སྲིད་ཇུས་ཁྲིམས་སྲོལ།
 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་བོད་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་སྐོར་གྱི་བརྡ་ཁྱབ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2013-03-13  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ།

མཚོ་བོད་ལྕགས་ལམ་ནི་མཚོ་བོད་ཞིང་ཆེན་ས་ཁུལ་གཉིས་ཀྱི་མི་དམངས་ཀྱི་དཔལ་འབྱོར་དང་བདེ་སྐྱིད། ཚེ་སྲོག་བཅས་ཀྱི་རྩ་བ་ཡིན། ལྕགས་ལམ་གོར་མོ་ནས་ལྷ་ས་བར་ཤར་གཏོང་ཐུབ་པ་དང་ཟི་ལིང་ནས་གོར་མོ་བར་དང་། ལན་ཀྲིག་ནས་མཚོ་སྔོན་བར་གྱི་ལམ་ཐིག་རིམ་བཞིན་བསྒྱུར་བཀོད་བྱས་པ་དང་བསྟུན་ནས། མེ་འཁོར་གྱི་མགྱོགས་ཚད་ཇེ་མྱུར་དང་འཁོར་སྐྱོད་འདུས་ཚད་ཇེ་ཆེར་འགྲོ་རྒྱུ་ཡིན། མཚོ་བོད་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པ་ཁག་ཐེག་དང་རྒྱལ་ ཁབ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་བཅའ་ཁྲིམས》དང《ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ཀྱི་སྲུང་སྐྱོང་སྲོལ་ཡིག》གཞིར་བཟུང་སྟེ། ད་ལྟ་འབྲེལ་ཡོད་ཚན་པ་འགའ་བརྡ་ཁྱབ་འདི་ལྟ་སྟེ།

གཅིག ཁུལ་སོ་སོ (ས་གནས་དང་གྲོང་ཁྱེར)དང་རྫོང(གྲོང་ཁྱེར་དང་ཁུལ)། ཤང(གྲོང)གི་མི་དམངས་སྲིད་གཞུང་དང་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག མཚོ་བོད་ལྕགས་ལམ་དོ་དམ་ལས་ཁུངས་བཅས་ཀྱིས། རྣམ་པ་སྣ་ཚོགས་ཀྱིས་སྤྱི་ཚོགས་ཡོངས་དང་རྒྱ་ཆེ་བའི་མི་དམངས་ཡོངས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་བཅའ་ཁྲིམས》དང《ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ཀྱི་སྲུང་སྐྱོང་སྲོལ་ཡིག》། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ། ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ཀྱི་རྒྱུན་ཤེས་སློབ་གསོ་བཅས་རྒྱ་ཆེ་གཏིང་ཟབ་ཀྱིས་དྲིལ་བསྒྲགས་བྱས་ཏེ། ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་། ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ངང་ཤར་གཏོང་ཐུབ་པར་འགན་སྲུང་བྱེད་ཅིང་། རྒྱལ་ཁབ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཁག་ཐེག་བྱེད་དགོས།

གཉིས། ལྕགས་ལམ་གྱི་ལམ་ལྕགས་དང་ལམ་གཞི། ཟམ་པ། ཕུག་ལམ། བརྡ་འཕྲིན། བརྡ་རྟགས། གློག་ཆས་སོགས་སྒྲིག་ཆས་དང་འཛུགས་བསྐྲུན་དངོས་པོ་རྒྱལ་ཁབ་ཀྱི་རྒྱུ་ནོར་རུ་གཏོགས་ན། ལས་ཁུངས་དང་མི་སྒེར་གང་ཞིག་ཡིན་རུང་བཙན་གཉེར་དང་གཏོར་བརླག་བྱས་མི་ཆོག ལྕགས་ལམ་དོ་དམ་ལས་ཁུངས་ཀྱིས་ལྕགས་ལམ་འགོག་སྲུང་གི་སྒྲིག་ཆས་དང་ཉེན་བརྡ་མཚོན་རྟགས་ཀྱི་ཉིན་རྒྱུན་དོ་དམ་དང་སྲུང་སྐྱོང་བྱ་བར་ཤུགས་སྣོན་དགོས། གཏོར་བརླག་ཐེབས་ཟིན་པའི་ལྕགས་ལམ་འགོག་སྲུང་གི་སྒྲིག་ཆས་མྱུར་དུ་ཞིག་གསོ་བྱས་ཏེ། སྒྲིག་ཆས་འཐུས་ཚང་ཡིན་པར་ཁག་ཐེག་བྱེད་དགོས།

