ཏང་སྲིད་ཡིག་ཆ།
 

གསང་མྱུལ་ལ་རྒོལ་བའི་བདེ་འཇགས་འགོག་ཟོན་བྱ་བའི་གཏན་འབེབས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2024-09-20  རྩོམ་པ་པོ།:​ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློགས་གྲངས།:



ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་བདེ་འཇགས་པུའུ་ཡི་བཀའ་རྒྱ།


2021ལོའི་ཡིག་ཆ་ཨང་དང་པོ།

《གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་བྱ་བའི་གཏན་འབེབས》ནི2021ལོའི་ཟླ3པའི་ཚེས12ཉིན་རྒྱལ་ཁབ་བདེ་འཇགས་པུའུ་ཡི་པུའུ་རིམ་པའི་ལས་དོན་ཚོགས་འདུ་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།

པུའུ་ཀྲང་། ཁྲེན་ཝུན་ཆིང་།

2021ལོའི་ཟླ4པའི་ཚེས26ཉིན།


གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་བྱ་བའི་གཏན་འབེབས།


(སྤྱི་ལོ2021ལོའི་ཟླ4པའི་ཚེས26ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ་ཡི་བཀའ་རྒྱ། 2021ལོའི་ཡིག་ཆ་ཨང1པོའི་ནང་ཁྱབ་བསྒྲགས་བྱས། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ)


ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་བྱ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། གཏན་འབེབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མཐུན་སྦྱོར་དང་ཁྲིད་སྟོན་བྱེད་པའི་འོག་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་ལས་ཀ་སྤེལ་བར་གཏན་འབེབས་འདི་སྤྱད་འཐུས།

དོན་ཚན་གསུམ་པ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་དོན་སྤེལ་བར་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཆེད་དོན་ལས་དོན་དང་མང་ཚོགས་ལམ་ཕྱོགས་ཟུང་འབྲེལ་མཐའ་འཁྱོངས། མི་དང་དངོས་པོའི་སྔོན་འགོག་དང་ལག་རྩལ་སྔོན་འགོག་ཟུང་འབྲེལ་མཐའ་འཁྱོངས། ཁྲིམས་བཀོད་དབང་ཚད་དང་གོ་རིམ་བརྩི་སྲུང་ནན་མོ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱ་དགོས།

དོན་ཚན་བཞི་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ལས་ཁུངས་དེ་གའི་གསང་མྱུལ་ལ་རྒོལ་བའི་བདེ་སྲུང་དོགས་ཟོན་བྱེད་པའི་ལས་ཀའི་འགན་འཁྲི་གཙོ་བོ་འཁུར་རྒྱུ་དང་། ལས་ཁུངས་དེ་གའི་མི་སྣར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་གཏང་རྒྱུ། ལས་ཁུངས་དེ་གའི་མི་སྣ་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་གསང་མྱུལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་དོན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་ལ་དོགས་ཟོན་དང་བཀག་འགོག་བྱ་དགོས།

དོན་ཚན་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་རིམ་པ་ཁག་གིས་དོ་དམ་གྱི་དབང་ཚད་ལྟར་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་ལ་ངོ་རྒོལ་དང་ཉེན་ཟོན་བདེ་སྲུང་གི་ལས་ཀ་སྤེལ་བར་ཁྲིམས་ལྟར་ཁྲིད་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱ་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་མཛུབ་ཁྲིད་དང་ཞིབ་བཤེར་ལས་ཀའི་འགན་འཁྲི་སྒྲུབ་སྐབས་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་། ལས་ཀའི་གསང་བ། ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་ཆ་འཕྲིན་བཅས་གསང་སྲུང་ནན་པོ་བྱེད་དགོས་པ་ལས་ཕྱིར་བསྒྲགས་པའམ་ཡང་ན་མི་གཞན་ལ་ཁྲིམས་འགལ་གྱིས་མཁོ་འདོན་བྱེད་མི་ཆོག


ལེའུ་གཉིས་པ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི།


དོན་ཚན་བདུན་པ། ལས་རིགས་གཙོ་གཉེར་སྡེ་ཁག་གིས་གཤམ་གསལ་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་སྟེ།

