རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཡིག(༠༨)
ཡོང་ཁུངས། : སྲིད་གཞུང་དྲ་བ།
1. 1. 2བརྡར་ཤ་གཅོད་པའི་དོན་ཚན།
1. 1. 2. 1 ལན། འགྲིག
རྒྱ་ལམ་དུ་སྐྱོད་པའི་ཁ་ལོ་བ་དང་འགྲོ་མི། རླངས་འཁོར་བསྡད་མི་དེ་མིན་རྒྱ་ལམ་འགྲིམ་འགྲུལ་བྱ་འགུལ་ལ་འབྲེལ་བ་ཡོད་པའི་ལས་ཁུངས་དང་མི་སྒེར་གང་ཡིན་ཡང༌།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》བརྩི་སྲུང་བྱེད་དགོས།
1. 1. 2. 2 ལན། འགྲིག
རླངས་འཁོར་སྐོར་དུས་ངེས་པར་དུ་གཡས་ལོགས་ནས་སྐྱོད་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
1. 1. 2. 3 ལན། འགྲིག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དེ་སྤྱི་བདེ་ལས་ཁུངས་ཀྱིས་འགན་འཁུར་ནས་ལག་བསྟར་བྱེད་དགོས།
1. 1. 2. 4 ལན། འགྲིག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལས་གཏན་འཁེལ་བྱས་མེད་པའི་གནས་ཚུལ་ལ་འཕྲད་ཚེ། རླངས་འཁོར་དང་འགྲོ་མིས་ངེས་པར་དུ་གོ་རིམ་ལྡན་པ་དང་བདེ་འཇགས་ཡིན་པ། ཤར་རྒྱུག་ཐུབ་པ་ཁག་ཐེག་བྱེད་པའི་རྩ་དོན་འོག་སྐྱོད་དགོས།
1. 1. 2. 5 ལན། འཆུག
རླངས་འཁོར་སྐོར་དུས་ངེས་པར་དུ་གཡས་ལོགས་སུ་བསྐྱོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ཤིང༌། ཟོག་འདེད་པ་དང་དེར་ཞོན་པ་ཅན་གྱིས་རྩ་དོན་དེ་བརྩི་སྲུང་བྱེད་མི་དགོས།
1. 1. 2. 6 ལན། འཆུག
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ནི་འགྲིམ་འགྲུལ་པའི་ཁོངས་སུ་གཏོགས་པའི་རིམ་པ་སོ་སོའི་འགྲིམ་འགྲུལ་ལས་ཁུངས་ཀྱིས་འགན་འཁུར་ནས་ལག་བསྟར་བྱེད་དགོས།
1. 1. 2. 7 ལན། འགྲིག
འགྲིམ་འགྲུལ་ཆག་སྒོ་བཟོས་རྗེས་བྲོས་བྱོལ་བྱེད་པ་ཅན་ལ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་དེའི་སྐོར་ཡིག་བེད་མེད་དུ་བྱེད་ཅིང༌། མི་ཚེ་གང་བོར་རླངས་འཁོར་སྐོར་ཡིག་ལེན་མི་ཆོག་པ་ཡིན།
1. 1. 2. 8 ལན། འཆུག
གློག་བརྡ་སེར་པོ་བཀར་དུས་རླངས་འཁོར་འགྲོ་མི་ཆོག་ལ། འདུག་ཐིག་ནས་བརྒལ་ཡོད་པའི་རླངས་འཁོར་མུ་མཐུད་དུ་སྐྱོད་མི་ཆོག་པ་ཡིན།
