སྲིད་ཇུས་ཁྲིམས་སྲོལ།
 

འཛད་སྤྱོད་རྩོད་གཞི་བྱུང་སྐབས་འཛད་སྤྱོད་པས་ཁྲིམས་ཁང་གང་ལ་གཏུག་བཤེར་བྱེད་དགོས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-05-04  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མི་དམངས་ཁྲིམས་ཁང་གིས་འཛད་སྤྱོད་རྩོད་གཞི་བདག་སྤྲོད་བྱེད་སྐབས་སྤྱིར་བཏང་གི་དམངས་དོན་ཞལ་ལྕེའི་གོ་རིམ་ལྟར་སྒྲུབ་ཀྱིན་ཡོད་པས།དམངས་དོན་ཞལ་ལྕེ་བཅའ་ཁྲིམས་ཀྱི་ཆོད་དོན་བརྩི་སྲུང་བྱ་དགོས།དམངས་དོན་ཞུ་གཏུག་བཅའ་ཁྲིམས་ཀྱི་དོན་ཚན་22པའི་ནང་དུ་མངའ་ཁོངས་ཁྲིམས་ཁང་གཏན་འཁེལ་བྱས་ཡོད་པ་སྟེ།འཛད་སྤྱོད་པས་ཁྲིམས་ཁང་གང་ལ་ཞུ་གཏུག་བྱེད་དགོས་པའི་ཐད་ཀྱི་ཆོད་དོན་ནི།“སྤྱི་དམངས་ཀྱིས་བཏོན་པའི་དམངས་དོན་ཞུ་གཏུག་དེ་གཏུག་འཁུར་གྱི་སྡོད་གནས་ཡོད་སའི་མི་དམངས་ཁྲིམས་ཁང་གི་ཁོངས་སུ་གཏོགས་པ་དང༌། གཏུག་འཁུར་གྱི་སྡོད་གནས་ཡོད་ས་དང་རྒྱུན་སྡོད་བྱེད་སའི་གནས་གཉིས་མི་གཅིག་ན།རྒྱུན་སྡོད་བྱེད་སའི་གནས་དེའི་མི་དམངས་ཁྲིམས་ཁང་གི་ཁོངས་སུ་གཏོགས་པ་རེད།ཁྲིམས་མི་དང་ཡང་ན་རྩ་འཛུགས་གཞན་དག་གིས་བཏོན་པའི་དམངས་དོན་ཞལ་ལྕེ་དེ་གཏུག་འཁུར་གྱི་སྡོད་གནས་ཡོད་སའི་མི་དམངས་ཁྲིམས་ཁང་གི་མངའ་ཁོངས་སུ་གཏོགས།ཞུ་གཏུག་གཅིག་གི་གཏུག་འཁུར་འགའི་སྡོད་གནས་ཡོད་ས་དང་རྒྱུན་སྡོད་བྱེད་སའི་གནས་སོགས་མི་དམངས་ཁྲིམས་ཁང་གཉིས་ཡན་གྱི་མངའ་ཁོངས་སུ་གཏོགས་ན།མི་དམངས་ཁྲིམས་ཁང་དེ་དག་ཚང་མར་སོ་སོར་ཞུ་གཏུག་དང་ལེན་བྱེད་རྒྱུའི་དབང་ཆ་ཡོད་པ་རེད།”གོང་གི་ཆོད་དོན་འདི་ལྟར་ན།གནོད་འཚེ་ཐེབས་ཏེ་ཞུ་གཏུག་བྱེད་འདོད་པའི་འཛད་སྤྱོད་པས་གནོད་འཚེ་གཏོང་མཁན་གྱི་བདག་གཉེར་མཁན་གནས་སའི་གཞི་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག

དགེ་འདུན་འཚོས2010ལོའི་ཟླ8པའི་ཚེས6ཉིན་གྱི་བོད་ཡིག་ཚགས་པར་ལས་བཏུས།

གོང་མ།:ངོ་གདོང་མཛེས་བཟོ་དང་སྐྲ་མཛེས་བཟོ་བྱེད་སྐབས་མཉམ་འཇོག་བྱེད་དགོས་ས་འགའ།

ཞོལ་མ།:ངོ་གདོང་མཛེས་བཟོ་དང་སྐྲ་མཛེས་བཟོ་བྱེད་སྐབས་མཉམ་འཇོག་བྱེད་དགོས་ས་འགའ།