སྲིད་ཇུས་ཁྲིམས་སྲོལ།
 

མཚོ་སྔོན་སྲིད་དོན་གྱི་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2014-02-14  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།

1.ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དུས་ནམ་ཞིག་ནས་བཟུང་ཤུགས་ཇེ་ཆེར་བཏང་བ་ཡིན་ནམ།ལན།ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས2002ལོ་ནས་བཟུང་ཤུགས་ཇེ་ཆེར་བཏང་བ་ཡིན་ལ། 2002ལོའི་ཟླ11པའི་ཚེས8ཉིན་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་པ་དང་། ཞིང་སྡེའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་བྱས་ནས་ཞིང་པའི་ཡོང་སྒོ་འཕར་སྣོན་བྱེད་རྒྱུ། མཁར་གྲོང་ཅན་དུ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་ནས་ངལ་རྩོལ་པ་ལྷག་མ་སྤོ་སྒྱུར་བྱེད་རྒྱུ། ཏང་གིས་ཞིང་སྡེ་རུ་སྤེལ་བའི་གཞི་རྩའི་སྲིད་ཇུས་སྣ་ཚོགས་གཏན་འཇགས་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་བཏོན། ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཚུན་གྱི་ལོ་བཅུ་ལྷག་གི་རིང་ལ་འཐབ་ཇུས་ལས་འགན་གསུམ་པོ་འདིར་གཞིགས་ནས་བྱེ་བྲག་གི་སྲིད་ཇུས་དང་ཐབས་ཇུས་རབ་དང་རིམ་པ་ཞིག་བཏོནཡོད།

2.ཞིང་སྡེའི་དཔྱ་ཁྲལ་བཅོས་སྒྱུར་ཐད་ལ་བྱེ་བྲག་གི་སྲིད་ཇུས་ཅི་ཞིག་ཡོད། ལན།2000ལོར་ཨན་ཧུའེ་ཞིང་ཆེན་ཡོངས་དང་ཞིང་ཆེན་དང་ལྗོངས་གཞན་པའི་རྫོང་དང་གྲོང་ཁྱེར་ལ་ལ་ནས་ཞིང་སྡེའི་དཔྱ་ཁྲལ་བཅོས་སྒྱུར་ཐོག་མར་ཚོད་ལྟ་བྱས། ཨན་ཧུའེ་སོགས་ས་ཁུལ་གྱི་ཉམས་མྱོང་སྤྱི་སྡོམ་བྱས་པའི་རྨང་གཞི་སྟེང་ཚོད་ལྟ་བྱེད་པའི་ཞིང་ཆེན20རྒྱ་བསྐྱེད་ཡོད། 2003ལོར་ཀྲུང་དབྱང་གིས་ཞིང་སྡེའི་དཔྱ་ཁྲལ་བཅོས་སྒྱུར་ཁྱོན་ཡོངས་ནས་ཚོད་ལྟ་ཁྱབ་སྤེལ་བྱེད་རྒྱུ་ཐག་བཅད་པ་དང་གསར་སྣོན་ཞིང་ཆེན11ནས་ཚོད་ལྟ་ཁྱབ་སྤེལ་བྱས། བྱེ་བྲག་གི་སྲིད་ཇུས་ཏེ། གཅིག་ནི"མེད་པར་གཏོང་བ་གསུམ་དང་ལེགས་སྒྲིག་བྱེད་པ་གཉིས། བཅོས་སྒྱུར་བྱེད་པ་གཅིག"བཅས་ཡིན། "མེད་པར་གཏོང་བ་གསུམ"ནི་གཅིག་གྱུར་འཆར་འགོད་གྲོན་དངུལ་དང་ཞིང་སྡེའི་སློབ་གསོ་ཟུར་སྣོན་སོགས་ཆེད་དུ་ཞིང་པའི་ལག་ནས་སྡུད་ལེན་བྱས་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་དང་སྲིད་གཞུང་རང་བཞིན་གྱི་མ་རྩ་དང་དེ་མིན་ཞིང་པར་འབྲེལ་བའི་མ་རྩ་སྡུད་རུབ་མེད་པར་གཏོང་བ་དེར་བསྟན་པ་རེད། བཤའ་ཁྲལ་མེད་པར་གཏོང་བ་སྟེ། གཅིག་གྱུར་གྱིས་གཏན་འབེབས་བྱས་པའི་ངལ་རྩོལ་རིམ་བསགས་ལས་ཀ་དང་འོས་འགན་ལས་ཀ་མེད་པར་གཏོང་བ། "ལེགས་སྒྲིག་གཉིས"ནི་ཞིང་ལས་དཔྱ་ཁྲལ་སྐོར་གྱི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་ཞིང་ལས་ཁྱད་ཐོན་དཔྱ་ཁྲལ་སྐོར་གྱི་སྲིད་ཇུས་ལེགས་སྒྲིག་བྱེད་པ་དེར་བསྟན་པ་རེད། "བཅོས་སྒྱུར་གཅིག"ནི་སྡེ་བའི་འཐེན་འཇོག་སྡུད་ལེན་སྤྱོད་ཐབས་བཅོས་སྒྱུར་བྱེད་པ་དེར་བསྟན་པ་རེད། གཉིས་ནི"མི་ཆོག་པ་གསུམ"དང"ལམ་ལུགས་བཞི"ཡིན། "མི་ཆོག་པ་གསུམ"ནི་ཞིང་ལས་དཔྱ་ཁྲལ་དང་དེའི་ཟུར་སྣོན་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཁྲལ་ཚད་ཀྱི་མཐོ་གྲངས(ཞིང་ལས་དཔྱ་ཁྲལ་དང་ཞིང་ལས་ཁྱད་ཐོན་དཔྱ་ཁྲལ་གྱི་ཟུར་སྣོན་བསྡུར་ཚད་ཆེས་མཐོ་ན་ཁྲལ་གཙོ་བོའི20%ལས་བརྒལ་མི་རུང་།)ལས་བརྒལ་མི་ཆོག་པ་དང་། རྒྱ་ཁྱོན་ལས་བརྒལ་བ་དང་ཚད་ལས་བརྒལ་བའི་ངང"དོན་རེར་གྲོས་རེའི"ཐབས་སྤྱད་ནས་མ་དངུལ་དང་ངལ་རྩོལ་པ་བཀོད་སྒྲིག་བྱེད་མི་ཆོག ཞིང་ལས་དཔྱ་ཁྲལ་དང་ཟུར་སྣོན་དང"དོན་རེར་གྲོས་རེའི"ཕན་ཆད་ནས་ཞིང་པར་རྣམ་པ་གང་དག་སྤྱད་ནས་ཆ་བགོ་དང་གྲོན་བསྡུ་མི་ཆོག "ལམ་ལུགས་བཞི"ནི་ཞིང་ལས་ལ་འབྲེལ་བའི་ཁྲལ་སྡུད་རིན་གོང་ཡོངས་རྫོགས་ལ"སྤྱི་བསྒྲགས་ལམ་ལུགས"དང་། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོའི་གྲོན་དངུལ་སྡུད་པ་དེ"ཐེངས་གཅིག་ལ་སྡུད་པའི་ལམ་ལུགས"དང་། ཞིང་སྡེའི་ཚགས་པར་དང་དུས་དེབ་མངག་ཉོ་བྱེད་པའི"གྲངས་འབོར་ཚོད་འཛིན་ལམ་ལུགས"དེ་ཞིང་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་དང་འགལ་ཚེ"འགན་ཁུར་རྩད་ཞིབ་ཀྱི་ལམ་ལུགས"བཅས་ཡིན། གསུམ་ནི "འགན་སྲུང་གསུམ"ཡིན་པ་སྟེ། ཞིང་སྡེའི་གཞི་རིམ་རྩ་འཛུགས་རྒྱུན་ལྡན་སྒོས་འཁོར་སྐྱོད་བྱེད་རྒྱུ་འགན་སྲུང་བྱེད་དགོས། ཞང་བརྡལ་ནོར་སྲིད་ཀྱིས་ཐོག་མར་འཁོར་སྐྱོད་བྱེད་རྒྱུ་འགན་སྲུང་བྱེད་པ། རང་རིམ་པའི་ནོར་ཤུགས་མི་འདང་བར་གོང་རིམ་ནོར་སྲིད་ཀྱིས་སྒྱུར་སྤོ་གཏོང་སྤྲོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྡེ་དམངས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་སྡེ་བ་ཟླ་སྒྲིལ་བྱས་ནས་སྡེ་བ་རིམ་པའི་འགྲོ་སྒོ་ཇེ་ཉུང་དུ་གཏོང་དགོས། ཞིང་སྡེའི་འོས་འགན་སློབ་གསོ་ཐད་གཏོང་བའི་མ་དངུལ་བཅོས་སྒྱུར་མ་བྱས་སྔོན་གྱི་ཞང་གི་གཅིག་གྱུར་བཀོད་སྒྲིག་གྲོན་དངུལ་ནང་གི་ཞིང་སྡེའི་སློབ་གསོ་ཟུར་སྣོན་དང་རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་ཞིང་སྡེའི་སློབ་གསོ་མ་དངུལ་སྡུད་རུབ་དང་དེ་མིན་རྒྱུན་ལྡན་གྱི་ནོར་སྲིད་གཏོང་སྒོའི་སྤྱིའི་ཆུ་ཚད་ལས་དམའ་མི་རུང་བ་མ་ཟད། ད་དུང་རིམ་བཞིན་ཇེ་མང་དུ་གཏོང་དགོས་པ་དང་། དགེ་རྒན་གྱི་དཔུང་སྡེ་ཁུ་བསྡུ་དང་། ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་ཆགས་ཚུལ་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ་འགན་སྲུང་བྱེད་དགོས། དགེ་སློབ་གཉིས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཆེད་མ་དངུལ་ངེས་ཅན་ཞིག་བཏང་ནས་སློབ་གྲྭ་ཆུང་འབྲིང་གི་རྒྱུན་ལྡན་གྱི་ཉེན་ཁང་བསྒྱུར་བཀོད་བྱ་བ་སྤེལ་དགོས། བཞི་ནི"དོན་རེར་གྲོས་རེ"དེ་ཡིན། སྡེ་བ་རིམ་པའི་ལས་དོན་ཐད་ཤུགས་ལ་བསྟུན་ནས་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། དོན་དག་གང་འདྲ་ཞིག་སྒྲུབ་ནུས་པའི་སྒོར་མོ་ཡོད་ན་དེ་ལྟར་དོན་དག་སྒྲུབ་པ་དང་། ཞིང་པ་མང་ཤས་འཐད་པ་བྱུང་ན་སྒྲུབ་པ་དང་འཐད་པ་མིན་ན་མི་སྒྲུབ་པའམ་ཡང་ན་དལ་སྒྲུབ་བྱེད་དགོས། སྡེ་བས་བསྒྲུབས་པའི་ཐུན་མོང་ཐོན་སྐྱེད་དང་སྤྱི་ཕན་ལས་དོན་བསྐྲུན་པར་མཁོ་བའི་མ་དངུལ་དང་ངལ་རྩོལ་པ་དུས་བརྟན་གྱིས་ཞིང་པའི་ལག་ནས་མི་སྡུད་ཅིང་། སྡེ་དམངས་འཐད་པའམ་སྡེ་དམངས་ལ་ཕན་ཁེ་ཐོབ་པ། ནུས་བསྟུན་གྱིས་སྒྲུབ་པ། ཚད་ཐིག་ཡོད་པ། དམངས་གཙོས་ཐག་གཅོད་པ། འགྲོ་ལུགས་ཚད་ལྡན་ཡིན་པ། བཀོལ་སྤྱོད་མངོན་གསལ་བཅས་ཡིན་པའི་རྩ་དོན་ལྟར་དོན་རེར་གྲོས་རེ་ལག་བསྟར་བྱེད་དགོས། ལོ་འགོར་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་སྔོན་རྩིས་ལ་སྡེ་དམངས་གྲོས་ཚོགས་སམ་སྡེ་དམངས་འཐུས་མིའི་གྲོས་ཚོགས་ཀྱིས་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞང(བརྡལ)ཞིང་སྡེ་བདག་གཉེར་དོ་དམ་ལས་ཁུངས་ལ་ཕུལ་ནས་ཞིབ་བཤེར་གཏན་འབེབས་བྱེད་དགོས། ཞང(བརྡལ)མི་དམངས་སྲིད་གཞུང་གིས་ཆོག་མཆན་འགོད་དགོས་པར་མ་ཟད་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་ལས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་བྱེད་པར་འབུལ་དགོས། ལྔ་ནི་ཆ་ཚང་སྡེབ་སྒྲིག་སྲིད་ཇུསཡིན། ཞང་བརྡལ་ལས་ཁུངས་བཅོས་སྒྱུར་དང་ཞིང་སྡེའི་འོས་འགན་སློབ་གསོ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར། སྡེ་བ་རིམ་པའི་བཅོས་སྒྱུར། སྡེ་བ་རིམ་པའི་ལུགས་མིན་གྱི་དོམ་མེད་པར་གཏོང་བ་བཅས་ཡིན། དྲུག་ནི"གློད་གཉིས་ལེགས་སྒྲིག་གཅིག"ཡིན། "གློད་གཉིས"ནི་འབྲུ་རིགས་སྡུད་རིན་གློད་ནས་ཁྲོམ་རའི་རིན་གོང་ལ་བསྟུན་ཏེ་ཞིང་པའི་འབྲུ་ལྷག་སྡུད་པ་དང་། འབྲུ་རིགས་ཉོ་སྡུད་ཀྱི་ཁྲོམ་ར་གློད་ནས་འབྲུ་རིགས་ཉོ་སྡུད་ཀྱི་ཁྲོམ་རའི་བདག་གཉེར་གཙོ་གཞི་སྣ་མང་དུ་འགྱུར་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་དགོས། "ལེགས་སྒྲིག་གཅིག"ནི་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིན་གོང་ལྟར་ཞིང་པའི་འབྲུ་ལྷག་ཡོངས་རྫོགས་སྡུད་པའི་སྲིད་ཇུས་ཀྱིས་ཞིང་པར་གཞན་སྒྱུར་གྱིས་ཁ་གསབ་བྱེད་པ་དེ་ཐད་ཀར་གྱིས་ཁ་གསབ་སྟེར་བར་བསྒྱུར་པ་དེ་ཡིན།

