སྲིད་ཇུས་ཁྲིམས་སྲོལ།
 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག

ཡོང་ཁུངས།:  སྤེལ་དུས།:2023-03-07  རྩོམ་པ་པོ།:  རྩོམ་སྒྲིག་པ།:པད་མ་རིག་འཛིན།    ཀློག་གྲངས།:

 

 

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག

 

2022ལོའི་ཟླ6པའི་ཚེས30ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2022ལོའི་ཟླ9པའི་ཚེས28ཉིན་མཚོ་

སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པའི་ཐོག་ཆོག་མཆན་བཀོད

 

དོན་ཚན་དང་པོ། རང་སྐྱོང་ཁུལ་གྱི་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ལ་སྲུང་སྐྱོང་དང་མཚོ་འཁྱག་སའེ་ཧྲི་ཐེང་རི་བོའི་རྒྱལ་སྤྱིའི་རྩེར་སོན་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་རྟེན་གཞི་འཛུགས་ཆེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམསདངགནམ་གཤིས་སྒྲིག་བཀོད་དང་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་སྐྱོང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་དང་གསར་སྤེལ། བེད་སྤྱོད་བཅས་དང་དེ་བཞིན་དོ་དམ་བྱེད་སྒོ་ཐད་དུ་སྲོལ་ཡིག་འདི་སྤྱོད་པར་འཚམ།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་ཅེས་པ་ནི་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་དང་དེའི་ཉེ་འཁོར་གྱི་འོད་རིག་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་མཚན་མོའི་འོད་ཀྱི་ཁོར་ཡུག་བཅས་ལ་བྱ།

དོན་ཚན་བཞི་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ས་ཁོངས་ཞེས་པ་ནི་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞིའི་འོད་རིག་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་གིས་དབྱེ་འབྱེད་གཏན་ཁེལ་བྱས་པའི་ས་ཁོངས་ལ་ཟེར་ཞིང་། དེ་ལ་མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་དང་མཚན་མོའི་སྲུང་སྐྱོང་བར་ཁུལ་གཉིས་སུ་ཕྱེས་ཡོད།

མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་ཞེས་པ་ནི་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་སྤྱིའི་འཕེལ་རྒྱས་འཆར་འགོད་ཀྱི་སའི་འདེམས་སྤྱོད་དབྱིབས་རྩིས་ཟུམ་ཁུལ་བཅས་ཀྱི་ས་ཁོངས་ཕྱི་རོལ་གྱི་སྤྱི་ལེ50ཡི་ནང་དུ་ཡོད་པའི་ས་ཁོངས་ལ་ཟེར།

མཚན་མོའི་སྲུང་སྐྱོང་ལྷོད་གཏོང་ཁུལ་ནི་མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་གྱི་མཐའ་མཚམས་སྲུང་སྐྱོང་གི་ཕྱི་རོལ་གྱི་སྤྱི་ལེ50ཡོད་པའི་ས་ཁོངས་ལ་ཟེར།

དོན་ཚན་ལྔ་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་དམིགས་སུ་བཀར་ནས་སྔོན་ལ་སྲུང་སྐྱོང་དང་། ཚན་རིག་དང་མཐུན་པར་དོ་དམ། བེད་སྤྱོད་ལུགས་མཐུན། གོང་འཕེལ་ལ་སྐུལ་འདེད་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཁོངས་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་སྲུང་སྐྱོང་བྱ་བར་སྒྲིག་འཛུགས་མགོ་ཁྲིད་དང་གཅིག་གྱུར་གྱིས་འཆར་འགོད། ཕྱོགས་བསྡུས་ཀྱིས་མཐུན་སྦྱོར་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཚུབ་ཟློག་བབ་བསྟུན་ཐག་གཅོད་བྱེད་པའི་ནང་རྐྱེན་དང་འབྲེལ་ཡོད་ཀྱི་འགན་སྲུང་ནང་རྐྱེན་གཟུག་དགོས།

རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་དང་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ས་ཁོངས་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ས་ཁོངས་གོང་སྤེལ་དང་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ནང་དུ་དགོད་དགོས། གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞིའི་འབྲེལ་ཡོད་ཆེད་དོན་འཆར་འགོད་དེ་གནས་སའི་སྲིད་གཞུང་གི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་བླང་བྱ་དང་མཐུན་དགོས་པར་མ་ཟད། འབྲེལ་ཡོད་ཆེད་དོན་འཆར་འགོད་དང་གཅིག་མཐུན་ཡོང་བའམ་ཡང་ན་ཕན་ཚུན་འབྲེལ་མཐུད་ཡོང་བ་བྱ་དགོས།

དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གིས་མཚོ་འཁྱགགནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁུར་དགོས

རང་སྐྱོང་ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས། བཟོ་ལས་དང་ཆ་འཕྲིན་ཅན། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག  སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། སྤྱི་བདེ། འཚུབ་ཟློག་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲག་བརྙན་འཕྲིན་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་ལྟར། མཚོ་འཁྱགགནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ལས་དོན་སྒྲུབ་པའི་འགན་འཁུར་དགོས།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་མཚོ་འཁྱག་ཚན་རྩལ་གསར་གཏོད་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁངགཤམ་དུ་བསྡུས་མིང་ལ་ཚན་རིག་གསར་གཏོད་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་འགོདགིས་རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གི་མཛུབ་སྟོན་འོག་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ལྡན་ལས་དོན་བསྒྲུབ་པའི་འགན་འཁུར་དགོས།

དོན་ཚན་དགུ་པ། མཚོ་འཁྱགགནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུགམཚན་མོའི་སྲུང་སྐྱོ་ལྟེ་གནས་ཁུལ་དུ་འོད་ཀྱི་འབྱུང་ཁུངས་ཀྱི་རིགས་དང་གསལ་ཚད་ལ་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། ཕྱི་རོལ་གྱི་གཏན་འཇགས་མཚན་མོའི་གློག་སྒྲོན་གྱི་སྒྲིག་ཆས་ཡོངས་རྫོགས་འཕྲོ་ཡུལ་དེ་སྙོམས་ཐིག་ཏུའུ་གྲངས30ལས་དམའ་བར་བྱ་དགོས།

མཚོ་འཁྱགགནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་གིམཚན་མོའི་སྲུང་སྐྱོ་ཁུལ་དུ། ཕྱི་རོལ་གྱི་གཏན་འཇགས་མཚན་མོའི་གློག་སྒྲོན་སྒྲིག་ཆས་ཀྱི་འཕྲོ་ཡུལ་དེ་སྙོམས་ཐིག་མན་ཆད་དུ་ཚོད་འཛིན་བྱ་དགོས།

དོན་ཚན་བཅུ་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་གི་མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་ནང་གི་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་དེ་རྣམ་གྲངས་འཛུགས་སྐྲུན་ཚན་པས་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་ལ་ཤུགས་རྐྱེན་གང་ཞིག་ཡོང་བར་ཆེད་དོན་གདེང་འཇོག་བྱེད་པར་སྒྲིག་འཛུགས་བྱ་དགོས་པ་དང་། གདེང་འཇོག་སྙན་ཞུར་རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་འཐོབ་དགོས། མཚན་མོའི་སྲུང་སྐྱོང་ནང་ཁུལ་དུ་འཛུགས་སྐྲུན་རྣམ་གྲངས་འཆར་འགོད་བྱེད་རྩིས་ཡོད་ན། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་གི་མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་དུ་ས་གནས་དེ་གའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་རིགས་གཏན་འགོག་བྱ་དགོས། གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ལ་གནོད་པའི་བྱེད་སྒོ་སྤེལ་བའི་རིགས་གཏན་འགོག་བྱ་དགོས།

དོན་ཚན་བཅུ་གཅིག་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་གི་ས་ཁོངས་ནང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་བྱེད་སྒོ་གལ་ཆེན་དང་འབྲེལ་བ་ཡོད་པའི་རིགས་ལ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ས་ཁོངས་སུ་གནས་པའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་འབྲེལ་ཡོད་སྲུང་སྐྱོང་བླང་བྱ་གཞིར་བཟུང་སྟེ། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར། འགན་སྲུང་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབ་དགོས།

དོན་ཚན་བཅུ་གཉིས་པ།  མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཁོངས་སུ་གཤམ་གསལ་གྱི་བྱེད་སྒོ་སྤེལ་བར་འབྲེལ་ཡོད་བྱེད་སྒོ་སྤེལ་མཁན་སྡེ་ཚན་དང་མི་སྒེར་གྱིས་རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། བྱེད་སྒོ་མཇུག་འགྲིལ་རྗེས་འཕྲལ་མར་འབྲེལ་ཡོད་སྒྲིག་ཆས་སྒོ་རྒྱག་པ་དང་འབྲེལ་ཡོད་སྒྲིག་ཆས་ཕྱིར་ཁྱེར་དགོས་པ་སྟེ།

