ཡོང་ཁུངས། : ཐེམ་ཆེན་བོད་ཡིག་དྲ་བ།
ཁྲིམས་གཞུང་འདིར་འོས་འགན་འགའ་ཡོད་སྟེ།
གཅིག གཏུག་བཤེར་བྱེད་མཁན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ།
གཉིས། མི་དམངས་ཁྲིམས་ཁང་གི་གྱོད་དོན་དེའི་ཕྱོགས་སུ་ཞིབ་དཔྱོད་ཚད་ལྡན་ཞིག་བྱེད་རྒྱུ་དང་དེ་ལ་ཁག་ཐེག་ཡོང་བའི་རེ་བ་བཏོན་ཡོད།
གསུམ། མི་དམངས་ཁྲིམས་ཁང་གིས་ཁེ་དབང་ཡོད་མཁན་དང་འོས་འགན་ཁུར་མཁན་སུ་ཡིན་ཐག་གཅོད་བྱེད་པ་དང་། དེར་རྒྱུ་མཚན་དང་ལུང་རིགས།
བདེན་དཔང་སོགས་ཀྱིས་སྒྲུབ་སྟེ་ཁེ་དབང་ཅན་ལ་ཁྲིམས་ལྟར་རྒྱབ་སྐྱོར་བྱེད་རྒྱུ་དང་འོས་འགན་ཅན་ལ་ཁྲིམས་ལྟར་འོས་འགན་སྒྲུབ་ཏུ་འཇུག་པ།
བཞི། ཁྲིམས་གཞུང་འདི་བརྒྱུད་ནས་རང་འགུལ་གྱིས་ཁྲིམས་ལུགས་བརྩི་སྲུང་དང་སློབ་གསོ་ཐེབས་སུ་འཇུག་རྒྱུ་དེའོ།