གསུམ། ལྕགས་ལམ་གྱི་སྒྲིག་ཆས་བདེ་འཇགས་ཆ་ཚང་ཡིན་པར་འགན་སྲུང་བྱེད་པ་དང་། མེ་འཁོར་བདེ་གཏོང་ཐུབ་པ་ཁག་ཐེག་བྱེད་དགོས། མེ་འཁོར་དང་ལྕགས་ལམ་གྱི་ལམ་ཐིག་བདེ་འཇགས་སྲུང་སྐྱོང་ས་ཁུལ་གྱི་ཁྱབ་ཁོངས་ནང་དུ་གཤམ་གྱི་བྱ་སྤྱོད་འདི་དག་བྱེད་པར་བཀག་འགོག་བྱེད་དགོས་ཏེ།

ཁྲིམས་མིན་གྱིས་མེ་འཁོར་དང་ལྕགས་ལམ་ཐོག་གི་སྐྱེལ་འདྲེན་འགོག་པ། ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བཀོད་གཏོང་ལས་ཁུངས་དང་སྐྱེལ་འདྲེན་བཀོད་ སྒྲིག་སྡེ་ཁག མེ་འཁོར་ས་ཚིགས་དང་མེ་འཁོར་གྱི་རྒྱུན་ལྡན་སྒྲིག་ལམ་བཅས་ལ་ ཟིང་ཆ་སློང་བ། ལྕགས་ལམ་འགྲམ་གྱི་ཆུ་ལོག་བཤང་ལམ་བེད་སྤྱད་དེ་ཞིང་ཆུ་འདྲེན་པ། ལྕགས་ལམ་གྱི་ལམ་ཐིག་དང་ས་ཚིགས་སྟེགས་བུ་སོགས་ཀྱི་སྒྲིག་ཆས་དང་ལམ་གཞི། ལམ་རྩིག ཆུ་རྐ། ནགས་རྩྭ་འགོག་སྲུང་། ལམ་རྩིག་ནེའུ་གསིང་བཅས་ལ་གཏོར་བརླག་བྱེད་པ། ལྕགས་ལམ་གྱི་ལམ་ཐིག་སྟེང་བཀག་རྡོ་འཇོག་པ་དང་བསྐྱུར་བ། མེ་འཁོར་ལ་རྡོ་ཡིས་རྒྱག་པ་དང་ལྟེབ་སྒོ་རྒྱག་པ། འཁོར་ལུང་འཐེན་པ། མེ་འཁོར་འོག་འཛུལ་བ་དང་མེ་འཁོར་ཐོག་འཛེག་པ། མེ་འཁོར་ལས་མར་ལྡིང་བ་བཅས་བྱེད་པ། ལམ་ཐིག་སྟེང་གི་རླངས་འཁོར་རང་འདོད་ཀྱིས་སྤོ་སྣུར་དང་ཡང་ན་རང་འདོད་ཀྱིས་མེ་འཁོར་གྱི་སྒོ་ཕྱེས་པ། ལྕགས་ལམ་གྱི་སྒྲིག་ཆས་དང་རླངས་འཁོར་གྱི་ལྷུ་ལག་བདེ་འཇགས་རྟགས་མཚན་བཅས་རང་འདོད་ ཀྱིས་རྐུ་བ་དང་གཏོར་བརླག་བྱེད་པ། ལྕགས་ལམ་གྱི་ལམ་ཐིག་སྟེང་འགྲོ་འདུག་དང་ཉལ་སྡོད་རྩེད་གཡེང་དང་ཡང་ན་འཕྲེད་ལམ་དང་རྐང་ལམ་ལས་མེད་པའི་ལྕགས་ལམ་གྱི་ལམ་ཐིག་སྟེང་འགྲོ་བ། རྐང་ལམ་ལས་མེད་པའི་ལྕགས་ཟམ་དང་ ཕུག་ལམ་ནང་དུ་བགྲོད་པ། ལྕགས་ལམ་ལམ་ཐིག་ངོས་གཉིས་ཀྱི་འགོག་སྲུང་གྱང་དང་ར་སྐོར་དང་ཡང་ན་གཞན་འགོག་སྲུང་སྒྲིག་ཆས་དང་རྟགས་མཚན་ལས་བརྒལ་བ་དང་བཤིག་པ། མེ་འཁོར་ཁྲོད་ཀྱི་ཚོང་ཟོག་མེ་འཁོར་གྱི་ལྟེམ་སྒོ་དང་ཁ་་་ལེབ་ཕྱེ་འབྱེད་དང་། ལས་འགོ་སྡུད་པའི་རྣམ་པར་གཏོར་བཤིག་བྱས་པ། མེ་འཁོར་གྱི་དོས་སྒམ་སྒོ་ཕྱེས་བ་དང་། སྒམ་གཟུགས་དང་སྒམ་ཁ། ལྟེམ་སྒོ། ལས་མཚམས་བཞག་པའི་རྣམ་པར་གཏོར་བཤིག་བྱེད་པ། མེ་འཁོར་ཁྲོད་ཚོང་ཟོག་མཁྲེགས་བཟོ་རྒྱུ་ཆ་དང་མཁྲེགས་བཟོ་སྒྲིག་ཆས་སྤོ་སྣུར་དང་ལྷོད་གྲོལ་བྱེད་པ། མེ་འཁོར་སྟེང་གད་སྙིགས་མར་འཕེན་པ། ཁྲིམས་མིན་གྱིས་ལྕགས་ལམ་རྒྱུ་ཆས་ཕྱིར་འཚོང་དང་ཡང་ན་ཉོ་སྡུད་བྱེད་པ། གཞན་ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ལ་གནོད་པ་བཟོ་བའི་བྱ་སྤྱོད་ཅན་བཅས་སོ།

