ཞིང་ཆེན་ཏང་ཨུའི་བདེ་འཇགས་འཛུགས་སྐྱོང་གི“གཅིག་ཅན་བཅུའི”ལས་དོན་བཀོད་སྒྲིག་དང་ཁུལ་ཨུའི་བདེ་འཇགས་འཛུགས་སྐྱོང་གི“གཅིག་ཅན་བཅུའི”གཙོ་གནད་ལས་འགན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་ལས་དོན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ལས་རིགས་ཁག་ཏུ་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་བསྡུ་རུབ་བྱེད་དགོས་པ་སྟེ།
གཅིག ཁུངས་སྣེ་བསྡུ་རུབ་བྱེད་པའི་ཁྱབ་ཁོངས།
1.ཆབ་སྲིད་ཀྱི་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ་དང་དེ་བཞིན་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་ཚོགས་སྟོབས་ཤུགས་ཅན།
2.དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གཞི་རིམ་གྱི་སྲིད་དབང་ཧམ་འཛིན་དང་། ཡུལ་ཚོའི་ནང་དུ་ཁྲིམས་མེད་ལུགས་མེད་བྱེད་པའམ་ཁྱིམ་རྒྱུད་དང་རིགས་རྒྱུད་སྟོབས་ཤུགས་ལ་བརྟེན་ནས་མི་སེར་ལ་གཉའ་གནོན་དང་གདུག་གསོད་བྱས་ནས། ས་ཆ་དེ་གའི“གྲོང་གཤེད”དང“ཡུལ་གཤེད”བྱེད་མཁན།
3.གྲོང་གསེབ་ཀྱི་བདེ་འཇགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང“བཙན་འདེམས”དང་“བསླུ་འདེམས”དང་“རྔན་འདེམས”སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གྲོང་གསེབ་གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ལ་གཏོར་བཤིག་གཏོང་བ་དང་།གྲོང་གསེབ་ཀྱི་དཔལ་འབྱོར་ཐོན་ཁུངས་སྒེར་སྡོམ་བྱེད་པ། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བཙན་བཟུང་བྱེད་པ་བཅས་ཀྱི་ནག་ཚོགས་སྟོབས་ཤུགས་ཅན།
4.ས་ཆ་བསྡུ་བ་དང་ས་ཆ་བོགས་གཏོང་། བཤིག་སྤོ་བྱེད་པ། ལས་གྲྭ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བརྒྱུད་རིམ་ཁྲོད་ཟིང་ཆ་སློང་བའི་ནག་སྤྱོད་སྟོབས་ཤུགས་ངན་སྐུལ་བྱེད་མཁན།
5.གྲོང་ཁྱེར་ནང་གི་གྲོང་ཚོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་མཚམས། ཕྱོགས་མི་འདུས་སྡོད་ཁུལ་བཅས་སུ་ཤོག་ཁག་སྒྲིག་པ་དང་། བསྙད་རྐོ་ཟིང་སློང་། འཛིང་རེས་རྒྱག་པ། བཙན་སློང་བཙན་ལེན། ང་ཆེ་ང་བཙན་བཅས་བྱས་ནས་ཕྱོགས་གཅིག་གི་བདེ་འཇགས་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ནག་ཚོགས་སྟོབས་ཤུགས་ཅན།
