བཅའ་ཁྲིམས་སྟེང་ངལ་རྩོལ་གན་རྒྱ་དེ་ངེས་པར་ཡིག་ཐོག་ནས་འཇོག་དགོས་པ་གཏན་འཁེལ་བྱས་ཡོད།ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱི་དོན་ཚན10པའི་ནང་དུ“ངལ་རྩོལ་འབྲེལ་བ་བཙུགས་ཟིན་ནའང་ཡིག་ཐོན་ནས་ངལ་རྩོལ་གན་རྒྱ་བཞག་མེད་ན།ལས་མགོ་བརྩམས་པའི་ཉིན་དེ་ནས་བཟུང་བའི་ཟླ་གཅིག་གི་ནང་དུ་ངེས་པར་ཡིག་ཐོག་ནས་ངལ་རྩོལ་ཐད་ཀྱི་གན་རྒྱ་འཇོག་དགོས”ཞེས་གཏན་འཁེལ་བྱས་ཡོད།
ངལ་རྩོལ་གན་རྒྱའི་ནང་དོན་ཐད་ནས་ཚང་དགོས་པའི་དོན་ཚན་ལ《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན17པའི་ནང་དུ་གཤམ་གྱི་དོན་ཚན་འདི་དག་ཚང་དགོས་པ་གཏན་འཁེལ་བྱས་ཡོད་པ་སྟེ།(གཅིག)མི་བཀོལ་སྡེ་ཚན་གྱི་མིང་དང་སྡོད་གནས།ཁྲིམས་བཀོད་འཐུས་ཚབ་པའམ་འགན་འཁུར་པ་གཙོ་བོ།(གཉིས།)ངལ་རྩོལ་པའི་མིང་དང་སྡོད་གནས།སྡོད་དམངས་ཐོབ་ཐང་ལག་འཁྱེར་རམ་གོ་ཆོད་པའི་ཐོབ་ཐང་དཔང་ཡིག་གཞན་དག་གི་ཨང་གྲངས།(གསུམ།)ངལ་རྩོལ་གན་རྒྱའི་དུས་ཡུན།(བཞི།)ལས་ཀའི་ནང་དོན་དང་ལས་ཀ་ལས་ས།(ལྔ།)ལས་ཀའི་དུས་ཚོད་དང་གུང་གསེང་ངལ་གསོ།(དྲུག)ངལ་རྩོལ་ཐོབ་ཆ།(བདུན།)སྤྱི་ཚོགས་ཉེན་སྲུང་།(བརྒྱད།)ངལ་རྩོལ་སྲུང་སྐྱོང་ངམ་ངལ་རྩོལ་ཆ་རྐྱེན་དང་ལས་རིགས་ཀྱི་གནོད་འཚེ་འགོག་སྲུང་།(དགུ)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ངལ་རྩོལ་གན་རྒྱའི་ནང་འཇོག་དགོས་པར་གཏན་འཁེལ་བྱས་ཡོད་པའི་དོན་ཚན་གཞན་དག་བཅས་ཡིན།ངལ་རྩོལ་གན་རྒྱའི་ནང་གོང་གསལ་གྱི་ངེས་པར་ཚང་དགོས་པའི་ཆ་རྐྱེན་ལས་གཞན།ད་རུང་མི་བཀོལ་སྡེ་ཚན་ལ་ཚོད་སྤྱོད་དུས་ཡུན་དང་གསོ་སྦྱོང་།གསང་དོན་སྲུང་བ།ཉེན་བཅོལ་དང་ཕན་བདེའི་ཐོབ་ཐང་ཁ་གསབ་བྱེད་པ་སོགས་ཀྱི་དོན་ཚན་གཞན་དག་གི་ཁ་ཆད་བཞག་ཆོག།
མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།