སྲིད་ཇུས་ཁྲིམས་སྲོལ།
 

མི་བཀོལ་སྡེ་ཚན་གྱིས་ངལ་རྩོལ་པར་ཡིག་ཐོག་ནས་ངལ་རྩོལ་གན་རྒྱ་མ་བཞག་ན་བཅའ་ཁྲིམས་ཀྱི་

ཡོང་ཁུངས།:ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ  སྤེལ་དུས།:2012-07-03  རྩོམ་པ་པོ།:  རྩོམ་སྒྲིག་པ།:    ཀློགས་གྲངས།:

མི་བཀོལ་སྡེ་ཚན་དང་ངལ་རྩོལ་པའི་བར་ངལ་རྩོལ་འབྲེལ་བ་བཙུགས་ནས་ངེས་པར་ཡིག་ཐོག་ནས་ངལ་རྩོལ་གན་རྒྱ་འཇོག་དགོས་མོད།ཡིན་ནའང་ལག་ལེན་ཁྲོད་ངལ་རྩོལ་ཐད་ཀྱི་གན་རྒྱ་མི་འཇོག་པའི་སྣང་ཚུལ་མང་པོ་འབྱུང་བཞིན་ཡོད།དེར་བརྟེན།《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན98པ་དང་ངལ་རྩོལ་པུའུ་ཡི《〈ངལ་རྩོལ་བཅའ་ཁྲིམས〉ཀྱི་ངལ་རྩོལ་གན་རྒྱའི་འབྲེལ་ཡོད་གཏན་འཁེལ་དང་འགལ་བའི་སྐྱིན་ཚབ་སྤྲོད་ཐབས》ཀྱི་དོན་ཚན་གཉིས་པའི་ནང་།མི་བཀོལ་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གནང་གཏན་འཁེལ་བྱས་ཡོད་པའི་ཆ་རྐྱེན་གྱི་ངལ་རྩོལ་གན་རྒྱ་མི་དགོས་པར་བཟོ་བའམ་བསམ་བཞིན་དུ་འགོར་འགྱངས་བྱས་ཏེ་ངལ་རྩོལ་གན་རྒྱ་མི་འཇོག་པ་ཡིན་ན།ངལ་རྩོལ་སྲིད་འཛིན་སྡེ་ཁག་གིས་བཀའ་ཕབ་ནས་ཡོ་བསྲང་བྱེད་དགོས་པ་དང་།ངལ་རྩོལ་པར་གནོད་འཚེ་ཐེབས་ན་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་རྗེས།གོང་གསལ་གྱི་གནད་དོན་ཐད་གཏན་འཁེལ་གསལ་པོ་བྱས་ཡོད་པ་སྟེ།བཅའ་ཁྲིམས་འདིའི་དོན་ཚན82པའི་ཁོད་ཚན་དང་པོའི་ནང་དུ་མི་བཀོལ་སྡེ་ཁག་གིས་མི་བཀོལ་སྤྱོད་བྱས་པའི་ཉེན་དེ་ནས་བཟུང་བའི་ཟླ་ངོ་གཅིག་ལས་བརྒལ་བ་དང་ལོ་ངོ་གཅིག་མི་ལོངས་པའི་ནང་དུ་ངལ་རྩོལ་པར་ཡིག་ཐོག་ནས་ངལ་རྩོལ་གན་རྒྱ་མ་བཞག་ན་ངལ་རྩོལ་པར་ཟླ་རེར་གླ་ཕོགས་ཀྱི་ལྡབ་གཉིས་ལྟར་སྟེར་དགོས་པ་གཏན་འཁེལ་བྱས་ཡོད།

དེ་དང་མཉམ་དུ་མི་བཀོལ་སྡེ་ཚན་གྱིས་མི་བཀོལ་བ་ལས་ངལ་རྩོལ་པར་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་མི་འཇོག་པར།ངལ་རྩོལ་པར་བཞག་པའི་ཁ་ཆད་ནང་དུ་ངལ་རྩོལ་ཐོབ་ཆ་གསལ་བོ་མིན་ན་གསར་དུ་བསྡུ་ལེན་བྱས་པའི་ངལ་རྩོལ་པའི་ངལ་རྩོལ་ཐོབ་ཆ་དེ་ཐུན་མོང་གིས་གན་རྒྱ་བཞག་པའི་གཏན་འཁེལ་གྱི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་ལ།ཐུན་མོང་གི་གན་རྒྱ་མེད་པའམ་ཐུན་མོང་གི་གན་རྒྱ་གཏན་འཁེལ་བྱས་མེད་ན་ལས་ཀ་འདྲ་བ་ལ་ཐོབ་ཆ་འདྲ་བ་སྟེར་དགོས།

མཚོ་སྔོན་བོད་ཡིག་ཚགས་པར་ལས་བཏུས།

གོང་མ།:ངལ་རྩོལ་གན་རྒྱའི་དུས་ཡུན་ཐད་ཀྱི་གཏན་འཁེལ།

ཞོལ་མ།:བཅའ་ཁྲིམས་སྟེང་ངལ་རྩོལ་གན་རྒྱའི་ནང་དོན་དང་རྣམ་པའི་ཐད་གཏན་འཁེལ་གང་དག་ཡོད་དམ།