6.ཉོ་ཚོང་དང་ཚོང་འདུས་དང་། ཞིང་ཞོར་ཐོན་རྫས་སྡེབ་ཚོང་། ཚོང་ཟོག་ཆུང་རྩག་གི་སིལ་ཚོང་། ཨར་ལས་རྒྱུ་ཆ་སོགས་ཀྱི་ཚོང་ར་སྣ་ཚོགས་ཧམ་བཟུང་བྱས་ནས་བཙན་ཉོ་བཙན་འཚོང་དང་བསྙད་འདོགས་རྒྱུ་ལེན། དྲག་ཤུགས་ཀྱིས་སྲུང་སྐྱོང་གྲོན་དངུལ་དང་ཚོང་རར་ཞུགས་པའི་གྲོན་དངུལ་བསྡུ་ལེན་བཅས་བྱེད་པ་དང་། རྒྱུན་ལྡན་གྱི་གཉེར་སྐྱོང་སྒྲིག་ལམ་ལ་གཏོར་བཤིག་གཏོང་མཁན་“ཚོང་གཤེད”དང“ལས་གཤེད”རིགས་ཀྱི་ནག་ཚོགས་སྟོབས་ཤུགས་ཅན།
7.ཨར་སྐྲུན་བྱ་ཡུལ་དང་གྲོང་མིའི་སྡོད་ཁུལ་དུ་བཙན་ཤེད་ཀྱིས་བྱེ་རྡོ་དང་ཨར་སྐྲུན་རྒྱུ་ཆ་མཁོ་འདོན་བྱེད་པ་དང་། བཙན་ཤེད་ཀྱིས་འབེབས་འཇུག་བྱས་ནས་ཚོང་དུད་དང་དེ་བཞིན་དོ་བདག་ལ་ཉེས་རྡུང་གཏོང་བ་དང་འཇིགས་སྐུལ་བྱེད་པའི“བྱེ་གཤེད”དང“ཨར་གཤེད”རིགས་ཀྱི་ནག་ཚོགས་སྟོབས་ཤུགས་ཅན།
8.འགྲུལ་སྐྱེལ་དང་ཟོག་འདྲེན། མཛོད་ཉར་བཅས་ཀྱི་ཟོག་འགྲེམས་བྱ་ཡུལ་དུ་འཁོར་སྐྱོད་ལམ་ཐིག་ཚོད་འཛིན་དང་། བཙན་ཤེད་ཀྱིས་འགྲུལ་ཁུངས་འཕྲོག་པ། བཙན་ཤེད་ཀྱིས་དངོས་ཟོག་འཕྲོག་པ། ཁྲིམས་འགལ་གྱིས་གཉེར་སྐྱོང་། དྲག་ཤུགས་ཀྱིས་འགྲན་ཟླར་གཉའ་གནོན་བྱེད་པ་བཅས་ཀྱི“ལམ་གཤེད”དང“ཟོག་གཤེད”རིགས་ཀྱི་ནག་ཚོགས་སྟོབས་ཤུགས་ཅན།
9.སྨན་བཅོས་ལས་ཁུངས་དང་གནམ་གྲུ་འབབ་ཐང་། རླངས་འཁོར་འབབ་ཚུགས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་བརྟེན་ནས་བཙན་ཉོ་བཙན་ཚོང་དང་བསྙད་འདོགས་རྒྱུ་འཕྲོག་གི་ནག་ཚོགས་སྟོབས་ཤུགས་ཅན།
10.ལས་གྲྭ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ཁའི་ཐོན་ཁུངས། ཉ་ལས་འཛིན་རྙབ་སོགས་ལས་རིགས་ཁྱབ་ཁོངས་སུ་གླ་མཁན་ནག་ཚོགས་ཀྱིས་སྤྱི་ཚོགས་ཐོག་གི་ལས་མེད་མི་སྣ་སྐོང་བསྡུ་བྱས་ཏེ། བསམ་ངན་ཁོག་བཅུག་གིས་དམིགས་བྱ་འགྲན་རྩོད་དང་།དྲག་ཤུགས་ཀྱིས་ཚད་གཞི་མཐའ་འཁྱོངས། ལས་གྲྭ་བཙན་འཛིན། ཁྲིམས་འགལ་གྱིས་ས་ཆ་བཟུང་སྤྱོད། གང་བྱུང་དུ་སྔོག་འདོན། དྲག་ཤུགས་ཀྱིས་བཤིག་སྤོ། ངེས་མེད་དུ་མང་ཚོགས་ལ་ཉེས་རྡུང་གཏོང་བ་བཅས་བྱེད་པའི་ནག་སྤྱོད་སྟོབས་ཤུགས་ཅན།
11. “བསླུ་ཐབས་དངུལ་བུན”དང“སློབ་གྲྭའི་དངུལ་བུན”“དངུལ་བུན་གཅེར་བུ”སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁྲིམས་འགལ་ངང་སྐྱེད་ཆེའི་དངུལ་བུན་གཏོང་བ་དང་དྲག་ཤུགས་ཀྱིས་བུ་ལོན་འདེད་པའི་ནག་སྤྱོད་སྟོབས་ཤུགས་ཅན།
