སྲིད་ཇུས་ཁྲིམས་སྲོལ།
 

ངལ་རྩོལ་གན་རྒྱའི་དུས་ཡུན་ཐད་ཀྱི་གཏན་འཁེལ།

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-07-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

ངལ་རྩོལ་གན་རྒྱའི་དུས་ཡུན་ལ་དུས་ཡུན་ངེས་གཏན་ཡིན་པ།ལས་ཀ་འགྲུབ་མིན་དེ་དུས་ཡུན་དུ་འཛིན་པ་བཅས་རིགས་གསུམ་ཡོད་དེ།

རིགས་དང་པོ་སྟེ་དུས་ཡུན་ངེས་གཏན་ཡིན་པའི་གན་རྒྱ་ནི་ངལ་རྩོལ་གན་རྒྱའི་ནང་གན་རྒྱའི་གོ་ཆོད་པའི་དུས་ཡུན་གསལ་བོར་བྲིས་ཡོད་པར་གོ་ཞིང་།ངལ་རྩོལ་གན་རྒྱའི་ནང་དུས་ཡུན་གཏན་འཁེལ་བྱེད་པར་དུས་ཡུན་རིང་ཆོག་སྟེ།དཔེར་ན་ལོ་ལྔའི་ཡན་ལྟ་བུ་དང་།ཐུང་ཡང་ཆོག་སྟེ།དཔེར་ན་ལོ་ངོ་གཅིག་ནས་ལོ་ངོ་གཉིས་ལྟ་བུ་སོགས།

རིགས་གཉིས་པ་སྟེ་དུས་ཡུན་ངེས་གཏན་མིན་པའི་གན་རྒྱ་ནི་ངལ་རྩོལ་གན་རྒྱའི་ནང་བྱེ་བྲག་གི་དུས་ཡུན་གཏན་འཁེལ་བྱས་མེད་པར་བསྟན་པ་ཡིན།སྤྱིར་བཏང་དུ་ངལ་རྩོལ་གན་རྒྱའི་ནང་དུ་དུས་ཡུན་གཏན་འཁེལ་བྱས་མེད་པ་ཚང་མ་ནི་དུས་ཡུན་རིང་པོ་ཡིན་པ་སྟེ།ལག་བསྟར་གོ་རིམ་ཁྲོད་ཁྲིམས་བཀོད་ཀྱི་ངལ་རྩོལ་གན་རྒྱ་མེད་པར་གཏོང་བའི་དོན་ཚན་ནམ་བྱ་སྤྱོད་མ་བྱུང་ན་ངལ་རྩོལ་ཐད་ཀྱི་གན་རྒྱའི་གོ་ཆོད་པའི་དུས་ཡུན་ནི་ངལ་རྩོལ་པས་ལས་འཁྱུར་ངལ་གསོ་བྱེད་རག་བར་ཡིན།

རིགས་གསུམ་པ་སྟེ་ལས་ཀའི་ལས་འགན་ངེས་ཅན་ཞིག་འགྲུབ་པ་དེ་དུས་ཡུན་དུ་འཛིན་པའི་གན་རྒྱ་ནི་ངལ་རྩོལ་གན་རྒྱ་འཇོག་མཁན་གྱི་ཕྱོགས་གཉིས་ཀྱིས་ཁ་ཆད་བྱས་ནས།མི་བཀོལ་སྡེ་ཚན་གྱིས་ངལ་རྩོལ་པ་བསྡུ་སྤྱོད་བྱས་ནས་འགྲུབ་དགོས་པའི་ལས་ཀའི་ལས་འགན་ཆེད་དུ་གཏན་འཁེལ་བྱས་ཏེ་བྱ་བའི་ལས་འགན་འགྲུབ་ཚེ་ངལ་རྩོལ་གན་རྒྱ་དེ་རང་ཤུགས་ཀྱིས་མཚམས་བཞག་པ་ཡིན།འདི་ལྟ་བུའི་ངལ་རྩོལ་གན་རྒྱའི་གོ་ཆོད་པའི་དུས་ཡུན་ནི་ལས་ཀའི་ལས་འགན་འགྲུབ་པའི་དུས་ཚོད་དེ་དུས་ཡུན་ཡིན་པས།གོ་ཆོད་པའི་དུས་ཡུན་དེ་གཟའ་འཁོར་འགའ་དང་ཡང་ན་ཟླ་འགའ་ཡིན་ཀྱང་སྲིད་ལ།ལོ་འགའ་ཡིན་ཡང་སྲིད།

མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།

གོང་མ།:བཅའ་ཁྲིམས་སྟེང་ངལ་རྩོལ་གན་རྒྱའི་ནང་དོན་དང་རྣམ་པའི་ཐད་གཏན་འཁེལ་གང་དག་ཡོད་དམ།

ཞོལ་མ།:མི་བཀོལ་སྡེ་ཚན་གྱིས་ངལ་རྩོལ་པར་ཡིག་ཐོག་ནས་ངལ་རྩོལ་གན་རྒྱ་མ་བཞག་ན་བཅའ་ཁྲིམས་ཀྱི་