3.ཞིང་སྡེའི་ཁེར་རྐྱང་སྒེར་གཉེར་སོགས་སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཅི་ཞིག་ཡོད།ལན།བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་བཀག་འགོག་མི་བྱེད་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་ལས་དོན་དང་དེ་མིན་ལས་རིགས་དང་ཁྱབ་ཁོངས་གཞན་པ་ཚང་མར་ཞིང་སྡེའི་ཁེར་གཉེར་བཟོ་ཚོང་པ་དང་སྒེར་གཉེར་ཁེ་ལས་ཀྱིས་བདག་གཉེར་བྱེད་ཆོག ཁྲལ་སྡུད་དང་དངུལ་རྩ་བཤུག་གཏོང་། ཐོན་ཁུངས་བཀོལ་སྤྱོད། འཇོན་མི་སྲིད་ཇུས་སོགས་ཕྱོགས་སུ་ཞིང་སྡེའི་ཁེར་གཉེར་བཟོ་ཚོང་པ་དང་སྒེར་གཉེར་ཁེ་ལས་ལ་རྒྱབ་སྐྱོར་བྱེད་དགོས། ཁྲིམས་མཐུན་ངང་བདག་གཉེར་བྱེད་པའི་ཞིང་སྡེའི་འཁོར་སྐྱོད་རང་བཞིན་གྱི་སིལ་ཚོང་མཁན་ལ་རྒྱལ་ཁབ་ཀྱིས་གཏན་འབེབས་གཞན་དག་ཡོད་པ་མ་གཏོགས་བཟོ་ཚོང་ཐོ་འགོད་བྱེད་མི་དགོས་ཤིང་འབྲེལ་ཡོད་ཀྱི་དཔྱ་ཁྲལ་ཡང་མི་སྡུད།

4.ས་ཞིང་ཁ་ཤས་ཀྱི་ནང་བཤུག་བཏང་དངུལ་དེ་ཞིང་ལས་ས་ཞིང་གསར་སྤེལ་བྱེད་པའི་ཐད་སྤྱོད་པའི་འབྲེལ་ཡོད་སྲུད་ཇུས་ལོ་ནམ་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས་པ་ཡིན།ལན།2004ལོར་ཀྲུང་དབྱང་གིས"ས་ཞིང་ལས་བླངས་པས་ས་ཞིང་ཐད་བཀོལ་དགོས"ཞེས་པའི་རྩ་དོན་ལྟར་ས་ཞིང་ཁ་ཤས་ཀྱི་ནང་བཤུག་བཏང་དངུལ་དེ་ས་ཞིང་བདེ་སྙོམས་བྱས་ནས་བསྐྱར་དུ་རྨོ་འདེབས་དང་རྨོ་འདེབས་བྱེད་འོས་རུང་བེད་སྤྱོད་བྱས་མེད་པའི་ས་ཞིང་གསར་སྦོལ། གཞི་རྩའི་ས་ཞིང་འཛུགས་སྐྲུན་བཅས་དང་དེ་མིན་ཞིང་ལས་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་བྱེད་པའི་ས་ཞིང་གསར་སྦོལ་ཐད་ཆེད་སྤྱོད་བྱེད་དགོས་ཞེས་བཏོན། ས་ཞིང་ནང་བཤུག་བཏང་དངུལ་ཞིང་ལས་ས་ཞིང་གསར་སྦོལ་ཐད་བཀོལ་བའི་བསྡུར་ཚད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་འཆར་གཞི་ཁེར་འགོད་བྱེད་པའི་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གནས་ཚུལ་མི་འདྲ་བར་གཞིགས་ཏེ། གྲོང་ཁྱེར་དང་རྫོང་སོ་སོས་ས་ཞིང་ནང་བཤུག་གཏོང་བའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་གི14%ལས་མི་དམའ་བ་ལྟར་གཏན་འཁེལ་བྱེད་ཆོག ཞིང་ལས་ས་ཞིང་གསར་སྦོལ་ཐད་བཀོལ་བའི་ས་ཞིང་ནང་བཤུག་བཏང་དངུལ་མང་པོ་གྲོང་ཁྱེར་དང་རྫོང་ནས་སོར་འཇོག་བྱས་ནས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས། ས་གནས་སོ་སོས་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས30%ལས་མི་བརྒལ་བའི་མ་དངུལ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་དང་འཆར་གཞི་ཁེར་འགོད་བྱེད་པའི་གྲོང་ཁྱེར་ལ་བསྡུས་ནས་བཀོལ་སྤྱོད་བྱེད་ཆོག