12.ཆེད་མངགས་ཀྱི་མི་གཞན་གླས་ནས་རྩོད་གཞི་སྣ་ཚོགས་ལ་ཐེ་ཇུས་བྱེད་དུ་འཇུག་པ་དང་།“རུ་གྲལ་སྒྲིག་པ”དང་“ར་སྐོར་བདག་བཟུང”བྱས་ནས་འཇིགས་སྐུལ་དང་རྗེས་འདེད་ཟིང་སློང་སོགས་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི“བུ་ལོན་འདེད་མཁན་ཀུང་སི”དང“བརྟག་དཔྱད་ཀུང་སི”“ལས་རིགས་སྨན་བཅོས་ཟིང་སློང”“གསང་བའི་ཉེན་རྟོག་རུ་དཔུང”སོགས་ཀྱི་ནག་ཚོགས་སྟོབས་ཤུགས་ཅན།
13.“འཆལ་རྒྱན་དུག་གསུམ”སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁ་ལོ་སྒྱུར་བ་དང་གཉེར་སྐྱོང་བྱེད་པའི་ནག་ཚོགས་སྟོབས་ཤུགས་ཅན།
14.མེ་མདའ་དང་རྫས་མདེལ།འབར་རྫས་བཅས་ཁྲིམས་འགལ་གྱིས་བཟོ་བ་དང་ཉོ་ཚོང་། དབོར་འདྲེན། སྦྲག་ཐོག་སྐུར་བ། གསོག་ཉར། བཟུང་འཛིན། སྒེར་ཉར་བཅས་བྱེད་པའི་ནག་ཚོགས་སྟོབས་ཤུགས་ཅན།
15.དྲག་ཤུགས་ཀྱིས་བརྒྱུད་འཚོང་དང་མི་ལུས་རང་དབང་ལ་ཁྲིམས་དང་མི་མཐུན་པར་ཚོད་འཛིན། བཙན་ཤེད་ཀྱིས་མི་རང་ཤེད་དུ་འཐེན་མཁན། རྒྱུ་ནོར་འཕྲོག་བཅོམ་དང་བསྙད་འདོགས་རྒྱུ་འཕྲོག་བཅས་བྱེད་མཁན་གྱི་ནག་ཚོགས་སྟོབས་ཤུགས་ཅན།
16.རྒྱལ་ཁོངས་ཕྱི་རོལ་གྱི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ཚོགས་པ་དང་ཕན་ཚུན་ངན་འབྲེལ་བྱས་ཏེ། ནང་ལོགས་ས་ཁུལ་གྱི་མི་སྣ་སྒྲིག་འཛུགས་བྱས་ནས་རྒྱལ་ཁོངས་ཕྱི་རོལ་དུ་རྒྱན་འཛུགས་པ་དང་། དངུལ་བུན་བཏང་རྗེས་ཁྲིམས་འགལ་གྱིས་རྒྱན་འཛུགས་ལ་ཞུགས་མཁན་བཀག་སྐྱིལ་བྱེད་པ། མཐའ་མཚམས་འགག་སྒོར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཚོང་དུད་ལ་བསྙད་འདོགས་རྒྱུ་འཕྲོག་བྱེད་པའི་ནག་ཚོགས་སྟོབས་ཤུགས་སྒྲིག་འཛུགས་ཅན།
17.རྒྱལ་ཁོངས་ཕྱིའི་ནག་ཚོགས་རྒྱལ་ཁབ་ནང་ཁོངས་སུ་ཕྱིན་ནས་སིམ་འཛུལ་འཕེལ་རྒྱས་གཏོང་བ་དང་རྒྱལ་མཚམས་ས་མཚམས་ལས་བརྒལ་བའི་ནག་སྤྱོད་སྟོབས་ཤུགས་ཅན།
18.དྲ་རྒྱའི“རྗེན་བཤད”བསྙད་འདོགས་རྒྱུ་འཕྲོག་དང་དྲ་རྒྱའི“ཆུ་དམག”གིས་ཟིང་ཆ་སློང་བ། གླེང་ཕྱོགས་ཀྱིས་མགོ་སྐོར་གཏོང་བ། དྲ་རྒྱའི“བསླུ་ཐབས་དངུལ་བུན”ཀྱིས་དངུལ་བུན་གཏོང་བ། བསམ་ངན་ཁོག་བཅུག་གིས་གྱོང་གསབ་ལེན་པ། དྲ་རྒྱའི“དྲག་སྤྱོད་ཞི་བ”ཡིས་བསྡུ་འགུགས། དྲ་རྒྱའི་དྲག་ཤུགས་ཀྱིས་བརྒྱུད་འཚོང་བྱེད་པ། ཆ་འཕྲིན་དྲ་བ་སྤྱད་ནས་ལག་བསྟར་བྱེད་པ་བཅས་ཀྱི་ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྟོབས་ཤུགས་གཞན་དག་བཅས་ལག་བསྟར་བྱེད་མཁན།