(གཅིག)གཙོ་གཉེར་ལས་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལས་རིགས་དེ་གའི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་ཀའི་བླང་བྱ་ཁ་གསལ་བཟོ་དགོས།

(གཉིས)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་གཙོ་གཉེར་ལས་རིགས་ཀྱི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གཙོ་གནད་ཚན་པའི་མིང་ཐོ་གཏན་འབེབས་དང་། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་དོན་སྤེལ་རྒྱུ།

(གསུམ)གཙོ་གཉེར་ལས་རིགས་ཁོངས་གཏོགས་གཙོ་གནད་ལས་ཁུངས་གྱིས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འོས་འགན་སྒྲུབ་པར་མཛུབ་ཁྲིད་དང་སྐུལ་འདེད་གཏང་རྒྱུ།

(བཞི)ལག་བསྟར་བྱེད་དགོས་པའི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་རིགས་ཀྱི་དོ་དམ་འགན་འཁྲི་གཞན་དག་བཅས་སོ།།

དོན་ཚན་བརྒྱད་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་འགོག་ཟོན་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་གཤམ་གསལ་གྱི་འོས་འགན་བསྒྲུབ་དགོས་པ་སྟེ།

(གཅིག)གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་སློབ་གསོ་དང་གསོ་སྦྱོང་བྱས་ཏེ་ལས་ཁུངས་དེ་གའི་མི་སྣའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏང་དགོས།

(གཉིས)ལས་ཁུངས་དེ་གའི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་དོ་དམ་ལ་ཤུགས་བསྣན་ནས་འབྲེལ་ཡོད་བདེ་འཇགས་དོགས་ཟོན་བྱེད་ཐབས་དོན་འཁྱོལ་བྱ་དགོས།

(གསུམ)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གསང་མྱུལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་པའི་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་རྒྱུ།

(བཞི)རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་སྟབས་བདེའམ་གཞོགས་འདེགས་གཞན་དག་བྱ་རྒྱུ།

(ལྔ)ལས་ཁུངས་དེ་ག་དང་ལས་ཁུངས་དེ་གའི་མི་སྣའི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་འོས་འཚམ་འཇལ་བ་དང་ཐག་གཅོད་འོས་འཚམ་བྱ་རྒྱུ།

(དྲུག)གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འོས་འགན་གཞན་དག་བསྒྲུབ་དགོས་པ་བཅས་ཡིན།

དོན་ཚན་དགུ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལས་ཁུངས་གྱི་ངོ་བོ་དང་། ཁོངས་གཏོགས་ལས་རིགས། གསང་འབྲེལ་རིམ་པ། ཕྱི་འབྲེལ་བྱེད་ཚད་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་དོན་རྐྱེན་བྱུང་ཡོད་མེད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གསང་མྱུལ་ལ་ངོ་རྒོལ་དང་བདེ་འཇགས་དོགས་ཟོན་བྱེད་པའི་གཙོ་གནད་ལས་ཁུངས་གྱི་མིང་ཐོ་གཏན་འབེབས་དང་དུས་བཀག་ལྟར་ལེགས་སྒྲིག་བྱས་ཏེ། ཡིག་ཐོག་ནས་གཙོ་གནད་ལས་ཁུངས་ལ་བརྡ་གཏང་དགོས། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གཙོ་གནད་ལས་ཁུངས་གྱིས་གཏན་འབེབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་འབེབས་བྱས་པའི་འོས་འགན་བསྒྲུབ་དགོས་པ་ཕུད། ད་དུང་གཤམ་གསལ་གྱི་འོས་འགན་བསྒྲུབ་དགོས་པ་སྟེ།

(གཅིག)གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས་པ་དང་།

(གཉིས)ལས་ཁུངས་དེ་གའི་འབྲེལ་ཡོད་ལས་ཁུངས་དང་མི་སྣས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་འཁུར་དགོས་པ་ཁ་གསལ་བཟོ་དགོས།