1. 1. 2. 9 ལན༌། འགྲིག
གློག་བརྡ་སེར་པོ་བཀར་དུས་རླངས་འཁོར་འགྲོ་མི་ཆོག་ལ། འདུག་ཐིག་ནས་བརྒལ་ཡོད་པའི་རླངས་འཁོར་མུ་མཐུད་དུ་སྐྱོད་ཆོག་པ་ཡིན།
1. 1. 2. 10 ལན། འཆུག
གློག་བརྡ་དམར་པོ་བཀར་དུས་རླངས་འཁོར་འགྲོ་མི་ཆོག་ལ། འཕྲུལ་ཆས་མ་ཡིན་པའི་རླངས་འཁོར་དང་འགྲོ་མི་སྐྱོད་ཆོག་པ་ཡིན།
1. 1. 2. 11 ལན། འགྲིག
མདའ་མགོ་ལྗང་ཁུའི་གློག་བརྡ་བཀར་དུས་རླངས་འཁོར་གྱིས་མདའ་མགོའི་ཁ་ཕྱོགས་ལྟར་སྐྱོད་ཆོག་པ་ཡིན།
1. 1. 2. 12 ལན། འཆུག
གློག་བརྡ་སེར་པོ་ལྡེམ་མེ་ལྡེམ་མེ་བྱེད་དུས་རླངས་འཁོར་དང་འགྲོ་མི་དལ་མོར་སྐྱོད་ཆོག་པ་ཡིན།
1. 1. 2. 13 ལན། འགྲིག
རླངས་འཁོར་འགྲོ་ལམ་ནང་གི་གློག་བརྡ་ནི་གློག་མདའ་མགོ་ལྗང་ཁུ་ཅན་དང་གློག་བསྣོལ་དབྱིབས་དམར་བོའམ་གློག་མདའ་མགོ་ཅན་བཅས་ཡིན།
1. 1. 2. 14 ལན། འགྲིག
མི་འགྲོ་འཕྲེད་ལམ་ནང་གི་གློག་བརྡ་ལ་ནང་གསེས་ཀྱི་གློག་ལྗང་ཁུ་དང་དམར་པོ་གཉིས་ཡོད།
1. 1. 2. 15 ལན། འགྲིག
མི་འགྲོ་འཕྲེད་ལམ་དུ་གློག་བརྡ་ལྗང་ཁུ་བཀར་དུས་མི་རྣམས་འགྲོ་ཆོག་པ་ཡིན།
(1. 1. 2. 16 ལན། འགྲིག
མི་འགྲོ་འཕྲེད་ལམ་དུ་གློག་བརྡ་ལྗང་ཁུ་དམར་པོ་བཀར་དུས་མི་རྣམས་འགྲོ་མི་ཆོག་པ་ཡིན།
1. 1. 2. 17 ལན། འགྲིག
རླངས་འཁོར་དང་འགྲོ་མིས་ངེས་པར་དུ་འགྲིམ་འགྲུལ་མཚོན་རྟགས་དང་འགྲིམ་འགྲུལ་ཐིག་རྟགས་ཀྱི་གཏན་འཁེལ་བརྩི་སྲུང་བྱེད་དགོས།
1. 1. 2. 18 ལན། འགྲིག
བཀག་འགོག་མཚོན་རྟགས་ནི་རླངས་འཁོར་དང་འགྲོ་མི་འགོག་པ་དང་ཚོད་འཛིན་བྱེད་པའི་འགྲིམ་འགྲུལ་བྱ་འགུལ་གྱི་མཚོན་རྟགས་ཤིག་ཡིན།
1. 1. 2. 19 ལན། འགྲིག
རྒྱ་ལམ་གྱི་འགྲིམ་འགྲུལ་མཚོན་རྟགས་ལ་དབྱེ་ན་ཉེན་བརྡ་མཚོན་རྟགས་དང་སློབ་སྟོན་མཚོན་རྟགས། བཀག་འགོག་མཚོན་རྟགས། ལམ་སྟོན་མཚོན་རྟགས། ལྗོངས་རྒྱུ་ས་ཁུལ་གྱི་མཚོན་རྟགས། རྒྱ་ལམ་བཟོ་སྐྲུན་བྱེད་པའི་བདེ་འཇགས་མཚོན་རྟགས། རམ་འདེགས་མཚོན་རྟགས་བཅས་ཡོད།
1. 1. 2. 20 ལན། འགྲིག
རྒྱ་ལམ་འགྲིམ་འགྲུལ་ཐིག་རྟགས་ནང་གི་ལྟེ་བའི་ཐིག་རྟགས་དེས་མཚོན་དོན་ནི་རླངས་འཁོར་གྱིས་ཐིག་རྟགས་དེ་བརྒལ་བའམ་མནན་ནས་སྐྱོད་མི་ཆོག་པ་ཡིན།