སྲིད་ཇུས་ཁྲིམས་སྲོལ།
 

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། འབད་བརྩོན་གྱིས་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-12-25  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས། མཚོ་སྔོན་རླུང་འཕྲིན་དྲ་བ།

-མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཞིབ་བཤེར་བྱས་པ་ཕྱོགས་བསྡུས་ཀྱིས་བརྗོད་པ།

ཟླ་གསུམ་པའི་ཚེས་བཅུའི་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ནན་ཏན་གྱིས་ཞིབ་བཤེར་བྱས། འཐུས་མི་ཚོས་རང་ཉིད་ཀྱིས་བསམ་ཚུལ་ཅི་འདོད་དུ་བརྗོད་དེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་ཚད་མཐོན་པོ་གནང་སྟེ། ཚང་མས་བལྟས་ན་སྙན་ཞུ་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བའི་རེ་བ་གང་འདོད་དུ་བསྐང་བ་དང་། མི་གཙོ་བོར་བྱེད་པའི་འདུ་ཤེས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པའི་གོ་རིམ་དང་དོན་སྙིང་གལ་ཆེན། གཞི་རྩའི་ཉམས་མྱོང་བཅས་རྒྱས་བཤད་ཟབ་མོ་བྱས་ཡོད་པས། དེ་ནི་དངོས་ཐོག་བདེན་འཚོལ་དང་གསར་གཏོད་གསར་སྤེལ་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས། འཐུས་མི་ཚོས་གཅིག་གྱུར་གྱིས་གཟེངས་བསྟོད་བྱེད་ཀྱིན་ཡོད།

འཐུས་མི་ཆང་བེ་ཡིས་བཤད་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ནང་དོན་ཕུན་སུམ་ཚོགས་པས། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་བཅའ་ཁྲིམས་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པའི་སྙན་ཞུ་ཞིག་ཡིན་ཞིང་། ལྟེ་གནས་ལ་དམིགས་ཤིང་། ཆེ་ཕྱོགས་ལ་ཞབས་ཞུ་བསྒྲུབས་པ། མི་གཙོ་བོར་བྱེད་པ། དམངས་འཚོར་དོ་ཁུར་བྱེད་པ་བཅས་ཀྱི་སྙན་ཞུ་ཞིག་རེད། 2010ལོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཕྱིར་མིག་གིས་བལྟས་ན། ཁྱད་ཆོས་འབུར་ཐོན་བཞི་ཡོད་པ་སྟེ། གཅིག་ནི་དུས་བཅད་ལྟར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཅིག་ཆགས་པར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ། གཉིས་ནི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་སྐུལ་འདེད་གཏོང་བའི་ཕྱོགས་ནས་གྲུབ་འབྲས་གསར་བ་ལོན་ཡོད་པ་དང་། གསུམ་ནས་ཀྲུང་དབྱང་གི་ཆོད་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་སྙོམས་སྒྲིག ཡུན་རིང་ལ་འཕེལ་རྒྱས་འབྱུང་བའི་ཐད་ལ་བྱས་རྗེས་གསར་བ་བཞག་ཡོད་པ། བཞི་ནས་མི་གཙོ་བོར་བྱེད་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ལ་དགེ་མཚན་ལྡན་པའི་བྱ་བ་གང་མང་ཞིག་ལས་ནས། བྱས་རྗེས་གསར་བ་བཞག་ཡོད། ཆང་བེ་ཡིས་ས་གནས་དམངས་འཐུས་ཚོགས་ཆེན་གྱི་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་མཛུབ་སྟོན་བཟང་བོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། དམངས་གཙོ་ལྡན་པའི་སྒོ་ནས་ཁྲིམས་འཛུགས་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དེ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་བའི་གྲོས་གཞི་བཏོན།

