཕར་ཚད་ཀྱི་གནོན་ཤུགས་ཅུང་ཆེ་བ་དང་།དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ཁྲལ་དངུལ་མར་འབབ་པའི་བླང་བྱ་བཏོན། དེ་བཞིན་ཀྲུང་དབྱང་དང་།ཞིང་ཆེན་གྱི་ཆེད་དོན་ཁ་གསབ་གཞི་ཁྱོན་མུ་མཐུད་དུ་ཉུང་དུ་གཏོང་རྒྱུ་དང་།བགོ་བཤའ་བྱེད་སྟངས་བསྒྱུར་བཅོས་ལེགས་སྒྲིག་སོགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་། ནོར་སྲིད་ཀྱི་ཤུགས་མུ་མཐུད་དུ་ཇེ་མགྱོགས་སུ་འགྲོ་བའི་འགྲོས་ཇེ་དལ་དུ་སོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། སྤྱི་ཚོགས་འགན་སྲུང་ལ་ཤུགས་རྒྱག་པ། དམངས་ཚོས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ།དེ་བཞིན་མ་དངུལ་སྔར་ལས་མང་བ་གཙོ་གནད་སྒྱུར་བཅོས་ཁག་ལ་གཏོང་བར་སྐུལ་འདེད་དང་། ནོར་སྲིད་ཀྱི་འགྱུར་མེད་རང་བཞིན་གྱི་གཏོང་སྒོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ས་གནས་སྲིད་གཞུང་གི་བུ་ལོན་ཉམས་ཉེན་འབྱུང་གཞི་ཆེ་རུ་སྐྱེད་པ་དང་། དེའི་ཐོག་མིག་སྔར་བུན་འཇལ་མཐོ་རླབས་སུ་བསླེབས། བུ་ལོན་གནོན་ཤུགས་བརྒྱུད་འདྲེན་རྣམས་མགྱོགས་མྱུར་ངང་སྔོན་རྩིས་བཀོད་སྒྲིག་དང་། ནོར་སྲིད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནོན་ཤུགས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་།བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱ་དགོས།

གཉིས། 2018ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་སྔོན་རྩིས་འཆར་ཟིན།

2018ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པའི་ལོ་ཡིན་ལ། བཅོས་འགྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ལོ་ཡང་ཡིན།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཕུ་ཐག་གཅོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། ཏན་ཏིག་གིས་ད་ལོའི་ནོར་སྲིད་ཀྱི་ལས་དོན་ལེགས་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ད་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ཁག་བཀོད་སྒྲིག་ནི། 2018ལོའི་ནོར་སྲིད་གཏོང་བའི་འཆར་གཞི་ནི་བཀོད་སྒྲིག་རགས་ཙམ་ནི།  ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆའི8%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་ལག་ལེན་བསྟར་བྱས་ཚད་བརྒྱ་ཆའི98%ཡན་ཟིན་ཡོད།

༼གཅིག ༽2018ལོའི་སྔོན་རྩིས་བཟོ་འགོད་ཀྱི་མཛུབ་སྟོན་བསམ་བློ།

2018ལོར་ཁུལ་ཡོངས་ཀྱི་སྔོན་རྩིས་བཟོ་འགོད་དང་ནོར་སྲིད་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་དོན་འཁྱོལ་དང་། ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བླང་བྱ་ལྟར།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དམ་པོར་བཟུང་ནས་འགྱུར་ལྡོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྔར་ལས་དོ་སྣང་ཆེན་བྱས་ནས། ཕྱོགས་སྒྱུར་བཞི་ཡི་བསམ་ཕྱོགས་གསར་པས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བྱས་ནས།ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར་བྱ་དགོས། ནོར་སྲིད་མ་དངུལ་སྤྱད་པའི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། ཤུགས་བཏོན་ནས་ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། གནད་འཕིགས་དབུལ་ཐར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགག་སྒྲོལ་ལས་ཀ་དང་སྦགས་བཙོག་འགོག་བཅོས་ལས་དོན་ཆེན་པོ་གསུམ་ལ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བྱེད་པར་རྒྱུ་མཐའ་འཁྱོངས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ལག་བསྟར་བྱས་འབྲས་ལ་དོ་དམ་དང་། ནོར་ཁྲལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་དགོས་།