(གཅིག) འོད་དྲག་པོའི་འབྱུང་ཁུངས་དང་སྐུལ་འོད་སོགས་འོད་ཁུངས་གནས་སྐབས་སུ་བེད་སྤྱོད་བྱས་རིགས་དང་།

(གཉིས )མི་མེད་གནམ་གྲུ་དང་ཐད་འཕུར་གནམ་གྲུ་སོགས་མཁའ་ཐོག་གི་སྒྲིག་ཆས་གནས་སྐབས་བེད་སྤྱོད་བྱས་རིགས།

(གསུམ )བརྡ་སྟོན་མདེལ་དང་དུ་སྨུག་མདེལ་སོགས་མཛུབ་སྟོན་དངོས་པོ་བེད་སྤྱོད་བྱ་དགོས་རིགས།

(བཞི)གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་རིགས་གཞན་དག་བཅས།

དོན་ཚན་བཅུ་གསུམ་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཁོངས་ནང་བཙུགས་ཟིན་པའི་བཟོ་བཀོད་དང་སྒྲིག་ཆས་ཀྱི་ཕྱི་རོལ་འོད་འཕྲོའི་སྒྲིག་བཀོད་ཀྱིས་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་རིགས་ལ།  རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་ཐག་གཅོད་བྱ་རྒྱུའི་ཇུས་གཞི་འདོན་དགོས་པ་དང་། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་བྱ་དགོས།

དོན་ཚན་བཅུ་བཞི་པ། ཚན་རྩལ་གསར་གཏོད་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོང་གི་དགོས་མཁོར་གཞིགས་ནས།  མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞིའི་ནང་གི་གནམ་དཔྱད་ལྟ་ཞིབ་ཚད་ལེན་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་གནམ་དཔྱད་ཚད་འཇལ་སྒྲིག་བཀོད་དང་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པ་མ་ཟད། ལྟ་ཞིབ་ཚད་ལེན་བྱས་འབྲས་དེ་གནམ་དཔྱད་དང་ཁོར་ཡུག་སྲུང་སྐྱོང་གདེང་འཇོག་གི་གཞི་འཛིན་ས་བྱ་དགོས།

ཚན་རྩལ་གསར་གཏོད་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་གི་ས་ཁོངས་སུ་ཉེན་བརྡ་དང་མཛུབ་སྟོན་སོགས་སྲུང་སྐྱོང་མཚོན་རྟགས་འཛུགས་དགོས་པ་དང་སྲུང་སྐྱོང་གི་བླང་བྱ་གསལ་པོར་འགོད་དགོས།

དོན་ཚན་བཅོ་ལྔ་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་ཚན་རྩལ་གསར་གཏོད་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་སྲུང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཡོངས་ཀྱི་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་སྲུང་འདུ་ཤེས་ཤུགས་ཆེ་རུ་གཏང་དགོས།

མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞིར་ས་གཤིས་རྩད་ཞིབ་དང་། རྟོག་ཞིབ། ལྟ་སྐོར། ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་བར་འབྲེལ་ཡོད་བྱེད་སྒོ་སྤེལ་མཁན་སྡེ་ཚན་དང་མི་སྒེར་གྱིས་ཚན་རྩལ་གསར་གཏོད་དོ་དམ་ཨུ་ཡོན་ལྷན་ཁང་ལ་རེ་འདུན་ཞུས་ནས་ཆོག་མཆན་ཐོབ་རྗེས་གཞི་ནས་སྤེལ་ཆོག

དོན་ཚན་བཅུ་དྲུག་པ། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་རྟེན་གཞིའི་ནང་གི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ལས་ཁུངས་ཀྱིས་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་འཛུགས་སྐྲུན་དང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་ལས་དོན་བཅས་ལ་རྒྱབ་སྐྱོར་བྱ་དགོས་པ་དང་།   རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ཚན་རིག་ཞིབ་འཇུག་དང་ཚན་རིག་ཁྱབ་སྤེལ། དྲིལ་བསྒྲགས་སློབ་གསོ། རིག་གནས་ཡུལ་སྐོར། ལྟ་སྐོར་རྟོག་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བར་རོགས་འདེགས་བྱ་དགོས།