19.ཆོས་ལུགས་མི་སྣས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་ལག་བསྟར་བྱེད་པའི་ནག་ཚོགས་སྟོབས་ཤུགས་ཅན།
20.རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་ནག་ཚོགས་སྟོབས་ཤུགས་ཀྱི“འགེབས་སྲུང་བ”བྱེད་པ་སོགས་ཡིན།
གཉིས། སྲུང་སྐྱོང་བྱེད་ཐབས་དང་ཐེར་འདོན་བྱ་དགའི་སྐོར།
རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་འཇོམས་ངན་སེལ་ལ་འཐབ་རྩོད་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་གནད་དོན་གོང་ཞུ་དང་ཐེར་འདོན། ཞུ་གཏུག་བཅས་ཧུར་ཐག་བྱེད་པ་དང་། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་འདོན་སྤྲོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཐེར་འདོན་གོང་ཞུ་བྱེད་མཁན་དང་དཔང་པོ། གསལ་འབྱེད་པ། གནོད་འཚེ་འཕོག་མཁན་དང་དེའི་གཉེན་ཉེ་བཅས་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་ངེས་ཡིན། དེ་དང་ཆབས་ཅིག་ཐེར་འདོན་བྱེད་མཁན་གྱིས་མཁོ་འདོན་བྱས་པའི་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་རྩད་ཞིབ་འཛོལ་མེད་ར་སྤྲོད་ཐུབ་ཚེ། ཁུངས་སྣེ་ཐེར་འདོན་དང་བྱ་དགའ་སྤྲོད་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན།
གསུམ། ཐེར་འདོན་བྱེད་སྟངས།
མཚོ་ནུབ་ཁུལ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8214668
ཐེར་འདོན་གོང་ཞུ་ས་གནས། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མཱིན་ཞིང་ལམ་ཨང16པ།
མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8206259
ཐེར་འདོན་གོང་ཞུ་ས་གནས། གཏེར་ལེན་ཁ་གྲོང་ཁྱེར་གཏེར་ལམ་ནུབ་ལམ་ཨང25པ།
ན་གོར་མོ་གྲོང་ཁྱེར་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0979-8421402
ཐེར་འདོན་གོང་ཞུ་ས་གནས། ན་གོར་མོ་གྲོང་ཁྱེར་གཞིས་གསར་ཏང་སྲིད་ཞབས་ཞུ་ལྟེ་གནས A605ཁང་པ།
ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0979-8492110
ཐེར་འདོན་གོང་ཞུ་ས་གནས། ན་གོར་མོ་གྲོང་ཁྱེར་ཚྭ་འདམ་དབུས་ལམ་ཨང6པ།
གཏེར་ལེན་ཁ་གྲོང་ཁྱེར་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8228611
ཐེར་འདོན་གོང་ཞུ་ས་གནས། གཏེར་ལེན་ཁ་གྲོང་ཁྱེར་ཁུ་ནུ་ལམ་ཨང32པ།
གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8206035
ཐེར་འདོན་གོང་ཞུ་ས་གནས། གཏེར་ལེན་ཁ་གྲོང་ཁྱེར་ན་གོར་མོ་ཤར་ལམ་ཨང16པ།
མང་ནེ་གྲོང་ཁྱེར་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8258712
ཐེར་འདོན་གོང་ཞུ་ས་གནས། མང་ནེ་གྲོང་ཁྱེར་ཧྭ་ཐའོ་ཀོའུ་གསར་གཏོད་ལམ་ཨང144པ།
མང་ནེ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8251105
ཐེར་འདོན་གོང་ཞུ་ས་གནས། མང་ནེ་གྲོང་ཁྱེར་ཧྭ་ཐའོ་ཀོའུ་གྲོང་རྡལ་ཁུ་ནུ་ལམ་ཨང129པ།
གཏེར་ལམ་རྫོང་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8232570
ཐེར་འདོན་གོང་ཞུ་ས་གནས། གཏེར་ལམ་རྫོང་ཆུ་དཀར་ཐང་གྲོང་རྡལ་ཞིན་ཧྭ་སྲང་ལམ་ཨང6པ་གཏེར་ལམ་རྫོང་ཨུ་སྲིད་ཁྲིམས་ཨུ་ལྷན་ཉིས་ཐོག
གཏེར་ལམ་རྫོང་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8232579
ཐེར་འདོན་གོང་ཞུ་ས་གནས། གཏེར་ལམ་རྫོང་ཆུ་དཀར་ཐང་གྲོང་རྡལ་ཞི་ཝང་སྲང་ལམ།
དབུས་ལམ་རྫོང་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8245007
ཐེར་འདོན་གོང་ཞུ་ས་གནས། དབུས་ལམ་རྫོང་ཧུ་ཀྲེང་ལམ་ཨང5པ།
དབུས་ལམ་རྫོང་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8243094
ཐེར་འདོན་གོང་ཞུ་ས་གནས། དབུས་ལམ་རྫོང་ཧུ་ཀྲེང་ལམ་ཨང6པ།
ཐེམ་ཆེན་རྫོང་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8267470
ཐེར་འདོན་གོང་ཞུ་ས་གནས། ཐེམ་ཆེན་རྫོང་ཤེས་ཡོན་ཤར་ལམ་ཨང4པ་རྫོང་ཨུ517ཁང་པ།
ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8266155
ཐེར་འདོན་གོང་ཞུ་ས་གནས། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ཤེས་ཡོན་ཤར་ལམ་ཨང4པ།
ཚྭ་འདམ་ཆེ་བ་ལས་དོན་ཨུ་ལྷན་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8281484
ཐེར་འདོན་གོང་ཞུ་ས་གནས། ཚྭ་འདམ་ཆེ་བ་སྲིད་ཨུ་ཚྭ་འདམ་གྲོང་རྡལ་འཛུགས་སྐྲུན་ལམ་ཨང12པ།
ཚྭ་འདམ་ཆེ་བ་སྲིད་ཨུ་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་ལས་ཁང་།
ཐེར་འདོན་གོང་ཞུ་ཁ་པར། 0977-8281482
ཐེར་འདོན་གོང་ཞུ་ས་གནས། ཚྭ་འདམ་ཆེ་བ་སྲིད་ཨུ་ཚྭ་འདམ་གྲོང་རྡལ་འཛུགས་སྐྲུན་ལམ་ཨང13པ།
སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱེད་པ་དང་ལེན་བྱ་རྒྱུ་ཡིན།
མཚོ་ནུབ་ཁུལ་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།
2024ལོའི་ཟླ3པའི་ཚེས25ཉིན།