༼གཉིས།༽ 2018ལོའི་སྔོན་རྩིས་བཀོད་སྒྲིག་གཞི་རྩའི་རྩ་དོན།

གོང་གི་མཛུབ་སྟོན་བསམ་བློ་དཀྱིལ་སྙིང་དུ་བཟུང་ནས།སྔོན་རྩིས་བཀོད་སྒྲིག་གཤམ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས།  གཅིག་ནི་གཙོ་གནད་འབུར་ཐོན་བྱེད་པ་ཡིན་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ལྟར་དུ། ཉམས་ཉེན་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ལས་དོན་ཆེན་པོ་གསུམ་འགག་སྒྲོལ་རྩེ་གཅིག་ཏུ་དམིགས་ཏེ་ཞིང་ཆེན་དང་། ཁུལ་ཡོངས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་སོགས་ཀྱི་གཙོ་གནད་ལས་དོན་དང་། མ་དངུལ་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། སྡེབ་སྒྲིག་དང་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱབ་སྐྱོར་འབུར་ཐོན་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ།  དབུལ་སྐྱོར་མཁྲེགས་གཏོར། དམངས་ཚོའི་འགན་སྲུང་། གྲུབ་ཚུལ་ལེགས་སྒྲིག ཚན་རྩལ་གསར་གཏོད།  སྐྱེ་ཁམས་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་དང་། གཉིས་ནི་ནོར་སྲིད་ཀྱི་ལེགས་སྒྲིག་ཚོད་འཛིན་དང་འགན་སྲུང་གི་ནུས་པ་སྔར་ལས་ལེགས་པོར་འདོན་སྤེལ་བྱ་དགོས། ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་གྲབས་གསོག་བྱས་ཏེ་ནོར་སྲིད་ཀྱི་གཏོང་སྤྲོད་ཀྱི་ནུས་པ་དང་། ནོར་སྲིད་གཏོང་སྒོ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བར་སྐུལ་སྤེལ་དང་། གང་ཐུབ་ཅི་ཐུབ་ཀྱིས་ནོར་སྲིད་ཀྱི་སྲིད་ཇུས་ཕྱོགས་བསྡུས་ཀྱིས་ལག་བསྟར་བྱེད་དགོས། བྱ་གཞག་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་ཀྱིས་སྲིད་ཇུས་ཁྱབ་ཁོངས་ལུགས་མཐུན་ངང་གཏན་ཁེལ་བྱེད་པ་དང་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གསུམ་ནི་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་འགན་ལེན་བྱེད་དགོས། ཁྱོན་ཡོངས་ལ་དམིགས་ནས་གྲོང་ཁྱེར་དང་རྫོང་གི་རིམ་པ་ཁག་གི་ནོར་ཤུགས་དང་མ་དངུལ་གཏོང་སྒོའི་དགོས་མཁོ་གཅིག་གྱུར་གྱིས་བསམ་གཞིག་བྱེད་པ་དང་།དཀའ་ངལ་ཡོད་པའི་ས་ཁུལ་གྱི་ཁ་གསབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  གྲངས་འདང་ངེས་ཕོགས་ཐོབ་འགན་ལེན་དང་།འཁོར་སྐྱོད་འགན་ལེན། དམངས་ཚོས་འགན་ལེན་གྱི་མ་དངུལ་དགོས་མཁོ་དང་རིམ་པ་ཁག་གི་ནོར་སྲིད་བརྟན་པོའི་ངང་འཁོར་སྐྱོད་འགན་ལེན་བྱ་དགོས། མིག་སྔར་གཞི་འཛུགས་པ་དང་ཡུན་རིང་ལ་དམིགས་ནས་གསོག་ཐེབས་ཕན་བསྒྱུར་བྱ་དགོས། འཕར་གྲངས་བེད་སྤྱོད་གང་ལེགས་བྱེད་པ་དང་། ལོ་འཁོར་ཧྲིལ་བོའི་སྔོན་རྩིས་དོ་སྙོམས་ལ་ལྟ་རྟོག་བྱས་ཏེ། བཞི་ནི་མ་དངུལ་ཕན་ནུས་ལྡན་པའི་ངང་མཁོ་སྤྲོད་མང་དུ་གཏོང་དགོས། གནོན་ཤུགས་ཞི་ལྷོད་ངང་གཏོང་སྒོ་འཕར་སྣོན་བྱེད་པ། ལས་རྗེས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཁག་གི་བྱ་གཞག་གོང་འཕེལ་ཐད་མཁོ་བའི་གཏོང་སྒོ་དང་།རྣམ་གྲངས་ཀྱི་ཕན་འབྲས་ལ་གཞིགས་ནས། གལ་གནད་ཆེ་ཆུང་དང་གོ་རིམ་བཀོད་སྒྲིག་ལུགས་མཐུན་ངང་གཏན་ཁེལ་བྱ་དགོས། ཕན་འབྲས་ཀྱི་གདེང་འཇོག་བྱས་འབྲས་དང་སྔོན་རྩིས་ཀྱི་བཀོད་སྒྲིག་ཟུང་འབྲེལ་བྱས་ནས་མ་དངུལ་སྤྱོད་འབྲས་ཆེན་པོ་ཐོབ་པར་བྱ་དགོས།ལྔ་ནི་གཟབ་ནན་གྱིས་གྲོན་ཆུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  རྩིས་ལེན་གཉེར་སྐྱོང་མཐའ་འཁྱོལ་དང་བཀོད་སྒྲིག་དམ་པོ་བྱེད་པ་ནས་རྣམ་གྲངས་ཐད་ཀྱི་གཏོང་སྒོ། སྲིད་འཛིན་གྱི་གྲོན་དངུལ་སོགས་སྤྱིར་བཏང་རང་བཞིན་གྱི་མ་དངུལ་གཏོང་སྒོ་ཚོད་འཛིན་དམ་པོར་བྱེད་དགོས།

༼གསུམ། ༽2018ལོའི་གཏོང་ཡོང་གི་སྔོན་རྩིས་བཀོད་སྒྲིག

1སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འཆར་ཟིན།

2018ལོའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི541400བཀོད་སྒྲིག་བྱས་པ་དང་།བརྒྱ་ཆའི8%འཕར་ཡོད། ཞིང་ཆེན་ནོར་སྲིད་ཀྱིས་ཁ་གསབ་ཡོང་འབབ་སྒོར་ཁྲི393232བཏང་། ལོ་གོང་མའི་ལྷག་དངུལ་སྒོར་ཁྲི1676དང་།སྔོན་རྩིས་བརྟན་སྲུང་སྙོམ་སྒྲིག་ཐེབས་རྩ་སྒོར་ཁྲི25092བཏང་། གཏོང་ཡོང་དོ་སྙོམས་ཀྱི་རྩ་དོན་ལྟར་ཁུལ་ཡོངས་ཀྱི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི961400བཀོད་སྒྲིག་བྱས།

ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི961400བཀོད་སྒྲིག་བྱས་ཡོད་པ་དང་། ལོ་སྔོན་མའི་ལོ་འགོའི་སྔོན་རྩིས་དང་བསྡུར་ན26.1འཕརཡོད། བཀོད་སྒྲིག་གཙོ་བོ།  སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི115829དང་ལོ་སྔོན་མ་ལས5.6%ལྷག་གིས་མར་ཆག་འདུག རྒྱལ་སྲུང་གཏོང་སྒོ་སྒོར་ཁྲི1584བཏང་།41.6འཕར།  སྤྱི་པའི་བདེ་འཇགས་ཀྱི་གཏོང་སྒོ་སྒོར་ཁྲི47620ལྷག་དང་ལོ་སྔོན་ལས30.4% འཕར་ཡོད།  སློབ་གསོའི་གཏོང་སྒོ་སྒོར་ཁྲི་109897དང་ལོ་སྔོན་མ་ལས་བསྡུར་ན25.8%འཕར་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི3289དང་ལོ་སྔོན་མ་ལས21.1% ལྷག་མར་ཆག རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི19256དང་ལོ་སྔོན་མ་ལས54.9%འཕར་ཡོད།   སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་ཁྲི130282དང་ལོ་སྔོན་མ་ལས11.1%འཕར་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་འགྲོ་གྲོན་སྒོར་ཁྲི89426དང་ལོ་སྔོན་མ་ལས་འཕར་ཚད16.7%ཟིན།  ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གཏོང་སྒོ་སྒོར་ཁྲི23615དང་ལོ་སྔོན་མ་ལས་འཕར་ཚད127.4%ཟིན་འཕར།  ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་ཁྲི139296དང142.1%འཕར། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏོང་སྒོ་སྒོར་ཁྲི9828དང་ལོ་སྔོན་མ་ལས20.4%འཕར་བ་དང་། ཚོང་ལས་དང་ཞབས་འདེགས་ལས་རིགས་ཀྱི་གཏོང་སྒོ་སྒོར་ཁྲི5295དང་ལོ་སྔོན་མ་ལས40.6%ཟིན་པ་དང་། འགྲོ་སོང་གཞན་པའི་གཏོང་སྒོའི་སྒོར་ཁྲི266183དང་ལོ་སྔོན་མ་ལས18.6%འཕར་ཡོད་

ཁུལ་རིམ་པའི་ལོ་འདིའི་སྤྱིའི་དངུལ་གྲངས་སྒོར་ཁྲི263003ནང་ས་གནས་ཀྱི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་ཁྲི253200བཀོད་སྒྲིག་བྱས་ཡོད་པ་དང་། ཞིང་ཆེན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི16965དང་། ལོ་གོང་མའི་ལྷག་དངུལ་སྒོར་ཁྲི1676དང་། སྔོན་རྩིས་བརྟན་སྲུང་གི་སྙོམ་སྒྲིག་ཐེབས་རྩའི་སྒོར་ཁྲི25092དང་།ཁུལ་རིམ་པའི་སྔོན་རྩིས་གཏོང་སྒོ་ཁྲི263003བཀོད་སྒྲིག་བྱས།  