(གསུམ)གསང་འབྲེལ་དོན་དག་དང་། གནས་ཡུལ། གཞི་རྟེན། གཞི་གྲངས། ལས་གནས་དང་མི་སྣ་བཅས་ལ་རྒྱུན་ལྡན་གྱི་བདེ་འཇགས་དོགས་ཟོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསང་འབྲེལ་མི་སྣ་ལས་གནས་སུ་མ་ཞུགས་གོང་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ཞིབ་བཤེར་བྱེད་པ། གསང་འབྲེལ་མི་སྣ་དང་བདེ་འཇགས་དོགས་ཟོན་གྱི་ཁས་ལེན་ཡི་གེ་འཇོག་པ།

(བཞི)གསང་འབྲེལ་དང་ཕྱི་འབྲེལ་མི་སྣ་སྒྲིག་འཛུགས་བྱས་ནས་ལས་ཁུངས་དེ་གར་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་དག་སྙན་སེང་ཞུ་དགོས་པར་མ་ཟད། གཞི་གྲངས་ཆ་འཕྲིན་གྱི་འགུལ་རྣམ་དོ་དམ་ཡག་པོ་བྱ་དགོས།

(ལྔ)ཕྱི་འབྲེལ་སྤེལ་རེས་དང་མཉམ་ལས་བྱེད་རིང་གི་གསང་མྱུལ་ལ་རྒོལ་བའི་བདེ་སྲུང་དོགས་ཟོན་ལས་ཀ་ལེགས་པར་བསྒྲུབ་རྒྱུ་དང་། འབྲེལ་ཡོད་གྲབས་གཤོམ་བྱེད་ཐབས་གཏན་འབེབས་དང་དོན་འཁྱོལ་བྱ་རྒྱུ།

(དྲུག)རང་ངོས་ལས་ཁུངས་གྱི་ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བའི་ཚོགས་པ་དང་། མི་སྣ། ཡུན་རིང་ཕྱིར་སྡོད་མི་སྣ་བཅས་ཀྱི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་མ་བྱས་གོང་གི་སློབ་གསོ་དང་། མངའ་ཁོངས་ཕྱི་ནས་དོ་དམ། རྒྱལ་ནང་དུ་ལོག་པའི་བཅར་འདྲི་དང་གླེང་མོལ་ལས་ཀ་བཅས་ལེགས་པར་བསྒྲུབ་རྒྱུ།

(བདུན)གསང་འབྲེལ་དང་ཕྱི་འབྲེལ་མི་སྣར་དུས་བཀག་ལྟར་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་སློབ་གསོ་དང་གསོ་སྦྱོང་སྤེལ་རྒྱུ།

(བརྒྱད)གསང་མྱུལ་ལ་རྒོལ་བའི་ལག་རྩལ་བདེ་འཇགས་ཀྱི་དོགས་ཟོན་ཚད་གཞི་ལྟར། དགོས་ངེས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་དང་། འབྲེལ་ཡོད་ལག་རྩལ་བདེ་འཇགས་ཀྱི་དོགས་ཟོན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ།

(དགུ)ལས་ཁུངས་དེ་གའི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་དོན་ལ་དུས་བཀག་ཐོག་རང་བཤེར་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་མེད་པར་བཟོ་དགོས།

དོན་ཚན་བཅུ་པ། གནད་འགག་ཆ་འཕྲིན་གྱི་རྨང་གཞི་སྒྲིག་ཆས་གཉེར་མཁན་གྱིས་གཏན་འབེབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་བྱེད་དགོས་པ་ཕུད། ད་དུང་གཤམ་གསལ་གྱི་འོས་འགན་ལག་བསྟར་བྱེད་དགོས་ཏེ།

(གཅིག)ལས་ཁུངས་དེ་གའི་བདེ་འཇགས་དོ་དམ་སྒྲིག་གཞིའི་འགན་འཁུར་བ་དང་འགག་རྩའི་ལས་གནས་ཀྱི་མི་སྣར་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ཞིབ་བཤེར་བྱེད་དགོས།

(གཉིས)ལས་གཉེར་མི་སྣར་དུས་བཀག་ལྟར་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུ།