5.ནོར་སྲིད་ཀྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ཀྱི་དངུལ་གཏོང་འཕར་སྣོན་སྲིད་ཇུས་ལ་བླང་བྱ་ཅི་ཞིག་ཡོད།ལན།རིམ་པ་སོ་སོའི་སྲིད་གཞུང་གིས་ཁྲིམས་ལྟར་ཞིང་ལས་དང་ཞིང་སྡེར་གཏོང་བའི་འགྲོ་གྲོན་སྔོན་རྩིས་བཀོད་སྒྲིག་དང་དངོས་འབེབས་བྱེད་དགོས་པ་དང་། སྔོན་རྩིས་ལག་བསྟར་གཟབ་ནན་བྱས་ནས་ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་བརྟན་བརླིང་ངང་འཕར་བའི་ནང་རྐྱེན་གསར་སྐྲུན་དང་འཐུས་ཚང་དུ་གཏོང་དགོས། གཅིག་གྱུར་གྱི་འཆར་འགོད་དང་ལས་བགོས་གསལ་བོ། གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་བཅས་ཀྱི་བླང་བྱ་ལྟར། ད་ཡོད་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པར་བཏང་བའི་མ་དངུལ་ཧྲག་སྡེབ་དང་ནོར་ཤུགས་གཅིག་སྡུད་བྱེད་པ། གནད་ས་འབུར་དུ་ཐོན་པ་བཅས་བྱས་ནས་མ་དངུལ་སྤྱོད་པའི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། ཁྲལ་སྡུད་དང་སྐྱེད་གསབ། ཁ་གསབ་སོགས་དཔལ་འབྱོར་འདེགས་ཤིང་རྣམ་པ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་མང་པོ་ཞིང་ལས་དང་ཞིང་སྡེར་གཏོང་བར་སྐུལ་འདེབས་དང་སྣེ་ཁྲིད་བྱེད་དགོས། ས་ཁུལ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དངོས་གནས་ཞིང་སྡེའི་སྤྱི་ཚོགས་ལས་དོན་དར་སྤེལ་བྱེད་པ་དེ་བྱ་བའི་གནད་སར་འཛིན་དགོས་པ་དང་། གསར་སྣོན་སློབ་གསོ་དང་འཕྲོད་བསྟེན། རིག་གནས་སོགས་ཀྱི་ལས་དོན་གྲོན་དངུལ་གཙོ་བོ་ཞིང་སྡེར་བཀོལ་བའི་སྲིད་ཇུས་གཏན་ཁེལ་དངོས་འབེབས་ལེགས་པོ་བྱེད་དགོས་ཤིང་། ཕྱིན་ཆད་ལོ་རེར་ལག་བསྟར་བྱས་པའི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་དགོས།2008ལོ་ནས་བཟུང་ནོར་སྲིད་ཀྱིས་ཞིང་ལས་དང་ཞིང་སྡེ་ཐད་གཏོང་འཇོག་ཇེ་མང་དུ་བཏང་བའི་སྲིད་ཇུས་དང་བྱེད་ཐབས་གཙོ་བོ་སྟེ། "མངོན་གསལ་གྱིས་མཐོ་བ་གསུམ"ཡིན། 2008ལོ་ནས་བཟུང་ནོར་སྲིད་ཀྱིས་ཞིང་ལས་དང་ཞིང་སྡེ་ཐད་ཀྱི་གཏོང་འཇོག་སྔོན་ལོ་ལས་མངོན་གསལ་གྱིས་མཐོ་བ་དང་གཅིག རྒྱལ་ཁབ་ཀྱིས་གཏན་འཇགས་རྒྱུ་ནོར་ཞིང་སྡེ་ཐད་གཏོང་བ་སྔོན་ལོ་ལས་མངོན་གསལ་གྱིས་མཐོ་བ་དང་གཉིས། སྲིད་གཞུང་གིས་ས་ཞིང་ནང་བཤུག་བཏང་བའི་ཡོང་སྒོ་ཞིང་སྡེ་འཛུགས་སྐྲུན་ཐད་སྤྱོད་པའི་འཕར་ཚད་སྔོན་ལོ་ལས་མངོན་གསལ་གྱིས་མཐོ་བ་དང་གསུམ། "ལེགས་སྒྲིག་གསུམ"སྟེ། རྨོ་ཞིང་འཛིན་སྤྱོད་དཔྱ་ཁྲལ་བཀོལ་ཕྱོགས་ལེགས་སྒྲིག་བྱས་ཏེ། གསར་འཕར་ཡོང་སྒོ་དེ་གཙོ་བོ"ཞིང་གསུམ"ཐད་སྤྱོད་པ་དང་གཅིག གྲོང་ཁྱེར་ཞིག་གསོ་འཛུགས་སྐྲུན་དཔྱ་ཁྲལ་སྤྱོད་པའི་ཁྱབ་ཁོངས་ལེགས་སྒྲིག་བྱས་ཏེ། ས་གནས་སོ་སོས་སྔོན་རྩིས་ལས་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་ཞིག་གསོ་འཛུགས་སྐྲུན་གྱི་འགྲོ་གྲོན་ནང་གི་མ་དངུལ་ཁག་ཅིག་ཞིང་གྲོང་འཆར་འགོད་དང་རྨང་གཞིའི་སྒྲིག་བཀོད་སྐྲུན་པའམ་ཞིག་གསོ་བྱེད་པར་བཀོལ་བ་དང་གཉིས། ཞིང་ལས་ལ་འབྲེལ་བ་ཡོད་པའི་ཆ་ཚང་སྡེབ་སྒྲིག་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱིས་རྒྱལ་ཁབ་རིམ་པའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་ལ་བཀོད་སྒྲིག་གསར་བ་བྱས་པའི་ཉེན་ཡོད་ཆུ་མཛོད་སྲ་བརྟན་དུ་གཏོང་བ་དང་སྐྱེ་ཁམས་འཛུགས་སྐྲུན་སོགས་སྤྱི་ཕན་རང་བཞིན་དྲག་པའི་གཞི་རྩའི་འཛུགས་སྐྲུན་ལས་གཞི་དེར་གནས་ཚུལ་མི་འདྲ་བ་གཞིར་བཟུང་ནས། རྫོང་དང་རྫོང་མན་ཆད་ཀྱི་ཆ་ཚང་སྡེབ་སྒྲིག་རིམ་བཞིན་ཉུང་འཕྲིའམ་ཡང་ན་མེད་པར་གཏོང་བ་དང་གསུམ། "མུ་མཐུད་ཇེ་ཆེར་གཏོང་བ་གསུམ"སྟེ། ཞིང་པར་ཐད་ཀར་ཁ་གསབ་སྟེར་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། འབྲུ་རིགས་ལ་ཐད་ཀར་ཁ་གསབ་དང་སོན་ལེགས་ལ་ཐད་ཀར་ཁ་གསབ། ཞིང་ལས་འཕྲུལ་ཆས་ཉོ་བར་ཐད་ཀར་ཁ་གསབ། ཞིང་ལས་ཐོན་རྫས་ཕྱོགས་བསྡུས་སྒོས་ཐད་ཀར་ཁ་གསབ་སྟེར་ཤུགས་སྣོན་པ་དང་གཅིག འབྲུ་རིགས་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཇེ་ཆེར་བཏང་ནས། འབྲུ་རིགས་ཉེན་ཁའི་ཐེབས་རྩ་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གཉིས། སྲོག་ཆགས་རིམས་འགོག་མ་ལག་བསྐྲུན་པར་འགྲོ་གྲོན་གཏོང་ཤུགས་མུ་མཐུད་ཇེ་ཆེར་བཏང་ནས། སྲོག་ཆགས་རིམས་ནད་ཚབས་ཆེན་ལ་འགྲོ་གྲོན་མི་ལེན་པར་བཙན་སྐུལ་གྱིས་རིམས་འགོག་བྱེད་པ་དང་། སྡེ་བ་རིམ་པའི་སྲོག་ཆགས་རིམས་འགོག་དཔུང་སྡེ་འཐུས་ཚང་དུ་གཏོང་བ་དང་གསུམ། "མཐོར་འདེགས་གསུམ"སྟེ། ཞིང་སྡེའི་འོས་འགན་སློབ་གསོ་དང་ལེན་བྱེད་པའི་སྐབས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ཞག་སྡོད་སློབ་མའི་འཚོ་བའི་འགྲོ་གྲོན་དང་སློབ་གྲྭ་ཆུང་འབྲིང་གི་སྤྱི་སྤྱོད་གྲོན་དངུལ། སློབ་གྲྭའི་ཁང་བ་ཞིག་གསོ་བྱེད་དངུལ་སོགས་ཀྱི་ཁ་གསབ་ཚད་གཞི་མཐོར་འདེགས་གཏོང་བ་དང་གཅིག ཞིང་སྡེ་གསར་བའི་མཉམ་ལས་སྨན་བཅོས་རྒྱལ་ཁབ་ཀྱིས་ཁ་གསབ་སྟེར་བའི་ཚད་གཞི་མཐོར་འདེགས་གཏོང་བ་དང་གཉིས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་བྱེད་པའི་ཚད་གཞི་མཐོར་འདེགས་གཏོང་བ་དང་གསུམ། "འཕར་སྣོན་ཆེན་པོ་གསུམ"སྟེ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ས་ཞིང་ཆུ་བེད་བཟོ་འགོད་ཆུང་གྲས་འཛུགས་སྐྲུན་ལ་ཁ་གསབ་སྟེར་བའི་ཆེད་སྤྱོད་མ་དངུལ་འཕར་སྣོན་ཆེན་པོ་བྱེད་པ་དང་གཅིག ཉེན་ཡོད་ཆུ་མཛོད་ཀྱི་ཉེན་སེལ་དང་སྲ་བརྟན་དུ་གཏོང་བའི་ཐད་འགྲོ་གྲོན་འཕར་སྣོན་ཆེན་པོ་བྱེད་པ་དང་གཉིས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་སྡེའི་འོས་འགན་སློབ་གསོའི་ལོ་རྒྱུས་སྟེང་གི་དོམ་ཆད་པ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་འགྲོ་གྲོན་འཕར་སྣོན་ཆེན་པོ་བྱེད་པ་དང་གསུམ། དེ་ལས་གཞན་ད་དུང་འབྲུ་རིགས་དང་སྣུམ་རྒྱུ། གསོན་ཕག བཞོན་མ་བཅས་ཐོན་པ་མང་བའི་རྫོང་ལ་བྱ་དགའི་ཁ་གསབ་སྲིད་ཇུས་དང་ཞིང་སྡེའི་ཆུ་ལམ་གློག་རླངས་བཞི་བསྐྲུན་པར་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་མང་པོ་བཏོན་པ་དང་། མཐོ་རིམ་སློབ་གྲྭ་ཆེན་མོའི་ཞིང་ནགས་ཆུ་གསུམ་ལས་རིགས་ཀྱི་ཆེད་ལས་སློབ་མ་ཞིང་སྡེ་གཞི་རིམ་ལ་ཞབས་ཞུ་བསྒྲུབ་ཏུ་འགྲོ་བའི་སྐུལ་འདེབས་སྲིད་ཇུས་བཏོན་པ་མ་ཟད། ད་དུང་ཞིང་ལས་ཐད་ཀྱི་གཏོང་འཇོག་དོ་དམ་ལ་ཤུགས་སྣོན་དང་མ་དངུལ་བེད་སྤྱོད་ཕན་འབྲས་མཐོར་འདེགས་སུ་གཏོང་བར་བླང་བྱ་བཏོན་ཡོད།

6.ཞིང་སྡེའི་ཁྲལ་གྲོན་བཅོས་སྒྱུར་མུ་མཐུད་དུ་སྐུལ་འདེད་བྱེད་པའི་སྲིད་ཇུས་ཀྱི་ནང་དོན་ཅི་ཞིག་ཡོད།ལན།2004ལོ་ནས་བཟུང་ཞིང་ལས་དཔྱ་ཁྲལ་སྡུད་ཚད་རིམ་བཞིན་ཇེ་ཉུང་དུ་བཏང་བའི་ཆབས་ཅིག་ཏུ། རྡོ་ཐ་ལས་ཞིང་ལས་ཁྱད་ཐོན་དཔྱ་ཁྲལ་མེད་པར་བཏང་ཡོད། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་ཞིང་ལས་དཔྱ་ཁྲལ་སྡུད་ཚད་སྔར་ལས་ཇེ་ཉུང་དུ་གཏོང་བའམ་ཡང་ན་ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་ཆོག ས་གནས་སོ་སོས་ཁྲལ་འཕྲི་བསྡུར་ཚད་ཇེ་ཉུང་དུ་གཏོང་བ་དེ་ཁྱིམ་ཚང་ལ་དངོས་འབེབས་བྱས་ཏེ། ཞིང་པར་ཁེ་ཕན་དངོས་གནས་ཐོབ་པར་འཇུག་དགོས། རིམ་པ་སོ་སོས་སྒྱུར་སྤོ་གཏོང་སྤྲོད་མ་དངུལ་དེ་ཆེད་དངུལ་ཆེད་སྤྱོད་དང་། དུས་ཐོག་འདང་ངེས་ཀྱིས་ལས་གནས་སུ་འབྱོར་བར་འགན་སྲུང་བྱས། ཆ་ཚང་སྡེབ་སྒྲིག་བཅོས་སྒྱུར་མྱུར་སྤེལ་བྱས་ཏེ། ཞིང་པའི་ཁུར་པོར་ལྟ་སྐུལ་དོ་དམ་བྱེད་པར་མུ་མཐུད་ཤུགས་བསྣན་པས། ཞིང་སྡེའི་ཁྲལ་གྲོན་བཅོས་སྒྱུར་གྲུབ་འབྲས་བརྟན་སྲུང་བྱས། ཞང་བརྡལ་ལས་ཁུངས་དང་ནོར་སྲིད་ཀྱིས་གསོ་བའི་མི་སྣ་སྔར་ལས་ལྷག་པར་ཁུ་བསྡུ་བྱེད་པ་དང་། ཞང་བརྡལ་གྱི་སྒྲིག་གཞི་ལེགས་སྒྲིག་ཧུར་བརྩོན་བརྟན་བརླིང་ངང་བྱེད་པ་དང་། ཆ་རྐྱེན་ལྡན་ཚེ་སྡེ་བ་ཟླ་སྒྲིལ་བྱེད་པ་ལག་བསྟར་བྱེད་ཆོག ཞིང་སྡེའི་སློབ་གྲྭ་ཁྱབ་སྟངས་དང་དགེ་རྒན་དཔུང་སྡེ་ལེགས་སྒྱུར་བྱས་ཡོད། ཞིང་ལས་ལ་འབྲེལ་བ་ཡོད་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་སྡུད་པ་དེ་སྔར་ལས་ལྷག་པར་གཙང་བཤེར་དང་ཚད་ལྡན་དུ་བཏང་ཡོད། ཞིང་གྲོང་གི་དོམ་ཆད་ཐག་གཅོད་པའི་ཕན་ཡོད་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད།