ཁུལ་རིམ་པའི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི263003བཀོད་སྒྲིག་བྱས་ཡོད་པ་དང་། ལོ་སྔོན་མའི་ལོ་འགོའི་སྔོན་རྩིས་ཀྱི17.3%འཕར་ཡོད། བཀོད་སྒྲིག་གཙོ་བོ་ནི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི24035དང་ལོ་སྔོན་མ་ལས51.1%ཆག་ཡོད། རྒྱལ་སྲུང་གི་གཏོང་སྒོ་སྒོར་ཁྲི197བཏང་།ལོ་སྔོན་མ་དང་དོ་མཉམ། སྤྱི་པའི་བདེ་འཇགས་ཀྱི་གཏོང་སྒོ་སྒོར་ཁྲི9318དང་ལོ་སྔོན་མ་ལས34.1%འཕར་ཡོད། སློབ་གསོའི་གཏོང་སྒོ་སྒོར་ཁྲི8276དང་ལོ་སྔོན་མ་ལས18.3%ཆག་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི2409དང་ལོ་སྔོན་མ་ལས1.8% ཆག རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི9952དང་ལོ་སྔོན་མ་ལས27%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་ཁྲི37372དང32.1%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་འགྲོ་གྲོན་སྒོར་ཁྲི20599དང་ལོ་སྔོན་མ་ལས16.5%འཕར། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གཏོང་སྒོ་སྒོར་ཁྲི10819དང་ལོ་སྔོན་མ་ལས121.5%འཕར། ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་ཁྲི7889དང་ལོ་སྔོན་མ་ལས48.8% མར་ཆག འགྲིམ་འགྲུལ་དང་སྐྱེལ་འདྲེན་ཐད་ལ་སྒོར་ཁྲི3717དང་ལོ་སྔོན་མ་ལས10.8%འཕར། ཚོང་ལས་དང་ཞབས་འདེགས་ལས་རིགས་ཀྱི་གཏོང་སྒོ་སྒོར་ཁྲི3526དང་ལོ་སྔོན་མ་ལས12.7%འཕར། ལས་ཁག་གཞན་པའི་འགྲོ་སོང་སྒོར་ཁྲི124894དང67.3%འཕར།

བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་ལོ་འདིའི་སྤྱིའི་དངུལ་གྲངས་སྒོར་ཁྲི85148དང་དེའི་ནང་ས་གནས་ཀྱི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི51200བཀོད་སྒྲིག་བྱས་པ་དང་། གོང་རིམ་ནས་རོགས་གསབ་དངུལ་སྒོར་ཁྲི33948དང་། བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི85148བཀོད་སྒྲིག་བྱས།

བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་85148བཀོད་སྒྲིག་བྱས་ཡོད་པ་དང་།  ལོ་སྔོན་མའི་ལོ་འགོའི་སྔོན་རྩིས་ལས4.7.%འཕར།   བཀོད་སྒྲིག་གཙོ་བོ་ནི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི17629དང་ལོ་སྔོན་མ་ལས5.2%མར་ཆག་ཡོད།   སྤྱི་པའི་བདེ་འཇགས་ཀྱི་གཏོང་སྒོ་སྒོར་ཁྲི8014ང་ལོ་སྔོན་མ་ལས5.4%འཕར་ཡོད། སློབ་གསོའི་གཏོང་སྒོ་སྒོར་ཁྲི6521དང་ལོ་སྔོན་མ་ལས13.2%མར་ཆག་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི209དང་རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི990དང་ལོ་སྔོན་མ་ལས4%མར་ཆག་ཡོད། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་ཁྲི14326དང་ལོ་སྔོན་མ་ལས28.6%འཕར་སྣོན་བྱུང་ཡོད། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་འགྲོ་གྲོན་སྒོར་ཁྲི7536དང་ལོ་སྔོན་མ་ལས7.7%འཕར། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་གཏོང་སྒོ་སྒོར་ཁྲི4792དང603.7%འཕར། ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་ཁྲི4476དང་ལོ་སྔོན་མ་ལས44.7%མར་ཆག འགྲིམ་འགྲུལ་དང་སྐྱེལ་འདྲེན་ཐད་སྒོར་ཁྲི611དང་ལོ་སྔོན་མ་ལས39%མར་ཆག ཚོང་ལས་དང་ཞབས་འདེགས་ལས་རིགས་ཀྱི་གཏོང་སྒོ་སྒོར་ཁྲི193དང་ལོ་སྔོན་མ་ལས83.8%ལྷག་འཕར་ཡོད། ལས་ཁག་གཞན་པའི་གཏོང་སྒོར་ཁྲི19851དང་ལོ་སྔོན་མ་ལས7.1%འཕར་ཡོད།
  2 . སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འཆར་ཟིན།

ཡོང་སྒོ་ལྟར་གཏོང་སྒོ་གཏན་ཁེལ་”གྱི་རྩ་དོན་ལྟར་ན། ཁུལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྔོན་དཔག་བྱས་པ་སྒོར་ཁྲི22700དང་།ལོ་དེའི་འགྲོ་སོང་སྒོར་ཁྲི22700བཀོད་སྒྲིག་བྱས་ཡོད་པ་པའི་ནང་ཁུལ་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་ཁྲི110དང་ལོ་དེའི་འགྲོ་སོང་སྒོར་ཁྲི110བཀོད་སྒྲིག་བྱས། བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་ཁྲི980ཡོད་པའི་ནང་སྒོར་ཁྲི980བཀོལ་སྒྲིག་བྱས་ཡོད་པ་དང་།

3 གཞུང་དབང་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ཀྱི་འཆར་ཟིན།

སྔོན་དཔག་བྱས་ན2018ལོར་ཁུལ་ཡོངས་ཀྱི་གཞུང་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི426དང་།ལོ་དེའི་འགྲོ་སོང་སྒོར་ཁྲི426བཀོད་སྒྲིག་བྱས་ཡོད།

4. སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་སྔོན་རྩིས་འཆར་ཟིན།

ཁུལ་རིམ་པའི་གཅིག་གྱུར་གྱིས་དོ་དམ་བྱེད་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་རྣམ་གྲངས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ། ལས་རྨས་འགན་བཅོལ་ཐེབས་རྩ། བུ་བཙའི་འགན་བཅོལ་ཐེབས་རྩ་བཅས་འདུ་ཞིང་།སྔོན་དཔག་བྱས་ན། ཁུལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི117908དང་ལོ་སྔོན་མའི་ལྷག་སྒོར་ཁྲི223461ཡོད་ཅིང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་སྒོ་སྒོར་ཁྲི77044བཀོད་སྒྲིག་བྱས་ཡོད་པ་ལས་ལོ་མཇུག་གི་ལྷག་སྒོར་ཁྲི264325ཡོད།
  གསུམ།2018ལོའི་ནོར་སྲིད་ལས་དོན་གཙོ་བོ།

