ཏང་སྲིད་ཡིག་ཆ།
 

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》དཔར་འགྲེམ་བྱས།

ཡོང་ཁུངས།:​ཀྲུང་གོ་བོད་ཀྱི་དྲ་བ།  སྤེལ་དུས།:2025-12-08  རྩོམ་པ་པོ།:ཞིན་ཧྭ་དྲ་བ།  རྩོམ་སྒྲིག་པ།:    ཀློགས་གྲངས།:


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཞེས་འབོད་རྒྱུ)དཔར་འགྲེམ་བྱས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》བཟོ་བཅོས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཏང་གི་ལས་དོན་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་བླང་བྱ་སྔར་བས་ཆེ་རུ་གཏོང་བ་དང་། ཏང་གི་ལས་དོན་ལས་ཁུངས་འཛུགས་པ་དང་འཁོར་སྐྱོད་ཚད་ལྡན་དུ་བཏང་སྟེ། ཏང་གི་ལས་དོན་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་པ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

བརྡ་ཐོའི་ནང་། རིམ་པ་སོ་སོའི་ཏང་ཨུས《སྲོལ་ཡིག》ལག་བསྟར་བྱེད་པའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། དྲིལ་བསྒྲགས་གསལ་འགྲེལ་དང་ལྟ་སྐུལ་ཞིབ་བཤེར་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་ཏང་གི་ལས་དོན་ལས་ཁུངས་ཀྱིས《སྲོལ་ཡིག》ལག་བསྟར་གཏིང་ཟབ་དང་། 《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་རྒྱུན་འཁྱོངས་དང་ལག་བསྟར་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཏང་ཨུའི་ཇུས་འདོན་ལས་རོགས་ཡག་པོ་བྱས་ནས། ཏང་གི་མགོ་ཁྲིད་ལག་བསྟར་དང་། ཏང་འཛུགས་སྐྲུན་ལ་ཤུགས་སྣོན། ཏང་གི་བྱ་གཞག་ལ་སྐུལ་འདེད་བཅས་ཀྱི་འགན་འཁྲི་སོ་སོ་ལག་བསྟར་ཏན་ཏིག་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་གཞི་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད། །

གོང་མ།:མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག

ཞོལ་མ།:《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་》ཡི་སྐོར་གྱི་གསལ་བཤད།