སྲིད་ཇུས་ཁྲིམས་སྲོལ།
 

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་དུས་ཆེན་གཉིས་ཀྱི་སྐབས་སུ།ཞིང་བ་ཞོར་ལས་པར་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2013-01-21  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས«“དུས་ཆེན་གཉིས”ཀྱི་སྐབས་སུ་ཞིང་བ་ཞོར་ལས་པར་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་བྱེད་པར་སྔར་ལས་ཤུགས་སྣོན་དགོས་པའི་སྐོར་གྱི་བརྡ་སྦྱོར»འགྲེམ་སྤེལ་བྱས་ཏེ། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གཉིས་ཀྱི་སྐབས་སུ་ཞིང་བ་ཞོར་ལས་པར་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་བྱེད་པའི་བྱ་བ་སྔ་མོ་ནས་བཀོད་སྒྲིག་བྱས།

བརྡ་སྦྱོར་ནང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་མགྱོགས་མྱུར་སྒོས་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་ནན་ཏན་སྒོས་ཞིང་བ་ཞོར་ལས་པར་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་ཐད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ། བཅའ་ཁྲིམས་རོགས་སྐྱོར་ཐད་ཀྱི་ཆེད་དམིགས་དྲིལ་སྒྲོག་དང་བློ་འདྲི་བྱ་འགུལ་ཤུགས་ཆེན་སྒོས་སྤེལ་ཏེ། ཞིང་བ་ཞོར་ལས་པ་རྣམས་ལ་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་སྐབས་དུས་ལྟར་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་འདུན་ཞུས་ཏེ། ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག་པ་ཤེས་སུ་འཇུག་དགོས། ཞིང་བ་ཞོར་ལས་པར་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་ཐད་བཀག་རྒྱ་མེད་པར་བྱས་ཏེ། ཆེད་མི་བསྐོས་ཏེ་ཞིང་བ་ཞོར་ལས་པའི་གནད་དོན་དམིགས་བསལ་སྒོས་སྣེ་ལེན་བྱེད་དགོས་ཤིང་། མི་གྲངས་ཅུང་མང་བའི་མང་ཚོགས་རང་བཞིན་གྱི་གྱོད་གཞི་དམིགས་བསལ་སྒོས་སྣེ་ལེན་བྱེད་པ་དང་དམིགས་བསལ་སྒོས་མངག་གཏོང་བྱེད་པ། དམིགས་བསལ་སྒོས་སྒྲུབ་གཉེར་བཅས་བྱེད་དགོས་པ། དུས་ལྟར་ཐག་གཅོད་བྱེད་མི་ཐུབ་པར་གནོད་འཚེ་ཐེབས་ཚད་དམ་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་ཚད་ཇེ་ཆེར་གཏོང་བ་དང་། ཡང་ན་སྤྱི་ཚོགས་ལ་རྙོག་དྲ་བཟོས་པའམ་འགལ་བ་ཇེ་དྲག་ཏུ་གཏོང་ཉེན་ཡོད་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་སྔོན་ལ་སྣེ་ལེན་བྱས་ནས་རྗེས་སུ་རེ་འདུན་གྱི་འགྲོ་རིམ་གསབ་སྒྲུབ་བྱས་ཏེ། ཞིང་བ་ཞོར་ལས་པར་དུས་ལྟར་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས་པ། “12348”བཅའ་ཁྲིམས་རོགས་སྐྱོར་གྱི་བློ་འདྲི་ཆེད་སྤྱོད་ཁ་པར་སྐུད་ལམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁ་པར་་སྐུད་ལམ་དེ་དཀའ་ཁག་ལྡན་པའི་མང་ཚོགས་དང་ཞིང་བ་ཞོར་ལས་པའི་བཅའ་ཁྲིམས་ཀྱི་རོགས་སྐྱོར་འཚོལ་བའི་ཐབས་ལམ་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས་པ། གཟུ་མཁན་གྱི་ལས་རེས་ལམ་ལུགས་གཟབ་ནན་དུ་གཏོང་བ་དང་ཆེད་སྤྱོད་སྐུད་ལམ་ཁ་པར་ལ་ཉན་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ་དྲི་བར་ལན་ཡོད་པ་དང་སྡུག་བསྔལ་བཤད་ས་ཡོད་པར་བྱས་ནས། ཞིང་བ་ཞོར་ལས་པར་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