7."ཆག་ཡང་དང་རྩ་ཆག་གཏོང་བ་གཉིས་དང་ཁ་གསབ་གསུམ"ཞེས་པའི་སྲིད་ཇུས་ཀྱི་ནང་དོན་ཅི་ཞིག་ཡིན།ལན།2005ལོ་ནས་བཟུང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་དུ་ཞིང་ལས་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཚོད་ལྟ་ལག་བསྟར་བྱས་པ་དང་། ས་ཁུལ་གཞན་དག་ཏུ་ཞིང་ལས་དཔྱ་ཁྲལ་སྡུད་ཚད་སྔར་ལས་ཇེ་ཉུང་དུ་བཏང་། འབྲོག་ཁུལ་དུ་ཕྱུགས་ལས་དཔྱ་ཁྲལ་མེད་པར་གཏོང་བའི་ཚོད་ལྟ་ཁྱབ་སྤེལ་བྱས། རྒྱལ་དབང་ཞིང་སྦོལ་ཁེ་ལས་ཀྱིས་གནས་སའི་ཞིང་ལས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ལག་བསྟར་བྱས། ཞིང་ལས་དཔྱ་ཁྲལ་རྩ་ཆག་དང་ཆག་ཡང་བཏང་བ་ལས་ས་གནས་ཀྱི་ནོར་སྲིད་ཡོང་སྒོ་ཉུང་འཕྲི་བྱ་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་སྒྱུར་སྤོ་གཏོང་སྤྲོད་བཀོད་སྒྲིག་བྱས་ནས་ཁ་གསབ་འོས་འཚམས་བྱས། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་རང་དབང་སྒོས་ཞིང་ལས་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཚོད་ལྟ་བྱེད་པ་ཐག་བཅད་ཆོག འབྲུ་འདེབས་ཞིང་པར་ཐད་ཀར་ཁ་གསབ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་ཁ་གསབ་རྒྱག་པ་སྔར་ལས་ཇེ་མང་དུ་བཏང་ཆོག ཀྲུང་དབྱང་ནོར་སྲིད་ཀྱིས་སོན་ལེགས་ཁ་གསབ་དང་ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ་མ་དངུལ་མུ་མཐུད་དུ་འཕར་སྣོན་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱིས་ས་དེའི་ནོར་ཤུགས་དང་ཞིང་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས་ཁ་གསབ་མ་དངུལ་ངེས་ཅན་ཞིག་བཀོད་སྒྲིག་བྱེད་དགོས། ཐོན་ཁུལ་གཙོ་བོའི་འབྲུ་རིགས་སྣ་གཙོ་བོར་མ་མཐའི་སྡུད་ཉོ་རིན་གོང་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་དང་། འབྲུ་རིགས་ཁྲོམ་རའི་རིན་གོང་བརྟན་པོར་གཏོང་བ་དང་འབྲུ་འདེབས་ཞིང་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་གཏོང་དགོས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་དང་ཁྲོམ་རའི་དོ་དམ་ལེགས་སྒྲུབ་བྱས་ཏེ། རྫས་འགྱུར་ལུད་བཟོ་གྲྭ་ལས་ཕྱིར་གཏོང་བའི་རིན་གོང་ཚོད་འཛིན་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་། ཁྲལ་སྡུད་སོགས་བྱེད་ཐབས་བརྒྱུད་ནས་རྫས་འགྱུར་ལུད་ཕྱིར་གཏོང་ནང་འདྲེན་མཐུན་སྦྱོར་འོས་འཚམས་བྱས་ཏེ། ཞིང་ལས་རྒྱུ་ཆའི་རིན་གོང་འཕར་དྲག་པ་ཚོད་འཛིན་དང་། རྫུན་རྫུས་ཞན་གསུམ་ཡིན་པའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་བཙོང་བ་སོགས་ཞིང་ལས་ལ་གནོད་པ་སྐྱེལ་བའི་སྤྱོད་ངན་ལ་རྡུང་རྡེག་དྲག་པོ་བྱེད་དགོས།

8.ཞིང་ལས་དཔྱ་ཁྲལ་ཚང་མ་ལོ་ནམ་ནས་བཟུང་མེད་པར་བཏང་བ་ཡིན།ལན།2004ལོར་ཞིང་ལས་ཁྱད་ཐོན་དཔྱ་ཁྲལ་དང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བཏང་བ་དང་ཞིང་ལས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་བཏང་བའི་རྨང་གཞི་སྟེང་། 2006ལོར་རྒྱལ་ཡོངས་ཁྱབ་ཁོངས་སུ་ཞིང་ལས་ཀྱི་དཔྱ་ཁྲལ་ཚང་མ་མེད་པར་བཏང་བས། ཞིང་ལས་ཀྱི"ཁྲལ་གསུམ"སྡུད་མཚམས་བཞག་ཡོད་ལ། ལོ་ངོ2600ལྷག་གི་རིང་ལ་ཞིང་པས་ཞིང་བཏབ་ན"རྒྱལ་འབྲུ་རྒྱལ་ཁྲལ"འཇལ་དགོས་པའི་ལོ་རྒྱུས་མཇུག་ཡོངས་སུ་རྫོགས་པ་རེད། 2006ལོར་རྫོང་དང་གྲོང་ཁྱེར་ཁ་ཤས་ནས་ཞང་སྡེའི་དོམ་ཆད་ཐག་གཅོད་པ་ཚོད་ལྟ་བྱས་ནས། ཞང་སྡེའི་དོམ་ཆད་པར་གཙང་བཤེར་དང་ཞིབ་བསྡུར་བྱས་པ་དང་། ལོ་རེ་བཞིན་མ་སྤྲད་པའི་ཞིང་ལས་དཔྱ་ཁྲལ་ཐག་བཅད་ཅིང་། ཞིང་ལས་སྐོར་གྱི་དཔྱ་ཁྲལ་ཐད་གཟིགས་སྐྱོང་བྱེད་ཐབས་ཇེ་ལེགས་སུ་བཏང་པས་ཞིང་པར་ཐད་ཀར་ཁེ་ཕན་ཐོབ་པ་འགན་སྲུང་བྱས། རྒྱལ་དབང་ཞིང་རའི་ཁྲལ་གྲོན་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཞིང་རའི་བཟོ་པས་ས་ཞིང་འགན་གཙང་ལེན་གྲོན་དངུལ་ཁྲོད་དུ"ཞང་བརྡལ་གྱི་གཅིག་གྱུར་འཆར་འགོད་རིགས་ལྔ"དང་མཚུངས་པའི་གྲོན་དངུལ་ཡོངས་རྫོགས་མེད་པར་གཏོང་བ་དང་། དེ་ལས་ཞིང་རའི་ཡོང་སྒོ་ཉུང་འཕྲི་བྱུང་བར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་སྟེར་དགོས། རྒྱལ་དབང་ཞིང་རས་སྤྱི་ཚོགས་ཀྱི་འགན་ནུས་ཡུན་དུ་བསྐྱུར་བ་དང་། བདག་གཉེར་ནང་རྐྱེན་བསྒྱུར་ནས་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པར་མ་དཔེ་ནུས་པ་འདོན་སྤེལ་བྱས་ཡོད། རང་ཞིང་གིས2005ལོར་ཞིང་ལས་ཁྱད་ཐོན་དཔྱ་ཁྲལ་དང་ཕྱུགས་ལས་དཔྱ་ཁྲལ་དང་ཞིང་ལས་དཔྱ་ཁྲལ་ཚང་མ་མེད་པར་དུ་བཏང་ཡོད།

9.ཞིང་སྡེའི་དངུལ་ལོར་སྒྲིག་སྲོལ་བཅོས་སྒྱུར་དང་གསར་སྐྲུན་ཐད་ནས་སྲིད་ཇུས་ཅི་ཞིག་ཡོད།ལན།དངུལ་ལོར་ལས་ཁུངས་ཀྱིས་ཞིང་སྡེའི་སྡེ་ཁུལ་ལ་ཞབས་འདེགས་ཞུ་བའི་ནང་རྐྱེན་བཙུགས་ཏེ། རྫོང་ཁོངས་ནང་གི་དངུལ་ལོར་ལས་ཁུངས་སོ་སོས"ཞིང་གསུམ"ལ་ཞབས་འདེགས་ཞུ་བའི་འོས་འགན་གསལ་བོ་བྱེད་དགོས། ཞིང་སྡེའི་ཡིད་རྟོན་དངུལ་བུན་གྱི་སྐྱེད་ཀ་འཕར་ཆག་བྱེད་ཚད་རྒྱ་བསྐྱེད་པ། ཞིང་ལས་དངུལ་ཁང་སོགས་ཚོང་ལས་དངུལ་ཁང་གིས་དངུལ་ལོར་ཐོན་རྫས་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཏེ། ཡིད་རྟོན་དངུལ་ལོར་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་ཐབས་རྒྱ་བསྐྱེད་པ། ཞིང་ལས་འཕེལ་རྒྱས་དངུལ་ཁང་སོགས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གིས་འགན་ནུས་ལེགས་སྒྲིག་བྱས་ཏེ། ཞིང་ལས་དང་ཞིང་སྡེ་ལ་ཞབས་འདེགས་ཞུ་བའི་རྒྱ་ཁྱོན་ཇེ་ཆེར་གཏོང་དགོས། ཞིང་སྡེ་ཡིད་རྟོན་ཁང་བཅོས་སྒྱུར་བྱས་པའི་ཚོད་ལྟ་ཉམས་མྱོང་སྤྱི་སྡོམ་བྱས་ཏེ། ཆ་རྐྱེན་བསྐྲུན་ནས་རིམ་བཞིན་ཁྱབ་བརྡལ་དུ་གཏོང་དགོས། མུ་མཐུད་དུ་ཞིང་པ་ཁྱིམ་ཚང་གི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་དང་ཞིང་པ་ཁྱིམ་ཚང་གིས་མཉམ་འབྲེལ་སྒོས་འགན་ལེན་བྱས་ནས་དངུལ་བུན་ལེན་ཚད་མུ་མཐུད་དུ་རྒྱ་ཇེ་ཆེར་གཏོང་དགོས། ཆ་རྐྱེན་ལྡན་པའི་ས་གནས་ཀྱིས་ཐད་ཀར"ཞིང་གསུམ"ལ་ཞབས་འདེགས་ཞུ་བའི་དབང་བའི་ལམ་ལུགས་སྣ་མང་ཡིན་པའི་དངུལ་ལོར་རྩ་འཛུགས་འཛུགས་གཉེར་བྱེད་པར་སྐུལ་ལྕགས་གཏོང་དགོས། ཞིང་པ་ཁྱིམ་ཚང་དང་ཞིང་སྡེའི་ཁེ་ལས་ཆུང་འབྲིང་གི་གནས་ཚུལ་དངོས་ལ་གཞིགས་ཏེ། འགན་སྲུང་བྱེད་ཐབས་གང་མང་ཞིབ་འཇུག་བྱས་ནས་བཏོན་པ། འགྱུར་ཅན་རྒྱུ་དངོས་གཏའ་མར་འཇོག་པ་དང་གསོག་འཇོག་འཛིན་ཡིག་དང་ཁེ་དབང་ཐོབ་ཆ་གཉིས་གཏའ་མར་འཇོག་པ་སོགས་འགན་སྲུང་རྣམ་པ་འཚོལ་ཞིབ་བྱས་ནས་ལག་བསྟར་བྱེད་དགོས། སྲིད་གཞུང་གིས་མ་དངུལ་བཏང་བའི་ཡིད་རྟོན་འགན་སྲུང་ལས་ཁུངས་ཀྱིས་ཞིང་སྡེའི་ཁྱད་ཆོས་དང་མཐུན་པའི་འགན་སྲུང་ལས་སྒོ་ཧུར་བརྩོན་སྒོས་སྤེལ་བར་བསྟོད་སྐུལ་བྱེད་དགོས། སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་བཅོལ་ལམ་ལུགས་གང་མགྱོགས་སྒོས་འཛུགས་པ་དང་། ཐོན་རྫས་ཁ་ཤས་དང་ས་ཁུལ་ཁ་ཤས་བདམས་ནས་ཐོག་མར་ཚོད་ལྟ་བྱེད་ཆོག