འཐུས་མི་མཱ་ཧྥུའུ་ཧེ་ཡིས་བཤད་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་པ་དང་། ལྟེ་གནས་ལ་དམིགས་ཤིང་། ཆེ་ཕྱོགས་ལ་ཞབས་ཞུ་བསྒྲུབས་པའི་བྱ་བའི་རྩ་དོན་འབུར་དུ་ཐོན་པར་བྱས་པ། དམངས་འཐུས་ཚོགས་ཆེན་གྱི་བྱ་བས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་སྲུང་སྐྱོང་བྱེད་པའི་རྩ་བའི་རེ་བ་འབུར་དུ་ཐོན་པར་བྱས་ཡོད། ན་ནིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གྲུབ་འབྲས་ཆེ་ཞིང་། མངོན་གསལ་དང་འབུར་ཐོན་ཡིན་པ། བྱེད་ཐབས་ནུས་ལྡན་ཡིན་པ་བཅས་རེད། གྲུབ་འབྲས་ཆེས་འབུར་དུ་ཐོན་པ་ཞིག་ནི་དུས་བཅད་ལྟར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཅིག་ཆགས་ཡོད་པ་དེ་ཡིན་ཞིང་། ཆེས་མངོན་གསལ་ལྡན་པ་ཞིག་ནི་ཆེད་དོན་བློ་འདྲི་གཏིང་ཟབ་ཏུ་སྤེལ་ནས་ལེགས་འགྲུབ་བྱུང་བ་དང་། ཧུར་ཐག་སྒོས་ཁྲིམས་བཙུགས་རྗེས་དཔྱད་འཇོག་བྱས་པ་དང་། རྩད་གཅོད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་ལ་སོགས་པའི་ཐད་ལ་གྲུབ་འབྲས་གསར་བ་བླངས་ཡོད་པའི་ཆེས་ནུས་ལྡན་གྱི་བྱེད་ཐབས་ཤིག་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམིགས་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་བྱ་བའི་གནད་ས་ལེགས་བཅོས་བྱེད་པས་མཚོན་ཡོད། ཆང་བེ་ཡིས་སྔར་ལས་ལྷག་པའི་སྒོ་ནས་དམངས་འཚོ་དང་དཔལ་འབྱོར། སྲིད་འཛིན་ལ་སོགས་པའི་ཐད་ལ་བཅའ་ཁྲིམས་ལག་ལེན་དུ་བསྟར་བའི་གནས་ཚུལ་སྔར་ལས་ལྷག་པའི་སྒོ་ནས་ཞིབ་བཤེར་བྱེད་དགོས་པ་དང་། ས་གནས་དམངས་འཐུས་ཚོགས་ཆེན་རང་སྟེང་གི་ཁྲིམས་སྐྱོང་བའི་གནས་ཚུལ་ལ་ཞིབ་བཤེར་དང་རྩད་གཅོད་ཞིབ་མོ་བྱས་ནས། ས་གནས་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་པ་དང་། ལྟ་སྐུལ་བྱ་བར་མཛུབ་སྟོན་བྱེད་དགོས་པའི་གྲོས་འགོ་བཏོན།

འཐུས་མི་ཧྭ་ཧྥུའུ་ཀྲིག་གིས་བཤད་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་དངོས་ཐོག་བདེན་འཚོལ་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། ཆེས་མངོན་གསལ་གྱི་མཚོན་དོན་ཞིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཅིག་ཆགས་པར་ཉམས་མྱོང་རྩ་ཆེན་དང་དོན་སྙིང་གལ་ཆེན་རྒྱས་བཤད་ཞིབ་མོ་བྱས་ཡོད། ན་ནིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བས་ལྟེ་གནས་ལ་དམིགས་ཤིང་། ཆེ་ཕྱོགས་ལ་ཞབས་ཞུ་བསྒྲུབས་པ། གནད་ས་འབུར་དུ་ཐོན་པར་བྱེད་པ། ཕན་འབྲས་དངོས་ལ་བལྟ་བ་བཅས་འགན་འཁྲི་ལག་ལེན་དུ་བསྟར་བའི་རྒྱུད་རིམ་ཧྲིལ་བའི་ཁྲོད་སྦྲེལ་ཡོད་ཅིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། དམངས་གཙོ་ལྡན་པའི་སྒོ་ནས་ཁྲིམས་འཛུགས་པ་དེ་འགན་འཁྲི་ལག་ལེན་དུ་བསྟར་བའི་རྒྱུད་རིམ་ཧྲིལ་བོའི་ཁྲོད་སྦྲེལ་ཡོད། ཡང་དག་པའི་ཆབ་སྲིད་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དེ་འགན་འཁྲི་ལག་ལེན་དུ་བསྟར་བའི་རྒྱུད་རིམ་ཧྲིལ་བོའི་ཁྲོད་སྦྲེལ་ཡོད་པ། “ནུས་ཡོད་སྒོས་གཅིག་གྱུར་གསུམ”རྒྱུན་འཁྱོངས་བྱེད་པ་དེ་འགན་འཁྲི་ལག་ལེན་དུ་བསྟར་བའི་རྒྱུད་རིམ་ཧྲིལ་བོའི་ཁྲོད་སྦྲེལ་ཡོད་པ་བཅས་རེད། ཁོ་མོས་ཞིང་ལས་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་ལ་སོགས་པའི་ལས་གཞི་ཆེན་པོའི་མ་དངུལ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། མ་དངུལ་དེ་དག་བཀོལ་སྤྱོད་བྱས་ཚུལ་ལ་རྗེས་བསྙེགས་ནས་ལྟ་སྐུལ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་བཅའ་ཁྲིམས་དང་། སྙིང་བརྗེའི་བཅའ་ཁྲིམས་ལ་སོགས་པའི་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་ལས་གཞི་དག་ལ་སྔ་མོ་ནས་བཀོད་སྒྲིག་བྱེད་དགོས་པའི་གྲོས་གཞི་བཏོན།