ཕྱོགས་ཡོངས་ནས་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྱི་ཚོགས་འདུ་དང་རྒྱལ་ཡོངས་ནོར་སྲིད་ལས་དོན་གྱི་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ངོས་འཛིན་མཐོ་རུ་བཏང་ནས་འཕེལ་རྒྱས་མཉམ་འགྲོས་དང་གཅིག་གྱུར་བྱས་ཐོག་བྱ་བའི་གལ་གནད་འབུར་དུ་ཐོན་པར་བྱས་ཏེ།ཕྱོགས་ཡོངས་ཀྱི་བྱ་བའི་བཀོད་པ་ལུགས་མཐུན་དང་ནུས་པ་གཙོ་འདོན། གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་།

༼གཅིག༽ སྔོན་རྩིས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནོར་སྲིད་འདེགས་སྐྱོར་གྱི་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་དགོས། མཚོ་ནུབ་ཀྱི་དོན་དངོས་ལ་དམ་པོར་གཞོལ་ནས་ཐབས་བརྒྱ་ཇུས་སྟོང་གིས་རྒྱུ་དང་འབྱོར་བའི་ཚད་གཞི་ཟམ་མི་ཆད་པར་རྒྱ་བསྐྱེད་དགོས་པ་མ་ཟད།ནོར་སྲིད་འགན་སྲུང་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། འགྲོ་གྲོན་སྔོན་རྩིས་ཀྱི་བྱ་བ་ལག་བསྟར་ནན་ཏན་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱ་ཁྲལ་ལམ་ལུགས་ཀྱི་བསྒྱུར་བཅོས་དང་འགྱུར་བ།ཁྲལ་བསྡུའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཡོང་སྒོ་སྔོན་རྩིས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།གཞན་དཔྱ་ཁྲལ་ལས་ལོགས་སུ་དབྱེ་བའི་ཡོང་འབབ་བསྡུ་སྟངས་དང་ལས་འགན་དབྱེ་ཕྲལ་དོན་འཁྱོལ། གནས་བབ་ལ་དབྱེ་ཞིབ་དང་གནས་ཚུལ་སྙན་གསེང་ཞུ་བ་སོགས་ཀྱི་ལམ་ལུགས་གསར་གཏོད་བྱས་ནས་ལམ་ལུགས་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་དང་བྱ་བའི་ཐག་གཅོད་འགྲོས་ཚད་མཐོར་འདེགས།ཁྲིམས་ལྟར་བསྡུ་ལེན་དང་འོས་བསྡུའི་གནས་ཚུལ་ཁག་ཐེག་བྱེད་དགོས། རྒྱུན་ཆད་མེད་པར་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཕྱོགས་ཡོངས་ནས་ནོར་སྲིད་སྔོན་རྩིས་ཀྱི་ལག་བསྟར་བྱ་བའི་གོ་ཆོད་རང་བཞིན་མཐོ་རུ་གཏོང་དགོས། ནུས་ཤུགས་གང་ཡོད་ཀྱིས་གོང་རིམ་ཀྱི་རོགས་སྐྱོར་བརྩོན་ལེན་བྱས་ཏེ།ཀྲུང་དབྱང་དང་ཞིང་ཆེན་གྱི་ཆེད་དོན་བྱ་བའི་བརྟག་ཐབས་དང་དཔྱད་འཇོགབགོ་བཤའ་རྒྱག་སྟངས། སྙན་སེང་ཞུ་བ་སོགས་ལ་སྦྲེལ་ནས་རྣམ་གྲངས་སྒྲིག་འཛུགས་དང་སྙོམས་བསྒྲིགས།བརྩོན་ལེན་དང་དོན་འཁྱོལ་བྱས་ཏེ་འགྲོ་སོང་གཏོང་སྤྲོད། སྐྱེ་ཁམས་ཀྱི་ནུས་གཞི་ཁུལ་གཏོང་སྤྲོད་བསྒྱུར་དགོས་པ་ལས་གཞན་ད་དུང་དབུལ་ཐར་བྱ་བ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་བསྡུ་གཏོང་དང་དུས་རིམ་རང་བཞིན་གྱི་ནོར་ཤུགས་ཁ་གསབ་སོགས་བྱ་བ་མཐོར་འདེགས་སུ་བཏང། གྲོན་ཆུང་བྱ་བར་ཧུར་བརྩོན་བྱེད་དགོས།  ཁྱོན་ཡོངས་ནས་རྨང་གཞིའི་སྔོན་རྩིས་བླང་བྱ་དོན་འཁྱོལ་དང་འབྱུང་རྩའི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།ལས་ཁུངས་ཀྱི་འགན་ནུས་དང་འགན་འཁྲིར་གཞིགས་ནས་རྣམ་གྲངས་ཀྱི་གཏོང་སྒོ་ལུགས་མཐུན་སྒོས་སྤྱིར་བཏང་རང་བཞིན་གྱི་ཁ་གསབ་ཀྱི་ལས་དོན་དང་བྱ་བའི་གྲུབ་འབྲས་ལས་རྣམ་གྲངས་ཀྱི་གཙང་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྤོ་སྒྱུར་གཏོང་སྤྲོད་ཀྱི་ཆེད་དོན་སྡེབ་སྒྲིག་བྱེད་པ།གཅིག་སྤྱོད་རང་བཞིན་དང་དུས་རིམ་རང་བཞིན་གྱི་རྣམ་གྲངས་ལེགས་སྒྲིག་གམ་མེད་པར་བཟོས་ནས་སྤྱིར་བཏང་གི་གཏོང་སྤྲོད་སྤོ་བསྒྱུར་གྱི་བསྡུར་ཚད་མཐོར་འདེགས་གཏོང་དགོས། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ5བཅག་པའི་བླང་བྱ་ལྟར།གཞུང་གྲོན་གསུམ་”དང་ཚོགས་འདུའི་གྲོན་དངུལ་ཚོད་འཛིན་ནན་པོ་བྱས།
 ༼ གཉིས།༽ དགེ་མཚན་ ལྡན་པའི་ ནོར་སྲིད་སྲིད་ཇུས་ དོན་འཁྱོལ་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།འཕེལ་རྒྱས་གཏོང་རྒྱུ་ལས་འགན་ཡོངས་ཀྱི་རྩ་བའི་དམིགས་བྱར་བཟུང་ནས་གལ་གནད་འབུར་ཐོན་དང་ཆད་ལྷག་གསབ་སྤྲོད།མཁོས་ཞན་འབྱོར་ཅན་དུ་གཏོང་དགོས། ཉེན་ཁའི་འདུ་ཤེས་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས་གློ་བུར་བའི་དོན་རྐྱེན་འཕྲལ་མར་ཐག་གཅོད་དང་ལྟ་སྐུལ་དོ་དམ་གྱི་ས་གནས་རང་བཞིན་གྱི་སྲིད་གཞུང་བུ་ལོན་གྱི་དོ་དམ་ཚད་ལྡན་དུ་གཏོང་བ།ཕྱོགས་ཡོངས་ནས་བུ་ལོན་སྣ་ཚོགས་གཙང་བཤེར་དང་འགན་འཁྲིའི་བྱེད་པོ་གསལ་སྒྲོལ་བྱེད་པ། རྩིས་ཁྲའི་དོ་དམ་ལག་བསྟར།མངོན་མེད་རང་བཞིན་གྱི་བུ་ལོན་འཕར་གནས་མཐའ་གཅིག་ཏུ་བཀག་འགོག མ་དངུལ་སྡུད་ཚུལ་ཚད་ལྡན་དང་ཐབས་ལམ་རྒྱ་བསྐྱེད། ལྷག་པར་དུ་རྣམ་གྲངས་ཆེད་དམིགས་བུན་འཛིན་གྱི་ཁེ་བཟང་ཡོང་ཐབས་དང་མ་དངུལ་བསྡུ་སྒྲིལ་གྱི་ལས་ཀ་ལེགས་པོར་བསྒྲུབ་དགོས།བུ་ལོན་དོ་དམ་གྱི་དཔྱད་ཞིབ་བྱ་བར་ཤུགས་སྣོན་དང་ཚེ་གང་འགན་འཁྲིའི་བདའ་འདེད་ཀྱི་ལམ་སྲོལ་སོགས་བྱ་ཐབས་དོན་འཁྱོལ་ཡོང་བར་ཤུགས་སྣོན་བྱས་ནས་ཕན་ནུས་ལྡན་པའི་སྒོ་ནས་ནསྲིད་གཞུང་གི་བུ་ལོན་གྱི་ཉེན་ཁར་དོགས་ཟོན་དང་གནད་དོན་འགལ་སེལ། དབུལ་ཐར་བྱ་བ་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་གང་ལེགས་བྱེད་དགོས།མུ་མཐུད་དུ་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་གཏོང་ཚད་ཤུགས་སྣོན་དང་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་ལས་དང་འབྲེལ་བའི་མ་དངུལ་སྤྱི་འདོམས་བྱ་བའི་བསྡུ་སྒྲིལ་བེད་སྤྱོད་དང་རྒྱུན་ལྡན་རང་བཞིན་གྱི་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན།ཕན་ནུས་ལྡན་པའི་སྒོ་ནས་གསོག་འཇོག་མ་དངུལ་བེད་སྤྱོད། དབུལ་སྐྱོར་མ་དངུལ་གྱི་ལས་རྗེས་དོ་དམ་ལ་ཤུགས་སྣོན་དང་ཐོན་ལས་དབུལ་སྐྱོར། གནས་སྤོ་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྒོ་ཀུན་ནས་དོན་འཁྱོལ་བྱ་དགོས།  