10.ཚོད་སླེ་བཟོ་འགོད་གནད་ས་འཛུགས་སྐྲུན་སྐོར་གསར་བ་སྤེལ་བའི་ནང་དོན་ཅི་ཞིག་ཡིན།ལན།2011ལོ་ནས་བཟུང་ལྡུམ་རའི་སྐྱེ་དངོས་ཚད་གཞི་གླིང་དང་ཕྱུགས་ཟོག་འདབ་ཆགས་རྒྱ་ཁྱོན་ལྡན་པར་གསོ་བའི་ཁུལ་ཆུང་། ཆུ་ཐོན་སྐྱེ་དངོས་བདེ་ཐང་ངང་གསོ་སྤེལ་གྱི་མ་དཔེ་ར་བ་བཅས་བསྐྲུན་ནས་ཤའམ་ཚོད་མ། སྒོ་ང་། འོ་མ་སོགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཚད་དང་འགན་སྲུང་བྱེད་ཚད་མཐོར་འདེགས་སུ་གཏོང་དགོས།

11.མཚོ་སྔོན་ཞིང་ཕྱུགས་ལས་ཀྱི་གཙོ་ཁྲིད་ཐོན་ལས་གཅིག་བསྡུས་ཀྱིས་གོང་དུ་སྤེལ་བའི་ཐད་ལ་སྲིད་ཇུས་ཅི་ཞིག་ཡོད།ལན།2012ལོར་ཁྱད་ཆོས་ཀྱི་དགེ་མཚན་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་ཆེན་པོ10གང་མྱུར་གྱིས་བསྐྲུན་དགོས། ཙོང་ཆུ་འབབ་རྒྱུད་དུ་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་ཀྱི"ལེ་དབར་བརྒྱ་ཕྲག་གི་བར་ཁྱམས་རིང་པོ"བསྐྲུན་པའི་འཆར་འགོད་ལག་བསྟར་དང་། ཞོག་ཁོག་དང་ལོག་དཀར། ཚོད་མ། སྐམས་ལུག་དང་། གསོན་ཕག་སོགས་ལེ་དབར་བརྒྱ་ཕྲག་གི་མུའུ་འབུམ་ཕྲག་དང་གསོ་ཕྱུགས་འབུམ་ཕྲག་གི་རྟེན་གཞི་ལྔའི་རྒྱ་ཁྱོན་དང་ཆུ་ཚད་སྲ་བརྟན་ནམ་ཇེ་མཐོར་གཏོང་བ་དང་། བཞོན་མ་དང་ཕྱི་ཤུན་སྲབ་པའི་སྟར་ཀ སྲེའུ་གཟུགས་ཆེན་སོགས་ལེ་དབར་བརྒྱ་ཕྲག་དང་མུའུ་འབུམ་ཕྲག་དང་གསོ་ཕྱུགས་འབུམ་ཕྲག་གི་རྟེན་གཞི་གསུམ་བསྐྲུན་ཤུགས་ཇེ་ཆེར་གཏོང་དགོས། རོང་ཁུལ་གྱི་ཕྱུགས་ལས་སྤེལ་བའི་གོམ་སྟབས་ཇེ་མྱུར་དུ་བཏང་ནས་རྒྱ་ཁྱོན་ལྡན་པའི་གསོ་སྤེལ་ར་བ100གསར་སྐྲུན་བྱེད་དགོས། རྒྱུད་བཟང་བཞོན་མ་འདྲེན་པར་ཁ་གསབ་སྟེར་བའི་སྲིད་ཇུས་ལག་ཏུ་བསྟར་བ་དང་། སྐམས་ལུག་ལྡབ་འཕར་གྱི་འཆར་གཞི་ལག་བསྟར་བྱེད་པ། ཚད་གཞི་ཅན་གྱི་གསོ་སྤེལ་བསྡུར་ཚད་ཀྱི50%ལ་བསླེབ་པར་འཇུག་དགོས། ཆུ་ཐོན་སྐྱེ་དངོས་གསོ་བ་དེ་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་འཕར་སྣོན་བྱུང་ཡུལ་གཙོ་བོར་བརྩིས་པར་དྲ་སྒམ་གྱིས་གསོས་པའི་རྒྱ་ཁྱོན་མུས་གྲུ་གཞི་མ་ཁྲི25གསར་འཕར་བྱུང་བ་དང་། བདེ་ཐང་ངང་གསོ་སྤེལ་བྱེད་པའི་མ་དཔེ་ར་བ10འཛུགས་སྐྲུན་བྱེད་དགོས། ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་ལས་དར་ཁུལ་བསྐྲུན་པ་དང་།"སྡེ་བ་གཅིག་ལ་ཐོན་རྫས་གྲགས་ཅན་གཅིག"ཡོད་པའི་ཁྱད་ལྡན་རྟེན་གཞི་བསྐྲུན་པར་རྒྱབ་སྐྱོར་དང་།"སྡེ་བ་གཅིག་ལ་ཐོན་རྫས་གྲགས་ཅན་གཅིག"ཡོད་པའི་ཁྱད་ལྡན་ཆེད་ལས་སྡེ་བ་བསྐྲུན་ནས་ཁྱད་ལྡན་ལོ་ཏོག་འདེབས་འཛུགས་བསྡུར་ཚད་ཀྱི80%ཟིན་དགོས། ལོ5ནང་དུ་རྒྱལ་ཡོངས་ཀྱི་ལོག་དཀར་དང་ཞོག་ཁོག་གི་ས་བོན་རྟེན་གཞི་གལ་ཆེན་བསྐྲུན་ནས་འགྲུབ་དགོས།

