བློ་མཐུན་རྩོམ་སྒྲིག་པ་ལགས།
ང་རང་ནི་ཞིང་པ་ཞིག་ཡིན་ལ།ཉེ་ལམ་རྒྱུ་ནོར་རྩོད་གཞི་ཞིག་གི་དབང་གིས་གྱོད་རྒྱག་དགོས་པ་བྱུང་མོད།འོན་ཀྱང་ང་རང་ལ་དཔལ་འབྱོར་ཐད་དཀའ་ཁག་ཡོད་པས།བཅའ་ཁྲིམས་རོགས་སྐྱོར་གྱི་རེ་འདུན་ཞུ་འདོད་པ་ཡིན།འདིར་འདྲི་རྒྱུ་ཞིག་ནི་དོན་ཚན་གང་དག་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་འདུན་ཞུ་མི་ཆོག་པ་ཡིན་ནམ།
ཀློག་པ་པོ་སྟག་འབུམ་རྒྱལ་ནས།
ཀློག་པ་པོ་སྟག་འབུམ་རྒྱལ་ལགས།
གཤམ་གྱི་གྱོད་གཞི་དང་དོན་ཚན་འདི་དག་ལ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་མི་བྱེད་པ་ཡིན།དེ་ཡང་།(གཅིག)རེ་འདུན་ཞུ་མཁན་གྱི་ནོར་འཁྲུལ་དབང་གིས་མི་གཞན་གྱི་ནོར་འཁྲུལ་དབང་གིས་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ལས་བྱུང་བའི་དམངས་དོན་ཞུ་གཏུག་དང་ཡང་ན་ཉེས་ཁྲིམས་རང་གཏུག་བྱེད་པའི་གྱོད་གཞི།(གཉིས)རེ་འདུན་ཞུ་མཁན་གྱི་ནོར་འཁྲུལ་དབང་གིས་བྱུང་བའི་སྲིད་འཛིན་ཞུ་གཏུག་གྱོད་གཞི།(གསུམ)རེ་འདུན་ཞུ་མཁན་གྱིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་བདེན་དཔང་གང་ཡང་འདོན་སྤྲོད་བྱེད་མི་ཐུབ་པར་མ་ཟད་བརྟག་དཔྱད་དང་བདེན་དཔང་འཚོལ་བསྡུ་བྱེད་ཐབས་མེད་པའི་གྱོད་གཞི།(བཞི)ཞལ་ལྕེའི་གོ་རིམ་བརྒྱུད་མི་དགོས་པར་སྲིད་འཛིན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་ཆོག་པའི་དོན་རྐྱེན།(ལྔ)རེ་འདུན་ཞུ་མཁན་གྱིས་བདེན་དཔང་རྗུན་མ་སྤྱད་དེ་བཅའ་ཁྲིམས་རོགས་སྐྱོར་བརྩོན་ལེན་བྱས་པ།(དྲུག)ཞལ་ལྕེའི་འབེན་དངོས་དེ་སྒོར3000མི་ལོངས་པའི་བུན་དབང་བུན་བདག་གི་རྩོད་གཞི།(བདུན)གཙོ་གཉེར་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པ་དང་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་བདག་སྤྲོད་མི་བྱེད་པར་བསྒྲགས་ཟིན་པའི་གྱོད་གཞི་གཞན་དག་བཅས་ཡིན།།
བྱང་མོས2012ལོའི་ཟླ3པའི་ཚེས30ཉིན་གྱི་མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།