བཞི།《ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ཀྱི་སྲུང་སྐྱོང་སྲོལ་ཡིག》ཁྲོད་ལྕགས་ལམ་གྱི་ལམ་ཐིག་བདེ་འཇགས་སྲུང་སྐྱོང་ས་ཁུལ་བཅད་པ་དང་བཀོད་སྒྲིག་ཐད་ཀྱི་གཏན་ཁེལ་གཟབ་ནན་གྱིས་ལག་བསྟར་བྱེད་དགོས། དགོས་ངེས་ཀྱི་ལྕགས་ལམ་གྱི་ཨར་ལས་དང་ལས་སྒྲུབ། ཉེན་འགོག་བྱ་འགུལ་ལས་གཞན། ལས་ཁུངས་དང་མི་སྒེར་གང་ཡིན་རུང་ལྕགས་ལམ་གྱི་ལམ་ཐིག་བདེ་འཇཊ་སྲུང་སྐྱོང་ས་ཁུལ་གྱི་ཁྱབ་ཁོངས་ནང་དུ། འཛུགས་བསྐྲུན་དངོས་པོ་བསྐྲུན་པ་དང་། ས་ལེན་པ་དང་རྐོ་བ། ལུང་གྲོག་རྐོ་བ། ལས་སྒྲུབ་བྱེད་ས་བསློག་པ། དཔྱང་དངོས་འགེལ་བ་དང་སྤུངས་བ་སོགས་ཀྱི་བྱ་སྤྱོད་བཀག་འགོག་བྱེད་དགོས།

