སྲིད་ཇུས་ཁྲིམས་སྲོལ།
 

མངལ་ཆགས་ཡོད་པའི་བུད་མེད་ལས་བཟོ་བར་ཁེ་དབང་གང་དག་ཡོད།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2013-11-21  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

རྒྱལ་ཁབ་རིམ་པའི་ཁེ་ལས་དང་མཉམ་འབྲེལ་ཁེ་ལས།སྒེར་གཉེར་ཁེ་ལས་གང་ཡིན་རུང་བུད་མེད་ལས་བཟོ་བར་མངལ་ཆགས་ཡོད་སྐབས་གཤམ་གྱི་ངལ་རྩལ་སྲུང་སྐྱོང་འདི་དག་ལོངས་སྤྱོད་བྱས་ཆོགགཅིགབུད་མེད་ལས་བཟོ་བར་མངལ་ཆགས་ཡོད་སྐབས་གན་རྒྱའི་ཚོད་འཛིན་མེད་པར་བཟོ་དགོས།《བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན4བའི་གཏན་ཁེལ་ལྟར་ན།བུད་མེད་ལས་བཟོ་བར་མངལ་ཆགས་ཡོད་སྐབས་དང་བྱིས་པ་བཙའ་དུས་སམ།ཡང་ན་བྱིས་པར་ནུ་མ་བསྣུན་སྐབས་གླ་ཕོགས་ཇེ་ཉུང་དུ་འཕྲི་བའམ་ངལ་རྩོལ་གན་རྒྱ་མེད་པར་བཏང་མི་ཆོག་ཅེས་གསལ་བོར་འཁོད་ཡོད།གཉིས།ངལ་རྩོལ་ཁྱབ་ཁོངས་ཀྱི་ཚོད་འཛིན།《བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་7པའི་གཏན་ཁེལ་ལྟར་ན།བུད་མེད་ལས་བཟོ་བར་མངལ་ཆགས་ཡོད་སྐབས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་གཏན་ཁེལ་བྱས་་ཡོད་པའི་རིམ་པ་གསུམ་པའི་ལུས་ཤུགས་ངལ་རྩོལ་བཀོད་སྒྲིག་མི་བྱེད་པ་དང་།མངལ་ཆགས་ཡོད་དུས་ཀྱི་འཛེམ་བྱའི་ངལ་རྩོལ་གྱི་དུས་ཡུན་ཇེ་རིང་དུ་བཏང་མི་ཆོགལས་ཀ་ལྕི་མོ་ལས་མི་ཐུབ་ཚེ་སྨན་ཁང་གི་བདེན་དཔང་གཞིར་བཟུང་ནས་ངལ་རྩོལ་ཇེ་ཡང་དུ་གཏོང་བའམ་ལས་ཀ་གཞན་པ་བཀོད་སྒྲིག་བྱེད་དགོས།གསུམ་།ངལ་རྩོལ་དུས་ཚོད་ཀྱི་ཚོད་འཛིན།《བུད་མེད་ལས་བཟོ་བའི་ངལ་རྩོལ་སྲུང་སྐྱོང་བཅའ་ཁྲིམས》ཁྲོད་དུ་དུང་འདི་ལྟར་གཏན་ཁེལ་བྱས་ཡོད་དེ།མངལ་ཆགས་ནས་ཟླ་བདུན་ཡན་འགོར་ཡོད་པའི་བུད་མེད་ལས་བཟོ་བར་ལས་ཁུངས་ཀྱིས་མཚན་མོ་ལས་ཀ་བཀོད་སྒྲིག་བྱས་མི་ཆོག་པ་དང་ངལ་རྩོལ་སྐབས་སུའང་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱེད་དགོས་ཤིང་།ངལ་རྩོལ་དུས་ཚོད་ཁྲོད་སྨན་ཁང་དུ་སོང་ནས་བྱིས་པ་མ་བཙས་སྔོན་གྱི་ཞིབ་བཤེར་བྱེད་དུ་སོང་བའི་དུས་ཚོད་ཀྱང་ངལ་རྩོལ་དུས་ཚོད་དུ་བརྩི་དགོས།གཞན་ད་དུང《ངལ་རྩོལ་པུའུ་ཡིས་བུད་མེད་ལས་བཟོ་བར་བྱིས་པ་བཙའ་དུས་ཀྱི་གླ་ཕོགས་ཐད་ཀྱི་གནད་དོན་འགའི་བརྡ་སྦྱོར》ནང་དུ།“རང་སྡེ་ཁག་གི་སྨན་བཅོས་ལས་ཁུངས་དང་ཡང་ན་གཏན་ཁེལ་གྱི་སྨན་བཅོས་ལས་ཁུངས་སུ་ཞིབ་བཤེར་བྱས་པའམ་བྱིས་པ་བཙའ་དུས།ཞིབ་བཤེར་གྱི་རིན་དང་བྱིས་པ་བཙས་པའི་རིན།གཤག་བཅོས་ཀྱི་རིན་སོགས་ཐམས་ཅད་ལས་ཁུངས་ཀྱིས་འགན་འཁུར་དགོས”ཞེས་གཏན་ཁེལ་བྱས་ཡོད།

ཁྲིམས་ལུགས་ཚགས་པར་ལས་བཏུས།

གོང་མ།:བཟའ་འཐོར་མ་བྱས་སྔོན་དུ་དགའ་རོགས་བཙལ་ཆོག་གམ།

ཞོལ་མ།:རང་ཉིད་ཀྱི་ཁང་བ་དེ་ཐོབ་ཐང་ལག་འཁྱེར་མེད་པའི་མིར་གླ་གཏོང་བྱས་ན་ཁྲིམས་འགལ་ཡིན་ནམ།