གྱོད་དཔེ།སྡེ་བ་ག་གེ་མོའི་བསོད་ནམས་སྟོབས་ལྡན་གྱིས་ཁྱིམ་ཚང་གི་ཡོངས་འབབ་མཐོར་འདེགས་གཏོང་ཆེད།ལས་བཟོ་བ་འཆི་མེད་ཚེ་རིང་ལ་ཐོབ་ཐང་ལག་འཁྱེར་སོགས་དཔང་ཡིག་གང་ཡང་མེད་ཀྱང་།གནས་ཚུལ་གང་ཡང་ཐོ་འགོད་མ་བྱས་པར།ར་སྐོར་ནང་གི་ཁང་མིག་གཉིས་ལ་ཟླ་རེར་སྒོར200ལྟར་ལས་བཟོ་བ་འཆི་མེད་ཚེ་རིང་ལ་གླས།ཉེན་རྟོག་པས་ཞིབ་དཔྱད་བྱས་ཏེ་འཆི་མེད་ཚེ་རིང་ལ་ཐོབ་ཐང་ལག་འཁྱེར་སོགས་དཔང་ཡིག་གང་ཡང་མེད་པར་ཁོའི་ཁྱིམ་དུ་སྡོད་དུ་བཅུག་ཡོད་པའི་གནས་ཚུལ་གསལ་བོར་རྟོགས་རྗེས།ཁང་བདག་བསོད་ནམས་སྟོབས་ལྡན་ལ་སྤྱི་བདེ་ལས་ཁུངས་ཀྱི《བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》དོན་ཚན་ང་བདུན་ལྟར།ཁང་བདག་བསོད་ནམས་སྟོབས་ལྡན་ལ་སྒོར200ཡི་ཆད་པ་བཅད།འོ་ན་སྤྱི་བདེ་ལས་ཁུངས་ཀྱིས་འདི་ལྟར་ཆད་གཅོད་བྱས་ན་ཁྲིམས་མཐུན་ཡིན་ནམ།
ཕྲན་དཔྱད།བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན57པའི་ཚན་པ་དང་པོའི་གཏན་འབེབས་ལྟར་ན།ཁྲིམས་འགལ་གྱི་རིགས་གཉིས་ཡོད་དེ།ཐོབ་ཐང་ལག་འཁྱེར་མེད་པའི་མིར་ཁང་བ་གླས་ནས་སྡོད་དུ་འཇུག་པ་དང་།ཡང་ན་ཁང་བ་གླ་མཁན་གྱི་མིང་དང་ཐོབ་ཐང་ལག་འཁྱེར་ཐོ་འགོད་བྱས་མེད་པ་གཉིས་ཡིན་ཏེ།གྱོད་དོན་འདིའི་ནང་དུ་ཁང་བདག་བསོད་ནམས་སྟོབས་ལྡན་གྱིས་འཆི་མེད་ཆེ་རིང་གི་མིང་དང་ཐོབ་ཐང་ལག་འཁྱེར་གང་ཡང་ཐོ་འགོད་བྱས་མེད་པར་ཁང་བ་གླས་ནས་སྡོད་དུ་བཅུག་ཡོད་ལ།སྤྱིར་ན་ཁང་བདག་བསོད་ནམས་སྟོབས་ལྡན་ལ་དེ་དག་ཐོ་འགོད་བྱེད་པའི་འོས་འགན་ཡོད།ཁང་བདག་བསོད་ནམས་སྟོབས་ལྡན་གྱིས་འཆི་མེད་ཚེ་རིང་གི་མིང་དང་ཐོབ་ཐང་ལག་འཁྱེར་སོགས་གང་ཡང་ཐོ་འགོད་བྱས་མེད་པར་སྡོད་དུ་བཅུག་ཡོད་པས།བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དོནཚན57གྱི་ཚན་པ་དང་པོ་ལྟར་ཁྲིམས་ཆད་བཅད་པ་ཁྲིམས་མཐུན་ཡིན།
ཁྲིམས་ལུགས་ཚགས་པར་ལས་བཏུས།