(གསུམ)གསང་མྱུལ་ལ་རྒོལ་བའི་ལག་རྩལ་བདེ་འཇགས་དོགས་ཟོན་བྱེད་ཐབས་སྤྱད་དེ། ཕྱི་རྒྱལ་གྱི་དྲ་རྒྱའི་ཕར་རྒོལ་དང་། དྲ་རྒྱའི་བཙན་འཛུལ། དྲ་རྒྱའི་གསང་བ་རྐུ་ཁྱེར་སོགས་ཀྱི་གསང་མྱུལ་བྱ་སྤྱོད་ལ་དོགས་ཟོན་དང་བཀག་འགོག་བྱས་ཏེ། དྲ་རྒྱ་དང་ཆ་འཕྲིན་གྱི་ལྟེ་བའི་ལག་རྩལ་དང་། གནད་འགག་གི་རྨང་གཞིའི་སྒྲིག་བཀོད། ཁྱབ་ཁོངས་གལ་ཆེན་གྱི་ཆ་འཕྲིན་མ་ལག་དང་གཞི་གྲངས་བདེ་འཇགས་འགན་སྲུང་བྱ་དགོས།

ལེའུ་གསུམ་པ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་དང་མཛུབ་སྟོན།

དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་མཛུབ་སྟོན་བྱས་ཆོག་པ་སྟེ།

(གཅིག)ལས་ཀའི་ལག་དེབ་དང་ཕྱོགས་སྟོན་སོགས་དྲིལ་སྒྲོག་སློབ་གསོའི་དཔྱད་ཡིག་མཁོ་འདོན་བྱ་རྒྱུ་དང་།

(གཉིས)ཡིག་ཐོག་གི་མཛུབ་སྟོན་བསམ་འཆར་དཔར་འགྲེམ་བྱ་རྒྱུ།

(གསུམ)ལས་ཀའི་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ།

(བཞི)ལས་དོན་གྲོས་ཚོགས་སྐོང་འཚོག་བྱ་རྒྱུ།

(ལྔ) དྲན་སྐུལ་དང་། ཁ་ཏ་བྱ་རྒྱུ།

(དྲུག)ཁྲིད་སྟོན་བྱེད་སྟངས་གཞན་དག་བཅས་ཡིན།

དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དུས་བཀག་ལྟར་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་གནས་བབ་ལ་དབྱེ་ཞིབ་དང་། ཉེན་ཁར་དཔྱད་དཔོག་སྤེལ་བ། འབྲེལ་ཡོད་ལས་ཁུངས་ལ་བརྡ་ཁྱབ་བཏང་སྟེ། འབྲེལ་ཡོད་ལས་ཁུངས་ལ་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་འགོ་འདོན་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དྲ་རྒྱ་དང་། སྨྱན་སྦྱོར་ལས་སྟེགས། རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞི(ཁང)སོགས་སྤྱད་དེ་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་དྲིལ་སྒྲོག་སློབ་གསོ་སྤེལ་དགོས།

དོན་ཚན་བཅུ་བཞི་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སློབ་གསོའི་གཙོ་གཉེར་སྡེ་ཁག་དང་མཉམ་དུ་སློབ་གྲྭས་དགེ་སློབ་ཡོངས་ལ་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་སློབ་གསོ་སྤེལ་བར་མཛུབ་སྟོན་བྱེད་པ་དང་། ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཞུགས་པའི་དགེ་སློབ་ལ་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་བྱ་སྤྱོད་མ་སྤེལ་གོང་གི་སློབ་གསོ་དང་རྒྱལ་ནང(མངའ་ཁོངས)དུ་ལོག་ནས་བཅར་འདྲི་བྱེད་པར་ཤུགས་སྣོན་དགོས།

དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཚན་རྩལ་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་ཚན་རིག་ཞིབ་འཇུག་ལས་ཁུངས་སྣ་ཚོགས་ཀྱིས་ཚན་རིག་ཞིབ་འཇུག་མི་སྣར་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་སློབ་གསོ་གཏོང་བར་ཁྲིད་སྟོན་བྱ་རྒྱུ་དང་། ཕྱི་རྒྱལ(མངའ་ཁོངས་ཕྱི)ལ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཞུགས་མཁན་ཚན་རིག་ཞིབ་འཇུག་མི་སྣར་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་བྱ་སྤྱོད་མ་སྤེལ་གོང་གི་སློབ་གསོ་དང་རྒྱལ་ནང(མངའ་ཁོངས)དུ་ལོག་ནས་བཅར་འདྲི་བྱ་རྒྱུ།

དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་གྲོང་མི(གྲོང་ཚོ)ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་རང་བཞིན་གྱི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་དྲིལ་སྒྲོག་སློབ་གསོ་སྤེལ་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་བྱ་དགོས།

དོན་ཚན་བཅུ་བདུན་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དྲིལ་སྒྲོག་གཙོ་གཉེར་སྡེ་ཁག་དང་མཉམ་དུ་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དང་དུས་དེབ། དྲ་སྦྲེལ་སོགས་སྨྱན་སྦྱོར་གྱིས་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་རྒྱུར་མཐུན་སྦྱོར་དང་མཛུབ་ཁྲིད་བྱས་ཏེ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་དང་། དཔེ་མཚོན་གྱོད་དཔེ། དྲིལ་སྒྲོག་སློབ་གསོའི་ལེ་ཚན་ནམ་ཡང་ན་དྲིལ་སྒྲོག་དངོས་རྫས་གཞན་དག་བཟོ་བ་དང་། འགོད་པ། གཏོང་བ་བཅས་བྱས་ཏེ། སྤྱི་དམངས་ཀྱི་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཇེ་མཐོར་གཏང་དགོས།

དོན་ཚན་བཅོ་བརྒྱད་པ། སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས12339ཐེར་འདོན་བདག་སྤྲོད་ཁ་པར་དང་། དྲ་རྒྱའི་ཐེར་འདོན་བདག་སྤྲོད་ལས་སྟེགས་སམ་ཡང་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་ཐེར་འདོན་བྱེད་སྟངས་གཞན་དག་བརྒྱུད་དེ་གསང་མྱུལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་དང་དེ་བཞིན་གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་གནད་དོན་གྱི་ཁུངས་སྣེ་སྣ་ཚོགས་ཐེར་འདོན་བྱེད་ཆོག

དོན་ཚན་བཅུ་དགུ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཐེར་འདོན་བྱེད་མཁན་གྱི་གསང་བ་ནན་པོ་སྲུང་དགོས་པ་དང་ཐེར་འདོན་བྱེད་མཁན་གྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས། ཐེར་འདོན་བྱེད་མཁན་གྱི་མོས་མཐུན་མ་ཐོབ་པར་བྱ་ཐབས་གང་རུང་སྤྱད་དེ་མི་སྒེར་གྱི་ཆ་འཕྲིན་ཡོངས་བསྒྲགས་སམ་ཡང་ན་ཕྱིར་བསྒྲགས་བྱེད་མི་ཆོག

སྤྱི་དམངས་ཀྱིས་གསར་མྱུལ་གྱི་བྱ་སྤྱོད་དམ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་གཞན་དག་ཐེར་འདོན་བྱས་ནས། མི་རང་ཉིད་དམ་ཉེ་འབྲེལ་གང་རུང་གི་མི་ལུས་བདེ་འཇགས་ལ་ཉེན་ཁ་འཕྲད་པའི་རིགས་ཀྱིས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་སྲུང་སྐྱོང་བྱེད་དགོས་རེ་ཞུ་བཏོན་ཆོག རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲུང་སྐྱོང་བྱེད་ཐབས་སྤྱོད་འོས།

དོན་ཚན་ཉི་ཤུ་པ། གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་ཀའི་ཁྲོད་གྲུབ་འབྲས་མངོན་གསལ་ཐོབ་པའམ་ཡང་ན་བྱས་རྗེས་ཆེན་པོ་བཞག་པའི་ལས་ཁུངས་དང་མི་སྒེར་ལ་གཤམ་གསལ་གྱི་ཆ་རྐྱེན་ལས་རིགས་གཅིག་དང་མཐུན་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་དང་མཉམ་དུ་གཟེངས་བསྟོད་དང་བྱ་དགའ་སྤྲད་ཆོག་པ་སྟེ།