བརྡ་སྦྱོར་ནང་ད་རུང་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་ཞིང་བ་ཞོར་ལས་པར་བཅའ་ཁྲིམས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་བྱ་བ་དེ་ཉིན་རེའི་གྲོས་རིམ་ནང་འཇོག་པ་དང་། ནན་ཏན་སྒོས་ལག་བསྟར་བྱེད་པའི་ཐབས་ལམ་བཙལ་ཏེ། ངེས་པར་དུ་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས་པ་དང་། གཏེར་རྫས་བཟོ་གྲྭ་དང་ཁེ་ལས། རོང་འབྲོག་ཁུལ་སོགས་ཀྱི་ཞིང་བ་ཞོར་ལས་པ་འདུས་སྡོད་བྱས་ཡོད་པའི་ས་ཁུལ་དུ་སོང་ནས། ཞིང་བ་ཞོར་ལས་པའི་ཁེ་དབང་སྲུང་བའི་ཐད་གནས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་དགོས་པ་དང་། གཙོ་བོ་མང་ཚོགས་རང་བཞིན་གྱི་གླ་ཕོགས་འགོར་འགྱངས་དང་གོང་དུ་གོང་དུ་ཞུ་གཏུག་བྱེད་པ་སོགས་ཀྱི་བྱ་བ་ཚབས་ཆེན་ལ་ཡིད་འཇོག་བྱེད་དགོས་པ་དང་། ཕྱོགས་ལྷུང་རང་བཞིན་དང་སྤྱིར་བཏང་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་དང་། དུས་ལྟར་ས་གནས་ཏང་ཨུ་དང་སྲིད་གཞུང་ལ་གནས་ཚུལ་ཡར་ཞུ་བྱས་ནས་རྒྱབ་སྐྱོར་བརྩོན་ལེན་དང་། ཕན་ཚུན་ལ་མཐུན་སྦྱོར་དང་བསམ་བློ་བརྗེ་རེས། གཞོགས་འདེགས་བཅས་བྱེད་པརཤུགས་སྣོན་པ་དང་། ཞིང་བ་ཞོར་ལས་པའི་གནད་དོན་ཐག་གཅོད་པའི་རོགས་ལས་ནང་རྐྱེན་བཙུགས་ཏེ། ཞིང་བ་ཞོར་ལས་པའི་ཁེ་དབང་སྲུང་བའི་ཐད་གནས་པའི་གནད་དོན་ལ་དུས་ལྟར་བསམ་བློ་བརྗེ་རེས་དང་མཉམ་དུ་ཐག་གཅོད་ཞིབ་འཇུག་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་དང་ཡིག་བསྐུར་ངོ་གཏུག མི་དམངས་འདུམ་སྒྲིག་སོགས་ཀྱི་སྡེ་ཁག་ལ་མཐུན་སྦྱོར་དང་མཉམ་སྡེབ་བྱེད་པའི་བྱ་བ་ལེགས་སྒྲུབ། འདུམ་སྒྲིག་དམིགས་བསལ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། གང་ནུས་སྒོས་འགལ་ཟླ་དང་རྩོད་གཞི་གོང་གཏུག་མ་བྱས་གོང་ཞི་འཇགས་སུ་བཏང་སྟེ་གོང་གཏུག་གི་ཚད་དང་ཁྲིམས་འཛིན་གྱི་མ་རྩ་ཇེ་དམའ་རུ་གཏོང་དགོས། ཐོག་མར་སུ་ལ་དྲིས་བ་དེ་ཡིས་འགན་ཁུར་དགོས་བའི་ལམ་ལུགས་གཟབ་ནན་སྒོས་དོན་འཁྱོལ་ཡོང་བར་བྱེད་པ་དང་གྱོད་དོན་སྒྲུབ་པའི་དུས་ཡུན་ལ་གཟབ་ནན་བྱས་ཏེ། ངེས་པར་དུ་ཞིང་བ་ཞོར་ལས་པར་སྤུས་ལེགས་དང་ནུས་ལྡན། མགྱོགས་མྱུར་བཅས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཤིང་། ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་བསྣན་ཏེ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་གང་ཞིག་ཡིན་རུང་ལོ་རྒྱུས་ཀྱི་ཉམས་སད་ཐེག་པ་དང་། མང་ཚོགས་ཀྱི་ཉམས་སད་ཐེག་པ་བཅས་ཡོང་བར་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

རྩོམ་སྒྲིག་པ གཟུངས་སྐྱིད།

གོང་མ།:ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་བཏང་བའི་ཉེས་དོན་གྱོད་གཞི་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་བཀོལ་སྤྱོད་བྱེད་པའི་སྐོར་གྱི་གནད་དོན་འགའི་འགྲེལ་བཤད།

ཞོལ་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས།