བུ་བཅོལ་ཁང་གི་དངུལ་བསྡུ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།སློབ་གསོ་ཐོབ་མཁན་དང་བུ་བཅོལ་ཁང་གཉིས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་ཆེད།རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཚོགས་དང་སློབ་གསོ་པུའུ།ནོར་སྲིད་པུའུ་བཅས་ཀྱི་ཉེ་ཆར་མཉམ་འབྲེལ་སྒོས《བུ་བཅོལ་ཁང་གི་དངུལ་བསྡུ་དོ་དམ་གྱི་སྐབས་སྤྱོད་བྱེད་ཐབས》པར་སྐྲུན་འགྲེམ་སྤེལ་བྱས།
《སྐབས་སྤྱོད་བྱེད་ཐབས》ཀྱི་ནང་དུ་གཏན་འཁེལ་བྱས་ཡོད་པ་སྟེ།བུ་བཅོལ་གྲོན་དངུལ་ནང་གི་སློབ་གསོ་གྲོན་དངུལ་དང་ཞག་སྡོད་གྲོན་དངུལ།བྱིས་པ་བུ་བཅོལ་ཁང་དུ་ཡོད་སྐབས་ཀྱི་སློབ་གསོ་དང་འཚོ་བའི་ཐད་སྟབས་བདེ་འདོན་སྤྲོད་བྱེད་པའི་ཚབ་བསྡུ་གྲོན་དངུལ་བཅས“ཁྱིམ་བདག་འཐད་པ་བྱུང་བ་དང་དོན་དངོས་གཞིར་བཟུང་ནས་བསྡུ་བ།དུས་ལྟར་རྩིས་རྒྱག་པ་དང་དུས་བཅད་ལྟར་ཁྱབ་བསྒྲགས་བྱེད་པ”བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ་བསྡུ་དགོས་པ་ལས།བྱིས་པའི་སློབ་གསོ་གྲོན་དངུལ་དང་མཉམ་དུ་བསྡུས་མི་ཆོག་པ་དང་།བུ་བཅོལ་ཁང་གིས་མིང་གཞན་ལ་ཁ་གཡར་ཏེ་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་ཁྱིམ་བདག་ལ་རོགས་སྐྱོར་གྲོན་དངུལ་དང་ཞལ་འདེབས་གྲོལ་དངུལ།སློབ་གྲྭ་འཛུགས་སྐྲུན་བྱེད་པའི་གྲོན་དངུལ།སློབ་གསོའི་མ་རྩའི་ཁ་གསབ་གྲོན་དངུལ་སོགས་བྱིས་པ་བུ་བཅོལ་ཁང་དུ་བཅོལ་བར་འབྲེལ་བ་ཡོད་པའི་གྲོན་དངུལ་གཞན་པ་བསྡུ་བ་གཏན་འགོག་བྱེད་པ་དང་།ཚོད་ལྟའི་འཛིན་གྲྭ་དང་ཁྱད་ལྡན་འཛིན་གྲྭ།སྤྲོ་མོས་འཛིན་གྲྭ།སློབ་ཁྲིད་རྗེས་ཀྱི་གསོ་སྦྱོང་འཛིན་གྲྭ་སོགས་བསྒྲུབ་པར་ཁ་གཡར་ཏེ་ཁྱིམ་བདག་གི་ལག་ནས་ཟུར་དུ་གྲོན་དངུལ་བསྡུ་བ་གཏན་འགོག་བྱ་རྒྱུ་གཏན་འཁེལ་བྱས་ཡོད།
《སྐབས་སྤྱོད་བྱེད་ཐབས》ནང་དུ་བུ་བཅོལ་ཁང་གིས་ཁྱབ་བསྒྲགས་རེའུ་མིག་དང་ཁྱབ་བསྒྲགས་བྱང་བུ།ཁྱབ་བསྒྲགས་གྱང་ངོས་སོགས་འཛུགས་པའི་བྱེད་སྟངས་སྤྱད་དེ།སྤྱི་ཚོགས་ལ་གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་གྲོན་དངུལ་བསྡུ་བའི་ཚད་གཞི་སོགས་འབྲེལ་ཡོད་ནང་དོན་ཁྱབ་བསྒྲགས་བྱ་དགོས་པ་དང་།སློབ་མ་བསྡུ་བའི་སྒྲིག་ཡིག་མདོར་བསྡུས་ཀྱི་སྟེང་དུ་བུ་བཅོལ་ཁང་གི་རྣམ་པ་དང་བུ་བཅོལ་ཁང་སྒྲུབ་པའི་ཆ་རྐྱེན།གྲོན་དངུལ་བསྡུ་བའི་ལས་གཞི་དང་ཚད་གཞི་སོགས་ནང་དོན་གསལ་བོར་འབྲི་དགོས་པའི་བླང་བྱ་བཏོན་ཡོད་པས།ས་ཆ་སོ་སོས་བུ་བཅོལ་ཁང་གི་དངུལ་བསྡུ་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་དགོས་པ་དང་།གྲོན་དངུལ་བསྡུ་བའི་སྲིད་ཇུས་དང་འགལ་བའི་བྱ་སྤྱོད་ལྡན་ན།ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས།
བྱང་མོས2012ལོའི་ཟླ2པའི་ཚེས3ཉིན་གྱི་མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།