(གཅིག)གནས་ཚུལ་གལ་ཆེན་ནམ་ཁུངས་སྣེ་འདོན་སྤྲོད་བྱས་ནས་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་གྱི་གྱོད་དོན་རྩད་ཆོད་པའམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གྱོད་དོན་གཞན་དག་ཤེས་པའམ་ཡང་ན་འབྲེལ་ཡོད་ལས་ཁུངས་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཉེན་ཁ་འབྱུང་གཞི་ཚབས་ཆེན་ནམ་དངོས་ཡོད་ཀྱི་གནོད་འཚེ་ཚབས་ཆེན་སྔོན་འགོག་དང་མེད་པར་བཟོ་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་རིགས་དང་།

(གཉིས)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལས་འགན་སྒྲུབ་པར་གཞོགས་འདེགས་དམ་ཟབ་བྱས་ནས་སྤྱོད་ཚུལ་མངོན་གསལ་དོད་པོ་ཡོད་པ།

(གསུམ)གསང་མྱུལ་གྱི་བྱ་སྤྱོད་ལ་དོགས་ཟོན་དང་བཀག་འགོག་བྱེད་པའམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་མངོན་གསལ་དོད་པོ་ཡོད་རིགས།

(བཞི)རང་འགུལ་གྱིས་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ལས་ཁུངས་དེ་གའི་ཉེན་ཁ་འབྱུང་གཞི་ཆེ་རིགས་སམ་དངོས་ཡོད་ཀྱི་ཉེན་ཁ་དུས་ཐོག་ཏུ་སེལ་ནས་གྱོང་གུན་ཚབས་ཆེན་སེལ་ཐབས་བྱས་རིགས།

(ལྔ)གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་དོན་ཁྲོད་གསར་གཏོད་གལ་ཆེན་བྱས་པའམ་ཡང་ན་ཕན་འབྲས་ཧ་ཅང་མངོན་གསལ་དོད་པོ་ཐོབ་རིགས།

(དྲུག)གསང་མྱུལ་ལ་རྒོལ་བའི་བདེ་འཇགས་དོགས་ཟོན་ལས་ཀའི་ནང་བྱས་རྗེས་གལ་ཆེན་གཞན་དག་བཞག་རིགས་བཅས་ཡིན།


ལེའུ་བཞི་པ། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་དང་ཞིབ་བཤེར་བྱེད་ཕྱོགས་སྐོར།


དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་བཅའ་ཁྲིམས་ཀྱི་ཡིག་ཆ་ཡང་འདོན་དགོས་ཤིང་། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་ཞིབ་བཤེར་བྱས་ཆོག་པ་སྟེ།

(གཅིག)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་བ།

(གཉིས)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་འབྱོར་བ།

(གསུམ)འབྲེལ་ཡོད་སྡེ་ཚན་གྱི་རེ་ཞུ་གཞིར་འཛིན་པ།

(བཞི)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་ལས་ཀའི་དགོས་མཁོ་གཞན་དག་གི་དབང་གིས།

དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་ལ་བརྟེན་ནས་ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་ལས་ཀར་ཞིབ་བཤེར་བྱས་ཆོག་པ་སྟེ།

(གཅིག)འབྲེལ་ཡོད་སྡེ་ཚན་དང་མི་སྣར་གནས་ཚུལ་རྩད་གཅོད་བྱ་རྒྱུ་དང་།

(གཉིས)འབྲེལ་ཡོད་དཔྱད་ཡིག་ལྟ་འཐེན་བྱ་རྒྱུ།

(གསུམ)འབྲེལ་ཡོད་ལས་ཀའི་གསལ་བཤད་ལ་ཉན་རྒྱུ།

(བཞི)འབྲེལ་ཡོད་སྡེ་ཚན་དང་ལས་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུ།

(ལྔ)གློག་རྡུལ་འཕྲིན་གཏོང་ཡོ་བྱད་དང་ཡོ་བྱད་སོགས་སྒྲིག་ཆས་དང་སྒྲིག་བཀོད་ལ་ཞིབ་བཤེར་བྱ་རྒྱུ།

(དྲུག)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་འགོག་ཟོན་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱིས་དབང་བསྐུར་བའི་ཞིབ་བཤེར་བྱེད་སྟངས་གཞན་དག་བཅས་ཡིན།