ལྔ། ལྕགས་ལམ་ལམ་རྒྱུད་ཀྱི་ས་ཁུལ་སོ་སོ(ས་ཁུལ་དང་གྲོང་ཁྱེར)དང་རྫོང(གྲོང་ཁྱེར་དང་ས་ཁུལ)ཤང(གྲོང)། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ལམ་སྲུང་མཉམ་འགོག་གི་འགན་འཁྲི་ཡི་གེ་རིམ་གྱིས་འབྲི་དགོས་ཤིང་། གཅེས་ལམ་སྲུང་ལམ་གྱི་འགན་འཁྲི་དང་ལྕགས་ལམ་ལམ་ཐིག་ངོས་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་བ་དངོས་ནས་ཞིང་སྡེ་དང་དུད་ཁྱིམ། མི་བཅས་ཀྱི་ཐོག་ཏུ་དོན་འཁྱོལ་བྱེད་དགོས།

དྲུག ལྕགས་ལམ་ལམ་རྒྱུད་ཀྱི་ལས་ཁུངས་སོ་སོ་དང་བཟོ་གཏེར། དམག་དཔུང་། སློབ་གྲྭ། ཤང(གྲོང)མི་དམངས་སྲིད་གཞུང་། སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས། ཕྱུགས་གསོ་དུད་ཁྱིམ་དང་འཕྲུལ་འཁོར་ཁ་ལོ་བ། དེ་མིན་འབྲེལ་ཡོད་མི་སྣ་གཞན་གྱི་བདེ་འཇགས་དོགས་ཟོན་འདུ་ཤེས་དང་ཁྲིམས་ལུགས་སློབ་གསོ་ཇེ་དྲག་ཏུ་བཏང་སྟེ། བགྲོད་ལམ་ཕྱི་ནས་ཤི་རྨས་བྱུང་བ་དང་འཕྲུལ་འཁོར་འཕྲེད་ལམ་ཁ་ནས་བར་ཆད་བྱུང་བ། གཞན་ལྕགས་ལམ་སྐྱེལ་འདྲེན་གྱི་ བདེ་འཇགས་ལ་གནོད་པ་བཟོ་བའི་བྱ་སྤྱོད་འབྱུང་བ་བཅས་སྔོན་འགོག་བྱེད་དགོས། ལྕགས་ལམ་ལམ་རྒྱུད་ཀྱི་སྲུང་སྐྱོང་ས་ཁུལ་ནང་ཕྱུགས་འཚོ་བ་བཀག་འགོག་བྱེད་ཅིང་། རོང་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་འཚོ་སྐབས་ལྕགས་ལམ་བརྒལ་དུས། ངེས་པར་དུ་ལྕགས་ལམ་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་བདེ་འཇགས་བགྲོད་ལམ་སྟེང་བགྲོད་དགོས། ལྕགས་ལམ་སྟེང་གང་འདོད་ཀྱིས་འཕྲེད་བརྒལ་བྱེད་མི་ཉན་སྟེ། ངེས་པར་དུ་ལྕགས་ལམ་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་བདེ་འཇགས་བགྲོད་ལམ་སྟེང་བགྲོད་དགོས།