12. 2012ལོར་ཞིང་ཕྱུགས་ལས་ཚན་རྩལ་ཁྱབ་སྤེལ་དང་གསར་སྐྲུན་ཐད་སྲིད་ཇུས་ཅི་ཞིག་ཡོད།ལན།སོན་ལེགས་བཟོ་འགོད་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་ལས་ལོ་ཏོག་རིགས་གསར་ཧུར་བརྩོན་གྱིས་འདྲེན་པ་དང་། ལོ་ཏོག་རིགས་སྣ་ཚོགས་ཀྱི་ས་སོན་འདེམ་གསོའི་རྟེན་གཞི་འཛུགས་པ་རྒྱ་བསྐྱེད་ནས་སོན་ལེགས་ཀྱིས་ཁེབས་ཚད་མཐོར་འདེགས་བྱེད་དགོས། ཕྱུགས་ཟོག་འདབ་ཆགས་རྒྱུད་ལེགས་གསོ་སྤེལ་རྟེན་གཞི་བསྐྲུན་པར་ཤུགས་སྣོན་པ་དང་། འབྲོང་ཚའི་ཐིག་ལེ་དང་འབྲོག་ལུག་གི་ཐིག་ལེ་ཁྱབ་སྤེལ་བྱ་བ་ལེགས་སྒྲུབ་བྱེད་དགོས། འགྱིག་སྲབ་ཡོངས་འགེབས་དང་ཟུང་ཤུར་ཅན་གྱི་ཞོག་ཁོག་འདེབས་རྩལ་དང་ཆུ་བསྲི་ཞིང་ལས། ཞིང་ལས་འཕྲུལ་ཆས་ཀྱི་མ་རྩ་གྲོན་ཆུང་སྒོས་ཡོང་སྒོ་འཕར་བ། ས་དཔྱད་རྫས་སྦྱོར་ལུད་རྒྱག དྲོད་སྤྱིལ་ནང་དུ་ཚོད་མ་འདེབས་པ། འབུ་གནོད་འགོག་བཅོས་སོགས་ལག་རྩལ་གནད་འགག་ཅན་འབུར་དུ་ཐོན་ནས་ཁྱབ་སྤེལ་བྱེད་དགོས། 2012ལོར་ཞིང་ཆེན་ཡོངས་སུ་འགྱིག་སྲབ་ཡོངས་འགེབས་དང་ཟུང་ཤུར་གྱི་ཞོག་ཁོག་འདེབས་རྩལ་མུའུ་ཁྲི100ཁྱབ་སྤེལ་བྱེད་དགོས། འབྲུ་སྣུམ་ལོ་ཏོག་གི་ས་བོན་འདེམ་གསོ་རྟེན་གཞི་མུའུ་ཁྲི46འཛུགས་པ་དང་། དེའི་ནང་དུ་རྒྱུད་འདྲེས་ལོག་དཀར་ས་བོན་འདེམ་གསོ་རྟེན་གཞི་མུའུ་ཁྲི3དང་ཞོག་ཁོག་ས་བོན་འདེམ་གསོ་རྟེན་གཞི་མུའུ་ཁྲི18ལ་བསླེབས་སུ་བཅུག་ནས། རང་ཞིང་གིས་རྒྱལ་ཡོངས་ཀྱི་རྒྱུད་འདྲེས་ལོག་དཀར་ས་བོན་འདེམ་གསོ་རྟེན་གཞི་དང་ཞོག་ཁོག་ས་བོན་འདེམ་གསོ་རྟེན་གཞི་གལ་ཆེན་རིམ་བཞིན་བསྐྲུན་པར་རྨང་གཞི་བརྟན་པོ་འདིང་དགོས། ཚོད་མའི་ས་བོན་འདེམ་གསོ་རྟེན་གཞི་མུའུ3000བསྐྲུན་པ་ལེགས་སྒྲུབ་བྱེད་དགོས།འབྲི་གཡག་དང་འབྲོག་ལུག་གི་རྒྱུད་བཟང་ར་བ6གསར་སྐྲུན་བྱེད་པར་རོགས་སྐྱོར་བྱས་ཏེ། རྒྱུད་བཟང་ནོར་ཐིག5000དང་ལུག་ཐིག་ཁྲི16ལྷག་འདོན་སྤྲོད་བྱེད་དགོས། ཚད་གཞི་ཅན་གྱི་ནོར་རྒྱུད་རྫོགས་པའི་ས་ཚིགས20བསྐྲུན་ཏེ། བཞོན་མ་ཁྲི3ལྷག་ལ་རྒྱུད་རྫོགས་སྡེབ་སྦྱོར་བྱེད་དགོས། རོང་འབྲོག་པར་ཚན་རྩལ་གསོ་སྦྱོང་བྱེད་པ་དང་ཚན་ཞིབ་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ཏེ། ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་བྱེད་པའི་དཔུང་ཁག་དང་སྣེ་ཁྲིད་མི་སྣ་སྐྱེད་སྲིང་བྱས་ནས། ཆེད་མཁས་པ་དང་ཞིང་ལས་ཚན་རྩལ་མི་སྣ། ཚན་རྩལ་དཔེ་སྟོན་ཁྱིམ་ཚང་། ཞིང་པ་ཁྱིམ་ཚང་བཅས་བར་གྱི་གྲུབ་འབྲས་མགྱོགས་མྱུར་ངང་བསྒྱུར་བའི་བགྲོད་ལམ་འཐུས་ཚང་དུ་གཏོང་བ་དང་། ས་བོན་ལེགས་པོ་དང་བྱེད་ཐབས་ལེགས་པོ་ཞིང་ཁ་དང་ཞིང་པའི་ཁྱིམ་དུ་ཐོན་པའི་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས།

13.2012ལོར་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ཐད་སྲིད་ཇུས་ཅི་ཞིག་ཡོད།ལན།ལག་བསྟར་བྱས་ཟིན་པའི་དཔེ་སྟོན་སྡེ་བ་དང་འགོ་བརྩམས་པའི་སྡེ་བ། འཛུགས་སྐྲུན་སྡེ་བ་སོགས་རྩ་འཛུགས་བྱས་ནས"ཕྱིར་ལྟ་བའི"བྱ་འགུལ་ཁྱབ་སྤེལ་བྱེད་པ་དང་། ཕྱུགས་ལས་རྫོང30ནས་སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་བྱེད་སྟངས་ཁྱབ་བརྡལ་དུ་གཏོང་དགོས། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆེད་དམིགས་བྱ་དགའི་ཁ་གསབ་མ་དངུལ་འཛུགས་པ་ལས། ད་དུང་ཕྱུགས་ཟོག་དྲོད་སྤྱིལ་ཁང་ལས་པ་དང་སོན་ལེགས་ཁྱབ་སྤེལ། ཆེད་ལས་མཉམ་ལས་ཁང་དར་སྤེལ་སོགས་ལས་གཞི་ཐད་ལ་ཕྱོགས་ཞེན་བྱེད་དགོས། གསར་སྐྲུན་བྱེད་པའི་འབྲོག་ཁུལ་གྱི་ཕྱུགས་སྤྱོད་དྲོད་སྤྱིལ་ཁང་ཁྲི1ཚང་མ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་བཀོད་སྒྲིག་བྱེད་པའི་ཆབས་ཅིག་ཏུ། སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་སྡེ་བ་ནས་མོ་ཕྱུགས་ལ་ཁ་གསབ་རྒྱག་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། རྩྭ་ཐང་སྐྱེ་ཁམས་ལ་བྱ་དགའི་ཁ་གསབ་སྟེར་བའི་ནང་རྐྱེན་དང་འབྲོག་པའི་གཏན་སྡོད་བཟོ་འགོད། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བཅས་ཟུང་འབྲེལ་ལེགས་པོ་བྱས་ཏེ། "གནས་གསུམ་གཞི་གཅིག"དང་ཤུགས་སྒྲིལ་སྒོས་སྐུལ་སྤེལ་བྱེད་པའི་རྣམ་པ་ཆགས་སུ་འཇུག་དགོས། ཕྱུགས་ལས་སྡེ་བ283ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའི་བྱ་བ་སྐུལ་འདེད་བྱེད་དགོས།

14.2012ལོར་སྒྲིག་བཀོད་ཞིང་ཕྱུགས་ལས་བསྐྲུན་པའི་ཐད་སྲིད་ཇུས་ཅི་ཞིག་ཡོད།ལན།གཅིག་བསྡུས་ཀྱིས་ཡུག་གཅིག་ཏུ་སྦྲེལ་ནས་ཉི་འོད་ནུས་བསྲི་དྲོད་ཁང་སྐྲུན་པ་དང་། རོང་འབྲོག་ཁུལ་གྱི་ཕྱུགས་སྤྱོད་དྲོད་སྤྱིལ་སྐྲུན་པར་རོགས་སྐྱོར་བྱེད་དགོས། 2012ལོར་ཉི་འོད་ནུས་བསྲི་དྲོད་ཁང་ཁྲི3དང་ཕྱུགས་སྤྱོད་དྲོད་སྤྱིལ་ཁྲི1བསྐྲུན་དགོས། དྲོད་ཁང་གི་ཚོད་མ་ཐོན་སྐྱེད་རྟེན་གཞི་ཁག་ཅིག་བསྐྲུན་རྒྱུ་དང་། ཚོད་མའི་མཛོད་ཁང་ཁག་ཅིག་གསར་སྐྲུན་དང་རྒྱས་སྐྲུན་བྱེད་རྒྱུ། ཞིང་ཕྱུགས་ཐོན་རྫས་ཚད་གཞི་ཅན་གྱིས་ཐོན་སྐྱེད་བྱེད་པར་སྐུལ་སྤེལ་བྱེད་པ་དང་། གསོན་ཕག་དང་བཞོན་མའམ་སྐམས་ཚད་གཞི་ཅན་གྱི་གསོ་སྤེལ་ར་བ(ཁུལ་ཆུང)ཁག་ཅིག་བསྐྲུན་པར་རོགས་སྐྱོར་བྱེད་དགོས། དེང་རབས་ཀྱི་འཕེལ་རྒྱས་འདུ་ཤེས་སྤྱད་ནས་ཞིང་ཕྱུགས་ལས་སྣེ་ཁྲིད་དང་དེང་རབས་ཀྱི་ཐོན་ལས་མ་ལག་གིས་ཞིང་ཕྱུགས་ལས་མཐོར་འདེགས་སུ་གཏོང་བ་དང་། དེང་རབས་ཀྱི་བདག་གཉེར་རྣམ་པས་ཞིང་ཕྱུགས་ལས་ལ་སྐུལ་སྤེལ་གཏོང་བ། ནུས་ཤུགས་ཡོད་རྒུས་མཚོ་ཤར་དང་མཚོ་བྱང་། མཚོ་ལྷོ། རྨ་ལྷོ་སོགས་དང་དེ་མིན་ཏ་ཐུན་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་བསྐྲུན་ནས། དཔེ་སྟོན་ཁུལ་དུ་ལྟེ་གནས་ཐོན་ལས་ཁྱུ་ཚོགས་དང་གཙོ་ཁྲིད་ཐོན་ལས་འཛུགས་པར་སྐུལ་སྤེལ་བྱེད་པ་དང་། ལོ་འདིའི་ནང་ཙོང་ཆུ་འབབ་རྒྱུད་དང་རྨ་ཆུ་ལུང་གཞུང་གི་རྫོང་རེ་རེས་རང་གི་ཁྱད་ཆོས་ལྡན་ཞིང་ཁྱད་སྟོབས་མངོན་གསལ་ཡིན་པ། ཚན་རྩལ་ཆུ་ཚད་མཐོ་བ། དཔེ་སྟོན་སྣེ་ཁྲིད་ནུས་པ་ཆེ་བ་བཅས་ཡིན་པའི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་གླིང་ཀ་ཐོག་མར་བསྐྲུན་རྒྱུ་ཡིན།