འཐུས་མི་ཡན་ཅིན་ཧེ་ཡིས་བཤད་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེ་ཞིང་། ཆེས་མངོན་གསལ་ལྡན་པའི་ཁྱད་ཆོས་ཤིག་ནི་བློ་བརྟན་འགྱུར་བ་མེད་པའི་སྒོ་ནས་ཡང་དག་པའི་ཆབ་སྲིད་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆེ་ཕྱོགས་སུ་དམ་པོར་དམིགས་པ་དང་། དམངས་འཚོར་དམ་པོར་དམིགས་པ། དམངས་ཀྱི་འདོད་བློ་ལ་དམ་པོར་དམིགས་པ་བཅས་བྱེད་པ་དང་། ཁྱད་པར་དུ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཅིག་ཆགས་སུ་བཅུག་ནས། བཅའ་ཁྲིམས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ཡོད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་ཆ་སྙོམས་ཀྱིས་འཕེལ་རྒྱས་སུ་གཏོང་བ་དང་། རྩད་གཅོད་ཞིབ་འཇུག་གཏིང་ཟབ་ཏུ་བྱེད་པ། ཁྲིམས་འཛུགས་ལ་ཤུགས་སྣོན་བྱེད་པ་བཅས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། བཅའ་ཁྲིམས་ཀྱི་ངོས་ནས་ནུབ་རྒྱུད་དར་རྒྱས་མིན་པའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་དང་སྙོམ་སྒྲིག་བྱེད་པ་དང་། ཡུན་རིང་ལ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས་པ་དང་། བཅའ་ཁྲིམས་ལག་ལེན་དུ་བསྟར་ཚུལ་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱེད་པ་དང་། བཅའ་ཁྲིམས་ཁྱབ་བརྡལ་དུ་གཏོང་བ་དང་། བཅའ་ཁྲིམས་ལག་ལེན་དུ་བསྟར་བར་ཡར་སྐུལ་གཏོང་བ། འཐུས་མི་གསོ་སྦྱོང་བྱེད་པར་ཤུགས་སྣོན་བྱེད་པ། ཁྱད་པར་དུ་སྔོན་རྩིས་ཤེས་བྱ་གསོ་སྦྱོང་བྱེད་པར་ཤུགས་སྣོན་བྱས་ནས། འཐུས་མི་ཚོའི་ཞིབ་བཤེར་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།

ལའོ་ཧུས་ཉིན་དང་སུང་ཞིག་ཡན། ལའོ་ཡུས་ལིན། ཀྲང་ཧྲིག་ཁྲིན། བང་ཡུས་ཧུའུ་། མའོ་ཞའོ་པིན། ཆའོ་ཀྲིན་ཞའོ་། ཁྲིན་སུའུ་། པའེ་ཞིག་ཧྭ། ཧན་ཡོན་ཏུང་སོགས་འཐུས་མི་ཚོས་གཏམ་བཤད་སྐབས་གཅིག་གྱུར་གྱི་ལྟ་ཚུལ་ནི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས་བྱེད་པ། བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ་བཅས་ནུས་ཡོད་ཀྱིས་གཅིག་གྱུར་བྱས་འི་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་ཞིག་ཡིན་པས། དེ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་། མི་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན། འཐུས་མི་ཚོས་སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣས་བཅའ་ཁྲིམས་ལ་བརྟེན་ནས་སྲིད་འཛིན་བྱ་བ་བསྒྲུབ་པར་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱེད་པ་དང་། བཅའ་ཁྲིམས་ལ་བརྟེན་ནས་སྲིད་འཛིན་བྱ་བ་བསྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ། སྤྱི་དམངས་རྣམས་ཁྲིམས་འཛུགས་སུ་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་པ། འཐུས་མི་ཚོའི་བསམ་འཆར་དང་གྲོས་གཞི་ལག་ལེན་དུ་བསྟར་བ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཐག་གཅོད་ཚད་མཐོར་འདེགས་སུ་གཏོང་བ་ལ་སོགས་པའི་གྲོས་གཞི་ཞིབ་མོ་བཏོན།

ལོ་ཙཱ་བ། རིག་འཚོ།

གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།