དོན་ཚན་བཅུ་བདུན་པ། སྡེ་ཚན་གང་རུང་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པ་དང་། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་ལྟ་སྐུལ་དང་། བཀག་སྡོམ། ཐེར་འདོན་བཅས་བྱེད་པའི་དབང་ཆ་ཡོད།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཁོངས་ཀྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོང་ཐད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་སྡེ་ཚན་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ།

དོན་ཚན་བཅོ་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཉེས་ཆད་གཅོད་རྒྱུའི་སྐོར་གྱི་གཏན་འབེབས་ཡོད་ན། གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་དགུ་པ། སྲོལ་ཡིག་འདིའི་དོན་ཚན་དགུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་འགལ་ན། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གིས་དེར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་འབྲེལ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་པ་དང་།  ཡོ་བསྲང་མི་བྱེད་མཁན་ལ་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་བཤིག་ཏུ་འཇུག་རྒྱུའི་རེ་ཞུ་བྱས་ནས། དེར་དགོས་པའི་གྲོན་དངུལ་དེ་ཁྲིམས་འགལ་པས་འགན་འཁུར་དགོས་ཤིང་། སྡེ་ཚན་ལ་སྒོར་ཁྲི་གཉིས་ཡན་ནས་སྒོར་ཁྲི་བཞི་མན་བར་གྱི་དངུལ་ཆད་གཅོད་རྒྱུ། མི་སྒེར་ལ་སྒོར་ཉིས་བརྒྱ་ཡན་དང་སྒོར་སྟོང་གཅིག་མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་མ་ཟད། གནོད་སྐྱོན་བཟོས་ཟིན་པར་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།

སྲོལ་ཡིག་འདིའི་དོན་ཚན་དགུ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ན། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གིས་དེར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་འབྲེལ་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་པ་དང་། ཡོ་བསྲང་མི་བྱེད་མཁན་ལ་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་བཤིག་ཏུ་འཇུག་རྒྱུའི་རེ་ཞུ་བྱས་ནས། དེར་དགོས་པའི་གྲོན་དངུལ་དེ་ཁྲིམས་འགལ་པས་འགན་འཁུར་དགོས་ཤིང་། སྡེ་ཚན་ལ་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་བར་གྱི་དངུལ་ཆད་གཅོད་རྒྱུ། མི་སྒེར་ལ་སྒོར་བརྒྱ་ཡན་དང་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་ཡིན་པ་མ་ཟད། གནོད་སྐྱོན་བཟོས་ཟིན་པར་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།

དོན་ཚན་ཉི་ཤུ་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ནས་མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་དུ་ས་གནས་དེ་གའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཁོར་ཡུག་ལ་འགྱུར་ལྡོག་འབྱུང་བའི་རྣམ་གྲངས་འཛུགས་སྐྲུན་བྱེད་ན། རྣམ་གྲངས་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་གིས་དེ་བཤིག་ཏུ་འཇུག་པ་དང་འབྲེལ་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་བྱེད་པ་མ་ཟད།  སྒོར་ཁྲི་ལྔ་ཡན་ནས་ཁྲི་བཅུ་མན་བར་གྱི་དངུལ་ཆད་གཅོད་པ་དང་།  དུས་ལས་ཡོལ་ཡང་བཤིག་མེད་ན། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་བཤིག་ཏུ་འཇུག་རྒྱུའི་རེ་ཞུ་བྱས་ནས། དེར་དགོས་པའི་གྲོན་དངུལ་དེ་ཁྲིམས་འགལ་པས་འགན་འཁུར་དགོས་ཤིང་། སྒོར་ཁྲི་བཅུ་ཡན་ནས་ཁྲི་ལྔ་བཅུ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། མཚན་མོའི་སྲུང་སྐྱོང་ལྟེ་གནས་ཁུལ་དུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་ལ་ཤུགས་རྐྱེན་གཏོང་བའི་བྱེད་སྒོ་སྤེལ་བའི་སྒྲིག་འཛུགས་བྱས་ན། རང་སྐྱོང་ཁུལ་གྱི་ཚན་རིག་ལག་རྩལ་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་གཞུག་དགོས།

དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་བྱེད་རིང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ན། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་ཁུར་མི་སྣ་གཞན་དག་ལ་བཅའ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་ཉེར་གཉིས་པ། སྲོལ་ཡིག་འདི2023ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ།

 

གོང་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།

ཞོལ་མ།:ཡིག་བསྐུར་ངོ་བཅར་གྱི་ལས་ཀའི་སྲོལ་ཡིག