15.རང་ཞིང་གིས་དུས་ནམ་ཞིག་ནས་བཟུང་སོན་བཟང་སོགས་ཐད་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་འགོ་བརྩམས།ལན།རང་ཞིང་གིས1998ལོ་ནས་བཟུང་སོན་ཕྱུགས་དང་ས་བོན་སྤུས་ལེགས། རྫས་འགྱུར་ལུད་སོགས་ལ་ཁ་གསབ་བྱས་པ་ཡིན། དཔེར་ན་འབྲོག་ཁུལ་གྱི་རྒྱུད་བཟང་སོན་ཕྱུགས་ཤར་ཕྱོགས་རོང་ཁུལ་ལ་འདྲེན་ནས་གསོ་བ(ནུབ་སྤེལ་ཤར་གསོ)བྱས་ན་སོན་ཕྱུགས་རེར་ཁ་གསབ་རྒྱག་ཚད1998ལོའི་སྒོར50ནས2002ལོའི་སྒོར150ལ་འཕར་བ་ལྟ་བུ་དང་། ཡང་དཔེར་ན་ཁྲོམ་རའི་ཤུགས་རྐྱེན་ཐེབས་ནས་ལོག་དཀར་དང་ཞོག་ཁོག་གི་ས་བོན་སྤུས་ལེགས་དང་། རྫས་འགྱུར་ལུད་ཀྱི་རིན་གོང་སྔོན་དཔག་བྱས་པའི་ཁྲོམ་རའི་རིན་གོང་ལས་མཐོ་བར། རང་ཞིང་གིས་སོན་བཟང་དང་རྫས་འགྱུར་ལུད་ལ་བབ་མཚུངས་ཀྱི་ཁ་གསབ་སྤྲད་ཡོད། 2006ལོར་རྒྱལ་སྤྱི་རྒྱལ་ནང་གི་རྫས་འགྱུར་ལུད་ཁྲོམ་རའི་རིན་གོང་འཕར་བའི་ཤུགས་རྐྱེན་ཐེབས་པས། རང་ཞིང་གི་རྫས་འགྱུར་ལུད་ཀྱི་རིན་གོང་འཕར་ཚད་དྲག་སྟབས་རྨོ་འདེབས་ལ་གནོད་པ་ཆེན་པོ་ཐེབས་པར་བསྟུན་ནས། རང་ཞིང་གིས་རྫས་འགྱུར་ལུད་མཁོ་སྤྲོད་ཁེ་ལས་ལ་སྒོར་ཁྲི500ཡི་ཁ་གསབ་སྟེར་རྒྱུ་ཐག་བཅད། རང་ཞིང་གིས་རྒྱ་ཁྱོན་ཆེན་པོའི་ངང་ཞིང་ཕྱུགས་ལས་ལ་ཁ་གསབ་རྒྱག་པ་དེ2000ལོར་རྒྱལ་ཁབ་ཀྱིས་སྲོག་ཆགས་རིམས་འགོག་བྱ་བར་ནོར་སྲིད་ཁ་གསབ་རྒྱག་པའི་སྲིད་ཇུས་བཏོན་པ་ལས་འགོ་བརྩམས་ཤིང་། རྨོ་སྐྱུརནགས་སྐྱོང(ཚོད་ལྟ)ལ་ཁ་གསབ་རྒྱག་པའི་སྲིད་ཇུས་རིམ་བཞིན་ལག་བསྟར་བྱས་པ་ཡིན།

16.ཞིང་ལས་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་ཁ་གསབ་སྟེར་བ་དུས་ནམ་ཞིག་ནས་བཟུང་འགོ་བརྩམས་པ་ཡིན།ལན།2004ལོ་ནས་བཟུང་རྒྱལ་ཁབ་ཀྱིས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་སྣ་མང་ཚོད་ལྟ་བྱས། 2007ལོར་རང་ཞིང་གི་ལོ་ཏུའུ་དང་ཧུའུ་ཀྲུའུ། ཧོང་ཀྲུང་སོགས་རྫོང་གི་ཞང་བརྡལ(སྡེ་བ)6ནས་ཚོད་ལྟ་བྱས། གྲོ་དང་ལོག་དཀར་གྱི་འགན་བཅོལ་མ་དངུལ་ཀྲུང་དབྱང་ནོར་སྲིད་ཀྱིས40%ཁ་གསབ་རྒྱག་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས30%ཁ་གསབ་བརྒྱབ། རྫོང་རིམ་ནོར་སྲིད་ཀྱིས20%ཁ་གསབ་བརྒྱབ། ཞིང་པ་ཁྱིམ་ཚང་ངམ་ཡང་ན་ཆེད་ལས་མཉམ་ལས་ཁང་གིས10%ཡི་འགན་ཁུར་ཡོད། རྒྱུད་སྤེལ་ཆོག་པའི་ཕག་མའི་འགན་བཅོལ་མ་དངུལ་ཀྲུང་དབྱང་ནོར་སྲིད་ཀྱིས50%ཁ་གསབ་རྒྱག་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས30%ཁ་གསབ་རྒྱག་པ། གསོ་སྤེལ་ཁྱིམ་ཚང་གིས20%ཡི་འགན་ཁུར་ཡོད། བཞོན་མའི་འགན་བཅོལ་མ་དངུལ་ཀྲུང་དབྱང་ནོར་སྲིད་ཀྱིས30%ཁ་གསབ་རྒྱག་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས30%ཁ་གསབ་རྒྱག་པ། རྫོང་རིམ་པའི་ནོར་སྲིད་ཀྱིས20%ཁ་གསབ་རྒྱག་པ། གསོ་སྤེལ་ཁྱིམ་ཚང་གིས20%ཡི་འགན་ཁུར་ཡོད། ཞིང་ཁའི་ལོ་ཏོག་དང་དྲོད་སྤྱིལ་གྱི་འགན་བཅོལ་མ་དངུལ་ཞིང་ཆེན་དང་ཁུལ(ཏིས་དང་གྲོང་ཁྱེར)། རྫོང(གྲོང་ཁྱེར)ནོར་སྲིད་ཀྱིས་ཁ་གསབ་བརྒྱབ་ཡོད།(མི་འགོ)

གོང་མ།:ཞིང་ཆེན་ཡོངས་ཀྱི་རོང་འབྲོག་སྤུན་ཟླ་རྣམས་ལ་སྤྲིངས་པའི་འཕྲིན།ཞིང་སྡེར་གློག་བརྙན་སྟོན་པའི་ལས་གཞི་ངེས་པ་དོན་གྱིས་དངོས་འབེབ་བྱ་དགོས།

ཞོལ་མ།:ཞིང་ཆེན་ཡོངས་ཀྱི་རོང་འབྲོག་སྤུན་ཟླ་རྣམས་ལ་སྤྲིངས་པའི་འཕྲིན།ཞིང་སྡེར་གློག་བརྙན་སྟོན་པའི་ལས་གཞི་ངེས་པ་དོན་གྱིས་དངོས་འབེབ་བྱ་དགོས།