དོན་ཚན་ཉེར་གསུམ་པ། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཡོད་པའི་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱི་འབྲེལ་ཡོད་ཆ་ཤས་དང་། གནས་ཡུལ་དང་འཛུགས་སྐྲུན་དངོས་པོ། ནང་ཁུལ་གྱི་སྒྲིག་ཆས་སྒྲིག་བཀོད། དྲག་ཞན་གློག་གི་མ་ལགརྩིས་འཁོར་དྲ་བ་དང་ཆ་འཕྲིན་མ་ལགགནད་འགག་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་སྔོན་འགོག་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་སྔོན་འགོག་དང་།

དོན་ཚན་ཉེར་བཞི་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དོགས་ཟོན་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱས་ཆོག་པ་སྟེ།

(གཅིག)འབྲེལ་ཡོད་སྡེ་ཚན་དང་ལས་ཡུལ་དུ་བསྐྱོད་དེ་ལས་ཡུལ་དངོས་ཀྱི་ལག་རྩལ་ཞིབ་བཤེར་བྱེད་པ་དང་།

(གཉིས)ཆེད་སྤྱོད་སྒྲིག་ཆས་བེད་སྤྱོད་བྱས་ནས་འབྲེལ་ཡོད་གནས་ས་དང་། གནས་ཡུལ། སྦྲེལ་ལམ། དྲ་རྒྱ་བཅས་ལ་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ།

(གསུམ)འབྲེལ་ཡོད་སྒྲིག་ཆས་སྒྲིག་བཀོད་དང་། དྲ་རྒྱ། མ་ལག་བཅས་ལ་རྒྱང་རིང་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་བཅས་ཡིན།

དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དོགས་ཟོན་གྱི་ལས་ཡུལ་དངོས་ལ་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱེད་སྐབས།ཞིབ་བཤེར་མི་སྣ་གཉིས་ལས་ཉུང་མི་རུང་བ་མ་ཟད།དེ་མཚུངས་ཀྱི་ལག་ཁྱེར་ཡང་སྟོན་དགོས།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱང་རིང་ལག་རྩལ་ཞིབ་དཔྱད་ཚད་ལེན་བྱེད་སྐབས་སྔོན་ལ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དུས་ཚོད་དང་ཞིབ་དཔྱད་ཚད་ལེན་བྱེད་ཁོངས་སོགས་ཀྱི་དོན་དག་ཤེས་སུ་འཇུག་དགོས།

ཞིབ་བཤེར་ཚད་ལེན་མི་སྣས་ཞིབ་བཤེར་ཚད་ལེན་བྱས་ཚུལ་ཇི་མ་ཇི་བཞིན་ཟིན་ཐོར་འགོད་དགོས།

དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལག་རྩལ་དོགས་ཟོན་ཞིབ་བཤེར་དང་ཞིབ་བཤེར་ཚད་ལེན་བྱེད་རིང་གནོད་འཚེ་མི་འབྱུང་བའམ་རྒྱ་ཆེ་རུ་གཏོང་བའི་ཆེད་དུ། ཁྲིམས་ལྟར་ཞིབ་བཤེར་བྱ་ཡུལ་ལ་ལག་རྩལ་སྒྲིབ་ཡོལ་དང་། ཟུར་འཇོག བཤིག་པ། འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་བཀོད་དང་། དྲ་རྒྱ། མ་ལག་སོགས་ཀྱི་དག་ཐེར་ཡོ་བསྲང་བྱེད་ཐབས་སྤྱོད་མཚམས་འཇོག་ཏུ་འཇུག་པ་དང་། འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས་པ་མ་ཟད། ཞིབ་བཤེར་ཚད་ལེན་ཟིན་ཐོའི་ནང་གསལ་པོར་འགོད་དགོས།

དོན་ཚན་ཉེར་བདུན་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་ཞིབ་བཤེར་བྱས་ཚུལ་ལྟར། ཞིབ་བཤེར་བྱ་ཡུལ་སྡེ་ཚན་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས། འབྲེལ་ཡོད་སྡེ་ཚན་ལ་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་འོས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།


