སྲིད་ཇུས་ཁྲིམས་སྲོལ།
 

ཟས་རིགས་བདེ་བསྟེན་ཐད་ཀྱི་གནད་དོན་ཞུ་གཏུག་བྱེད་ཐབས།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-05-23  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

སྲིད་གཞུང་སྡེ་ཁག་གི་འགན་ནུས་ཁག་བགོས་ལྟར།སྤྱི་དམངས་རྣམས་ཟས་རིགས་བདེ་བསྟེན་ཐད་ཀྱི་གནད་དོན་དང་འཕྲད་ན་གཤམ་གྱི་ཐབས་ལམ་འདི་དག་བརྒྱུད་དེ་ཞུ་གཏུག་བྱེད་ཆོག

གཅིག།རང་འདེམ་ཚོང་ཁྲོམ་དང་ཚོང་ཁང་དུ་ཟས་རིགས་ཉོ་སྐབས་འཕྲོད་བསྟེན་དང་སྤུས་ཀའི་བདེ་འཇགས་ཐད་ཀྱི་གནད་དོན་དང་འཕྲད་ན།བཟོ་ཚོང་སྡེ་ཁག་ལ་ཞུ་གཏུག་བྱེད་ཆོག་པ་དང༌།ཞུ་གཏུག་ཁ་པར་ཨང་གྲངས12315ཡིན།

གཉིས།བཟའ་བཏུང་ལས་རིགས་སམ་མི་དམངས་འདུ་འཛོམས་བྱེད་སའི་སྡེ་ཁག་ཏུ་འཕྲོད་བསྟེན་གནད་དོན་དང་འཕྲད་དེ།ཟས་དུག་ཕོག་པ་སོགས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བྱུང་ན།འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཞུ་གཏུག་བྱེད་ཆོག

གསུམ།ཟས་རིགས་ཐོན་སྐྱེད་ལས་སྣོན་སྡེ་ཁག་ཏུ་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ན།སྤུས་ཀའི་ལྟ་སྐུལ་སྡེ་ཁག་ལ་ཞུ་གཏུག་བྱེད་ཆོག། ཞུ་གཏུག་ཁ་པར་ཨང་གྲངས་12365ཡིན།

བཞི།ཕག་བཤའ་ར་བ་དང་ཆང་གི་སྤུས་ཀའི་བདེ་བསྟེན་གནད་དོན་དང་འཕྲད་སྐབས།བཟོ་ཚོང་སྡེ་ཁག་ལ་ཞུ་གཏུག་བྱེད་ཆོག་པ་དང༌།ཞུ་གཏུག་ཁ་པར་ཨང་གྲངས་12312ཡིན།

ལྔ།སྔོ་ཚོད་དང་སིལ་ཏོག།ཆུའི་ཐོན་རྫས་ཀྱི་སྤུས་ཀའི་བདེ་བསྟེན་གནད་དོན་དང་འཕྲད་སྐབས།ཞིང་ལས་སྡེ་ཁག་ལ་ཞུ་གཏུག་བྱེད་ཆོག་པ་དང༌།ཞུ་གཏུག་ཁ་པར་ཨང་གྲངས12316ཡིན།

དྲུག།ཁྱིམ་བྱ་དང་འོ་མའི་རིགས་ལ་སྤུས་ཀའི་གནད་དོན་ཡོད་ན།ཕྱུགས་ལས་སྡེ་ཁག་ལ་ཞུ་གཏུག་བྱས་ཆོག་པ་དང༌།ཞུ་གཏུག་ཁ་པར་ཨང་གྲངས12316ཡིན་པས།ཐམས་ལམ་འདི་དག་བརྒྱུད་དེཞུ་གཏུག་བྱེད་པར་འཚལ།

དགེ་འདུན་འཚོས་མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།

གོང་མ།:ངལ་རྩོལ་གན་རྒྱའི་དུས་ཡུན་ཐད་ཀྱི་གཏན་འཁེལ།

ཞོལ་མ།:《བུ་བཅོལ་ཁང་གི་དངུལ་བསྡུ་དོ་དམ་གྱི་སྐབས་སྤྱོད་བྱེད་ཐབས》དངོས་སུ་བཏོན་པ།