དངུལ་རྩའི་མ་དངུལ་མང་པོ་སྒུལ་གཏོང་དང་སྤྱི་ཚོགས་ཀྱི་མ་དངུལ་ཐུན་མོང་མཉམ་བསྡུས་ཀྱིས་དབུལ་ཐར་བྱ་བར་ཞུགས་ཏེ། ངོ་བོའི་སྟེང་ནས་དབུལ་ཐར་དང་བརྟན་ཚུགས་ཐུབ་པ།ཕྱིར་དབུལ་བོར་མི་འགྱུར་བ་སོགས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབག་བཙོག་བཅོས་སྐྱོང་འགག་སྒྲོལ་ལས་དོན་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་ནས་དྭངས་གཙང་གི་ཆུ་བོ་དང་སྔོ་ལྗང་ལྗང་གི་རི་ཀླུང་ནི་གསེར་རི་དང་དངུལ་རིའི་འདུ་ཤེས་བརྟན་པོ་བཙུགས་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར། ནོར་སྲིད་ཀྱི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་པ་མ་ཟད།འབྱུང་བཞིའི་སྦགས་བཙོག་གི་རྩ་བ་སྔོན་འགོག་སྒོས་“མཁའ་དབུགས་ཀྱིས་ཁོར་ཡུག་སྲུང་སྐྱོབ”བྱེད་པའི་བྱ་བར་ལེགས་པོར་བསྒྲུབ་དགོས།གཞན་ཐོན་ལས་ཐེབས་རྩ་དང་ནོར་སྲིད་བྱ་དགའི་ཁ་གསབ་སོགས་ནོར་སྲིད་ཀྱི་སྤྱོད་སྒོ་གང་ལེགས་བརྒྱུད་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི་ཇེ་མགྱོགས་སུ་གཏོང་བ་དང་ལྷད་མེད་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་སྒོས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱས་ཡོད།ནོར་སྲིད་ཀྱི་སྤྱི་སྡོམ་བསྡུ་སྒྲིག་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྐྱེས་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུས་ཆད་མེད་པར་ལེགས་སུ་བཏང་ནས།རླུང་ཁམས་ཆེན་མོ་དང་་ས་ཆུ་སྦགས་བཙོག་གི་འབྱུང་རྩ་འགོག་བཅོས་བྱེད་པ་རྒྱབ་སྐྱོར་བྱས་ཏེ།རི་ཆུ་ནགས་ཀློང་གི་་སྲུང་དམག་བརྒྱབ་ནས་།ཐོན་ལས་ཐེབས་རྩ་དང་ནོར་སྲིད་བྱ་དགའ་སོགས་ནོར་སྲིད་ཀྱི་ལག་ཆ་བཀོལ་ནས།ལྗང་མདོག་འཕེལ་རྒྱས་དང་འཁོར་རྒྱུགས།ཐན་དམའ་དཔལ་འབྱོར།ལྗང་མདོག་གསར་དར་ཐོན་ལས་སྐྱེད་སྲིང་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་པ།ལྗང་མདོག་ཐོན་ལས་མ་ལག་སྟོབས་ཆེ་དང་འཕེལ་རྒྱས་རྒྱུན་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ།གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས།ཞིང་ལས་རྒྱབ་སྐྱོར་འདེགས་ཤུགས་དང་ལྗང་མདོག་སྐྱེས་ཁམས་ཕྱོགས་སྟོན་འཐུས་ཚང་དུ་བཏང་སྟེ་རྒྱབ་སྐྱོར་བྱེད་པ་དང་།ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་བོར་འཛིན་པ།ཞིང་འབྲོག་ལས་གཙོ་གཉེར་དཔེ་གསར་ཅན་སྐྱེད་སྲིང་བྱེད་པ།ཞིང་འབྲོག་ལས་ལ་གྲངས་འབོར་དང་སྤུས་ཚད་སྲུང་སྐྱོང་གི་ནུས་པ་འགན་ལེན་གང་ལེགས་བྱེད་དགོས།ཞིང་འབྲོག་ལས་ཀྱི་ཡིད་རྟོན་དངུལ་བུན་མ་ལག་འཛུགས་བསྐྲུན་དང་།ཞིང་འབྲོག་ལས་ཀྱི་མ་དངུལ་བསྡུ་བའི་ཐབས་ལམ་རྒྱ་བསྐྱེད་དང་མ་དངུལ་བསྡུ་བའི་མ་གནས་ཆུང་དུ་གཏོང་བ།གྲོང་གསེབ་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད།གྲོང་གསེབ་ཀྱི་སྤྱི་བའི་རིག་གནས་དར་སྤེལ།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཆེ་རུ་བཏང་སྟེ།གྲོང་གསེབ་ཀྱི་ཁོར་ཡུག་གནད་དོན་མངོན་གསལ་ཅན་ལ་ཕྱོགས་བསྡུས་བཅོས་སྐྱོང་ཇེ་མཐོར་བཏང་ནས།་གྲོང་གསེབ་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་བཏང་ནས།སྲིད་གཞུང་གི་སྤྱི་བའི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས།ནོར་སྲིད་མ་འཇོག་་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་དང་རྣམ་གྲངས་གཙོ་གནད་ཀྱི་མ་འཇོག་དཔལ་འབྱོར་འཕར་སྣོན་ཡོང་བའི་སྐུལ་ཁྲིད་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ཡག་པོ་དང་།རྨང་གཞི་སྒྲིག་བཀོད་དང་ཐོན་ལས།དམངས་འཚོ་རྒྱས་ཀྱི་མ་དངུལ་འཇོག་པའི་བསྡུར་ཚད་ཕན་ནུས་ལྡན་པའི་ངང་རྒྱུན་བརྟན་ངང་འཕར་བ་རྒྱན་འཁྱོངས་དང་རྣམ་གྲངས་གཙོ་གནད་ཀྱི་མ་དངུལ་དགོས་མཁོ་འགན་ལེན་ཡག་པོ་བྱས་ཏེ།ནོར་སྲིད་མ་དངུལ་གནད་དུ་ཁེལ་བའི་ནུས་པ་དང་མ་དངུལ་འཇོག་པའི་སྤུས་ཚད་ཀྱིས་དཔལ་འབྱོར་འཕེལ་བར་སྐུལ་ཁྲིད་བྱས་ནས་གསར་གཏོད་སྐུལ་ཁྲིད་གོང་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་བྱས་ཡོད།གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་དགོས།  ཚན་རྩལ་གསར་བཏོད་དང་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་དུ་བསྟར་བར་རྒྱབ་སྐྱོར་དང་།ཁེ་ལས་ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་གྱི་གྲུབ་འབྲས་དངོས་བསྒྱུར་དང་རྨང་གཞིའི་ཞིབ་འཇུག་སོགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ།ཁེ་ལས་རྐང་འཛིན་དང་ཁྲོམ་ར་ཁྲིད་སྟོན་སོགས་གཏིང་ཟབ་ཀྱི་ལག་རྩལ་གསར་གཏོད་མ་ལག་དང་ཚན་རྩལ་གྱི་གྲུབ་འབྲས་དག་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ཐབས་བྱ་དགོས་པ་མ་ཟད།གསར་གཏོད་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་ཤུགས་སྣོན་རྒྱག་པ།ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་བྱེད་དགོས་པ་དང་།ཚྭ་འདམ་གཤོངས་སའི་ས་གཤིས་རྩད་ཞིབ་ཐེངས་གཉིས་པར་རྒྱབ་སྐྱོར་གནང་དགོས་ལ།

༼གསུམ།༽རྒྱུན་མཐུད་ལ་དོ་སྣང་དང་དམངས་འཚོའི་འགན་སྲུང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།2018ལོའི་དམངས་འཚོའི་རྣམ་གྲངས་ལ་དམ་པོར་དམིགས་ཏེ།ཚད་གཞི་འཛིན་པ་རྒྱུན་འཁྱོངས་དང་དྲ་བ་དམ་པོ། ལམ་སྲོལ་འཛུགས་པ་དང་དམངས་འཚོའི་འདུ་འགོད་འགན་ལེན་ལག་བསྟར་ཡག་པོ་དང་། གོམ་གང་མདུན་སྤོས་ཀྱིས་དམངས་འཚོའི་དཀའ་ངལ་སེལ་བ་དང་།སྤྱི་ཚོགས་ཀྱིས་དོ་འཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ་དང་གཞི་རྩའི་དམངས་འཚོའི་དགོས་མཁོ་སྐོང་བ།སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་དགོས། རིམ་པ་ཁག་གི་སློབ་གསོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཕྱོགས་ཡོངས་ནས་སློབ་སྔོན་སློབ་གསོ་དང་འོས་འགན་སློབ་གསོ་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོ་འི་སློབ་མར་མེད་པ་གཉིས་དང་ཁ་གསབ་གཅིག་གི་སྲིད་ཇུས་དང་དུས་མཚམས་ཀྱི་སློབ་གྲྭའི་སློབ་གསོའི་གྲོན་དངུལ་འགན་ལེན་ལམ་སྲོལ་ཁག་འཐུས་ཚང་དུ་གཏོང་རྒྱུ།སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་་ལ་ཤུགས་སྣོན་དང་།ལས་ཞུགས་སྐུལ་སྤེལ་ལ་ཤུགས་སྣོན་དགོས།སྤྱི་ཚོགས་འགན་སྲུང་གི་ཁེབས་རྒྱ་ཆེ་རུ་གཏོང་བ་དང་།སྤྱི་ཚོགས་ཀྱི་རོགས་སྐྱོབ་ཐོན་ཁུངས་གཅིག་གྱུར་འཆར་འགོད་སྡེབ་སྒྲིག་བྱ་རྒྱུ་དང་།སྤྱི་ཚོགས་སྐྱོབ་རོགས་ཉེན་འགོག་ཚད་གཞི་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་སྲིད་ཇུས་ཐོག་གི་འབྲེལ་མཐུད་ཡོང་བར་བྱ་དགོས།ནོར་སྲིད་ཀྱིས་ལས་ཞུགས་ལས་བཏོད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་།།ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་།སྤྱི་བའི་ལས་ཞུགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱས་ཏེ།རིགས་མི་འདྲ་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་རྒན་གསོའི་འགན་བཅོལ་ཐོབ་ཐང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས།སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་དགོས།སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནསསྨོན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་།གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་ཁྱོན་ཡོངས་ནས་བྱེད་འགོ་འཛུགས་ཏེ་རིམ་གསུམ་གཞུང་བཙུགས་སྨན་ཁང་གི་འགྲོ་གྲོན་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨོན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།གཞི་རྩའི་སྤྱི་བའི་འཕྲོད་བསྟེན་གྱི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་ལེགས་སྒྲིག་དང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་སྐུལ་འདེད་བྱེད་པར་རྒྱབ་སྐྱོར།རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དགོས།དངོས་མང་བཤམས་སྟོན་ཁང་དང་དྲན་རྟེན་ཁང་།དཔེ་མཛོད་ཁང་།རིག་གནས་ཁང་བཅས་རིན་མེད་ངང་སྒོ་དབྱེ་དང་དེ་བཞིན་ལུས་རྩལ་ཁང་བཅས་ལ་རིན་མེད་དམ་རིན་དམའ་བའི་སྒོ་འབྱེད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས།གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རིག་གནས་དང་ལུས་རྩལ་གྱི་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་སྐུལ་འདེད་དང་།ཡུལ་སྐོར་ཀ་རྟེན་ཐོན་ལས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་གསོན་ཤུགས་ལྡན་པ་བཅས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད།སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་དགོས།སྤྱི་བདེ་ཉེན་རྟོག་པའི་ལས་དོན་སྒྲུབ་པར་རྒྱབ་སྐྱོར་མ་ལག་འཛུགས་སྐྲུན་དང་།གཞི་རིམ་ཏང་ཡོན་ལས་བྱེད་པའི་སློབ་གསོ་སྦྱོང་བརྡར་ལ་འགན་ལེན་ནུས་ལྡན་དང་།སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས་ཀྱི་ཏང་དང་།གུང་གཞོན་ཚོགས་པ།བུད་མེད་རྩ་འཛུགས་འཛུགས་སྐྱོང་། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཁུལ་སོགས་ཀྱི་དོན་དག་གཏིང་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་བརྟན་ལྷིང་སྲ་བརྟན་རྨང་གཞི་བཏང་ནས།མི་རིགས་འཆམ་མཐུན་ལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས།མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱེད་དགོས།

༼ བཞི། ༽ ནོར་ཁྲལ་བསྒྱུར་བཅོས་གཏིང་ཇེ་ཟབ་ཏུ་བཏང་སྟེ།ནོར་སྲིད་འཕེལ་རྒྱས་ཁྲོད་ཀྱི་འགལ་རྐྱེན་ལ་ཚོད་འཛིན་བྱེད་དགོས། སྔོན་མའི་བསྒྱུར་བཅོས་འབྲས་བུ་ཟབ་སྤེལ་དང་།བསྒྱུར་བཅོས་བྱ་བའི་རྒྱུན་བསྲིང་ཞིང་སྐྱོང་དགོས།ནོར་སྲིད་བཅོས་བསྒྱུར་གྱི་གཙོ་གནད་མཐའ་འཁྱོལ་བ་ཡོང་བར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་ནོར་སྲིད་ལམ་ལུགས་འཛུགས་སྐྲུན་བྱེད་པའི་འགྲོས་ཇེ་མགྱོགས་གཏང་དགོས།ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་དབྱེ་འབྱེད་བྱེད་པའི་ཚད་ཇེ་མགྱོགས་སུ་གཏང་དགོས། ཁུལ་གྱི་བཀོད་སྒྲིག་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་སོགས་ཀྱི་དབྱེ་པ་ལེགས་པར་ཕྱེ་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་དངུལ་ལོ་གཏོང་སྤྲོད་དང་སྤོ་བསྒྱུར་བྱེད་པར་བཀོད་སྒྲིག་ལེགས་པོ་བྱས་ཏེ་ས་གནས་སྲིད་གཞུང་གི་སྐུལ་ལྕག་གཅུན་སྡོམ་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།དེ་དང་ཆབས་ཅིག་ཏུ།ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་དབྱེ་བ་ལེགས་པར་ཕྱེ་ནས་དོ་མཉམ་པའི་ངང་ཚོད་ལྟའི་ལས་དོན་གཅིག་གྱུར་ཡོང་བའི་འཆར་འགོད་བཟོ་དགོས་ཤིང་།ཐོག་མར་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན།སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནས་དབང་ཆ་དང་འགྲོ་སྒོའི་འགན་འཁྲིའི་དབྱེ་འབྱེད་ཕྱེས་ནས་སྲིད་གཞུང་རིམ་པའི་འགྲོ་གྲོན་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བར་འགན་འཁུར་དགོས།སྔོན་རྩིས་དོ་དམ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས།བར་མའི་ནོར་སྲིད་འཆར་འགོད་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལོ་འཁོར་གཅིག་གི་སྔོན་རྩིས་ལ་གཅུན་སྡོམ་ལེགས་པོ་བྱེད་པར་ཤུགས་སྣོན་བྱེད་དགོས།ནོར་སྲིད་གཏོང་སྤྲོད་ལམ་ལུགས་ལ་བཅོས་བསྒྱུར་དང་སྙོམ་སྒྲིག་བྱས་ཏེ་ནོར་སྲིད་ཀྱི་མ་དངུལ་གཅིག་གྱུར་ངང་འཆར་འགོད་བྱེད་པར་ཤུགས་གནོན་བྱེད་དགོས་ཤིང་། སྲིད་གཞུང་སྡེ་ཁག་གི་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་དང་གསལ་ཆ་ཆེ་རུ་གཏོང་དགོས།དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱ་དགོས།ས་གནས་དཔྱ་ཁྲལ་གྱི་མ་ལག་ཞིབ་འཇུག་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས། དེ་མིན། ཐོན་ཁུངས་དཔྱ་ཁྲལ་བསྒྱུར་བཅོས་ཀྱི་འབྲེལ་ཡོད་ལས་དོན་ལེགས་པར་སྒྲུབ་པ་དང་།རང་འགུལ་གྱིས་སྒེར་གྱི་ཡོང་འབབ་ཀྱི་དཔྱ་ཁྲལ། ཁང་པའི་ཐོན་ལས་ཀྱི་དཔྱ་ཁྲལ།འཛད་སྤྱོད་དཔྱ་ཁྲལ། རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་སོགས་བསྒྱུར་བཅོས་བྱེད་པའི་གོམ་སྟབས་ཀྱི་རྗེས་ཆོད་པར་བྱ་དགོས།ས་གནས་ཀྱི་ཁྲལ་ཁུངས་གསོ་སྐྱོང་བྱས་ཏེ་ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱ་ཁྲལ་བསྡུ་འགོ་བརྩམ་ནས་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་སྲུང་བྱེད་ནུས་མཐོར་འདེགས་གཏོང་དགོས་པ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་སྐུལ་དགོས། སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ནང་ཁུལ་གྱི་དྲ་བའི་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལེགས་བཅོས་བྱས་ཏེ།གོམ་གང་མདུན་སྤོས་ཀྱི་ངང་ནས་ཁྲལ་མིན་ཡོང་འབབ་རྩིས་ལེན་དང་དོ་དམ་མ་ལག་གློག་རྡུལ་ཅན།ལས་ཀའི་བརྒྱུད་རིམ་སྔར་བས་ཚད་ལྡན་དང་ལས་ཆོད་མཐོར་འདེགས་ཡོང་བ་བྱ་དགོས།