ལེའུ་ལྔ་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།


དོན་ཚན་ཉེར་བརྒྱད་པ། ལས་ཁུངས་དང་ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་གཏན་འབེབས་འདི་དང་འགལ་ཏེ་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན། རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་འགན་དཀྲི་ཆོག་པ་དང་། དག་ཐེར་ཡོ་བསྲང་བྱ་ཡུལ་སྡེ་ཚན་ལ་དག་ཐེར་ཡོ་བསྲང་གི་དུས་བཀག་མ་ཐིམ་གོང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་དག་ཐེར་ཡོ་བསྲང་གི་སྙན་ཞུ་འབུལ་དགོས་པའི་བཀའ་འབེབས་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དག་ཐེར་ཡོ་བསྲང་གི་སྙན་ཞུ་འབྱོར་ཉིན་ནས་བཟུང་གི་ལས་ཀའི་ཉིན་བཅོ་ལྔའི་ནང་ཚུན་དུ་དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ཞིབ་བཤེར་བྱ་དགོས།

(གཅིག)གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་འོས་འགན་ནན་ཏན་གྱིས་མི་སྒྲུབ་པ་དང་། བདེ་འཇགས་དོགས་ཟོན་གྱི་ལས་ཀའི་བྱེད་ཐབས་དོན་འཁྱོལ་མ་བྱས་པའམ་དོན་འཁྱོལ་གནད་ལ་འཁེལ་མེད་པ། གནད་དོན་གྱི་མངོན་མེད་རྐྱེན་ངན་མངོན་གསལ་ཡོད་པ།

(གཉིས)རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་མཛུབ་ཁྲིད་དང་ཞིབ་བཤེར་དང་ལེན་མི་བྱེད་པའི་རིགས།

(གསུམ) གསང་མྱུལ་གྱི་གྱོད་གཞི་ཐོན་ནས་ངོ་ལོག་བྲོས་བྱོལ་གྱི་གྱོད་གཞི་དང་། མངའ་ཁོངས་ཕྱི་རོལ་ལ་རྒྱལ་ཁབ་ཀྱི་གསང་བ་དང་གསང་འཕྲིན་རྐུ་ཁྱེར་དང་། མྱུལ་ཞིབ། བསྡུ་ཉོ། ཁྲིམས་འགལ་ངང་མཁོ་འདོན་བཅས་བྱས་པའི་གྱོད་གཞི་དང་། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་གཞན་དག་བཅས་ཀྱི་རིགས།

(བཞི) གསང་མྱུལ་གྱི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ཞུ་འགྱངས་དང་། ཆད་ཞུ། གསང་ཞུ་བཅས་བྱས་ནས་མཇུག་འབྲས་ངན་པ་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་རིགས།

(ལྔ)རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་གཞོགས་འདེགས་མི་བྱེད་པའམ་བཀག་འགོག་བྱས་རིགས་བཅས་ཡིན།

བླང་བྱ་ལྟར་དག་ཐེར་ཡོ་བསྲང་མ་བྱས་པའམ་དག་ཐེར་ཡོ་བསྲང་གི་བླང་བྱའི་ཚད་ལ་སླེབས་མེད་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་བར་སྐོང་འདྲི་བྱས་ཆོག་པ་མ་ཟད། སྐོང་འདྲི་བྱས་ཚུལ་སྡེ་ཚན་དེའི་གོང་རིམ་གཙོ་གཉེར་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་ཉེར་དགུ་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་ལས་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་དང་དེའི་ལས་བྱེད་མི་སྣ་བཅས་ཀྱིས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་འོས་འགན་གཏན་འབེབས་ལྟར་མ་བསྒྲུབས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ལ་གནད་དོན་གྱི་ཁུངས་སྣེ་རྩིས་སྤྲོད་བྱས་ཏེ། འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ལ་དོ་དམ་དབང་མཚམས་ལྟར་འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་ལ་སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

དོན་ཚན་སུམ་ཅུ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་དོགས་ཟོན་མཛུབ་ཁྲིད་དང་ཞིབ་བཤེར་ལས་ཀའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ན། འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཐད་ཀར་འགན་འཁྲི་ཡོད་མཁན་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་དགོས། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།


ལེའུ་དྲུག་པ། ཞར་བྱུང་དོན་ཚན།


དོན་ཚན་སོ་གཅིག་པ། གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན། །


གོང་མ།:《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས(འཆར་ཟིན)》སྐོར་གྱི་གསལ་བཤད།

ཞོལ་མ།:ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན།