དོན་ཚན་ཞེ་བདུན་པ།ལྕགས་ལམ་གྱི་ལམ་ཐིག་ཐོག་ཏུ་རང་འགུལ་གྱིས་འཕྲེད་ལམ་དང་རྐང་ལམ་འདིང་བ་འགོག་དགོས།འཕྲེད་ལམ་དང་རྐང་ལམ་དུ་ངེས་པར་དུ་ཐག་བཅད་ལྟར་དགོས་ངེས་ཀྱི་རྟགས་མཚན་དང་སྔོན་འགོག་སྒྲིག་ཆས་འཛུགས་དགོས།ལམ་འགྲོ་བ་དང་རླངས་འཁོར་ལྕགས་ལམ་གྱི་འཕྲེད་ལམ་དང་རྐང་ལམ་ཐོག་བརྒྱུད་སྐབས།ངེས་པར་དུ་འབྲེལ་ཡོད་ཤར་བགྲོད་ཀྱིས་གཏན་ཁེལ་བརྩི་སྲུང་བྱེད་དགོས།
དོན་ཚན་ཞེ་དགུ་བ།ལྕགས་ལམ་རྟགས་མཚན་སྒྲིག་བཀོད་དང་གཞན་བདེ་གཏོང་སྒྲིག་ཆས་གཏོར་བརླག་དང་སྤོ་སྣུར་བྱེད་པ།ཡང་ན་ལྕགས་ལམ་གྱི་ལམ་ཐིག་ཐོག་ཏུ་བཀག་རྡོ་བཞག་པར།ལྕགས་ལམ་ལས་བཟོ་བར་སྔོན་འགོག་བྱེད་པའི་དབང་ཆ་ཡོད་པ་དང༌།སྤྱི་བདེ་ལས་ཁུངས་ལ་བཟུང་སྐྱེལ་བྱས་ནས་ཐག་གཅོད་བྱས་ཆོག
དོན་ཚན་ལྔ་བཅུ་བ།མེ་འཁོར་ནང་དུ་ལྐོག་འབུད་དང་མེ་འཁོར་སྐྱོད་བཞིན་དུ་ཡར་འཛེག་པ་དང་མེ་འཁོར་ལ་རྡོ་ཡིས་རྒྱག་པ་བཅས་འགོག་དགོས།མེ་འཁོར་ནང་དུ་ལྐོག་འབུད་དང་མེ་འཁོར་སྐྱོད་སྐབས་ཡར་འཛེག་པ།མེ་འཁོར་ལ་རྡོ་ཡིས་རྒྱག་པ་བཅས་བྱས་ན་ལྕགས་ལམ་ལས་བཟོ་བར་བཀག་འགོག་བྱེད་པའི་དབང་ཆ་ཡོད།
དོན་ཚན་ང་གཅིག་པ།ལྕགས་ལམ་གྱི་ལམ་ཐིག་ཐོག་ཏུ་འགྲོ་སྐྱོད་དང་ཉལ་སྡོད་བྱེད་པ་བཀག་འགོག་བྱེད་དགོས།ལྕགས་ལམ་གྱི་ལམ་ཐིག་ཐོག་ཏུ་འགྲོ་སྐྱོད་དང་ཉལ་སྡོད་བྱེད་པ་དེར།ལྕགས་ལམ་ལས་བཟོ་བར་སྔོན་འགོག་བྱེད་པའི་དབང་ཆ་ཡོད།
དོན་ཚན་ང་གཉིས་པ།ལྕགས་ལམ་ལམ་ཐིག་གི་གཞོགས་གཉིས་ཀྱི་སྨི་ཉི་ཤུ་ནང་དང་ཡང་ན་ལྕགས་ལམ་འགོག་སྲུང་ནགས་ཁུལ་དུ་ཕྱུགས་འཚོ་བ་བཀག་འགོག་བྱེད་དགོས།ལྕགས་ལམ་ལམ་ཐིག་གི་གཞོགས་གཉིས་ཀྱི་སྨི་ཉི་ཤུ་ནང་དང་ཡང་ན་ལྕགས་ལམ་འགོག་སྲུང་ནགས་ཁུལ་དུ་ཕྱུགས་འཚོ་ཚེ།ལྕགས་ལམ་ལས་བཟོ་བར་སྔོན་འགོག་བྱེད་པའི་དབང་ཆ་ཡོད།
དོན་ཚན་ང་གསུམ་པ།མི་མང་པོས་མེ་འཁོར་འགོག་པ་དང་ཡང་ན་ལྕགས་ལམ་བདེ་གཏོང་བཀོད་གཏོང་ལས་ཁུངས་སུ་མི་མང་པོ་མཆོངས་ཚེ། ལྕགས་ལམ་ལས་བཟོ་བར་སྔོན་འགོག་བྱེད་པའི་དབང་ཆ་ཡོད།སྔོན་འགོག་ལ་མི་ཉན་ཚེ།སྤྱི་བདེ་མི་སྣའི་ལས་ཡུལ་དེའི་འགན་ཁུར་བས་ཁ་གཏོར་བའི་བཀའ་འབབ་པའི་དབང་ཆ་ཡོད།ཁ་གཏོར་དུས་དང་ལེན་མི་བྱེད་ཚེ།སྤྱི་བདེ་མི་སྣའི་ལས་ཡུལ་དེའི་འགན་ཁུར་བས་རྒྱལ་ཁབ་འབྲེལ་ཡོད་ཀྱི་གཏན་ཁེལ་ལྟར་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་བཙན་ཤེད་ཀྱིས་ཁ་གཏོར་བའི་དབང་ཆ་ཡོད་པས།གཏན་ནས་དང་ལེན་མི་བྱེད་པའི་མི་སྣར་བཙན་ཤེད་ཀྱིས་ལས་ཡུལ་དེ་ནས་ཁ་བྲལ་བ་དང་ཡང་ན་བཀག་ཉར་བྱས་ཆོག
དོན་ཚན་ང་བཞི་བ།ལྕགས་ལམ་ཐོག་གི་སྐྱེལ་འདྲེན་དངོས་རྫས་ཧམ་འཕྲོག་བྱེད་ཚེ།ལྕགས་ལམ་ལས་བཟོ་བར་སྔོན་འགོག་བྱེད་པའི་དབང་ཆ་ཡོད།སྤྱི་བདེ་ལས་ཁུངས་ལ་བཟུང་སྐྱེལ་བྱས་ཏེ་ཐག་གཅོད་བྱས་ཆོག ལས་ཡུལ་དེའི་སྤྱི་བདེ་མི་སྣས་བཀག་ཉར་བྱས་ཆོག
དོན་ཚན་ང་བརྒྱད་པ།ལྕགས་ལམ་བདེ་གཏོང་ལས་འཛོལ་དང་གཞན་ལྕགས་ལམ་གྱི་སྐྱེལ་གཉེར་ལ་ལས་འཛོལ་བྱུང་ནས་མི་ལུས་ཤི་རྨས་བྱུང་ཚེ།ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་སྐྱིན་ཚབ་སྤྲོད་པའི་འགན་ཁུར་དགོས།གལ་ཏེ་མི་ལུས་ལ་ཤི་རྨས་བྱུང་བ་དེ་ནི་འགོག་མི་ཐུབ་པ་དང་ཡང་ན་གནོད་འཚེ་ཕོག་མཁན་རང་རྐྱེན་གྱིས་བཟོས་ཚེ།ལྕགས་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་སྐྱིན་ཚབ་སྤྲོད་པའི་འགན་ཁུར་མི་དགོས།འཕྲེད་ལམ་དང་ཡང་ན་རྐང་ལམ་སྟེང་སྒྲིག་ལམ་དང་འགལ་ནས་བགྲོད་པ།ཡང་ན་ལྕགས་ལམ་གྱི་ལམ་ཐིག་ཐོག་ཏུ་འགྲོ་སྐྱོད་དང་ཉལ་སྡོད་བྱས་ནས་མི་ལུས་ ཤི་རྨས་བྱུང་ཚེ།གནོད་སྐྱོན་ཕོག་མཁན་རང་རྐྱེན་གྱིས་བཟོས་པའི་མི་ལུས་ཤི་རྨས་སུ་འཇོག་དགོས།