༼ ལྔ། ༽ གཙོ་གནད་དོ་དམ་དང་ནོར་སྲིད་མཁོ་སྤྲོད་ཀྱི་སྤུས་ཚད་དང་ལས་ཆོད་མཐོར་འདེགས་སུ་གཏོང་དགོས། ཁྲིམས་ལྟར་རྒྱུ་ནོར་བདག་གཉེར་དང་།དོ་དམ་ཚད་ལྡན་དུ་གཏོང་དགོས་པ་མ་ཟད།ཕུགས་ཕན་ལམ་སྲོལ་ཡང་འཐུས་ཚང་དུ་གཏོང་ཅི་ཐུབ་བྱེད་དགོས།ཁྱོན་ཡོངས་ནས་གྲུབ་འབྲས་དཔྱད་ལེན་དོ་དམ་ལག་བསྟར་དགོས། ལས་ཆོད་ཆེན་པོས་འཁོར་སྐྱོད་བྱེད་པ་དང་ལས་རྗེས་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།ནོར་སྲིད་ཀྱི་ཕན་འབྲས་དོ་དམ་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས་ཕན་འབྲས་དོ་དམ་དང་སྔོན་རྩིས་བཟོ་འགོད།ལྟ་སྐུལ་གཏིང་ཟབ་བཅས་ཡོང་བ་བྱ་དགོས། ཕན་འབྲས་དམིགས་ཚད་ཇེ་བརྟན་དང་དམིགས་འབེན་དང་དམིགས་ཚད་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ་ལས་རྗེས་དམིགས་ཚད་ལག་བསྟར་བྱེད་པར་ཤུགས་བརྒྱག་དགོས།གཙོ་གནད་ཆེད་དོན་འགྲོ་སོང་གི་ཕན་འབྲས་ལ་ཚོད་དཔག་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་།གཏོང་སྤྲོད་སྤོ་སྒྱུར་མ་དངུལ་གྱི་ལས་རྗེས་གདེང་འཇོག་ལ་ཤུགས་སྣོན་བྱེད་དགོས་ཤིང་།ནོར་སྲིད་དོ་དམ་དང་ཕྱོགས་བསྡུས།དཔྱད་ཞིབ་སྡེ་ཚན་གྱི་སྔོན་རྩིས་དོ་དམ་བཅས་ལ་ཤུགས་བརྒྱག་དགོས།བྱས་འབྲས་བེད་སྤྱོད་ཀྱི་འབྲས་བུ་ལ་གདེང་འཇོག་བྱེད་པའི་ཚད་ཆེ་རུ་གཏོང་རྒྱུ་དང་།ལས་རྗེས་གདེང་འཇོག་བྱས་འབྲས་དང་གཏོང་སྒོའི་གྲུབ་ཚུལ་ལེགས་བཅོས་། ཁྱོན་ཡོངས་ནས་ཁྲིམས་སྐྱོང་ནོར་སྲིད་བསྐྲུན་པར་སྐུལ་འདེད་དགོས།དེ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་སྔོན་རྩིས་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་འཛིན་དགོས་པར་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་སྟེང་དུ་ཁྱབ་་བསྒྲགས་བྱེད་དགོས།ནོར་སྲིད་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ལ། ནན་ཏན་གྱིས<<ནོར་སྲིད་སྔོན་རྩིས་བཅའ་ཁྲིམས།>>སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དག་ལག་ལེན་མཐའ་འཁྱོལ་ཡོང་བ་བྱ་དགོས།དེ་མིན་ནོར་སྲིད་ཁྲིམས་སྐྱོང་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་།ནོར་སྲིད་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་པ་སྤེལ་ནས།ནོར་སྲིད་འགན་དབང་སྔར་ལས་འཐུས་ཚང་དུ་གཏོང་ཐུབ་པ་བྱ་དགོས། གཞན་ཡང་།སྲིད་དོན་ཞབས་ཞུའི་དོན་ཚན་གྱི་རྩིས་ཐོ་དང་གྲོན་བསྡུའི་རྩིས་ཐོའི་ལམ་ལུགས།ནོར་སྲིད་དོ་དམ་སོགས་ཚད་ལྡན་གྱི་ཡིག་ཆ་དང་། ནོར་སྲིད་ཁྲིམས་སྒྱུར་གྱི་འགན་འཁྲིའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་དང་།བཅའ་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ལས་དོན་དང་ཞུ་ལན་དངོས་འབུལ།ནོར་སྲིད་དོ་དམ་གྱི་ཆུ་ཚད་ཚད་ལྡན་མཐོ་འདེགས་གཏོང་དགོས། ཁྲིམས་ལུགས་ཁྲིམས་སྲོལ་ལྟར་དུ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ནོར་སྲིད་དང་སྔོན་རྩིས་བཀོད་སྒྲིག་བྱེད་པའི་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་ལག་བསྟར་ཡོང་བར་སྐུལ་འདེད་བྱ་དགོས།ནོར་སྲིད་སྲིད་ཇུས་དོན་འཁྱོལ་ཡོང་བ་དང་སྔོན་རྩིས་དོ་དམ་ཞབས་ཞུ།སྔོན་རྩིས་ཚོད་འཛིན་བྱེད་ནུས་སོགས་ཆེ་རུ་གཏོང་དགོས་ཤིང་། སྐབས་བསྟུན་གཉིས་དང་།ཡོངས་བསྒྲགས་གཅིག་གི་ལམ་ལུགས་དང་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་གཞིའི་གཟབ་ནན་རང་བཞིན་སྲུང་སྐྱོང་བྱེད་པ་དང་།དམངས་འཚོ་ལ་དམིགས་ནས་རྣམ་གྲངས་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་དང་།ནོར་སྲིད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ལ་ཞིབ་དཔྱོད་བྱེད་པའི་ཤུགས་ཆེ་རུ་གཏོང་དགོས།རྫོང་རིམ་པའི་ནོར་སྲིད་རྒྱ་སྐྱེད་གཏོང་བ་དང་ནང་ཁུལ་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་།ནང་ཁུལ་དུ་ཚོད་འཛིན་བྱེད་པའི་ཤུགས་ཆེ་རུ་བཏང་སྟེ་བྱེད་ཐབས་ལག་བསྟར་དང་གྲུབ་འབྲས་བེད་སྤྱོད་བྱེད་པར་འབད་པ་བྱེད་དགོས།

འཐུས་མི་རྣམ་པ། ད་ལོའི་ནོར་སྲིད་ལས་དོན་གྱི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ་ཞིག་ཀྱང་རེད།རང་རེའི་ཁུལ་ཨུའི་བརྟན་བརླིང་འགྱུར་མེད་ཀྱི་དབུ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་འོགཐེངས་འདིའི་གྲོས་ཚོགས་སུ་བཏོན་པའི་གྲོས་ཆོད་ལག་བསྟར་ནན་ཏན་བྱེད་དགོས་པ་དང་།གསར་གཏོད་ཡར་བརྩོན། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་མཐའ་དག་འབད་པས་བསྒྲུབ་ཏེ།ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བར་བརྩོན་པ་ཧུར་ཐག་བྱས་ཏེ།འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་སྟོབས་ལྡན་ཁུལ་དུ་བསྐྲུན་སླད་སྔར་བས་ལེགས་པའི་བྱས་རྗེས་གསར་བ་འཇོག་དགོས་སོ།།

གོང་མ།:༢༠༡༨ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོ།

ཞོལ་མ།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ཆ་ཚང་།