བདུན། ལྕགས་ལམ་ལམ་རྒྱུད་ཀྱི་རིམ་པ་སོ་སོའི་སྤྱི་བདེ་དང་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས། རླངས་འཁོར་གྱི་ལྟ་སྐུལ་དོ་དམ་དང་སྐྱེལ་འདྲེན་དོ་དམ་བྱ་བ། རླངས་འཁོར་ཁ་ལོ་བའི་རླངས་འཁོར་བདེ་གཏོང་བྱེད་པའི་སློབ་གསོར་ཤུགས་སྣོན་ཞིང་། རླངས་འཁོར་ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་དགོས་ལ། ལྕགས་ལམ་ཕྱི་ནས་ཤི་རྨས་ཆག་སྒོ་བྱུང་བར་བཀག་འགོག་བྱེད་དགོས། རིམ་པ་སོ་སོའི་སྤྱི་བདེ་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས། ལྕགས་ལམ་ལམ་ཐིག་གི་ཉེ་འགྲམ་གྱི་མཁོ་མེད་ལྕགས་རིགས་ཉོ་སྡུད་ས་ཚིགས(ལྟེ་གནས)གཙང་བཤེར་དག་ཐེར་དང་ལྟ་ཞིབ་ཞིབ་དཔྱོད་བྱ་བ་ཇེ་དྲག་ཏུ་གཏོང་དགོས།

བརྒྱད། མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་ནས་གློ་བུར་ཅན་གྱི་སྤྱི་སྤྱོད་འཕྲོད་བསྟེན་དོན་རྐྱེན་དང་གློ་བུར་ཅན་གྱི་ལྕགས་ལམ་བདེ་འཇགས་དོན་རྐྱེན། གློ་བུར་ཅན་གྱི་རང་བྱུང་གནོད་སྐྱོན་ཚབས་ཆེན། མེ་སྐྱོན་ཆག་སྒོ། ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་དོན་རྐྱེན་ཚབས་ཆེན། དེ་མིན་གཞན་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་ཤར་གཏོང་ལ་ཤུགས་རྐྱེན་ཐེབས་པའི་གློ་བུར་ཅན་གྱི་དོན་རྐྱེན་བཅས་བྱུང་ན། མཚོ་བོད་ལྕགས་ལམ་གྱི་གློ་བུར་ཅན་གྱི་དོན་རྐྱེན་སྣ་ཚོགས་ཀྱི་གཏན་ཁེལ་ལྟར་ཐག་གཅོད་བྱེད་དགོས། ཆག་སྒོའི་བརྟག་དཔྱད་ཐག་གཅོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ལག་བསྟར་བྱེད་དགོས།

དགུ། ལས་ཁུངས་དང་མི་སྒེར་གང་ཡིན་རུང་ལྕགས་ལམ་གྱི་སྒྲིག་ཆས་ དང་རྟགས་མཚན། ལྕགས་ལམ་ས་སྤྱོད་བཅས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། ཁྲིམས་མིན་གྱིས་ལྕགས་ལམ་གྱི་སྒྲིག་ཆས་དང་རྟགས་མཚན། ལྕགས་ལམ་ས་སྤྱོད་བཅས་ལ་གཏོར་བརླག་དང་ཡང་ན་བདག་བཟུང་བྱས་པ། དེ་མིན་གཞན་ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ལ་ཤུགས་རྐྱེན་གཏོང་བའི་བྱ་སྤྱོད་མཐོང་ཚེ། མྱུར་དུ་གནས་དེའི་སྲིད་གཞུང་དང་ལྕགས་ལམ་དོ་དམ་ལས་ཁུངས། ལམ་དེའི་སྤྱི་བདེ་ལས་ཁུངས། འབྲེལ་ཡོད་སྡེ་ཁག་བཅས་ལ་ཉེས་འདོན་སྙན་ཞུ་ འདོན་དགོས། སྙན་ཞུ་འབྱོར་བའི་སྡེ་ཁག་གིས་རང་སོ་སོའི་ལས་འགན་ལྟར་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

བཅུ། བརྡ་ཁྱབ་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་ཐུན་རྒྱལ་ཁབ་ཀྱི་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》《ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་ཀྱི་སྲུང་སྐྱོང་ སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་སམ་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་ཐག་གཅོད་བྱེད་དགོས།

2006ལོའི་ཟླ5བའི་ཚེས12ཉིན།

གོང་མ།:རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་གྱོད་གཞིའི་འགྲེལ་བཤད།

ཞོལ་མ།:རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་གྱོད་གཞིའི་འགྲེལ་བཤད།