ཡོང་ཁུངས། : ཐེམ་ཆེན་བོད་ཡིག་དྲ་བ།
དམངས་དོན་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་རྩ་དོན།
གཅིག དམངས་དོན་གཏུག་བཤེར་བྱེད་མཁན་གྱི་ཕྱོགས་གཉིས་ཀ་སྟེ་གཏུག་མཁན་དང་གྱོད་ཡའི་གོ་གནས་འདྲ་མཉམ་ཡིན་ཏེ། ཕྱོགས་གཉིས་ཀར་གཏུག་བཤེར་བྱེད་པའི་གོ་སྐབས་དང་དབང་ཆ་ཡོད།
གཉིས། ཁྲིམས་ལུགས་བཀོལ་སྤྱོད་ཀྱི་སྟེང་ནས་ཕྱོགས་གཉིས་ཀ་འདྲ་མཉམ་ཡིན།
གསུམ། འདྲ་མཉམ་གྱི་རྩ་དོན་ཕྱོགས་ནས། གཏུག་བཤེར་གྱི་དབང་ཆ་དང་དགག་ལན་སྤྲོད་པའི་དབང་ཆ་ཡོད།
བཞི། མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་བྱེད་པའི་རྩ་དོན། དམངས་དོན་དང་ཉེས་དོན་གྱོད་གཞི་གཉིས་མི་འདྲ་སྟེ། དམངས་དོན་གྱོད་གཞི་ཞིག་ཡིན་ཚེ་ཕྱོགས་གཉིས་ཀ་འཐད་པ་བྱུང་བའི་ཆ་
རྐྱེན་འོག་ནས་མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་བྱེད་ཆོག་ལ་དེ་ངེས་པར་དུ་ཁྲིམས་མཐུན་ཡིན་དགོས།